མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་ས་ཡ་གཅིག་བསྡུ་རུབ་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྐྱེ་རྒུ་མདོའི་བུད་མེད་དང་བྱིས་པའི་ཟས་བཅུད་དང་འཐུང་ཆུའི་དོན་དུ་ཞལ་འདེབས་ཧིན་སྒོར་ས་ཡ་གཅིག་བསྡུས་ནས་ཕུལ་འདུག

ཕྱི་ཚེས་ ༢༨ ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་གི་དོན་དུ་ལྷན་ཚོགས་འདི་དང་འདིའི་ཡན་ལག་ ༥༢ ཀྱིས་བདུན་གཉིས་ལྷག་རིང་ཞལ་འདེབས་བསྡུ་རུབ་བྱས་ཏེ་ད་ཆ་ཧིན་སྒོར་ས་ཡ་གཅིག་འཛོམས་ཡོད་ཅིང་། ཞལ་འདེབས་འདི་སྐྱེ་རྒུ་མདོའི་བུད་མེད་དང་བྱིས་པ་ཚོའི་འཚོ་བཅུད་དང་འཐུང་ཆུ་གཙང་མའི་དོད་དུ་འབུལ་རྒྱུ་ཡིན་འདུག་ལ། བུད་མེད་ལྷན་ཚོགས་ཀྱིས་ཞལ་འདེབས་འདི་དབྱིན་ཡུལ་དུ་ཡོད་པའི་བོད་ཀྱི་ཐེབས་རྩ་ཁང་ Tibet Foundation གྱི་ཡུལ་ཤུལ་ས་ཡོམ་རོགས་སྐྱོར་ཐེབས་རྩ་བརྒྱུད་ནས་ས་གནས་སུ་གཏོང་རྒྱུ་ཡིན་ཟེར།

བུད་མེད་ལྷན་ཚོགས་ཀྱིས་བརྗོད་དོན། ད་སྐབས་ས་ཡོམ་གོད་ཆག་བྱུང་མཁན་ཚོར་ཟ་མ་དང་འཐུང་ཆུའི་དཀའ་ངལ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་ལ། བུད་མེད་ལྷན་ཚོགས་ཀྱིས་བསྡུས་པའི་ཞལ་འདེབས་འདི་ནི་བུད་མེད་དང་བྱིས་པ་ཚོར་འཚོ་བཅུད་ལྡན་པའི་ཟས་རིགས་དང་། འཐུང་ཆུ་གཙང་མ་རག་པའི་ཆེད་དུ་འབུལ་རྒྱུ་ཡིན། ས་ཡོམ་བརྒྱབ་པའི་ཤུལ་ལུས་ཀྱི་བརྒྱ་ཆ་ ༦༥ ནི་བུད་མེད་དང་བྱིས་པ་ཡིན་པར་འདུག་ལ། དེའི་ནང་དུ་དྭ་ཕྲུག་ ༡༥༠༠ ཚུད་ཡོད་པ་རེད། ཕལ་ཆེ་བ་ནི་ཡུལ་མེད་དུ་གྱུར་འདུག་ཅེས་བཤད།

སྐྱེ་རྒུ་མདོའི་བསྐྱར་འཛུགས་སོགས་ལ་ད་དུང་ལོ་མང་འགོར་རྒྱུ་ཡིན་སྟབས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མུ་མཐུད་ནས་ཞལ་འདེབས་བསྡུ་རུབ་ཀྱིས་ཡུལ་ཤུལ་ས་ཡོམ་རོགས་སྐྱོར་ཚོགས་ཆུང་བརྒྱུད་ནས་འབུལ་རྒྱུ་ཡིན་ཟེར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༢ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 23

  1. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  2. getse ngodup from .be says:
    ལོ་ 16 སྔོན།

    རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་སྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲི་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས། དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  3. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    ལྷ་མོ la,

    ས་ཡ་གཅིག་ཟེར་དུས་ཧིན་སྒོར་འབུམ་བཅུ་རེད་ It equals $21000.

    Reply
  4. ལྷ་མོ། says:
    ལོ་ 16 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཧིན་སྒོར་ས་ཡ་གཅིག་བསྡུ་རུབ་ཀྱིས་ཞལ་འདེབས་སུ་ཕུལ་ཡོད་ཅེས་སྐད་འགོ་མཐོན་པོས་གནས་ཚུལ་སྤེལ་འདུག

    ས་ཡ་གཅིག་ཟེར་དུས་ཧིན་སྒོར་འབུམ་བཅུ་རེད་རེད་དམ་ཡང་ན་འབུམ་བརྒྱ་རེད། གལ་སྲིད་འབུམ་བཅུ་ཡིན་ན་ས་ཕྱོགས་ཉུང་མཐའ་ནས་བསམས་ན་བུད་མེད་ཚོས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་གང་འཚམས་ཤིག་ལ་དངུལ་བསྡུས་ཡོད་པས་གྲངས་ཀ་འདི་ལས་ཨེ་ཚད་ན། འབུམ་བརྒྱ་ཡིན་ན་དེ་འདྲའི་དངུལ་འབོར་ཆེན་པོ་ཇི་ལྟར་བསྡུས་པ་ཡིན།
    མ་གཞི་ནས་བུད་མེད་ལྷན་ཚོགས་ཀྱིས་གྲངས་ཀ་ཚད་ཅན་གྱི་ཞལ་འདེབས་ཕུལ་བ་རེད། ཡིན་ནའང་ཞལ་འདེབས་གང་འབྱོར་འབྱོར་བསྡུས་པ་ཡིན་ན་གནད་དོན་ཁ་ཤས་གསར་འགྱུར་བརྒྱུད་ལམ་ཐོག་གསལ་པོ་ཆགས་ཀྱི་མི་འདུག དེར་བརྟེན་ཐུགས་རྗེ་ཆེ་ཞུ་དང་ལྷན་དྲི་བ་འདི་འབུལ་དགོས་བྱུང་།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཁ་སང་དགོང་དྲོ་འདིར་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་ཙམ་ཞུས་ཀྱང་། ཡིག་གཟུགས་འགྱུར་འདུག་པས་དགོངས་སེལ་མི་ཞུ་ཀ་མེད་རེད། གང་ལྟར་རྔུལ་ཆུ་དང་མིག་ཆུས་འདུ་འགོད་བྱས་པའི་དངུལ་དེ་དག་གནད་དུ་སྨིན་པ་ཞིག་ཡོང་བའི་རེ་སྨོད་བྱེད།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཀྱི་གླེང་གཞི་ཞིག་ཡོད་པ་ནི། ཁམས་ཡུལ་ཤུལ་ཁུལ་གྱི་ས་ཡོམ་དྲག་པོ་དེ་ཡོང་དོན། ཡུལ་ཤུལ་ཁུལ་གྱི་༸གོང་ས་མཆོག་གི་བཀའ་ལ་མ་བརྩི་པར་༢༠༠༩ལོའི་ཡུལ་ཤུལ་རྟ་རྒྱུགས་ཆེན་མོའི་སྐབས་སྲམ་ལྤགས་དང་སྟག་ལྤགས་གཟིགས་ལྤགས་ཡོངས་ཁྱབ་ཏུ་གྱོན་པ་བསྟེན་ནས་བྱུང་བར་བཤད་མཁན་མང་པོ་འདུག་པས། དྲ་གྲོགས་རྣམས་ཀྱིས་ཤོད་དང་དེ་འདྲ་ཡིན་ནམ། གལ་ཏེ་དེ་བདེན་པ་ཡིན་ན་ད་ནི་ཨ་ཕོ་ཧོར་གྱི་ས་ཆར་ཡང་ས་ཡོམ་རྒྱག་རན་མི་འདུག་གམ།

    Reply
  7. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    བོད་ཕྱི་ནང་གཉིས་ཀྱིས་བོད་མི་སྐྱིད་སྡུག་མཉམ་མྱོང་ཡིན་ཞེས་བརྗོད་པའི་སྐབས་འདི་བུ་མེད་ལྷན་ཚོགས་ཀྱི་གང་བྱེད་པ་ཡིན་ནམ་་་ད་དུང་བུ་མེད་ལྷན་ཚོགས་ཀྱི་ཞལ་འདེབས་ཧིན་སྒོར་ས་ཡ་གཅིག་དེ་གང་ནས་བསྡུ་རུབ་བྱད་པ་ཡིན་ནམ་་་་ཁོང་ཚོའི་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་འོག་དུ་དཀའ་སྡུག་མྱོང་བའི་བོད་རིགས་ཕོ་མོ་ཡོངས་ལ་འཕུལ་བ་ཡིན་ནམ་་་ཡོང་ན་ཁོང་ཚོའི་དཀའ་སྡུག་མྱོངབའིབུད་མེད་དང་བྱིས་པ་གཅིག་པའི་དོན་དུ་ཞབས་འདོད་བསྡུ་རུབ་བྱེད་པ་ཡིན་ནམ་་་་འདི་འདྲ་བྱེད་པ་ཡིན་ན་བོད་མི་ནང་ཁུ་ལ་གར་འདྲ་བྱེད་ཡོང་ཁྱེད་ཚོའི་བསམ་ལོ་ཡོད་དམ་་་་་ག་སྲིད་ལས་དོན་བཟང་པོ་བྱེད་བསམ་ན་བསྔགས་བརྗོད་ཡོདཔ་ཞིག་བྱེད་རོགས།

    Reply
  8. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    བུ་མེད་ལྷན་ཚོགས་ཀྱི་རོགས་སྐྱོར་དེ་གནོད་འཚེ་ཐེབས་པའི་མང་ཚོགས་ཡང་ལ་མི་བསམ་པ་བུ་མེད་སྒེར་དང་བྱིས་པ་ཁོ་ན་ལ་བསམ་པ་དེ་བོད་མི་བྱིངས་ཀྱི་བདེ་སྡུག་ལ་སྐྱིད་སྡུག་མཉམ་མྱོང་ཡོད་པ་ཞིག་འཚོན་ནམ་ གཞན་རྣམས་ལ་རོགས་སྐྱོར་མི་དགོས་པ་ནི་ཡིན་མི་སྲིད་དུས་སྤྱི་ལ་རོགས་རམ་གནང་ན་ཤིན་ཏུ་མཛེས་་་་་་་་་་་

    Reply
  9. སྤུན་ཟླ། says:
    ལོ་ 16 སྔོན།

    རྩོམ་པ་པོ་སྐུ་ཞབས་ཞོགས་དུང་གི་དཔེ་དེབ་གསར་བ༼གནམ་ས་གོ་འབྱེད༽ཕབ་ལེན་གནང་ས[ PDF] http://www.sangdhor.com/3.pdf

    Reply
  10. དྲང་བདེན་གི་གཏམ་ says:
    ལོ་ 16 སྔོན།

    བོད་ཀྱི་མཛངས་མ་རྣམས་ཀྱི་སྐུ་ལས་མང་པོ་བཀྱོན་གནང་འདུག་པས་ཐུགས་རྗེ་ཆེ་། ཡིན་ན་ཡང་ད་རེས་ཁྱེད་རྣམས་ཀྱི་ཞལ་འདེབས་དེ་བུད་མེད་དང་བྱིས་པ་ཚོར་འཕུལ་ན་ མ་འོངས་གི་ཞལ་འདེབས་བྱུང་བ་དེ་སྐྱེས་པ་རྣམས་ལ་གནང་རོགས་། དེ་མིན་ང་ཚོ་སྐྱེས་པ་རྣམས་བློ་ཕམ་སྐྱེས་ནས་སྐྱེས་པ་ཚོགས་པ་ཞིག་བཙུགས་་ཉེན་འདུག་ག། ཧཧཧཧཧ

    Reply
  11. ར་ཉག་ཀུན་བཟང་། says:
    ལོ་ 16 སྔོན།

    སྙིང་རྗེ།   དཀའ་ལས་མང་པོ་བརྒྱབ་བཞག   ཡིན་ན་ཡང་ཞལ་འདེབས་འདི་ཚོ་གང་དུ་འགྲོ་གི་ཡོད་དམ།  རྒྱ་གཞུང་གིས་སྒོར་མོ་དུང་ཕྱུར་བརྒྱད་ཙམ་འབྱོར་ཡོད་སྐད་ཟེར་བ་དེ་ཡུལ་ཞུལ་འཛུགས་སྐྲུན་ཟེར་བའི་འགརོ་སོང་དུ་གཏོང་རྒྱུ་ཡིན་ནམ།

    Reply
  12. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    ཧིན་སྒོར་ས་ཡ་གཅིག་ equals $21000. Remenber! This is བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་འགུལ་སྤེལ་ནས་ཞལ་འདེབས་རོགས་དངུལ་བསྡུ་རུབ་གནང་བ་རེད།

    Anyway thanks for the action!

    Reply
  13. དབྱངས་བུ། says:
    ལོ་ 16 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་ནས་ཞལ་འདེབས་རོགས་དངུལ་བསྡུ་རུབ་གནང་བ་དེ་ལེགས་ཀྱང་། ངེས་པར་དུ་རོགས་དངུལ་རྣམས་བུད་མེད་དང་བྱིས་པ་ཚོར་འབུལ་དགོས་ཨེ་ཡོད་དམ། ཞལ་འདེབས་འབུལ་མཁན་ཚོས་ཀྱང་བུད་མེད་དང་བྱིས་པ་གཅིག་པུར་དམིགས་ནས་ཕུལ་ཡོད་ཀྱི་མ་རེད། སྐབས་རེ་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་སྤེལ་སྐབས་གནས་སྟངས་ལ་གཞིགས་ནས་སྤེལ་གྱི་མི་འདུག་སྙམ། དཔེར་ན། ད་ལྟའི་གནས་སྐབས་སུ་ཕོ་མོ་དབྱེ་འབྱེད་ཀྱི་དུས་སྐབས་མ་ཡིན་པར་ས་ཡོམ་རྒྱག་ཁུལ་ལ་དཀའ་ངལ་འཕྲད་མི་རྣམས་ལ་ནད་ཐོག་སྨན་འཁེལ་གྱིས་ཕན་ཐོགས་གང་ཐུབ་བྱ་རྒྱུ་དེ་མ་ཡིན་ནམ། དེ་སྔ་བཀའ་ཁྲིའི་འོས་འདེམས་བགྲོ་གླེང་ཚོགས་འདུ་ཞིག་སྐབས་བུད་མེད་ལྷན་ཚོགས་ཀྱི་ལས་བྱེད་ཟླ་སྒྲོན་ལགས་ཀྱིས་བོད་ཀྱི་གཏམ་དཔེ་ཞིག་ལས་འཕྲོས་པའི་བུད་མེད་ཐོབ་ཐང་སྐོར་ལ་དྲི་བ་་བཏོན་སོང། དྲི་བ་བཏོན་རྗེས་ཚོགས་ཁང་ནང་གི་མི་རྣམས་དགོད་སྒྲས་ཁེངས། རྒྱུ་མཚན་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་མི་ཤེས་པས་སོ།།་

    Reply
  14. མགར་རྟོགས་སད says:
    ལོ་ 16 སྔོན།

    བཀའ་ཤག་གི་ལམ་སྟོན་འོག་བུད་མེད་ཚོགས་པའི་ལས་ཀ་ཡག་པོ་བྱེས་འདུག
    དཀའ་དྲིན་ཆེས།

    Reply
  15. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    zôh-ˆÛ-zÞ-¤ïh-¿Ëm-±ôGÅ-ºGm-G®P-¤-Eï¼-mÅ-¾Å-ºGm-ºhÛ-¿ezÞ-zOæzÅ-q-mÛ-ljÛP-mÅ-XïÅ-ÅÞ-»Û-¼PÅ-»ôhü ºhÛ-hP-ºhÛ-¿ezÞºÛ-GŸÝP-ºƒï¾-¤Ûm-qºÛ-±ôGÅ-q-DG-GÛÅ-DÞ¼-¤Z¤-¾ïm-ŸÛG-GmP-mü hPôÅ-GmÅ-D-»ôh-¾G-»ôh-ˆÛÅ-wm-fôGÅ-»ôP-GÛ-¼ïhü

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བུད་མེད་ཚོགས་པས་འགན་བཞེས་ནས་ཐེངས་འདིར་ཞལ་འདེབས་ཡག་པོ་རེག་པར་སྙིང་ནས་དགའ། འོན་ཀྱང་ད་རེས་བུད་མེད་ཚོགས་པ་ཕོ་མོ་དབྱེ་འབྱེད་ཀྱིས་ལག་ལེན་ངོ་མ་གནང་བྱུང༌། གནང་སྟངས་དེ་ལ་བལྟས་ན་ང་ཚོ་བུ་ཚོགས་པ་ཞིག་ཀྱང་བཟོ་དགོས་ངེས་རེད་ཧཧཧཧཧཧཧཧཧཧ་སྐུ་རྩེ་ཡིན་ཏ།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཁྱེད་ཅག་གི་སེམས་ཤུགས་ལ་རྗེས་སུ་ཡི་རངས་ཡོད། ལྷག་པར་ཁ་སང་ཁྱེད་ཚོ་འགའ་རེས་རྒྱ་གར་ཚོང་བ་ཞིག་ལ་སྒོར་མོ་སློང་བཞིན་པའི་སྐད་ཆ་དག་ཐོས་རྗེས་སེམས་སྐྱོ་ནས་ཟིན་བྲིས་ཤིག་སྤེལ་བ་ཡིན་མོད། མང་བོ་ཞིག་གིས་ཀློག་མ་ཤེས་ནས་བུད་མེད་ཚོ་ལ་ཁ་བཏང་སོང་ལབ་ཀྱིན་འདུག གང་ལྟར་ཡང་བུད་ཚོ་སྒོར་མོ་ས་ཡ་རག་ནོ་དགའ་ཡོད། འོན་ཀྱང་རྒྱ་ནག་གིས་ས་ནང་དུ་དོན་མེད་འཐིམ་མི་འཇུག་རྒྱུ་རེ་བ་ཡིན། ངས་བལྟས་ན་ཡུལ་ཤུལ་སྤུན་ཟླ་ཚོའི་ལག་ཏུ་འགྲོ་རྒྱུ་ཁག་པོ་རེད་སྙམ།

    Reply
  18. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    ནམ་རྒྱུན་ཡིན་ན་བུད་མེད་ཚོགས་པའི་ཕན་ཐོགས་པའི་ལས་འགུལ་ཞིག་སྤེལ་བ་གོ་མྱོང་མེད་ཡིན་ཡང་ དེ་རིང་བུད་མེད་ཚོགས་པའི་བཀའ་ཤག་ལས་ལྷག་གཅིག་འཇོན་ཡོད་གི་ མུ་འཐུད་ནས་ཡིན་ད་ ཐུགས་རྗེ་ཆེ་ཞུ།།

    Reply
  19. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དབུས་ས་གཉིས་ཀྱིས་བུད་མེད་ཚོས་ཐེངས་འདིའི་ཞལ་འདེབས་བསྡུས་པའི་མཇུག་འབྲས་མ་གོ་གོང་ནས། ས་གནས་འགར་ཡུལ་མིའི་བརྙས་བཅོས་དང་འཕྱ་དམོད་གཟེད་པའི་སྡུག་གཏམ་གོ་བྱུང་བས་སྐྱོ་བ་སྐྱེས་ཡོད།
    གང་ལྟར་ཡང་ཐེངས་འདིར་བུད་མེད་ཚོས་མིག་མཐོང་ལག་ཟིན་གྱི་བྱས་རྗེས་རླབས་ཆེན་བཞག་པར་དགའ་ཞིང་སྤྲོ་ལ། རྗེས་ཕྱོགས་མུ་མཐུད་དེ་ཤུགས་རྒྱག་གི་ཡིན་ཟེར་བས་དེ་བས་ཀྱང་དགའ་བ་ཚད་ཅིག་མི་འདུག
    དེ་མིན་རིག་པ་འདོན་མཁན་གཉིས་ཀྱིས་གསུངས་པ་ལྟར་སྐྱེས་པ་དང་བུད་མེད་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་གྱི་ཡིན་ན། འདི་ལྟ་བུའི་དོན་དག་ཆུང་ཚགས་རིགས་ཀྱི་སྟེང་ནས་ཅིག་བཤད་ཀི་མ་འདུག གཙོ་བོ་གནོད་ཐེབས་ས་ཁུལ་གྱི་མི་སུའི་ལག་ཏུ་འབྱོར་ཡང་གཅིག་རེད། སྙིང་རྗེ་ལ་ཆེ་ཆུང་དང་ཉེ་རིང་ཡོད་པ་མ་རེད། དེ་ཐུགས་སྣང་ཙམ་གྱི་ཆེད་དུ་སྐུལ་བ་ཡིན།

    Reply
  20. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བོད་ཀྱི་ཨ་མ་ཚོ་གོ་རྒྱུ་ཚོ་རྒྱུ་མེད་པ་ཆགས་སོང་ཡང་ད་རེས་ངོ་མ་འཇོན་འདུག་ག་ཐུགས་རྗེ་ཆེ་ཞུ་རྒྱུ།
    གཞོན་ནུ་ཚོགས་པའི་ཡང་ཞལ་འདེབས་བསྡུས་ཡོད་པའི་ཡག་པོ་རེག་ཡོད་ཤག།

    Reply
  21. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    གནོད་ཐེབས་མི་དམངས་ཡོངས་ལ་རོགས་དངུལ་དགོས་པ་གཅིག་མཚུངས་ཡིན།
    བུད་མེད་དང་བྱིས་པ་ལ་དགོས་ན་སྐྱེས་པ་ལ་མི་དགོས་པ་གང་ཡིན་ནམ།
    ཆག་སྒོ་འདི་འདྲའི་སྐབས་སྐྱེས་པ་དང་བུད་མེད་ལ་དབྱེ་འབྱེད་མ་གནང་རོགས།
    ཚང་མ་ལ་འདྲ་མཉམ་གྱི་རོགས་སྐྱོབ་བྱེད་དགོས།
    སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐྱེས་པ་རྣམས་ལ་སྤྲད་རྒྱུ་ཡིན་བུད་མེད་རྣམས་སྤྲད་དགོས་མེད་ཅེས་ག་ནས་གསུངས་འདུག
    ཐུགས་བསམ་ཡག་པོ་བཞེས་རོགས།

    Reply
  22. མི་ཆུང་། says:
    ལོ་ 16 སྔོན།

    བུ་མོ་ཚོ། དུས་སྐབས་འདི་འདྲ་ལའང་བུད་མེད་དང་བུ་ཞེས་དབྱེ་འབྱེད་མ་བྱེད་རོགས། ཚང་མ་འཚོ་གནས་དགོས་ཀྱི་ཡོད། ལས་ཀར་བསྔགས་བརྗོད་ཡོད།

    Reply
  23. བློ་བཟང་། says:
    ལོ་ 16 སྔོན།

    དངོས་གནས་བོད་མི་ཉམས་ཐག་པའི་དུས་དེར་བཀའ་ཤག་ལས་བུད་མེད་ཚོགས་པས་འཇོན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese