མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འགྲོའི་ཆེད་དུ་འབུམ་ཚོགས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་བོད་མི་ཚོས་༸གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་། སྐྱེ་རྒུ་མདོའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཆེད་ཉིན་གྲངས་བདུན་རིང་མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཞིག་འཚོགས་བཞིན་ཡོད་འདུག                                            

བལ་ཡུལ་གནས་སྡོད་ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་ལྟར། བལ་ཡུལ་དུ་གནས་སྡོད་བོད་མི་ཚོས་ཟླ་འདིའི་ཕྱི་ཚེས་ ༡༥ ནས་མགོ་འཛུགས་ཀྱིས་ཉིན་གྲངས་ ༧ རིང་བལ་ཡུལ་འཕགས་ཤིང་བོན་གྱི་གདན་ས་༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འདུ་འཛོམས་ཀྱིས།  ལོ་ལྟར་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་དང་༧ གོང་ས་མཆོག་གི་ཞབས་པད་སྐལ་བརྒྱར་བརྟན་ཅིང་རིས་མེད་ཆོས་བརྒྱུད་ཁག་གི་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་རྣམས་ཀྱི་ཞབས་པད་བརྟན་ཅིང་འགྲོ་དོན་རྒྱས་ཆེད་འབུམ་ཚོགས་གནང་བཞིན་པ་ལྟར། འདི་ལོ་ཡང་དུས་ལྟར་གནང་ཡོད་པར་མ་ཟད། ཉེ་ཆར་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་འཇིག་པའི་འོག་ཚེ་སྲོག་ཤོར་བའི་ཚེ་འདས་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་ཕོག་པ་དང་ཤུལ་ལུས་རྣམས་གདུང་བ་ལས་མྱུར་དུ་གྲོལ་ཞིང་། འགལ་རྐྱེན་གྱི་མཚན་མ་ངན་རིགས་ཡོངས་སུ་ཞི་ནས་དགའ་བདེའི་དཔལ་ལ་སྤྱོད་ཅིང་། རང་ཅག་གཞིས་བྱེས་བོད་མི་ཡོངས་ལ་རིང་ནས་སྙིང་དཡ་བརྣག་པའི་འདོད་དོན་མ་ལུས་མྱུར་དུ་འགྲུབ་ཆེད། ཉིན་གྲངས་བདུན་རིང་བརྩེ་བས་སྐྱོང་བའི་ཡུམ་ཆེན་གཡུང་དྲུང་བོན་གྱི་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོ་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་མཆོད་སྤྲིན་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༧ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 3

  1. གྲྭ་རྒོད says:
    ལོ་ 16 སྔོན།

    བྱམས་བརྩེའི་ཨ་མའི་སྙིང་གི་དུམ་བུ།།
    གཅེས་པའི་བུ་ཕྲུག་རྐྱེན་ལམ་སོང་བའི།།
    ལས་དབང་མྱ་ངན་སེམས་ཀྱིས་མ་འཆུན།།
    འོ་དོད་འབོད་སྒྲ་འུར་འུར་ཟིང་ཟིང་།།

    སྙིང་སྡུག་བྲལ་བའི་ཤུལ་ལུས་གཉེན་ཉེ།།
    ཡིད་སེམས་གདུང་བ་དྲག་པོས་གཟིར་ནས།།
    བརྒྱལ་དང་དྲན་པ་མུན་སྟུག་ཀློང་དུ།།
    བར་མེད་མནར་བའི་ཚུལ་འདི་སུས་བཟོད།།

    ཀྱེ་ཧུལ་བསླུ་མེད་དཀོན་མཆོག་རྣམ་གསུམ།།
    དམྱལ་སྣང་ས་ཁར་མངོན་སུམ་འཕོས་འདྲེས།།
    བོད་འབངས་སེམས་ཅན་སྡུག་བསྔལ་འདི་འདྲ།།
    མྱོང་དགོས་ཅི་ཞེས་ཞེ་བློ་རྨོངས་བྱང་།།

    བརྩེ་མེད་ས་བདག་གཏུམ་དྲག་ཅན་ལ།།
    ཉེས་མེད་ཚེ་སྲོག་གཉོམ་ཆུང་འདི་དག།།
    ཐར་མེད་གཤིན་རྗེའི་ཡུལ་དུ་འཁྲིད་པའི།།
    འགོག་མེད་དཀའ་གཙིགས་སུ་ཡིས་ཕབས་ཨང་།།

    རྡུལ་རླུང་འཚུམས་མའི་མཐོ་སྒང་གྲོང་བརྡལ།།
    ཁྲག་དང་མིག་ཆུའི་རྒྱུན་གྱིས་གང་ནས།།
    ངུ་ངག་དབྱངས་ལྟ་རྣ་བར་འཛུལ་དུས།།
    སྙིང་འདི་ཚལ་བར་གཤགས་ལ་ཕྱོགས་སོ།།

    རྟེན་གསུམ་བཞེངས་བསྐྲུན་ཚར་དུ་དངར་ཞིང་།།
    བཤད་གྲུབ་བསྟན་པའི་སྲོག་སྙིང་བཟུང་བའི།།
    དགོན་སྡེ་དུ་མ་ཞིག་རལ་བཏང་བས།།
    འགྲོ་བའི་ལས་སྣང་བསམ་ཡིད་འདས་སོ།།

    ཀུན་བཟོད་མ་དེ་མ་བཟོད་དྲག་ནས།།
    འགུལ་རིམ་བདུན་དང་གྲངས་ཆུང་གཅིག་གི།
    ལྡང་སྟབས་གཅིག་གིས་ཚེ་སྲོག་ཁྲི་ཕྲག།།
    འདི་ལྟར་སྡུག་བསྔལ་གཡང་ལ་སྒྱུར་སོང་།།

    མཛེས་ལྗོངས་སུམ་རྩེན་གནས་སུ་འགྲན་ཞིང་།།
    གླུ་བྲོའི་གཞིས་ཁྱིམ་མཚན་སྙན་འབར་བའི།།
    བོད་ཡུལ་སྐྱེ་རྒུ་མདོ་ཡི་ཡུལ་དེ།།
    སྐད་ཅིག་ཤུལ་ཙམ་བཟོས་འདི་བདེན་ནམ།།

    ཤེས་རིག་འོད་སྣང་འགྱེད་པའི་དགེ་རྒན།།
    ཕུགས་བསམ་མེ་ཏོག་རྒུམ་པའི་སློབ་ཚོགས།།
    ས་ཆེན་གླལ་པའི་འདར་གསིག་གཅིག་གིས།།
    རྡོ་འདམ་གཏིབས་འོག་གཏན་དུ་མནན་སོང་།།

    མི་མངོན་དབྱིངས་ཀྱི་རྩ་གསུམ་རྒྱ་མཚོ།།
    ཉམས་ཐག་འགྲོ་བའི་ཚུལ་འདི་གཟིགས་ནས།།
    ཐུགས་རྗེའི་འཇུག་པ་ནམ་ཡང་བསྐུལ་ན།།
    ཅིས་ཀྱང་བརྩེ་བས་ལན་ཅིག་དགོངས་འཚལ།།

    འཕགས་ཡུལ་སེར་བྱེས་བྱ་བྲལ་གྲྭ་རྒོད་ནས།

    Reply
  2. karma dorje says:
    ལོ་ 16 སྔོན།

    ད་ལྟ་དངུལ་དངོས་སྤྲོད་སའི་བརྒྱུད་ལམ་མ་རྙེད་པ་ལྟ་བུར་གོ་བྱུང་བས་དཔྱད་པར་འཚལ།

    Reply
  3. karma dorje says:
    ལོ་ 16 སྔོན།

    ཐག་རིང་ནས་བསྟན་འགྲོའི་ཆེད་དུ་འབུམ་ཚོགས་ལ་རྗེས་སུ་ཡི་རང་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese