མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་སྒེའུ་ཁུང་།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp
རྫས་དུག་བཙོག་རླུང་གིས་ལོ་ལྟར་མི་ཁྲི་ ༢༢༠ ཡི་ཚེ་སྲོག་འཕྲོག་བཞིན་པ།

རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་ཞིབ་འཇུག་སྙན་ཐོའི་ནང་གསལ་དོན། རྒྱ་ནག་ཏུ་ཁང་ཁྱིམ་ནང་རོལ་གྱི་བཙོག་རླུང་གནོད་འཚེ་ཡི་རྐྱེན་གྱིས་ལོ་ལྟར་མི་ཁྲི་ ༢༢༠ ལྷག་གི་ཚེ་སྲོག་དུས་མིན་འཆི་བས་འཕྲོག་བཞིན་ཡོད་པ་དང་། དེའི་ཁྲོད་མི་ཁྲི་ ༡༠༠ ལྷག་ནི་ལོ་ ༥ ལ་སོན་མེད་པའི་བྱིས་པ་ཡིན་འདུག 
དེང་སྐབས་རྒྱ་ནག་གི་བཟོ་གྲྭ་ཁག་གིས་དུག་རླངས་ཕྱིར་གཏོང་གི་ཚབས་ཧ་ཅང་ལྕི་བས་རང་བྱུང་མཁའ་དབུགས་བཙོག་བསྒྱུར་གྱི་གནོད་ཚབ་ཚད་མཐོན་པོར་སླེབས་ཡོད་མོད། ད་ལྟ་རྒྱ་ནག་ཏུ་ཁྱིམ་ཚང་གི་རྒྱུན་སྤྱོད་ཅ་དངོས་དང་ཁང་ཁྱིམ་མཛེས་བཟོའི་རྒྱུ་ཆའི་ཁྲོད་དུ་དུག་ལྡན་གྱི་སྐྱེ་ལྡན་འདྲེས་སྦྱོར་རྫས་འགྱུར་དངོས་པོ་ཅཱ་ཆོན་ (R-CHO) དང་། པཱིན་ (C6H6) ཨན་ (NH3) ཏུན་ (Rn) སོགས་ཀྱི་རྫས་སླད་མང་པོ་འདྲེས་ཡོད་པ་དང་། རྫས་འགྱུར་དངོས་རྫས་དེ་དག་གིས་དུས་རྒྱུན་མིའི་ལུས་ཕུང་ལ་གནོད་པའི་བཙོག་རླུང་ཕྱིར་གཏོང་བྱེད་ཀྱིན་ཡོད་པར་བརྟེན། ཁང་ཁྱིམ་ནང་རོལ་གྱི་དུག་རླངས་བཙོག་རླུང་གི་ཚད་ནི་ཕྱི་རོལ་ཁོར་ཡུག་གི་བཙོག་རླུང་ལས་ཀྱང་ལྡབ་ ༥ ནས་ ༡༠ བར་བརྒལ་ཡོད་པ་རེད། མི་རྣམས་ཀྱིས་ཁང་ཁྱིམ་ནང་རོལ་གྱི་དུག་རླངས་བཙོག་རླུང་འབྱིན་རྔུབས་བྱས་པ་བརྒྱུད་གློ་སྦུགས་ལ་རྨ་རྒྱག་པ་དང་། འབྲས་སྐྲན། དབང་བོ་མ་དྭངས་བ་བཅས་ཀྱི་ན་ཚའི་རིགས་བྱུང་སྟེ་མི་མང་པོ་རྐྱེན་འདས་སུ་འགྲོ་བཞིན་ཡོད་ལ། དུག་རླངས་བཙོག་རླུང་དེ་ནི་ལོ་ཆུང་བྱིས་པ་དང་། མངལ་དུ་སྦྲུམ་པའི་ཕྲུ་གུ། ལོ་ལོན་རྒན་རྒོན་བཅས་ཀྱི་ཚེ་སྲོག་ལ་དེ་བས་ཀྱང་གནོད་ཚབས་ཆེ་བ་ཡོད་འདུག
ཁང་ཁྱིམ་མཛེས་བཟོའི་ཆེད་ལས་པ་རབ་འབྱམས་པ་ཀྲུའུ་ཞའོ་ལགས་ཀྱིས། ད་ལྟའི་རྒྱ་ནག་གི་ཁང་ཁྱིམ་ནང་རོལ་གྱི་དུག་རླངས་བཙོག་རླུང་གི་ཚད་ནི་གསར་ལམ་ཁག་ཏུ་ཐོན་པ་ལས་ཀྱང་ཚབས་ཆེ་བ་ཡོད་པ་དང་།  མ་གཞི་མིའི་ཚེ་སྲོག་ལ་གནོད་པ་མི་འབྱུང་བའི་བདེ་ཐང་ཚད་ལྡན་གྱི་ཁང་ཁྱིམ་ཞིག་འཛུགས་སྐྲུན་དགོས་རྒྱུ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་ཚུལ་བརྗོད་ཡོད་ལ། ཧྥ་རན་སིའི་གསར་སྤེལ་ཁང་གིས་ཀྱང་དེའི་སྐོར་གྱི་གནས་ཚུལ་སྤེལ་བའི་ནང་། འདས་པའི་ལོ་ ༣༠ རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེན་བྱུང་ཡོད། འཛམ་གླིང་གི་ཁོར་ཡུག་བཙོག་བསྒྱུར་གྱི་གནོད་ཚབས་ཆེས་ཆེ་བའི་གྲོང་ཁྱེར་ ༢༠ ཡི་མིང་ཐོའི་ནང་།  གྲོང་ཁྱེར་ ༡༦ ནི་རྒྱ་ནག་གི་གྲོང་ཁྱེར་ཡིན་འདུག

གནམ་གྲུའི་ནང་འགད་རྫས་བཞག་ཡོད་པའི་འཇིགས་སྐུལ།

ཧོང་ཀོང་ནས་ཁེ་ན་ཌ་ཝན་ཁའོ་ཝེར་ (Vancouver) གནམ་ཐང་དུ་འཕུར་བསྐྱོད་བྱེད་བཞིན་པའི་ཁ་ཐེ་ (Cathay) འགྲིམ་འགྲུལ་གནམ་གྲུ་ཞིག་གི་ནང་འགད་རྫས་བཞག་ཡོད་པའི་རྫུན་སྒྲོག་འཇིགས་སྐུལ་ལ་བརྟེན་ནས། ཁེ་ན་ཌའི་དམག་དཔུང་གིས་རོགས་འདེགས་སྲུང་སྐྱོབ་ཀྱི་གྱེན་འཕུར་གནམ་གྲུ་གཉིས་ཆེད་གཏོང་དང་། གནམ་ཐང་ཧྲིལ་བོར་མེ་གསོད་ཉེན་སྐྱོབ་ཀྱི་ལས་གཞི་ཚགས་སྒྲིག་བྱས་ཏེ་འགྲིམ་འགྲུལ་གནམ་གྲུ་དེ་ཝན་ཁའོ་ཝེར་གནམ་ཐང་དུ་བབ་ཡོད་པ་དང་། གནམ་གྲུའི་ནང་གི་མགྲོན་པོ་དང་དངོས་ཟོག་ཚང་མར་ཞིབ་བཤེར་བྱས་རྗེས་འགད་རྫས་རིགས་ཅི་ཡང་རྙེད་སོན་བྱུང་མེད་པ་རེད། ཁེ་ན་ཌའི་རྒྱལ་སྲུང་ལྷན་ཁང་གིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། མི་ཞིག་གིས་ཁ་པར་བཏང་སྟེ་རྒྱ་ནག་ཧོང་ཀོང་ནས་ཁེ་ན་ཌར་འཕུར་བསྐྱོད་བྱེད་བཞིན་པའི་ཨང་རྟགས་ cx838 ཅན་གྱི་འགྲིམ་འགྲུལ་གནམ་གྲུའི་ནང་འགད་རྫས་བཞག་ཡོད་ལུགས་བརྗོད་པར་བརྟེན། ཁེ་ན་ཌའི་གཞུང་གིས་ F-18 རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་གཉིས་ཆེད་གཏོང་གིས་བར་སྣང་ནས་འགྲིམ་འགྲུལ་གནམ་གྲུ་དེར་སྲུང་སྐྱོབ་བྱས་ཏེ། ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡ དང་སྐར་མ་ ༤༠ སྟེང་གནམ་ཐང་གི་བདེ་འཇགས་སྲུང་སྐྱོབ་ས་ཚིགས་སུ་བབས་ཡོད་པ་དང་། མགྲོན་པོ་ཚང་མར་ཞིབ་བཤེར་ནན་མོ་བྱས་རྗེས་ད་གཟོད་གནམ་གྲུ་ལས་འབབ་ཏུ་བཅུག་ཡོད་ནའང་། འགད་རྫས་རིགས་ཅི་ཡང་ལག་སོན་མ་བྱུང་ཚུལ་འགྲེལ་བརྗོད་བྱས་ཡོད། གནམ་གྲུ་དེའི་ནང་གི་མགྲོན་པོ་ཞིག་གིས་ཀྱང་། དངོས་ཟོག་ཡོད་ཚད་གནས་སྐབས་རིང་རྩིས་ལེན་བྱས་ཏེ་ཞིབ་བཤེར་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་པ་ཙམ་ལས། དོན་དག་ཅི་ཞིག་བྱུང་མིན་གསལ་བོར་བརྗོད་མ་སོང་ཟེར།

རྒྱ་ནག་སློབ་ཆེན་དག་གི་མཚན་གནས་མར་ཆགས་པ།

དབྱིན་ཇིའི་མཐོ་རིམ་སློབ་གསོའི་ཚགས་པར་ (British Times Higher Education) དང་དབྱིན་ཇིའི་སྙན་གྲགས་ཅན་གྱི་མཐོ་རིམ་སློབ་གསོའི་ཞིབ་འཇུག་རྩ་འཛུགས་ QS གཉིས་ཀྱིས་ཉམས་ཞིབ་འདེམས་ཐོན་བྱས་པའི་༢༠༡༠ ལོའི་ཨེ་ཤ་ཡའི་སློབ་ཆེན་ཁག་གི་ཨང་རིམ་དེ་ཕྱི་ཟླ་ ༥ པའི་ཚེས་ ༡༢ ཉིན་ཕྱིར་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་ཏུ་མིང་གྲགས་ཆེ་བའི་པེ་ཅིན་སློབ་ཆེན་དང་ཆིན་ཧཱ་སློབ་ཆེན་གཉིས་ཨེ་ཤ་ཡའི་སློབ་ཆེན་ཨང་རིམ་རྩེ་གྲས་བཅུའི་ཁྲོད་སླེབས་ཐུབ་མེད་པ་རེད། ཨེ་ཤ་ཡའི་གླིང་གི་སློབ་ཆེན་རྩེ་གྲས་ ༢༠༠ བདམས་ཐོན་བྱུང་བའི་ནང་ཉི་ཧོང་གི་སློབ་ཆེན་ ༥༧ ཚུད་ཡོད་པས་ཨེ་ཤ་ཡའི་སློབ་ཆེན་རྩེ་གྲས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད། པེ་ཅིན་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧའོ་ཞིན་ཏཱིག་གིས་བརྗོད་དོན། པེ་ཅིན་སློབ་ཆེན་དང་ཆིན་ཧཱ་སློབ་ཆེན་གཉིས་ཨེ་ཤ་ཡའི་སློབ་ཆེན་རྩེ་གྲས་བཅུའི་ཁྲོད་སླེབ་མ་ཐུབ་པ་ནི་བློ་ཡིད་ལས་འགོངས་དགོས་པའི་དོན་ཞིག་མ་རེད། ངས་བསམ་ན་སློབ་ཆེན་ཞིག་གི་ལེགས་ཉེས་ཨང་རིམ་དེ་གཙོ་བོ། གཅིག སློབ་ཆེན་དེ་ཉིད་འཛམ་གླིང་ཁྱབ་ཁོངས་སུ་གོམ་པ་སྤོས་པའི་ཁྱབ་རྒྱ་དང་།  གཉིས། སློབ་ཆེན་དེ་ཉིད་ལ་འཛམ་གླིང་སྤྱི་མོས་ཀྱི་ངོས་ལེན་གྱི་ཚད་རིམ།  གསུམ། རིག་གཞུང་རང་དབང་ཀྱི་མཐོ་ཚད།  བཞི། དགེ་རྒན་ཆེན་མོ་བའི་གཙོ་སྐྱོང་གི་ཆུ་ཚད་བཅས་ཀྱིས་ཐག་གཅོད་དགོས་པར་འདོད། དེར་བརྟེན་རྒྱ་ནག་གི་སློབ་ཆེན་དག་གི་ཞན་ཆ་ཆེ་ཤོས་ནི་རིག་གཞུང་རང་དབང་གི་རྒྱ་ཧ་ཅང་དོག་པ་དེ་རེད། གལ་སྲིད་རིག་གཞུང་ཐད་ཀྱི་རང་དབང་མེད་སོང་ན། འཛམ་གླིང་གི་ཁྱབ་ཁོངས་སུ་གོམ་པ་འཇོག་ཐུབ་རྒྱུ་ཕར་ཞོག   ཐ་ན་སྤྱིར་བཏང་གི་སློབ་ཆེན་ཞིག་གི་ཚད་གཞིའང་ལོན་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བརྗོད་ཡོད། དེ་སྔོན་པེ་ཅིན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། ད་ལྟ་ཨ་རིའི་ནེའུ་ཡོག་ཏུ་༼པེ་ཅིན་གྱི་དཔྱིད་ཀ༽ཞེས་པའི་རྒྱ་ཡིག་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་བཞིན་པའི་ཧའོ་ཕེན་གྱིས་ཀྱང་། ད་ལྟའི་པེ་ཅིན་སློབ་ཆེན་གྱི་རིག་གཞུང་སློབ་གསོའི་རང་དབང་གི་མཁའ་དབུགས་ནི་ལོ་རབས་ ༨༠ པ་ལས་ཀྱང་སྐྱོ་བོ་འདུག  དེ་ནི་གཙོ་བོ་དམར་ཤོག་གཅིག་སྡུད་པའི་སྲིད་དབང་ལམ་ལུགས་ཀྱི་རྐྱེན་པས་སློབ་གྲྭའི་རིག་གཞུང་གི་ཁྱབ་ཁོངས་མཐའ་དག་ལ་ཚད་བཀག་ཆེན་པོ་ཐེབས་པའི་རྐྱེན་གྱིས་རེད་ཅེས་བརྗོད་ཡོད། 

གསར་འགྱུར་འབྲི་མཁན། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 5

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 13 སྔོན།

    བཀླགས་ཚར

    Reply
  2. karma dorje says:
    ལོ་ 13 སྔོན།

    རྒྱ་ནག་སྒེའུ་ཁུང་།
    འདོན་སྤེལ། ༢༠༡༠/༠༥/༢༤
    རྫས་དུག་བཙོག་རླུང་གིས་ལོ་ལྟར་མི་ཁྲི་ ༢༢༠ ཡི་ཚེ་སྲོག་འཕྲོག་བཞིན་པ།

    ཞེས་སོགས་ཀྱི་ཅུང་ཟད་དགོས་པའི་ཨིན་ཡིག་ཀྱང་ཡོད་ལ་བོད་ཡིག་གནས་ཚད་ཧ་ཅང་མཐོ་བོ་བྲིས་འདུག་སྙམ་པས་གསར་འགོད་པ་ཚོའི་བོད་ཡིག་འདི་དག་རྒྱ་ཆེ་ཀློག་པ་པོ་མང་པོའི་ཁྲོད་ལ་བོད་ཡིག་སློབ་དེབ་ལྟ་བུ་བྱུང་ན་ཕན་ཐོགས་ཤིན་ཏུ་ཆེ་བས་ང་ནི་རྟག་པར་འདི་ནོར་འདུག དེ་ནོར་འདུག་ཟེར་ནས་རྨོངས་འཆར་སྐྱོན་བརྗོད་བྱེ་མཁན་ཞིག་ཡིན་ཡང་དེ་རིང་འདིར་ཁྱེད་རྣམས་ཀྱིས་དག་ཆ་སོགས་དག་ཐེར་གཟབ་ནན་གནང་བ་སོགས་ལ་ཐུགས་རྗེ་ཆེ། བཀའ་དྲིན་ཤིན་ཏུ་ཞེས་ཞུའོ། །

    Reply
  3. སྤང་མདའ་སྟོབས་རྒྱས། says:
    ལོ་ 13 སྔོན།

    དགོང་དྲོ་རྒྱ་གར་གྱི་ཕྱག་ཚོད་བདུན་པ་ཐོགས་ངེས་ཕེབས་ཡོང་བའི་མགྲོན་བརྡ་རུ།

    Reply
  4. སྤང་མདའ་སྟོབས་རྒྱས། says:
    ལོ་ 13 སྔོན།

    མཁྱེན་རྒྱ་ཡངས་པའི་དྲྭ་གྲོགས་རྣམས་ལ་ཞུ་དོན།
    རྒྱ་ཕྱི་གང་སར་བཞུགས་པའི་རང་རིགས་སྤུན་ཟླ་རྣམ་པ་དང་ལྷག་པར་དུ་ན་གཞོན་རྣམས་ལ་དམིགས་ཏེ་གདན་ས་ཁག་གི་མཁན་པོ་དང་དགེ་ཆེ་སོགས་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུ་བྱས་ཏེ་ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅུ་ལྔ་གཉིས་ལ་དགོངས་དྲོ་ཕྱག་ཚོད་བདུན་པ་ནས་བཅུ་དང་སྐར་བཅུ་ལྔ་བར། སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་བསྐྱངས་པའི་ཚུལ་དང་། དུས་རབས་ཉེར་གཅིག་པའི་ནང་ལ་ནང་པའི་ལྟ་གྲུབ་ཀྱིས་སྤྱི་ཚོགས་སྣེ་འཁྲིད་ཇི་ལྟར་བྱེད་ཐུབ་བམ་
    ཞིག་པའི་བགྲོ་གླེང་བཅས་ budhist chat གསུམ་པ་ནང་གྲ་སྒྲིགས་ཞུ་ཡོད་པའི་རྒྱ་ཕྱི་གང་སར་བཞུགས་པའི་རང་རིགས་སྤུན་ཟླ་རྣམ་པ་དང་ལྷག་པར་དུ་ན་གཞོན་གང་མང་ཡོང་བའི་རེ་སྐུལ་ཞུ།
    མཛད་རིམ།
    ཕྱག་ཚོད་༧ནས་༨་༣༠བར་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པའི་བཅུ་གཉིས་སྐོར་བཤད་པ་དངགཙོ་སྐྱོང་གནང་མཁན་དགེ་ཆེ་
    འཇམ་དབྱང་རྒྱལ་མཚན་མཆོག་ནས་གནང་རྒྱུ།
    ༨ནས་༤༥བར་་གསེང་༨་༤༥ནས་༡༠་༡༥བར་བགྲོ་གླེང་གཙོ་སྐྱོང་བ་རིན་ཆེན་བློ་གསལ་དར་རྒྱས་མཆོག་ནས་གནང་རྒྱུ་བཅས་མཛད་རིམ་གནས་བསྡུས་སོ།
    གསལ་སྒྲགས་འདི་བཞིན་འབྲེལ་ཡོད་མི་སྣ་གང་མང་ལ་གསལ་བརྡ་གནང་རོགས།

    Reply
  5. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    དེང་སང་བྱེས་སྡོད་བོད་མི་ཁག་ཅིག་གིས་ཞོགས་དུང་རླུང་དར་འཕར་བའི་གོ་སྐབས་དང་བསྟུན་ནས་ལ་ལས་གཏམ་དང་གྲགས་པ་ཐོབ་གོ་ས་བཅས་ལ་ཆགས་ཏེ་རང་ཉིད་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་དང་དེ་ལ་བརྟེན་ནས་མི་མང་གིས་རང་ཉིད་ལ་ཆ་འཇོག་ཡོང་བར་རེ་བ་བྱེད་ཀྱིན་འདུག
    ལ་ལས་གནམ་ས་གོ་འབྱེད་བསྐྱར་པར་ཡང་པར་བྱས་ཏེ་དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་ཡོང་བར་བརྩོན་པ་བསྟེན་བཞིན་པ་མཐོང༌། ཕྱོགས་དང་པོའི་དབང་དུ་བྱས་ན་ཟིན་བྲིས་དང་མཆན་བུ་འདེགས་ཤེས་ཙམ་མམ་རྩོམ་པ་པོ་མིང་འཛིན་ཐེབས་ཆག་མི་ཉུང་བ་ཞིག་ཡོད་པ་ཚོར།
    ཕྱོགས་གཉིས་པའི་ནང་མི་དམངས་མཐོ་དམན་ཅི་རིགས་འདུག་ལ། ཚོགས་པ་ཆེ་གེ་མོ་འགའ་ཞིག་ཀྱང་ཡོད་ཚོད་རེད། འོན་ཀྱང་མི་དམངས་རྣམས་མགོ་མ་མཐོངས་བར་སྤྱང་གྲུང་དཽད་པོས་ཐོག་ཁོང་ཚོའི་གཡོ་ཇུས་རེ་རེ་བཞིན་ཤེས་པ་བྱས་ཏེ་གར་སྟེགས་འདྲ་མིན་ཐོག་ཐེར་བཏོན་བྱེད་དགོས། འདི་ཡང་བོད་མི་རིགས་ལ་ཞལ་འདེགས་གཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist