མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞལ་འདེབས་ལ་འབུལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་འགྲན་བསྡུར་གྱི་ལམ་ནས་མ་དངུལ་བསྡུ་རུབ་བྱས་ཏེ་སྐྱེ་རྒུ་མདོའི་ས་ཡོམ་བྱུང་ཡུལ་གྱི་མི་མང་ལ་ཞལ་འདེབས་འབུལ་རྒྱུ་ཡིན་ཟེར།

དེ་རིང་ཞོགས་པར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག་ངྷ་ས་མཚན་ཉིད་གྲྭ་ཚང་གི་དཔེ་མཛོད་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་གནང་སོང་ལ། སྐབས་དེར། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་གསུངས་དོན།  ལོ་ལྟར་རྒྱ་གར་རྒྱལ་ཡོངས་ནང་ཁུལ་ཏུ་ངྷ་མལ་མེལ་མོ་རེ་རྟགས་མའི་རྒྱ་གར་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོ་རྩེད་འགྲན་ཞིག་འཚོགས་ཀྱིན་ཡོད་པ་ལྟར། འདི་ལོ་སྐབས་ཉེར་གཉིས་པའི་རྩེད་འགྲན་དེ་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་ ༡༡ བར་ཀང་ར་རྫོང་གི་རྩེད་ཐང་དུ་འགྲན་བསྡུར་བྱ་འཆར་ཡོད་པ་དང་། ཐེངས་འདིར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་ཡང་འཛུལ་ཞུགས་ཀྱི་གོ་སྐབས་བྱུང་སྟེ། དབུ་འབྱེད་མཛད་སྒོའི་སྟེང་ཇཱ་མོ་ནེ་དམག་མིའི་རུ་ཁག་དང་མཉམ་དུ་རྩེད་འགྲན་གྱི་གོ་སྒྲིག་གནང་ཡོད་འདུག ཡིན་ཡང་། ང་ཚོའི་ངོས་ནས་རྩེད་འགྲན་འདི་མ་འཚོགས་པའི་ཡར་སྔོན་ཏུ་ངྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྒྱ་གར་གྱི་རུ་ཁག་ཞིག་དང་མཉམ་དུ་རྩེད་འགྲན་གོ་སྒྲིག་བྱས་ཡོད་ལ། སྤ་སེ་དང་ཞལ་འདེབས་བསྡུ་རུབ་གང་ཡིན་ཡང་། ཐེངས་འདིའི་རྩེད་འགྲན་གྱི་མ་དངུལ་ཡོད་ཚད་ཉེ་ཆར་བོད་ནང་གི་ས་ཡོམ་གྱི་གནོད་སྐྱེན་ཐེབས་ཡུལ་སྐྱེ་རྒུ་མདོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་འབུལ་འཆར་ཡོད་ཅེས་གསུངས་བྱུང་།

ཡང་ཁོང་གིས་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐད་གསུངས་དོན། ལོ་ལྟར་ང་ཚོ་བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་པའི་གོ་སྒྲིག་འོག་ས་གནས་རེས་མོས་ཀྱིས་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་ཚོགས་གནང་གི་ཡོད་པ་ལྟར། འདི་ལོ་ ༢༠༡༠ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ལྷོ་ཕྱོགས་སྦེལ་ཀོལ་གཞིས་ཆགས་སུ་ཡོད་པའི་ YMCA རྩེད་ཐང་དུ་ཕྱི་ཟླ་ ༩ པའི་ཚེས་ ༩ ཉིན་ནས་བཟུང་དངོས་སུ་སྐབས་བཅུ་དྲུག་པའི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་ཚོགས་མགོ་འཛུགས་གནང་འཆར་ཡོད་ལ། འདི་ལོ་ལྷོ་ཕྱོགས་ཀྱི་གཞིས་ཆགས་རེ་རེ་ནས་རུ་ཁག་རེ་རེ་དང་། སྤེལ་ཀོལ་ནས་རུ་ཁག་གསུམ། མོན་གྷོ་ཊི་ནས་རུ་ཁག་གཅིག  ཧོན་སོར་ནས་རུ་ཁག་གཅིག  བཅས་ལྷོ་ཕྱོགས་ལ་དམིགས་བསལ་ཚོད་འཛིན་བྱས་ཡོད་ཅེས་གསུངས་པ་དང་འབྲེལ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་མ་འོངས་པར་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་དེ་ཚད་ལྡན་དང་ལོ་ཆུང་བའི་དུས་ནས་སྦྱོང་བརྡར་བྱ་བར་དམིགས་ཏེ། འཛིན་རིམ་བཅུ་བ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཡོངས་སུ་རང་ལོ་ ༡༢ མན་གྱི་རྐང་རྩེད་སྤོ་ལོ་རུ་ཁག་ ༡༩ ལྷག་ལ་ལོ་རེར་ཧིན་སྒོར་ཁྲི་རེ་མཁོ་སྤྲོད་དང་། དེ་བཞིན་སློབ་སྟོན་པར་ལོ་རེར་ཧིན་སྒོར་ཉིས་སྟོང་བཅས་ཀྱི་མཐུན་རྐྱེན་སྦྱོར་གྱིན་ཡོད་སྐོར་གསུངས་བྱུང།

རྒྱ་གར་རྒྱལ་ཡོངས་ཀྱི་ངྷ་མལ་མེལ་མོ་རེ་རྟགས་མའི་རྩེད་འགྲན་འདི་ནི་ལོ་ལྟར་ངྷ་སའི་ཉེ་ཁུལ་ཀང་ར་རྫོང་དུ་འཚོགས་ཀྱིན་ཡོད་འདུག་ལ། ཐེངས་འདིར་ལྡི་ལི་དང་པན་ཅལ་མངའ་ཁུལ་བཅས་ཕྱོགས་མཐའ་ཁག་ནས་ཡོང་བའི་རུ་ཁག་ ༡༤ ལྷག་རྩེད་འགྲན་ནང་ཞུགས་འཆར་ཡོད་འདུག་ལ། ཐེངས་འདི་ནི་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་ཞུགས་ཐེངས་ཐོག་མ་དེ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 14

  1. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    དངོས་གནས་དྲ་གྲོགས་ཚོས་བཤད་པ་དེ་རྒྱུ་མཚན་དང་གོ་རྒྱུ་འདུག
    ལྷ་རབ་བྱུང་ན་ད་ལྟའི་དུས་ཚོད་འདི་འདྲའི་སྐབས་རྩེད་རིགས་དང་སྤྲོ་སྐྱིད་ལ་རོལ་བ་སོགས་གཏན་ནས་མ་གནང་ན་ལེགས།
    བྱུང་ན་འདི་ལོའི་རྒྱལ་ཡོམ་ཆེན་མོའི་རྩེད་འགྲན་དེ་ཡང་ཕྱི་བསྣུར་བྱ་དགོས་པའི་གནས་སྟངས་ཤིག་མཐོང་བཞིན་ཡོད་སྟབས།བོད་རྒྱལ་ཡོངས་རྩེད་འགྲན་ཚོགས་ཆུང་ངོ་ནས་ཧུར་རྒྱུགས་རང་མ་བྱས་པར་གནད་དོན་འདི་རིགས་ལ་ངེས་པར་རྣོ་བསམ་ཞིག་གཏང་དགོས་པ་རེད་སྙམ།

    Reply
  2. འབྲོག་མོ says:
    ལོ་ 16 སྔོན།

    ད་ལྟའི་དུས་སྐབས་འདི་རྩེད་འགྲན་བྱེད་པའི་དུས་ཞིག་ཨི་ཡིན་ནམ་།

    Reply
  3. dorjee damdul says:
    ལོ་ 16 སྔོན།

    Gôh-VGÅ-‚ãP-zºÛ-¤Û-±ô¼-¼ôGÅ-Bô¼-HÛ-hPÞ¾-hP-T-hPôÅ-ÅôGÅ-¾G-bà-Åôm-fÞz-qºÛ-¼ï-z-‚ïh-‚Ûm-»ôhü

    Reply
  4. གདུང་སེལ་མཉམ་སྐྱེད་ says:
    ལོ་ 16 སྔོན།

    གོ་སྒྲིག་གནང་མཁན་སོགས་ནས་རྗེས་ལ་འགྱེད་པ་གནང་རོགས་གནང་།

    Reply
  5. གདུང་སེལ་མཉམ་སྐྱེད་ says:
    ལོ་ 16 སྔོན།

    གངས་ཅན་བོད་རིགས་སྤུན་ཟླ་རྣམས་རེ་བསྐུལ་ཞུ་བཞིན་ལ་ རག་ལ་བྱུང་ན་མར་རྩོད་ན་ཡག་པོ་འདུག་ རང་གི་ལུས་ལ་དཔེ་བླངས་ནས་། གཞན་ལ་གནོད་པ་མ་བྱེད་ཅིག་།གསུངས་པ་བཞིན་ སོ་སོའི་ཕ་མར་སོགས་འདས་གྲོངས་མཆིས་ཡོད་ན་ཁྱེད་རང་གི་གའདྲ་གནང་ས་རེད་། རྡོག་རྩ་གཅིག་སྒྲིལ་གྱི་འཆམ་མཐུན་ལ་ཏན་ཏན་གནོད་གྱི་རེད་ལ་། རྒྱ་ནག་ཕྱོགས་ནས་ག་འདྲ་འདུག་གམ་ གཞིས་ལུས་མི་མང་འདུན་ལ་ག་འདྲ་གཟིགས་སམ་ ཁ་སྙན་པོ་ཤོད་དེ་མི་ཚང་མར་ལྐུགས་པ་ཡིན་འགྲོ་མེད་། ཐུགས་བསམ་ཡག་པོ་བཞེས་རོགས་གནང་། གང་ལྟར་འགྱེད་པ་མེད་པ་དངོས་།

    Reply
  6. ལྷ་མོ། says:
    ལོ་ 16 སྔོན།

    ཏཱ་ལའི་བླ་མ་དང་རྒྱ་ནག་གཞུང་གཉིས་སུ་ཞིག་གིས་སྐྱོ་གར་འཁྲབ་བཞིན་ཡོད་དམ། ༡༽ དགེ་བཤེས་སྨོན་ལམ་མཐར་ཕྱིན། ཟེར་བའི་བསམ་ཚུལ་འདི་གང་འདྲའི་གལ་ཆེན་པོ་མི་འདུག་གམ། ཡིན་ནའང་དུས་བབ་ཚང་གིས་བོད་ཀྱི་དུས་བབ་ཀྱི་མདུན་ངོས་བསམ་ཚུལ་སྡེ་ཚན་དུ་བཀོད་མི་འདུག རྒྱུ་མཚན་གང་ཡིན་ནམ། ནམ་རྒྱུན་དུས་བབ་ཟིན་བྲིས་ནས་ཟིན་བྲིས་གལ་ཆེ་ཁག་བསམ་ཚུལ་སྡེ་ཚན་དུ་འགོད་ཀྱི་འདུག ཡིན་ནའང་ད་ལན་མ་བཀོད་པ་དེ་ཡུལ་ཤུལ་མི་མང་ལ་བདག་སྤྲོད་བྱས་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་གསལ་སྟོན། རྒྱ་ནག་གཞུང་གི་ངན་འཚང་ཐེར་འདོན་བྱས་པས་ཡིན་ནམ། ཡང་ན་རང་གི་དགའ་ཕྱོགས་ཆབ་བྲག་ལྷ་མོ་སྐྱབས་ལྟ་བུ་མ་ཡིན་པས་རེད།

    Reply
  7. གངས་ཕྲུག says:
    ལོ་ 16 སྔོན།

    གྲོགས་པོ་་ཤིང་རྟ་ལ་ཞུ་རྒྱུར།
    ཙི་ཙི་བསད་ཆེད་ཁང་པ་མེས་བསྲེགས་བྱས་པའི་དཔེ་སྟར་སོང་ན་གང་འདྲ་འོང།

    བོད་མི་ལ་ཕན་པའི་སྐད་ཆ་རེད་ཤོད་ན་མི་ལེགས་སམ།སྐྱིད་སྡུག་མཉམ་མྱོང་གི་ཆད་དུ་རྩེད་འགྲན་བླ་ོགཏོང་དགོས་པ་མ་མཐོང་བས་རྩེད་འགྲན་བྱེད་པའི་དུས་མིན་ཞེས་པ་ནི་སེམས་དོག་དྲགས་པའི་སྐད་ཆ་ཞིག་ལས་རྒྱུ་མཚན་མ་མཐོང་ངོ།

    Reply
  8. དུག་ཚེར། says:
    ལོ་ 16 སྔོན།

    འདི་འདྲའི་རྩེ་རིགས་ཀྱང་ངེས་པར་འཁོ་ངེས་རེད།

    Reply
  9. གངས་ཕྲུག says:
    ལོ་ 16 སྔོན།

    བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གི་གོ་སྐབས་བཟང་པོ་ཞིག་ཐོབ་པ་ནི་དགའ་འོས་པ་ཞིག་ཡིན་མོད་སྡ་སར་རྒྱལ་ཡུམ་ཆེན་མོའི་རྩེད་སྐབས་ལོ་སྟར་འཁྲུག་རྩོད་སོགས་མི་སྤྱོད་ལས་འདས་པའི་སྤྱོད་ངན་རིགས་ཡོང་གི་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་བཞིན་དེ་འདྲ་རིགས་མི་ཡོང་བའི་འགན་ལེན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།

    Reply
  10. གངས says:
    ལོ་ 16 སྔོན།

    འཆམ་མཐུན་དང་པོ། རྒྱལ་ཁ་གཉིས་པ་ཡིན་གོ་་་་་་བུ་རྒོད་ཚོ་ཡིད་ལ་བཟུང།
    ཐུབ་ན་གཉིས་ཀ་ཡག་པོ་ཡོང་བར་རེ་བ་ཡོད།

    Reply
  11. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་མེད་ན་རྒྱགས་རེས་དང་རྩོད་པ་ཡོད་རྒྱུ་མ་རེད་

    Reply
  12. karma dorje says:
    ལོ་ 16 སྔོན།

    རྩེད་འགྲན་དགོས།
    ཞལ་འདེབས་དགོས།
    སྦྱོང་བརྡར་དགོས།
    སྒྲིག་ལམ་དགོས།
    རྩོད་པ་མི་དགོས།
    རྒྱལ་ཁ་གལ་མི་ཆེ།
    སྒྱུ་རྩལ་གལ་ཆེ།

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཞུགས་ཐེངས་ཐོག་མ་དེ་ལ་ཞབས་འདྲེན་མ་བཞག་རོགས། ད་ལྟ་ནས་སྦྱོང་བརྡར་སྤྲོད། ལྷག་པར་ཀུན་སྤྱོད་ལ་སྦྱོང་བརྡར་མང་ཙམ་སྤྲོད། རྒྱགས་རེས་རྩ་བ་ནས་མ་རྒྱགས་རོགས་དངོས་གནས་སེམས་གཏིང་གི་རེ་བ་ཡིན།

    Reply
  14. ཤིང་རྟ། says:
    ལོ་ 16 སྔོན།

    བོད་མི་སྐྱིད་སྡུག་མཉམ་མྱོང་ཡིན་ན་ད་སྐབས་རྩེད་འགྲན་བྱེད་པའི་དུས་ཚིག་ཅིག་མིན།
    འོན་ཀྱང་ཞལ་འདེབས་གནང་སྟངས་ཕྱོགས་ནས་བཤད་ན་དགའ་འོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese