མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་ ༨ ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་ནང་གི་བོད་ཁྱིམ་ཁག་གསུམ་དང་། གཏན་སློབ་ཁག་ལྔ་ཡི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་ཞིག་ཤེས་རིག་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱས་འདུག

དེ་རིང་ཞོགས་པར་འདི་གའི་གསར་འགོད་པས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་གར་གཞུང་གིས་འདི་ལོའི་གཞི་རིམ་སློབ་གྲྭ་ཁག་གི་འཛིན་གྲྭ་བཅུ་གཉིས་ཁྲོད་ཡིག་རྒྱུགས་བཏང་བའི་ནང་ནས། སློབ་གྲྭ་ཁག་བརྒྱད་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཕྱིར་བསྒྲགས་གནང་འདུག་ལ། སློབ་གྲྭ་དེ་དག་ནི་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་སྦེལ་ཀོབ་བོད་ཁྱིམ། ངྷ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་དང་། སྤོན་ཊ་གཏན་སློབ་དང་སིམ་ལ་གཏན་སློབ། ཌལ་ཧོར་གཏན་སློབ། མོན་གྷོ་ཊི་གཏན་སློབ་དང་སྦེལ་ཀོབ་གཏན་སློབ་བཅས་ཡིན་འདུག

དང་པོ། སློབ་གྲྭ་ཁག་འདི་བརྒྱད་ལས་གྷོ་པལ་པུར་གྱི་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་ཕྲུག་ ༢༢༠ ནས་སློབ་ཕྲུག་ ༢༡༧ གྱི་ཡིག་རྒྱུགས་བཏང་སྟེ། ཚང་མས་ཡིག་རྒྱུགས་འཕྲོད་འདུག་སྟབས་མཇུག་མཐའི་སྐར་གྲངས་བརྒྱ་ཆ་བརྒྱ་བླངས། སློབ་ཕྲུག་བུ་ ༨༦ དང་བུ་མོ་ ༡༣༡ ཡོད་འདུག

གཉིས་པ། མོན་གྷོ་ཊི་གཏན་སློབ་ནས་སློབ་ཕྲུག་ ༡༦༠ ནས་ ༡༥༧ ཡིག་རྒྱུགས་བཏང་སྟེ་ ༡༥༥ ཡིག་རྒྱུགས་འཕྲོད་པ་དང་། སློབ་ཕྲུག་ ༢ སློབ་ཚན་གཅིག་ཐོག་ཐོབ་སྐར་ལོན་མེད། མཇུག་མཐའི་སྐར་གྲངས་ ༩༨་༧༣ བླངས་ཡོད་འདུག སློབ་ཕྲུག་བུ་ ༥༨ ཡོད་པའི་ཁྲོད་ནས་ ༢ སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པར་བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པར་བརྟེན་ཕོའི་མཇུག་མཐའི་སྐར་གྲངས་དེ་བརྒྱ་ཆ་ ༩༦་༥༥ ཡིན་པ་དང་བུ་མོ་ ༩༩ ཡོད་པ་ཚང་མས་ཡིག་རྒྱུགས་འཕྲོད་དེ་མཇུག་མཐའི་སྐར་གྲངས་བརྒྱ་ཆ་བརྒྱ་བླངས་ཡོད།

གསུམ་པ། སྦེལ་ཀོབ་ཉིན་སློབ་ཀྱི་སློབ་མ་ ༢༤༣ ལས་སློབ་མ་ ༢༢༠ ཡིག་རྒྱུགས་བཏང་སྟེ་ ༢༡༡ ཡིག་རྒྱུགས་འཕྲོད་པ་དང་། མཇུག་མཐའི་སྐར་གྲངས་ ༩༥་༩༡ བླངས་ཡོད། བུ་ ༡༡༩ དང་སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པ་ ༥ བྱུང་སྟེ་ཕོའི་མཇུག་མཐའི་སྐར་གྲངས་ ༩༥་༨ དང་བུ་མོ་ ༡༠༡ ཡོད་པར་སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པ་ ༤ བྱུང་སྟེ་མོའི་མཇུག་མཐའི་སྐར་གྲངས་ ༩༦་༠༤ ཡིན་འདུག

བཞི་པ། ཌལ་ཧོར་གཏན་སློབ་ནས་སློབ་ཕྲུག་ ༢༥ ལས་ ༢༥ ཡིས་ཡིག་རྒྱུགས་བཏང་སྟེ། སློབ་མ་ ༢༡ ཡིག་རྒྱུགས་འཕྲོད་དེ་མཇུག་མཐའི་ཐོབ་སྐར་ བརྒྱ་ཆ་ ༨༤་༠༠ བླངས་ཡོད། བུ་ ༡༣ དང་སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པ་ ༢ བྱུང་སྟེ་ཕོའི་མཇུག་མཐའི་སྐར་གྲངས་ ༨༤་༦༢ དང་བུ་མོ་ ༡༢ ཡོད་པར་སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པ་ ༢ བྱུང་སྟེ་མོའི་མཇུག་མཐའི་ཐོབ་སྐར་ ༨༣་༣༣ ཡིན་འདུག

ལྔ་པ། ངྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་ ༡༠༧ ནས་ ༡༠༡ ཡིག་རྒྱུགས་བཏང་སྟེ་ ༨༢ ཡིག་རྒྱུགས་འཕྲོད་པ་དང་མཇུག་མཐའི་སྐར་གྲངས་ ༨༡་༡༩ དང་། གཏན་ནས་མ་འཕྲོད་པ་ ༥ བྱུང་ཡོད། སློབ་ཕྲུག་བུ་ ༦༠ ཡོད་པར་ ༤༦ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་ཕོའི་མཇུག་མཐའི་ཐོབ་སྐར་ ༧༦་༦༧ ཡིན་པ་དང་། བུ་མོ་ ༤༡ ལས་ ༣༦ ཡིག་རྒྱུགས་འཕྲོད་དེ་མཇུག་མཐའི་ཐོབ་སྐར་ ༨༧་༨ བླངས་འདུག སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པར་བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པ་ ༡༤ ཡོད།

དྲུག་པ། སྤོན་ཊ་གཏན་སློབ་ཀྱི་སློབ་མ་ ༣༥ ལས་ ༣༤ ཡིག་རྒྱུགས་བཏང་སྟེ་ ༢༧ ཡིག་རྒྱུགས་འཕྲོད་པ་དང་མཇུག་མཐའི་སྐར་གྲངས་ ༧༩་༤༡ དང་། གཏན་ནས་མ་འཕྲོད་པ་ ༢ ཡོད། སློབ་ཕྲུག་བུ་ ༡༤ ལས་ ༡༡ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་ཕོའི་མཇུག་མཐའི་སྐར་གྲངས་ ༧༨་༥༧ དང་བུ་མོ་ ༢༠ ཡོད་པར་ ༡༦ ཡིག་རྒྱུགས་འཕྲོད་དེ་མོའི་མཇུག་མཐའི་སྐར་གྲངས་ ༨༠ ཡིན། སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པར་བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པ་ ༥ ཡོད།

བདུན་པ། སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་ ༤༡ ནས་ ༤༡ ཡིག་རྒྱུགས་བཏང་སྟེ་ ༣༢ ཙམ་གྱིས་ཡིག་རྒྱུགས་འཕྲོད་པ་དང་མཇུག་མཐའི་སྐར་གྲངས་ ༧༨་༠༥ ཡིན་པ་དང་གཏན་ནས་ཡིག་རྒྱུགས་མ་འཕྲོད་པ་ ༢ བྱུང་འདུག སློབ་ཕྲུག་བུ་ ༡༦ ལས་ ༡༢ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་ཕོའི་མཇུག་མཐའི་སྐར་ ༧༥ ཡིན་པ་དང་བུ་མོ་ ༢༥ ཡོད་པར་ ༢༠ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་མོའི་མཇུག་མཐའི་སྐར་གྲངས་ ༨༠ ཡིན་འདུག སློབ་ཚན་གཅིག་ཐོག་ཐོབ་སྐར་མ་ལོན་པར་བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པ་ ༧ ཡོད།

བརྒྱད་པ། ཤིམ་ལ་གཏན་སློབ་ཀྱི་སློབ་མ་ ༣༦ ལས་ ༣༤ ཡིག་རྒྱུགས་བཏང་སྟེ་ ༢༢ ཙམ་གྱིས་ཡིག་རྒྱུགས་འཕྲོད་པ་དང་མཇུག་མཐའི་སྐར་གྲངས་ ༦༤་༧༡ ཡིན། སློབ་ཚན་གཅིག་ཐོག་བསྐྱར་ཏུ་གཏོང་དགོས་པ་ ༡༢ བྱུང་འདུག སློབ་ཕྲུག་བུ་ ༡༢ ཡོད་པར་ ༡༠ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་མཇུག་མཐའི་སྐར་གྲངས་ ༨༣་༣༣ ཡིན་པ་དང་བུ་མོ་ ༢༢ ཡོད་པར་ ༡༢ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་མཇུག་མཐའི་སྐར་གྲངས་ ༥༤་༥༥ ཡིན་འདུག

གོང་གསལ་གྱི་སློབ་གྲྭ་ཁག་ཏུ་ཁྱོན་སྡོམ་སློབ་ཕྲུག་ ༨༦༧ ལས་ཡིག་རྒྱུགས་ཁྲོད་ཞུགས་པ་མེད་པ་ ༣༨ དང་སློབ་ཕྲུག་ ༨༢༩ དངོས་སུ་ཡིག་རྒྱུགས་ཁྲོད་ཞུགས་ཏེ་སློབ་མ་ ༧༦༧ ཡིག་རྒྱུགས་འཕྲོད་པ་དང་། སློབ་ཚན་གཅིག་ཐོག་སྐར་གྲངས་མ་ལོན་པར་བསྐྱར་དུ་གཏོང་དགོས་པ་  ༥༣ དང་གཏན་ནས་མ་ལོན་པ་ ༩ བྱུང་འདུག མཇུག་མཐའི་སྐར་གྲངས་ ༩༢་༥༢ ཡིན། དེ་དག་ལས་ཕོ་ ༣༧༨ ལས་ ༣༤༦ ཡིག་རྒྱུགས་འཕྲོད་དེ་ཕོའི་མཇུག་མཐའི་སྐར་གྲངས་ ༩༡་༥༣ དང་བུ་མོ་ ༤༥༡ ལས་ ༤༢༡ ཙམ་གྱིས་ཡིག་རྒྱུགས་འཕྲོད་དེ་མོའི་མཇུག་མཐའི་སྐར་གྲངས་ ༩༣་༣༥ ཡིན་འདུག

དེ་མིན་གྱི་སློབ་གྲྭ་གཞན་ཁག་ཅིག་གི་ཡིག་རྒྱུགས་གྲུབ་འབྲས་དེ་སང་ཉིན་ཕྱིར་བསྒྲགས་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

སྐར་མ ༩ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 4

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ད་ལྟའི་དུས་ཚོད་འདིར་ཤེས་ཡོན་ལ་དང་དོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྟབས། དགེ་སློབ་ཚང་མས་ད་དུང་ཡང་མུ་མཐུད་འབད་བརྩོན་གནང་རོགས།

    དྲ་གྲོགས་བོད་དང་བཟོད་པ་ལྷ་རྩེ་གཉིས་ཀྱིས་དགོངས་ཚུལ་གསུངས་བར་བསྔགས་བརྗོད་ཡོད། འོན་ཀྱང་དག་ཆར་དོ་སྣང་གནང་རོགས།

    Reply
  2. རིག་འཛིན། says:
    ལོ་ 16 སྔོན།

    འབད་བརྩོན་བྱས་ན་གྲུབ་འབྲས་བཟང་པོ་ཡོང་ངེས་ཡིན་པས་་་་་ད་དུང་མུ་མཐུད་དེ་ཡིན་ད་་་་་་

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་མཆོག་དང་དགེ་ལས་སློབ་ཕྲུག་ཚང་མས་དཀའ་དཔྱད་འབད་པ་ཆེར་བསྐྱེད་ནས་གྲུབ་འབྲས་རྩེར་སོན་པར་སྙིང་དབུས་ནས་བཀྲིས་བདེ་ལེགས་ཀྱི་སྨོན་འདུན་མཚམས་འདྲི་ཞུ་རྒྱུ་དང། མ་འོངས་མུ་མཐུད་རང་རེས་མ་འོངས་སོན་རྩ་རྣམས་གསོ་སྐྱོང་གང་ལེགས་ཡོང་ཕྱིར་ཁྱེད་རྣམས་ནས་འབད་པ་ཆེ་ཆེར་གནང་རོགས་བཞེས་རེ་འདུན་བཞུ་ཞིང་ཡོད་ན་དབྱིངས་འཇགས་ཚལ༎ ༎

    Reply
  4. བོད་ says:
    ལོ་ 16 སྔོན།

    ང་ཚོའི་མ་འོགས་པའི་སོན་རྩ་ཚོ་རེམ་དང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese