མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་གཙོས་ཤེས་ཡོན་པ་ ༤༠ གློད་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་སྡོད་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱིས་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་དང་ཐེའུ་རིང་། ཞོགས་ལྗང་སོགས་ཉེ་ཆར་བཟུང་བ་རྣམས་གཙོས་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཤེས་ཡོན་པ་ ༤༠ ལྷག་གློད་གྲོལ་ཡོང་ཆེད་མཚན་རྟགས་བསྡུ་རུབ་དང་ཟས་བཅད་ངོ་རྒོལ། མར་མེ་ཁྲོམ་སྐོར་བཅས་ཀྱི་ལས་འགུལ་སྤེལ་ཡོད།
ཁ་སང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་དེ་གའི་མཐུན་ཚོགས་ཀྱི་ཚོགས་མི་དང་ས་རཱ་མཐོ་སློབ་ཀྱི་སློབ་མ། དེ་མིན་དང་བླངས་པ་སོགས་མི་ལྔ་བཅུ་ལྷག་གིས། ཉེ་ཆར་འཇུ་བཟུང་བྱས་པའི་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་དང་ཐེའུ་རིང་། ཞོགས་ལྗང་སོགས་གཙོས་ད་ལྟའི་རྒྱ་ནག་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་རྩོམ་པ་བོ་རྣམས་མྱུར་ཏུ་གློད་གྲོལ་ཡོང་ཆེད། ཞོགས་པའི་ཆུ་ཚོད་ ༩ ནས་དགོང་མོའི་ཆུ་ཚོད་ ༥ བར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་དེའི་སྐབས་སུ་ཁོང་ཚོས་མི་མང་གི་མཚན་རྟགས་བསྡུ་རུབ་དང་། ཕྱི་དྲོར་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད།
འདི་གའི་གསར་འགོད་པས་ལས་འགུལ་འདིའི་སྐོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ཐེངས་འདིའི་ལས་འགུལ་འདི་གཙོ་བོ་ཉེ་ཆར་འཛིན་བཟུང་བྱས་པའི་སྐུ་ཞབས་ཞོགས་དུང་དང་ཐེའུ་རིང་། ཞོགས་ལྗང་སོགས་གཙོས་ ༢༠༠༨ ཚུན་ཆད་དུ་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་པ་དང་། རི་ལ་བྲོས་བྱོལ་དུ་སོང་ནས་འཁྱམ་བསྡད་པ་སོགས་ཀྱི་ཆེད་དུ་ཡིན། ཐེངས་འདིར་མཚན་རྟགས་བསྡུ་རུབ་དང་འབོད་སྐུལ་གྱི་ཆེད་དུ་ཟས་བཅད་ངོ་རྒོལ་ཞིག་སྤེལ་གྱིན་ཡོད། མཚན་རྟགས་བསྡུ་རུབ་བོད་རྒྱ་དབྱིན་གསུམ་སོགས་རྣམ་པ་མི་འདྲ་བ་གསུམ་གྱི་སྟེང་ནས་བསྡུ་བཞིན་ཡོད་པ་དང་། མཚན་རྟགས་བསྡུས་རྗེས་ང་ཚོས་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཚོགས་པ་ ༡༤༦ ཡོད་པར་ཁོང་ཚོའི་རྒྱབ་སྐྱོར་མཉམ་དུ་བསྡུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་འབུལ་རྒྱུ་དང་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཁག་གི་ཚོགས་གཙོ་སོགས་སུ་འབུལ་རྒྱུ་མ་ཟད། དེ་བཞིན་པེན་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་བརྒྱུད་དེ་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན། མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་དང་སྲིད་གྲོས་ཀྱི་མགོ་གཙོ། ཆེས་མཐོའི་མི་མང་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། བདེ་སྲུང་བློན་ཆེན་དང་སྤྱི་བདེ་བློན་ཆེན། མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་སོགས་སུ་འབུལ་རྒྱུ་ཡིན།
དེ་ལྟར་འབུལ་དོན་ད་ལྟ་བཙོན་དུ་ཡོད་པའི་རྩོམ་པ་པོ་རྣམས་མྱུར་དུ་གློད་གྲོལ་ཡོང་ཆེད་ཡིན་ཞེས་གསུངས།
ཁོང་གིས་ད་དུང་རྩོམ་པ་པོ་ཞོགས་དུང་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གཉིས་བཤད་དོན། ཞོགས་དུང་འཛིན་བཟུང་བྱེད་དོན་ཐེངས་འདིའི་ཡུལ་ཤུལ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་བོད་རིགས་སྤུན་ཟླ་རྣམས་ལ་གོད་ཆག་ཆེན་པོ་བྱུང་སྐབས། བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་། མི་རིགས་ཀྱི་ཞེན་ཁོག་དེ་རྒྱ་མཚོ་བཞིན་འཕྱུར་ཡོང་བ་རྒྱ་ནག་གིས་མཐོང་དུས། མི་བཟོད་པའི་སེམས་འཚབ་ཅིག་ཡོང་གི་ཡོད་ནའང་དེ་ལ་ཁ་གཡར་ས་དང་ལག་པ་འཆང་ས་མེད་མོད། སྐབས་དེར་ཞོགས་དུང་གཙོས་བོད་ནང་གི་ཤེས་ཡོན་པ་མི་སྣ་བརྒྱད་ཀྱིས་ས་ཡོམ་གྱི་གོད་ཆག་དེར་གདུང་སེམས་མཉམ་སྐྱེད་བྱེད་ཆེད་འབོད་སྐུལ་གྱི་ཡི་གེ་ཞིག་བྲིས་ཡོད། དེར་བརྟེན་དེའི་ནང་གི་གཙོ་བོ་སྐུ་ཞབས་ཞོགས་དུང་ཁོང་ད་ཐེངས་བཀག་ཉར་བྱས་པ་རེད། དེ་གཅིག་རེད།
གཉིས། ཞོགས་དུང་བཀག་ཉར་བྱེད་དོན་ནི་ཁོང་གིས་བརྩམས་པའི་གནམ་ས་གོ་འབྱེད་ཀྱི་དེབ་དེ་རེད། དེའི་ནང་དུ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་དུ་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱས་པ་དེ་གསར་བརྗེའི་རང་བཞིན་ལྡན་འདུག་ཅེས། རྒྱ་ནག་གཞུང་ཕྱོགས་ཀྱི་བཤད་སྟངས་དང་རྣམ་པ་མི་འདྲ་བ་ཞིག་གི་སྒོ་ནས་བཤད་འདུག་པ་དེ་རེད། ཅེས་གསུངས་ཡོད།
ཡང་ཁོང་གིས། སྤྱིར་བཏང་བོད་ནང་གི་རྩོམ་པ་བོ་རྣམས་ལ་དཀའ་ངལ་འཕྲད་བཞིན་པའི་སྐོར་དབྱིན་ཡིག་ཏུ་བསྒྱུར་བ་དང་། རྒྱལ་སྤྱིའི་རྩོམ་པ་བོའི་མཐུན་ཚོགས་བརྒྱུད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རེའི་འགྲོ་བ་མིའི་ཐོབ་ཐང་སྐོར་དཀའ་ངལ་འཕྲད་བཞིན་པའི་ནང་དུ་སྙན་ཐོ་ཕུལ་དང་འབུལ་བཞིན་པ་རེད། ལོ་སྔོན་མར་རྩོམ་པ་བོ་བརྒྱད་ཀྱི་ལོ་རྒྱུས་དང་ཁོང་ཚོར་འཕྲད་པའི་དཀའ་ངལ་ཡར་ཕུལ་ཡོད། ༢༠༠༨ ལོ་ཚུན་ཆད་ནས་བཙོན་འཇུག་བྱས་པ་དང་དངོས་སུ་ཁྲིམས་ཐག་བཅད་པ། དཀའ་ངལ་འཕྲད་པ་སོགས་བསྡོམས་ན་རྩོམ་པ་པོ་རྐྱང་རྐྱང་ཙམ་མིན་པར། ཤེས་ཡོན་པ་མི་ ༤༠ ལྷག་ཅིག་འདུག
ད་ཐེངས་བསྐྱར་དུ་སྐུ་ཞབས་ཞོགས་དུང་གཙོས་ཉེ་ཆར་འཛིན་བཟུང་བྱས་པ་རྣམས་དང་ཤེས་ཡོན་པ་བཞི་བཅུ་འདི་དག་གི་ལོ་རྒྱུས་སོགས་དབྱིན་ཡིག་ཐོག་བྲིས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྒྱུ་མ་ཟད། འཛམ་གླིང་གི་མི་མང་རྣམས་ལ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
དེ་བཞིན་ཉིན་དེར་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཛ་དྲག་འབོད་སྐུལ་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པའི་ནང་། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་གི་ཁྲིམས་སྲོལ་གཏན་འབེབས་ཁག་ལ་བརྩི་བཀུར་དང་། རྒྱ་ནག་གི་རྩ་ཁྲིམས་ཀྱི་འབྲུ་དོན་ལ་གོང་བཀུར་ཞུས་ནས་སྐབས་ཐོག་བཀག་ཉར་བཙོན་འཇུག་བྱས་ཟིན་པ་རྩོམ་པ་བོ་ཞོགས་དུང་དང་ཐེའུ་རིང་། ཞོགས་ལྗང་སོགས་ཀྱི་རང་དབང་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་མ་ཟད། ལོ་བཅུའི་ཁྲིམས་ཐག་བཅད་ཟིན་པའི་སྒྲོལ་མ་སྐྱབས་སོགས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས་ཞེས་གསལ་ཡོད།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༢༢ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 26

  1. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    རླབས་ཆེ་ཞིང་གནད་དུ་ཁེལ་བའི་ཕྱག་ལས་གནང་འདུག་པས། བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ལ་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་བ་ཡིན།

    Reply
  2. བྲ་རྡོར says:
    ལོ་ 15 སྔོན།

    ཞོགས་དུང་དང་ཐུའི་རང་སྒྲོན་མ་སྐྱབས་སོགས་ཀྱི་ཆེད་དུ་ལས་འགུལ་རེ་སྦེལ་ན་ཁོང་ཚོའི་ལས་དོན་དང་མཚུངས་པའི་ལས་འགུལ་སྦེལ་རྒྱུ་གལ།ཆབ་སྲིད་ཀྱི་ཐོག་ནས་གནོདབྱེད་དུ་མ་སོང་བ་ཞིག་བྱེད་རོགས།བོད་ཀྱི་རྒྱལ་དར་ཞིག་དང་༸གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་ལས་འགུལ་སྦེལ་བ་དེ་ཆབ་སྲིད་བེད་སྤྱོད་བྱེད་ཕྱོགས་ལ་སྐྱོན་ཆེན་པོར་མཐོང་།རབ་ཡིན་ན་རན་པ་དང་དེ་ཡང་མཚུངས་པ་ཕན་པ་ལས་གནོད་དུ་མི་འགྲོ་བ་ཞིག་བྱེད་རྒྱུ་གལ།ངས་སེམས་ཁུངས་གི་རེ་བ་ལགས།་

    Reply
  3. བྲ་རྡོར says:
    ལོ་ 15 སྔོན།

    སྟོབས་ལགས་ཐུགས་རྗེ་ཆེ་ཡིག་ནོར་རེ་ཤོར་བ་དེ་བཅོས་པ་ལ་ཞུས་པ་ཡིན།
    རྩོམ་པ་པོ་མཐུན་ཚོགས་ཟེར་བ་དེའི་མིང་བཟུང་དོན་བཟོང་བྱས་ནས་ལས་འགུལ་སྦེལ་བ་དེ་བོད་ནང་གི་དཔའ་རྒོད་མང་པོ་ཞིག་ལ་གནོད་བྱེད་དུ་སོང་ན་དེ་འགན་ལེན་མཁན་ཡོད་དམ།

    Reply
  4. བྲ་རྡོར says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས་ངས་དགེ་རྒན་བྱེད་ཐུབ་ན་ང་ཤུན་ཏུ་དགའ་ཧཧཧ།གནལ་ལ་ཕོག་ཡོད་ཀྱི་རེད་བསམ་གི་ཡོད།ཡིག་ནོར་གཙོ་བོ་མ་ཡིན་དོན་ལ་གང་འདྲ་རེད།

    Reply
  5. རི་བོང། says:
    ལོ་ 15 སྔོན།

    མི་ཞིག་གིས་སྤྱི་ལ་ཕན་པའི་ལས་ཀ་ཞིག་གི་འགོ་བཙུགས་དུས་རྗེས་སུ་ཡི་རངས་དང་རམ་འདེགས་མི་བྱེད་པར། གནའ་ཤི་རུལ་བ་རྐྱང་རྐྱང་གླེང་ན་ཕན་ཐོག་ཅི་ཞིག་འདུག ནུས་པ་ཐོན་མིན་ལ་མ་ལྟོས་པར་ལས་འགུལ་ཞིག་སྤེལ་བ་ཙམ་གྱིས་ཡག་པོ་འདུག རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཅིའི་ཕྱིར་ཞེ་ན། ད་རེབ་ཀྱི་ལས་འགུལ་འདི་རང་དོན་ཁོག་བཅུག་མ་རེད། ལྷག་བསམ་རྣམ་དག་རེད་སྙམ། ཁ་སྟོང་ནང་གི་ཚིག་སྟོང་འབུད་མཁན་དང་། ཁ་ངན་ནང་གི་ཚིག་ངན་འདོན་མཁན་ཚོ་ལ་ཡང་འཇོན་ཐང་ཡོད་ན་ལག་ཏུ་བཞག་ཡོད་པ་རེད། མདུན་ནས་འགོག་མཁན་དང་། བཞུག་ནས་འཐེན་མཁན་སུ་གཅིག་ཡོད་པ་མ་རེད།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དངུལ་བླངས་ནས་མི་ཕྱི་རྒྱལ་དུ་གཏོང་བ་དེ་ལ་དབྱིན་སྐད་དུ་people smugglingཟེར་བ་དང་། མྱི་གཏོང་མཁན་ལ་people smugglerཟེར་གྱིན་འདུག མིའི་ནག་ཚོང་རྒྱག་མཁན་ཞེས་པའི་དོན་རེད། ཁྲིམས་འགལ་སྡུག་ཤོས་ཤིག་ལ་བརྩི་གི་འདུག འཛིན་ཐུབ་ན་ཉེས་ཆད་ནན་པོ་གཆོད་ཀྱིན་ཡོད་ངེས་རེད། དེ་བཞིན་དངུལ་སྤྲོད་ནས་ཕྱི་རྒྱལ་དུ་ཡོང་མཁན་དེ་ཚོ་ལ་illegal immigrantཟེར་གྱིན་འདུག དེ་ཁྲིམས་འགལ་གནས་སྤོར་བའི་དོན་འདྲ་ཞིག་མིན་ནམ།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སྤྱིར་བཏང་སྤྱི་མིའི་ངོ་བོའི་ཐོག་ནས་ཕྱི་རྒྱལ་དུ་འཚོགས་འདུར་སོང་ནས་ཕྱིར་མི་ལོག་པ་དེ་ཡག་རྒྱུ་མི་འདུག དེ་ལ་དངུལ་གྱི་གཏའ་མ་ལེན་པ་དེ་ལས་ཀྱང་ཐབས་སྡུག་རེད།

    Reply
  8. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    རླབས་ཆེན་ལས་འགུལ་སྤེལ་ན་མི་དགའ་ན།།
    འོ་ན་གྲག་རྒྱུ་མེད་ན་དགའ་འམ་ཅི།།
    གདུང་སེམས་མཉམ་བསྐྱེད་རྣམ་འགྱུར་བསྟན་པ་འདི།།
    མགོ་བོ་འགྱོགས་པའི་རྟགས་ཤིག་ཡིན་འདུག་པས།།
    མཐུན་ཚོགས་མ་དམོད་ཚོགས་མི་དྲིན་ཅན་ཚོ།།

    མི་ཚོང་ནག་ཚོང་བརྒྱབ་པ་ན་ནིང་རེད།།
    ད་ལོ་སང་ལོར་རྒྱག་རྩིས་མེད་པ་འདྲ།།
    རྒྱག་པའི་ལམ་ཁ་གཅོད་པའི་གྲོས་ཐག་དེ།།
    ན་ནིང་མ་ཆོད་འུ་ཚོར་གསལ་ནོ་རེད།།
    མཐུན་ཚོགས་མ་དམོད་ཚོགས་མི་དྲིན་ཅན་ཚོ།།

    Reply
  9. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    རྩོམ་པ་པོ་ཚོ་རྩོམ་པ་པོའི་མཐུན་ཚོགས་ལ་སྡང་དོན་ཧ་གོ་མ་སོང་། ཡར་རྒྱས་མི་འགྲོ་བ་ལ་ཁག་མི་འདུག འདི་ལྟར་ཁ་ཐུར་ལ་འགྲོ་གི་ཡོད་པ་རེད།

    Reply
  10. བཙན་པོ། says:
    ལོ་ 15 སྔོན།

    གནམག་་ལྕགས་སོགས་ལ་གསལ་བཤད། མཐུན་ཚོགས་ཀྱིས་ལས་འགུལ་སྤེལ་བ་ཡག་པོ་རེད ཡིན་ནའང་མི་ཚོང་རྒྱག་པ་ནི་ནག་ཉེས་རེད། བོད་ཀྱི་ཚོགས་པ་དང་སྐྱིད་སྡུག་གི་མིང་ཐོག་ལ་ཕྱི་རྒྱལ་ལ་སོང་ནས་བསྡད་་བཞག་པ་མང་ནི་རེད། དེ་དག་གི་སྐོར་མོ་ལེན་གི་ཡོད་པ་གོ་མ་མྱོང་། དེ་འགྲོ་སའི་རྒྱལ་ཁབ་ཀྱི་ཡང་ནག་ཉེས་ཆེན་པོ་ཞིག་ལ་བརྩི་གི་མ་རེད། ཚོགས་པ་ངོས་ནས་སྒོར་མོ་ལེན་གི་ཡོད་པ་དེ་ནག་ཉེས་ཆེན་པོ་རེད། དེ་བོད་ལ་ཕན་པ་ཞིག་དང་ནག་ཉེས་མིན་ན་༧་གོང་ས་མཆོག་ཕྱི་རྒྱལ་ལ་ཕེབས་སྐབས་ཞབས་ཞུ་བ་མང་ཙམ་རེ་ཁྲིད་ནས་བཞགས་ནས་ཡོང་ན་ཡག་ས་རེད། རྩོམ་པ་པོའི་མཐུན་ཚོགས་ཚང་གིས་ནག་ཚོང་རྒྱག་གི་ཡོད་པ་ནམ་ལངས་ལངས་ཉི་མ་ཤར་ཤར། ཡིད་མི་ཆོས་ན་ཟླ་ཤས་རྗེས་སུ་མི་སྐོར་ཁག་ཅིག་ཁ་ན་ཌར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་འཚོགས་འདུའི་ཐོག་གཏོང་རྒྱུ་རེད། སྒོར་འབུམ་དྲུག་བདུན་རེ་ལེན་དང་ལེན་བཞིན་པའི་སྐབས་རེད། མི་རེ་གི་མིང་བཤད་དགོས་ཡ་མི་འདུག་གག་པོ་རེད། འདི་ལ་རྒྱབ་སྐོར་བྱེད་མཁན་ནི་རྒྱ་གར་ན་ཕྱི་ལ་འགྲོ་ན་འདོད་གི་ཡོད་མཁན་་ཚོ་དང་ཕྱི་ན་རང་གི་སྤུན་རྒྱ་འཐེན་ན་འདོད་གི་ཡོད་མཁན་ཚོ་རེད། མ་གཞི་ཕྱི་ཕྱོགས་ཀྱི་རྩོམ་པ་པོ་ཡིན་ཟེར་མཁན་མང་ཆེ་བ་ཇག་པ་དང་རྐུན་མ་རེད་འདུག་ག

    Reply
  11. མགོ་རུལ། says:
    ལོ་ 15 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བྲ་རྡོར་གྱི་དགེ་རྒན་སྟོབས་མཆོག་ལ་ཉིད་ཀྱི་དགེ་རྒན་ཁོ་བོས་ཞུ་དགོས་བྱས་སོང་དགོང་མ་འཛོམས༎
    ༼འཕྲི་དང་འབྲི།༽
    ལས་འགལ་་་་་་་ ལས་འགུལ་འཕྲི་རོགས་་་་་་་ འབྲི།
    ཁྱབ་སྲིད་་་་་་་་་་ ཆབ་སྲིད་འཕྲི་རོགས་་་་་་་ འབྲི།
    ཁྱབ་སྲིད་གི་་་་་་་་་་་་ཆབ་སྲིད་ཀྱིས་འཕྲི་རོགས་་་་་་་འབྲི།
    ཐུབ་གི་་་་་་་་ཐུབ་ཀྱི་འཕྲི་རོགས ་་་་་་་ འབྲི།

    རྒྱ་བོད་ཚིག་མཛོད་ཆེན་མོར། བསྟོད་མི་ཤེས་བསྟོད་ར་བྱེད་པ་དེ། འབྲི་མི་ཤེས་མེ་ཏོག་འབྲི་བ་འདྲ་ཞེས་དང༌། འཕྲི་་་་་་་་་་་་་མ་འཕྲི་ཡར་སྣོན། བཅུ་ནས་གསུམ་འཕྲི་ན་བདུན་ཞེས་པ་ལྟ་བའོ། ཡཱ་ད་ དེ་རིང་འཁྲིད་མཚམས་འཇོག་གི་ཡིན། སང་ཉིན་ནས་ཁྱེད་རང་ངའི་རྒན་ཡིན་ཏ། ཧཧཧ

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འདི་ཚོ་རྩོམ་པ་པོའི་ལས་འགུལ་མ་རེད། རྒད་པོ་རྒད་མོ་ཡིག་རྨོངས་པ་ཚོས་ལས་ཀ་རེད། འདི་བཙན་བྱོལ་ནས་བོད་ནང་གི་སྤུན་ཟླ་ཚོ་རྒྱ་ནག་ཏུ་སྤྲོད་མཁན་གྱི་ཚོགས་པ་ཚོའི་ལས་ཀ་རེད། རྩོམ་པ་པོ་ཚོས་སྐད་ཡིག་འདྲ་མིན་སྟེང་ནས་རྩོམ་ཡིག་སྤེལ་རྒྱུ་ལས་འདི་རིག་ནས་སེམས་ཤུགས་ཆགས་སོང་། རྩོམ་པ་པོ་ཟེར་བའི་མིང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་ཅི་ལྟར་ཐོབ། ཨ་ལས་ངན་ཚོ་བྱ་བཙོག་གི་ཡ།

    Reply
  14. སྨར་ཁམས་བུ། says:
    ལོ་ 15 སྔོན།

    སྤྱི་ཚོགས་ནང་ལ་སྐད་ཆ་བཤད་པ་དང་ཡིག་ཐོག་བཀོད་པ་ལ་མཉམ་གཞི་ཡག་པོ་བྱེད་དགོས། ང་ཚོ་བཙན་འབྱོལ་བོད་གཞུང་ཀྱང་ནང་ཁྲུག་རྒྱབ་རྒྱབ་ངོས་ནས་བོད་རང་བཙན་བཙོན་རྒྱུ་མེད་པ་བཟོས་་ཡོད་པ་ནི་ཁྱེད་རྣམས་པས་ཤེས་གསལ་རེད།
    འོན་ཀྱང་དེ་དག་ལ་་རྐྱོན་གང་ཡང་སྟོན་ཐུབ་ཀྱི་མེད། བྱེད་ཙང་ཙ་ཙིག་ལ་མ་དབྱིངས་དོན་ཆེནལ་་དོ་སྣང་ཞིག་གནང་དང་ཕོ་རྒོ་ཚོ།

    Reply
  15. གནམ་ལྕགས། says:
    ལོ་ 15 སྔོན།

    ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་ཆགས་ཚར་བའི་གཤིས་ཀ་ངན་པ་ཞིག་ཡོད་པ་ནི། གནད་འགག་གི་ཁ་ཐུག་ལ་རྡོག་རྩ་གཅིག་སྒྲིལ་མི་ཡོང་བར་ནང་འཁྲུག་རྐྱང་བརྒྱབ་ནས་འདུག་པ་འདི་རེད།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་མི་ཕྱི་རྒྱལ་ལ་བཙོང་གི་འདུག་ཟེར་བ་དེའི་སྐོར་ནས་གསལ་བཤད་ཅིག་མི་བྱེད་རང་བྱེད་ཆགས་སོང་། མ་གཞི་ང་ལ་བབ་མེད་པ་ཞིག་ཡིན་ཡང་། རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་ཐོག་ནས་ཕྱི་རྒྱལ་གྱི་ཚོགས་འདུ་ལ་སོང་ནས་ཕྱིར་མ་ཡོང་བར་བྲོས་པ་དེ་འདྲ་ཁ་ཤས་ཡོད་པ་རེད། དེ་དག་ལ་བཙོང་བའི་མིང་འདོགས་དགོས་ན། བོད་གཞུང་གི་ལས་བྱེད་དང་སློབ་ཕྲུག་དེ་ཚོ་ཕྱི་རྒྱལ་དུ་བཏང་ནས་ཕྱིར་མ་ལོག་པར་སྡོད་པ་དག་ཀྱང་བཙོང་བར་འཇོག་དགོས་པ་མི་འདུག་གམ། དེ་མ་ཡིན་པར་ཚོགས་པ་རང་ངོས་ནས་ཁྱོད་ཀྱིས་བཤད་པ་བཞིནམི་ཞིག་བཙོང་བའི་བདེན་དཔང་ཡོད་ན། ཁྱོད་ཀྱིས་གསལ་གསལ་ཐིང་ཐིང་ཕྱིར་འདོན་བྱོས་དང་ངས་ཁྱོད་ལ་ག་རེ་དགོས་ན་སྟེར་ཆོག དེ་མ་ཡིན་པར་སྤྱི་ཚོགས་སྟེང་གི་གཏམ་ཡན་དེ་དག་ལ་ཁུངས་བཅོལ་བ་ནི་རང་ཉིད་ལ་འགྲེང་ཐུབ་པའི་སྒལ་ཚིགས་མེད་པའི་རྟགས་རེད།

    གོང་དུ་ཞྭ་ནག་བློ་གྲོས་ཀྱིས་བཤད་པ་བཞིན། འདི་འདྲའི་འཆལ་གཏམ་གྱི་ཁུངས་ནི་ཚོགས་མི་ཐེབས་ཆག་དེ་ཚོའི་བྱ་སྤྱོད་རེད་འདོད། དེ་འདྲའི་ཐ་ཤལ་གྱི་ལས་བསགས་པ་ལས་སོ་སོ་སྔ་མོ་ནས་ཚོགས་པ་ལས་བུད་ན་དགའ། མཐའ་མཇུག་བཤད་རྒྱུ་ཞིག་ལ། དེ་འདྲའི་ཁུངས་མེད་ཀྱི་འཆལ་གཏམ་སྒྲོག་གི་ཡིན་ན། སོ་སོའི་མིང་གསལ་བོ་བྱས་ནས་འདོན་རོགས།

    Reply
  16. སྟོབས ། says:
    ལོ་ 15 སྔོན།

    བྲ་རྡོར་ལག

    མཆན་འབྲི་བ་པོ་ཡོངས་ལ་གསན་འདེབས་བྱེད་རྒྱུ་ཞིག་ལ་བགྲོ་གླེང་བྱེད་སྐབས་ངའི་དྲན་གི་ཁྱོས་འདི་བྱེད་དགོས་ཟེར་བ་ཙམ་གྱིས་གནད་ལ་མི་ཕོགས ། མིང་བཟུང་དོན་བཟུང་ཀྱི་ཐོག་ནས་སྐད་ཆ་དེ་དང་དེའི་བསྒྲུབ་བྱེད་ལ་གཞིགས་ནས་འཕྲི་རྒྱུ་གལ་ཆེ །
    གཤམས་ལ་བྲ་རྡོར་ལ་དག་བཅོས་ཤིག་བྱེད

    ལས་འགལ་་་་་་་ ལས་འགུལ་འཕྲི་རོགས །
    ཁྱབ་སྲིད་་་་་་་་་་ ཆབ་སྲིད་འཕྲི་རོགས །
    ཁྱབ་སྲིད་གི་་་་་་་་་་་་ཆབ་སྲིད་ཀྱིས་འཕྲི་རོགས །
    ཐུབ་གི་་་་་་་་ཐུབ་ཀྱི་འཕྲི་རོགས །

    Reply
  17. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཡག་ན་སྡུག་ན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མི་འཇོན་འཇོན་ཚོད་ཀྱིས་ལས་འགུལ་ཞིག་སྤེལ་བ་ལ་སྙིང་ཚིམ་བྱེད་རྒྱུ་མང་མེད་ན་ཉུང་མེད། ཁ་ལ་བདག་པོ་རྒྱག་རན་རེད། གསལ་བསྒྲགས་ག་ས་གང་ལ་སྦྱར་འདུག དེ་མ་མཐོང་ན་ད་ཅི་བྱ་དགོས་རེད། རྩོམ་པ་པོའི་མཐུན་ཚོགས་ལ་ག་དུས་ཡིན་ཡང་སྐྱོན་བརྗོད་བྱེད་མཁན་མང་ཆེ་བ་ཚོགས་མི་ལྟས་ངན་ཁག་ཅིག་རེད། ཚོགས་མིས་ཚོགས་པ་ལ་འགན་འཁྱེར་དགོས་པ་མ་རེད་པས། ཚོགས་མིས་ཚོགས་པ་གཏོར་བཤིག་གི་ལས་ཀ་བྱས་ན་གང་ནས་འགྲིག ཚོགས་པ་འདིས་ད་རེས་སྤེལ་བའི་ལས་འགུལ་སྤེལ་སྟངས་འདི་འགྲིག་མེད་པ་དང་། ཕྱོགས་རིས་བྱས་ཚུལ་བཤད་པ་རྣམས་ཀྱི་ཁ་བཙུམས་བསྡད་ན་ལེགས། ད་ལྟའི་དུས་ཚོད་ནི། ནང་ཁུལ་ལ་སྐྱོན་མེད་སྐྱོན་འདོགས་ཀྱིས་དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་པའི་དུས་ཚོད་མ་རེད། དེ་ཚང་མས་ཤེས་ན་ལེགས། ལྷག་པར་དུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཚོས་ཤེས་ན་ལེགས།

    Reply
  18. བྲ་རྡོར says:
    ལོ་ 15 སྔོན།

    ལས་འགལ་སྤེལ་སྐབས་ཕ་རོལ་གྱི་མི་དེ་གང་དུ་ཡོད་མེད་དང་།ལས་དོན་གང་ཞིག་གི་ཆེད་བཟུང་ཡོད་མེད།ད་དུང་མི་ཁོ་རང་ལ་ཇི་ཙམ་ཕན་དང་མ་ཕན།ཁྱབ་སྲིད་གི་ལས་དོན་འདི་ལྟ་བུ་ཞིག་གི་ཕན་ནུས་གང་འདྲ་ཞིག་ཐོན་ཐུབ་སོགས་གཟབ་ནན་བྱེད་དགོས་པ་མང་པོ་རེད།འདི་དག་ལ་བསམ་ཤེས་བྱེད་རོགས།མི་ཞིག་ཡིན་ན་ལས་དོན་གཞན་བེད་སྤྱད་ཀྱང་རང་ཉིད་འཇིག་རྟེན་འདིར་འཚོལ་ཐུབ་གི་ཡོད་རེད།

    Reply
  19. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་གཞི་ནས་གཉིད་ལས་སད་པ་འདྲ་ཡིན་ནའང་རྒྱ་གར་གཙོ་བོ་བྱེད་པའི་ཕྱི་རྒྱ་ཁག་ཏུ་ཡང་ལས་འགུལ་དེ་ལྟར་སྤེལ་ཐུབ་ན་ཡག་པོ་རེད་ལ་དེ་ཡང་མུ་འཐུད་ནས་དུས་ཡུན་རིང་ཙམ་སྤེལ་བའི་རེ་བ་ཆེ།།

    Reply
  20. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདི་ནི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བྱ་འོས་པའི་བྱ་བ་ཞིག་དང་སྒྲུབ་དགོས་པའི་དོན་དག་ཅིག་ཅི་ལ་མིན།ཡང་ཕྱོགས་གཞན་ཞིག་ནས་གླེང་ན།ཐེངས་འདིར་ཚོགས་པ་འདིས་རྩོམ་པ་པོ་ཁ་ཤས་ཀྱི་མིང་ཟུར་དུ་བཏོན་ཏེ་དེ་དག་གློད་གྲོལ་དགོས་བའི་མཚན་རྟགས་བསྡུ་རུབ་བྱས་ནི་རྩོམ་པ་པོ་དེ་དག་གཙོས་བའི་མུན་ནག་ཁང་བར་མནར་གཅོད་མྱོང་བཞིན་པའི་རྩོམ་པ་པོ་ཡོངས་ལ་གོ་གི་ཡོད་པ་གསལ་བཤད་གྱིས་ཁྱབ་ཀྱི་ཡོད་པ་འདྲ་བས་ཅང་སྨྲ་མི་དགོས་བར་འདུག
    ལས་འགུལ་མུ་མཐུད་དུ་ཡོང་བའི་རེ་བ་ཞུ།

    Reply
  21. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམ་པ་ཚོ། ཁྱེད་རྣམས་ཀྱི་དྲང་བདེན་ཀྱི་འབོད་སྒྲ་ནི་སེམས་ནང་གི་འབོད་སྒྲ་ངོ་མ་ཞིག་རེད། ཁྱེད་རྣམས་པས་་གཏམ་བརྗོད་རང་དབང་བེད་སྤྱོད་བྱས་པ་ཙམ་་ལས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མི་འདུག་པས།
    རྒྱ་གཞུང་གིས་ཁྱེད་ཀྱི་ལུས་སྲོག་ལ་གནོད་འཚེ་ཅི་ཡང་བྱེད་མི་འོས་ཀྱང་། ད་ཕན་རྒྱ་གཞུང་གིས་ཁྲིམས་འགལ་གྱིས་ཉེས་མེད་བོད་མི་བསད་ཚར་བ་རྣམས་ཀྱི་མིང་ཐོ་འདི་དག་ལ་ལྟོས་དང་། http://tibet.net/tb/atpd/pubs/bodmekyiduk/death%20list.pdf
    སྔོན་ཆད་རི་པིན་གྱིས་རྒྱ་མི་དམར་བསད་བྱས་པ་བཞིན་རྒྱ་དམར་གཞུང་ནི་དངོས་གནས་སྨྱོ་ཡོད་པར་རྟོགས་ཐུབ། དེ་བས་རྒྱ་ནག་དང་འགལ་བའི་ཚོགས་པ་ཐམས་ཅད་མཐུན་འབྲེལ་ཆིག་སྒྲིལ་་བྱས་ནས་མངོན་ལྐོག་གཉིས་ནས་ཐབས་མཁས་ཀྱིས་སྔར་ལས་ལྷག་པའི་བྱ་འགུལཤུགས་ཆེར་སྤེལ་དགོས་པའི་དུས་ཡིན།

    Reply
  22. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    རྩོམ་པ་པོ་་མཐུན་ཚོགས་་ཀྱི་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡོད།

    Reply
  23. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ན་གཞོན་ཟེར་བའི་ཚིག་འདི་མི་སྣ་གྲགས་ཅན་འགའི་སྟེང་དུ་འགྲོ་རོགས་བྱེད་ཀྱི་མི་འདུག འཐམ་བསྡད་ཀྱིན་འདུག
    ང་ལ་ཅིག་གསལ་དུས་ནས་སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱི་མིང་གི་མགོར་ ༼ ན་གཞོན་ ༽ ཡོད་ལ། ད་དུང་ཡང་ན་གཞོན་གྱིས་ཁོང་གློད་ཀྱི་མི་འདུག ད་དུང་སྒྱུ་རྩལ་པ་ཞི་བདེ་ཉི་མ་རེད། ཁོང་ཡང་གློད་ཀྱི་མི་འདུག ད་དུང་ན་གཞོན་གྱིས་གློད་རོགས་མི་བྱེད་པའི་མི་སྣ་འགའ་ཡོད་བསམ་ཡང་གློ་རྡེག་ཏུ་དྲན་གྱི་མི་འདུག
    སྨན་བླ་སྐྱབས་དང་ཞོགས་དུང་སོགས་ན་མཉམ་ཡིན་པའི་ཆ་ནས་ཞོགས་དུང་གི་མིང་མགོར་ཡང་ན་གཞོན་ཞེས་པ་རང་བཞིན་གྱིས་སླེབས་ཡོང་། ཡིན་ནའང་། དོན་དངོས་ཐོག་ཁོང་ཚོ་ན་གཞོན་ཡིན་ས་མི་འགྲོ ཁོང་ཚོ་ན་གཞོན་ཡིན་ན་ཁོང་ཚོའི་བུ་བུ་མོ་ཚོ་བྱིས་པ་ཡིན་དགོས། ཡིན་ནའང་། དེང་སྐབས་ཁོང་ཚོའི་བུ་བུ་མོ་ཚང་ན་གཞོན་ཆགས་འདུག་པས་ཁོང་ཚོ་རྒན་པར་སླེབས་པ་རེད།
    ཕྱོགས་གཞན་ནས་ཁོང་ཚོའི་མིང་གི་མགོར་ན་གཞོན་གྱི་ཚིག་འདི་ད་དུང་ལོ་གཅིག་གཉིས་རེར་འཇུག་གི་རེད་བསམ། ད་ལྟ་ངས་གསལ་བོ་དྲན་གྱི་མི་འདུག་མོད། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་འདོད་བསྟན་གྱི་ནང་དུ། ལོ་ཉེར་ལྔ་ཚུན་ཆད་ ༼ བུད་མེད་ལ་བཤད་ཀྱིན་ཡོད་སྙམ། དེ་ཡང་དྲན་གྱི་མི་འདུག ༽ ལ་དར་མ་དང་། དེ་ནས་ལྔ་བཅུ་ལོ་ཡི་བར་དུ་ན་གཞོན་གྱི་དུས་དང་། ལྔ་བཅུ་ཡོལ་རྗེས་རྒན་མོའི་དུས་ཚོད་ཡིན་པ་སོགས་བྲིས་ཡོད་སྙམ།
    ངས་དྲན་ལམ་ན་དེ་ལྟ་བུ་ཞིག་འདུག་མོད། གསལ་བོར་ཁྱོན་ནས་དྲན་གྱི་མི་འདུག་པས་ཕྱི་དྲོའི་ལས་ཁུངས་རྗེས་ཕྱིར་དུ་སོང་སྟེ། འདོད་བསྟན་བཀླག་རྗེས་གསལ་བཟོ་བྱ་ཆོག
    དེ་མིན་སྤྱིར་བཏང་ནས་མི་ལ་བྱིས་པའི་དུས་དང་དར་མའི་དུས། ལང་ཚོ་སྨིན་པའི་དུས་ཏེ་ན་གཞོན་གྱི་དུས། རྒས་པའི་དུས་བཅས་ཀྱི་ལོ་ཇི་ལྟར་ཐག་གཅོད་མིན་ཡང་བཤད་ཤེས་མ་སོང་། སུས་ཤེས་ན་གསལ་བཟོ་ཞིག་བྱ་རོགས་ཞུ་སྙིང་འདོད།

    Reply
  24. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ཤེས་ཡོན་པ་མི་ ༤༠ ལྷག་དེ་ཀློད་གྲོལ་གཏོང་དགོས། དེ་ལས་གཞན་པའི་གྲྭ་བ་དང་བཙུན་མ། མི་སེར་དཀྱུས་མ་སྟོང་ཕྲག་མང་པོ་ཡོད་པ་རྣམས་ཀློད་བཀྲོལ་མ་བཏང་ནའང་ཆོག སྲོག་ཁྲིམས་བཅད་ནའང་ཆོག ཁྱེད་ཚོས་ལས་འགུལ་ཕྱོགས་རེས་པ་དེ་ལ་ངས་རྒྱབ་སྐྱོར་མི་བྱེད་ཁོ་ཐག་ཡིན། ཧ་ཧ་ཧ། དགོད་རྒྱུ་ཞིག་དང་ངུ་རྒྱུ་གཉིས་ཀ་ཡོང་གི བཙན་བྱོལ་བོད་པ་ཚོ།

    Reply
  25. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཞོགས་དུང་ནི་ན་གཞོན་རྩོམ་པ་པོ་ཞིག་རེད་དམ།

    Reply
  26. གནམ་ལྕགས། says:
    ལོ་ 15 སྔོན།

    གཟའ་ཉི་མའི་ཉིན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདི་འདྲའི་ལས་འགུལ་ཞིག་སྤེལ་སྐབས། ཚོགས་མི་དག་ལ་གསལ་བརྡ་ཞིག་ཀྱང་བཏང་མ་སོང་། དེའི་སྟབས་ཀྱིས་ཚོགས་མི་མང་བོས་ལེ་བདའ་བྱེད་ཀྱིན་འདུག ཚོགས་པའི་ངོས་འདི་འདྲའི་ལས་འགུལ་ཞིག་སྤེལ་གྱིན་ཡོད་ན་ངེས་པར་དུ་ཚོགས་མི་དག་ལ་བརྡ་ཁྱབ་ཅིག་གཏོང་དགོས་པ་རེད། ང་རང་གི་ངོས་ནས་ཀྱང་འདི་འདྲ་བྱེད་ཀྱིན་པ་གོ་ཐོས་མ་བྱུང་བར་མཉམ་ཞུགས་བྱེད་མ་ཐུབ་པ་ཤིན་ཏུ་འགྱོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese