མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འོས་བསྡུའི་ལས་འཕར་བསྐོ་གཞག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་འབྱོར་བ་ལྟར། སྤྱི་ལོ་ ༢༠༡༡ ལོའི་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་དང་། སྐབས་བཅུ་བཞི་བའི་བཀའ་ཤག་གི་བཀའ་བློན་ཁྲི་པ་འོས་བསྡུའི་ལས་རིམ་ཐད། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་དྲུང་ཆེ་བཅུད་པར་གཡང་མཁོ་རྒྱལ་ལགས་དང་། བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་རིག་འཛིན་ཆོས་གྲགས་ལགས་རྣམ་གཉིས་ངྷ་རམ་ས་ལའི་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལས་འཕར་དུ་བསྐོ་གཞག་གནང་ཡོད་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུ་སླེབས་མཚམས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐད་ཀར་དབུས་འོས་བསྡུ་ལྷན་ཁང་དུ་ཆོལ་ཁ་རེ་ནས་འོས་བསྡུའི་འགན་འཛིན་ལས་འཕར་རེ་བསྐོ་གཞག་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱི་ལས་རོགས་སུ་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱི་དྲུང་ཆེ་བཅུད་པར་གཡང་མཁོ་རྒྱལ་ལགས་དང་། བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་རིག་འཛིན་ཆོས་གྲགས་ལགས་རྣམ་གཉིས་ཐད་བསྐོས་གནང་ཡོད་འདུག་ལ། ཁོང་གཉིས་ཀྱིས་ཕྱི་ཟླ་ ༦ ཚེས་ ༡ ནས་ལས་འཆར་ཞུ་རྒྱུ་ཡིན་པ་དང་། ཐོག་མའི་ཟླ་གསུམ་རིང་སྦྱོང་བརྡར་གནང་རྗེས་འོས་བསྡུ་ཆེན་མོའི་ལས་རིམ་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་འདུག

མཆན། 17

  1. འབྲོག་རུ་རྡོ་རྗེ། says:
    ལོ་ 12 སྔོན།

    རྣམ་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་དང བྱ་བཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  2. འཁྲུངས་སྐར། says:
    ལོ་ 12 སྔོན།

    གཞུང་ལས་བྱེད་མཁན་ནི་ཡུལ་གཅིག་པ་དང་ཆོས་གཅིག་པ་དགོས་བཞིན་ཡོད་པ་ནི་ད་ལྟ་ཡང་རང་འཇག་རེད་འདུག་ག
    ཧེ་ཧེ་

    Reply
  3. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    སྤྱི་འཐུས་ལགས་ཀྱིས་གསལ་བཤད་གནང་འགྲིག་འདུག དགེ་བཤས་ལགས་ཆོས་པ་ཡིན་དུས་ཐད་སྐོས་ཀྱིང་མིང་ཐོགས་ཡོད་པ་མང་ཙམ་དེ་ལྟར་ཡོང་གི་རེད། འཆར་འབུལ་ཕྱག་རྟགས་ཀྱི་ལམ་ནས་ཐོན་པའི་མི་སྣ་ཚོར་དེ་ལྟར་བོས་མྱོང་ཡོད་པ་རེད། དགེ་བཤེས་སྲིད་ལ་ཞུགས་ནས་སྐད་ཆ་དེ་མ་གྲགས་པ་བདེན་ནོ།

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 12 སྔོན།

    ཨོ་དེ་ནི་གཏམ་བཟང་ཞིག་རེད། ཁོང་གཉིས་ཀྱི་ཕྱག་ལས་ཁྲོད་འཐུས་སྒོ་ཚང་པའི་སྤྱི་འཐུས་གསར་བ་མང་བོ་ཞིག་དང་། རྒྱལ་ཞེན་དང་ཤེས་འཇོན་གྱིས་ཕྱུག་པའི་བཀའ་ཁྲི་ཞིག་རྙེད་ཐུབ་པའི་རེ་བ་ཟབ་མོ་ཡོད།

    མ་གཞི་འདི་འདྲ་ཞིག་ཡོང་མིན་མི་མང་གི་ལག་ན་ཡོད་པས་སྐབས་དེར་མི་མང་ཧོལ་རྒྱུག་དང་མི་གཞན་གྱི་ཁ་མི་རྒྱུག་པར། ལྷག་བསམ་གྱི་སྟེང་ནས་བོད་སྤྱི་ཡོངས་ལ་ཕན་པའི་སྤྱི་འཐུས་དང་བཀའ་ཁྲི་ཞིག་གདམས་རྒྱུ་ཤིན་ཏུ་གལ་ཆེན་ཆགས་ཡོད་པས། དེ་དོན་དགོངས་འཇགས་ཡོང་པར་ཞུ།

    Reply
  5. ཁ་བའི་མེ་ཏོག། says:
    ལོ་ 12 སྔོན།

    ༆།། གཞུང་ལམ་གཅིག་ཏུ་བསྐྱོད་བཞིན་པའི་རང་བཙན་འཐབ་རྩོད་པ་དང་བློ་སེམས་མཐུན་པའི་དྲ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་དམིགས་གསར་ཞུ་འདོད་བྱུང་བ་ཁག་ཅིག་ལྷག་བསམ་རྣམ་དག་ཐོག་ནས་བཤོད་འདོད་བྱུང་། ཕྲན་སྒེར་གྱི་རྣམ་སྤྱོད་ཐོག་ནས་མཐོང་ཚུལ་ནི་བཀའ་ཟུར་བཀྲས་མཐོང་ཆོགས་ལ་བོད་སྤྱིར་པའི་རྩ་དོན་ཆེད་དུ་བྱ་བཞག་བསྒྲུབ་རྒྱུ་སེམས་ཤུག་དང་གཏོང་ཕོད་ཀྱི་ལྟར་བ་གང་ཡང་མེད་པས་རྣམ་འགྱུར་ཞིག་མཐོང་སོང་། འདིར་ཐོག་དགོངས་ཆ་ཡོད་པ་ཞུ།

    Reply
  6. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 12 སྔོན།

    གསར་འགོད་པ་ལགས། འོས་བསྡུ་འགན་འཛིན་ལས་འཕར་གཉིས་ཚོགས་ཆུང་གིས་འཆར་འབུལ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐོ་གཞག་བསྩལ་བ་ཞིག་ཡིན་པས་དེ་ལ་ཐད་བསྐོས་ཟེར་སྲོལ་མེད་པ་རེད། ད་དུང་ཆོལ་ཁོངས་ལ་ལྟོས་ནས་བསྐོས་སྲོལ་ཞིག་ཡོང་བཞིན་འདུག་པ་ལས་ཁྲིམས་སྒྲིག་གང་དུའང་འོས་བསྡུ་འགན་འཛིན་ལས་འཕར་ཆོལ་ཁ་རེ་ནས་མི་རེ་བསྐོས་དགོས་གནས་གང་ཡང་གསལ་ཡོད་མ་རེད།

    Reply
  7. སྨར་དྷཱིཿཟེར། says:
    ལོ་ 12 སྔོན།

    ཁོང་གཉིས་ཀ་ངོ་ཤེས་ཀྱི་མེད་ཡིན་ནའང་ཡག་པོ་ཞིག་དང་བློ་གཟུར་བོ་གནས་པའི་
    གང་ཟག་ཞིག་ཡིན་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    ཤེས་ཡོན་པ་དང་ལྷག་བསམ་ཅན་གྱི་རྩོམ་པ་པོ་གཡང་མཁོ་རྒྱལ་དང་ཁོང་གཉིས་ཀྱི་བྱ་བཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། དེ་མིན་རྩོམ་པ་པོ་གཡང་མཁོ་རྒྱལ་ལ་མཚོན་ནས་ཞུས་ན། མདོ་སྨད་ངྷ་ས་ས་རྒྱུན་ཚོགས་གཙོ་ཁུར་བ་རེད། དེའི་སྐབས་སུ་ལས་ཀ་ཚག་ཚུད་ལས་པ་ལས་སྡོམ་ནང་དུ་གསལ་བོ་རེད། དངོས་གནས་ང་ཧ་སང་སོང་། ད་ལོ་མདོ་སྨད་ཚོགས་ཆེན་སྐབས་སུ་ཁོང་གི་ལས་སྡོམ་རིག་ནས་ཁོང་གི་ལྷག་བསམ་དེ་ཚོར་བྱུང་། མི་འདི་ཚོ་གཞུང་ཞབས་ལས་ཀ་ལ་ཁས་ན་ཏན་ཏན་ཕན་ངེས་རེད། ལངས་ཕྱོགས་བརྟན་པོ་རེད། ངས་སེམས་གཏིང་ནས་རྗེས་སུ་ཡི་རངས་ཞུ།

    Reply
  9. མིག་གསུམ་པ། says:
    ལོ་ 12 སྔོན།

    བཅུད་པར་འབྲོང་རྒོད་དང་སློབ་སྤྱི་རིག་འཛིན་གཉིས་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་། ཁོང་རྣམ་པ་གཉིས་ཀ་གོང་ས་མཆོག་གིས་ཐད་བསྐོས་གནང་བར་སེམས་སྟེང་ནས་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད།

    Reply
  10. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 12 སྔོན།

    དགེ་བཤེས་ཆེན་མོ་ལགས། ཁྱེད་ནི་རི་བོ་དགའ་ལྡན་པའི་ཆོས་བརྒྱུད་འཛིན་མཁན་ཞིག་རེད། དགེ་བཤེས་ཞེས་མིང་ཅིག་འཁུར་ནས་མིང་དང་འགལ་བའི་ཆབ་སྲིད་བེད་མ་སྤྱོད་ན་ལེགས། གལ་སྲིད་ཆབ་སྲིད་ལས་འགན་དགོས་འདུག་ན། དགེ་བཤེས་ཞེས་མིང་དེ་བེད་མ་སྤྱད་ན་ལེགས། དགེ་བཤེས་ཞེས་ཚིག་དོན་ཞིག་འགྲེལ་ན་ད་ལྟ་ཁྱེད་ཀྱི་ལས་ཀ་མཐུན་འདུག་གམ།

    Reply
  11. ལྷ་ཆབ་སྦྱིན་པ། says:
    ལོ་ 12 སྔོན།

    བཀུར་འོས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེའོ།།

    Reply
  12. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 12 སྔོན།

    རྒྱ་ཆེའི་དྲ་རྒྱ་གཟིགས་མཁན་རྣམ་པ། འོས་བསྡུ་འགན་འཛིན་ལས་འཕར་བསྐོ་གཞག་གནང་སྟངས་གཤམ་གསལ་ལྟར་རེད།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་གཉིས་པ།

    བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་འོས་བསྡུ་འགན་འཛིན་ལས་འཕར་གཉིས་དགོས་པ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བ་འོས་འཆར་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་གཞག་གནང་རྒྱུ།
    ཡང་ན་ཚོགས་ཆུང་དེས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་བ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་གཞག་གནང་རྒྱུ།
    ཞེས་གསལ་བ་ལྟར་སྒྲིག་གཞིའི་ཆ་ཤས་དང་པོ་ཕྱག་བསྟར་གནང་བ་ཞིག་རེད།

    ད་སྐབས་དམིགས་འཛུགས་གནང་བའི་འཆར་འབུལ་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། བཀའ་ཟུར་དང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གཅིག་ལྕོགས་བློ་བཟང་དར་རྒྱས་ལགས། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་བཅས་རེད།

    Reply
  13. ཨ ༚ བཙན་པོ། says:
    ལོ་ 12 སྔོན།

    རྣམ་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་དང་ལས་དོན་ལེགས་འགྲུབ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  14. གནས་ཚང་། says:
    ལོ་ 12 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། གཙོ་བོ་ན་གཞོན་གྱིས་འགན་རྐང་ལེན་བྱེད་དགོས་པ་ལྟར་དེ་ག་རང་ཡོང་འདུག་བསམ།

    Reply
  15. རྨོག་རུ་བསྟན་པ། says:
    ལོ་ 12 སྔོན།

    རྣམ་པ་གཉིས་ཀྱི་ལས་དོན་ལེགས་འགྲུབ་ཡོང་བའི་རེ་བ་དང་བཀྲིས་བདེ་ལེགས་ཡོད།

    Reply
  16. གནམ་ལྕགས། says:
    ལོ་ 12 སྔོན།

    ཁོང་གཉིས་ནི་དངོས་གནས་འཚམ་པོ་རེད། དེར་དགའ་བསུ་དང་བཅས་བཀྲིས་བདེ་ལེགས་ཞུ།

    Reply
  17. བཀྲ་ཤིས། says:
    ལོ་ 12 སྔོན།

    ཨོ་ཡག་པོ་རེད། ཁོང་རྣམ་གཉིས་ལ་བཀྲ་ཤི་ས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist