མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མངའ་རིས་དར་ཆེན།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཞིས་བྱེས་བོད་མི་ཡོངས་ཀྱིས་ནོར་བུའི་ནོར་ངོ་ཤེས་པའི་ཐོག་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་གོ་སྐབས་དམ་འཛིན་དང་ཁོང་གི་བཀའ་དྲིན་ཤེས་པའི་ཐོག་བོད་སྤྱི་བའི་ལས་དོན་ལ་འབད་དགོས་ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་ཡོད།

༡༩༥༩ ལོའི་གོང་ནས་བཟུང་མངའ་རིས་པས་གངས་ཏི་སིའི་སྐུ་མདུན་དུ་བོད་རྒྱལ་ཁབ་ཆེན་པོའི་བསྟན་སྲིད་བདེ་ཐད་དུ་མངའ་རིས་སྒར་དཔོན་དབུ་བཞུགས་ཀྱིས་གཞུང་འབྲེལ་མངའ་རིས་སྐོར་གསུམ་ཡུལ་འབྲོག་སྤྱི་ནས་ལྷ་སྲོལ་གྱི་ཉིིན་མོ་སྲུང་གཙི་གནང་བ་དང་། ལོ་རེའི་ཉིན་མོ་འདིར་མངའ་རིས་པས་དུས་དྲན་འདི་རྒྱུད་འཛིན་གནང་གི་ཡོད་པ་ལྟར། ཕྱི་ཚེས་ ༢༧ གྱི་ཞོགས་པའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེེང་མངའ་རིས་སྤྱི་མཐུན་ཚོགས་པས་༸གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་། བོད་ཀྱི་བདེན་མཐའ་མགྱོགས་མྱུར་གསལ་ཆེད་དུ་བཞུགས་སྒར་ངྷ་སའི་ལྷ་རྒྱལ་རིར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གཙོས། ངྷ་ས་ས་གནས་མགོ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། དེ་བཞིན་བཞུགས་སྒར་གྱི་མི་མང་བཅས་འདུ་འཛོམས་ཐོག་མངའ་རིས་དར་ཆེན་བསྒྲེངས་འཛུགས་དང་བསང་གསོལ་གནང་ཡོད། སྐབས་དེར། མངའ་རིས་སྤྱི་མཐུན་ཚོགས་པའི་ངྷ་ས་ས་གནས་ཚོགས་གཙོ་བླ་མ་སྐྱབས་ལགས་ཀྱིས་མངའ་རིས་དར་ཆེན་བསྒྲེངས་འཛུགས་ཀྱི་བྱུང་རབས་ལོ་རྒྱུས་དང་དམིགས་ཡུལ་སྐོར་ལ་གསུངས་དོན།  རབ་བྱུང་ ༡༡ པའི་ལྕགས་བྱ་ཕྱི་ལོ་ ༡༦༨༡ ལོའི་དེ་རིང་གི་ཉིན་མོ་འདིར་མི་དབང་དགའ་ལྡན་ཚེ་དབང་མཆོག་གིས། ནང་པ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཆོས་སྲིད་ཀྱི་མཛད་འཕྲིན་འཕེལ་བ་དང་། ལྷག་པར་དུ་ནག་ཕྱོགས་ཀྱི་དཔུང་ཚོགས་རྟག་ཏུ་གཞོམ་པར་བྱེད་པ་བཅས་ཀྱི་ཆེད་དུ་་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ཅེས་དང་། ཡང་ཁོང་གིས། བོད་ཆོས་ལྡན་ཞིང་གི་དར་ཆེན་བཞེངས་སྲོལ་དགའ་ལྡན་དར་ཆེན་དང་ཤར་སྐྱ་རིང་དར་ཆེན། སྐལ་བཟང་དར་ཆེན། ཇུས་ཡག་དར་ཆེན། སྐུ་རླུང་དར་ཆེན་བཅས་བཞེངས་སྲོལ་ཡོད་པ་ལྟར། གངས་རིན་པོ་ཆེའི་དར་ཆེན་དེ་ཉིད་བོད་གཞུང་ལྷ་ལྡན་རྩེ་ཕྱག་ལས་ཁུངས་ཀྱིས་ཆེད་བསྩལ་གྱི་སྲོལ་དང་། ༸གོང་ས་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་མཛད་པའི་མཇལ་དར་མཛད་སྲོལ་ཡོད་པ་དང་།  ༡༩༥༩ ལོར་རྒྱ་ནག་གི་བཙན་འཛུལ་བྱས་རྗེས་མི་ལོ་ ༢༨ རིང་བསྒྲེངས་འཛུགས་མ་ཐུབ་ཀྱང་། ༡༩༨༥ ལོར་སླར་གསོ་བྱུང་བ་དང་། ༡༩༨༦ ལོར་བཙན་བྱོལ་ནང་དབུ་འཛུགས་གནང་རྗེས་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ ༡༩ དང་ཕྱི་རྒྱལ་གྱི་ཨ་རི་གཙོས་པའི་རྒྱལ་ཁབ་ ༤ ཡི་ནང་ཉིན་གཅིག་དུས་གཅིག་ཏུ་དར་ཆེན་བསྒྲེང་འཛུགས་བྱེད་ཀྱིན་ཡོད་ཅེས་དང་། བོད་མི་མང་སྤྱི་འཐུས་དང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཨཱ་ཅརི་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ཐེངས་འདིའི་མངའ་རིས་སྤྱི་མཐུན་ཚོགས་པའི་དར་ཆེན་བསྒྲེངས་འཛུགས་ཀྱི་ལས་རིམ་འདི་སྐབས་སྔོན་མའི་འགན་འཛིན་ལྷན་ཚོགས་སྐབས་ཀྱི་གྲོས་ཆོད་གཞིར་བཟུང་ཐོག་ཆོས་ཕྱོགས་ཀྱི་ཉིན་མོ་འདིར་གོ་སྒྲིག་གནང་བ་ཞིག་དང་། ༸གོང་ས་མཆོག་དགུང་གྲངས་ ༧༥ ཕེབས་བཞིན་པའི་སྐབས་འདིར་དམིགས་བསལ་གྱི་གོ་སྒྲིག་གནང་བ་ཞིག་ཡིན་པའི་གཏམ་བཤད་གནང་བྱུང་།

མཐའ་མར། སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས། ས་ག་ཟླ་བ་འདི་ལོ་གཅིག་གི་རྩ་ཆེ་ཤོས་དང་འབྱུང་འགྱུར་གྱི་ཟླ་བ་ཞེས་བཤད་སྲོལ་ཡོད་པ་དང་། དེ་རིང་གི་ཉིན་མོ་འདི་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་འདས་ཀྱི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་སྟབས། འཛམ་གླིང་གི་ནང་པའི་ས་ཁུལ་ཡོངས་ཀྱིས་སྲུང་གཙི་བྱེད་ཀྱིན་ཡོད་ལ།  དེ་བཞིན་སྤྱི་ལོ་ ༡༦༨༡ ལོར་ཐོག་མར་གངས་རིན་པོ་ཆེའི་མདུན་དུ་དར་ཆེན་བསྒྲེངས་འཛུགས་བྱས་ཏེ་ད་ལོ་བར་ལོ་ ༢༣༩ ཧྲིལ་བོ་འཁོར་ཉིན་མོར་ཡང་ཆགས་ཡོད་པས། ༸གོང་ས་མཆོག་བཀའ་དགོངས་བཞིན་ཆོས་ཕྱོགས་ཀྱི་ཕྱག་སྲོལ་བཟང་བོ་དེ་ཉིད་རྒྱུད་འཛིན་གནང་བོད་ཕྱི་ནང་གཉིས་སུ་གནས་པའི་མངའ་རིས་པ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུས་བྱུང་བར་མ་ཟད། མ་འོངས་པར་ལས་དོན་གང་ཞིག་བསྒྲུབ་དགོས་ཀྱང་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོ་འབྲེལ་བ་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་དང་། གཞིས་བྱེས་བོད་མི་ཡོངས་ཀྱིས་ནོར་བུ་རང་ལ་ཡོད་པའི་སྐབས་སུ་ནོར་བུའི་ནོར་ངོ་ཤེས་པའི་ཐོག་༸གོང་ས་མཆོག་དངོས་སུ་བཞུགས་པའི་སྐབས་ཀྱི་གོ་སྐབས་དམ་འཛིན་དང་ཁོང་གི་བཀའ་དྲིན་ཤེས་པའི་ཐོག  རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་མཉམ་གནས་ཀྱི་སྤྱི་བའི་ལས་དོན་ལ་འབད་དགོས་པའི་རེེ་སྐུལ་ཡང་གནང་སོང།

ཐེངས་འདིའི་དར་ཆེན་བསྒྲེངས་འཛུགས་ཀྱི་གོ་སྐབས་དང་སྟབས་བསྟུན་ཏེ་མངའ་རིས་སྤྱི་མཐུན་ཚོགས་པས། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བའི་རིགས་ལ་མ་དངུལ་བསྡུ་རུབ་བྱ་ཆེད། ༢༠༠༩ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་ནང་གི་གཞིས་ཆག་ཁག་ཏུ་བཀྲམས་ཟིན་པའི་རྒྱན་ཤོག་བསྡུ་རུབ་ཀྱི་ལས་འགུལ་ཞིག་དེེ་རིང་ཕྱི་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤེལ་ཡོད་ལ། དེའི་སྟེང་ཨང་དང་པོར་ལག་འཁྱེར་གློག་ཀླད་གཅིག་དང་། ཨང་གཉིས་པར་གྱོན་གོས་འཁྲུས་ཆས་གཅིག  ཨང་གསུམ་པར་ཁྱིམ་ཆས་སྒྲ་ཉན་འཕྲུལ་ཆས་གཅིག་བཅས་ཕུལ་ཏེ་རྒྱན་ཤོག་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༧ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༨ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 11

  1. དོན་གོ says:
    ལོ་ 16 སྔོན།

    གྲོགས་པོ་ཡོན་ཏན་ལགས་ཀྱིས་རེ་སྐུལ་བཞིན། མངའ་རིས་སྤྱི་མཐུན་ཚོགས་པ་གསར་འཛུགས་ཀྱི་དམིགས་ཡུལ་སྐོར་འདིར་བཀོད་ཡོད། ཚོགས་པ་འདི་ཉིད་ནི་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རིགས་རྩ་མེད་བཟོས་པ་དེ་དག་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ། མི་རིགས་བརྒྱུད་གནས་ཐུབ་པའི་སླད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་རང་གཞུང་གི་མཛད་བྱུས་དང་མཐུན་པའི་བོད་དོན་བདེན་མཐའ་མྱུར་དུ་སེལ་ཐབས་ཀྱི་ཡང་དག་པའི་འཚེ་མེད་ཞི་བའི་ལྟ་བ་དང་དྲང་བདེན་གྱི་ལངས་ཕྱོགས་སྒོ་ནས་བོད་ཀྱི་འཐབ་རྩོད་ཐོག་རང་གཞུང་ལ་དབུ་འོག་དཔུང་འདེགས་ཞུས་མུས་དང་། ལྷག་པར་དུས་ནས་དུས་སུ་རྒྱ་དམར་སྲིད་གཞུང་དང་དེའི་རྒྱབ་སྐྱོར་བ་ཚོ་ནས་༸གོང་ས་མཆོག་ལ་སྒྲོ་སྐུར་གྱི་མཚན་སྨད་བསྐུར་འདེབས་ཞུས་པ་དང་བོད་ཀྱི་དངོས་ཡོད་གནད་དོན་ལས་བྲལ་བ་རྒྱལ་སྤྱིའི་ནང་འགྲེལ་བརྗོད་བྱེད་མུས་རྣམས་ལ་སྐབས་འབྲེལ་བདེན་མིན་གིས་གནད་དོན་ཐོག་གསལ་འདེབས་ཞུ་རྒྱུའི་དམིགས་ཡུལ་ཐོག་གསར་འཛུགས་གནང་བ་ཡིན་ཚུལ་བཀོད་འདུག་ལ།
    ༡༩༩༢ ལོའི་ཟླ་ ༧ པའི་ཚེས་ ༡༡ ཉིན་གྱི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་ཐོག་སྐྱིད་སྡུག་གི་མིང་དེ་ཉིད་ཚོགས་པའི་ངོ་བོར་བསྒྱུར་ཏེ་མངའ་རིས་སྤྱི་མཐུན་ཚོགས་པ་ཞེས་མིང་བཏགས་ཡོད་འདུག
    མངའ་རིས་སྤྱི་མཐུན་ཚོགས་པ་ངོ་སྤྲོད་ཀྱི་དེབ་ཆུང་ལས་དྲངས།

    Reply
  2. དོན་གོ says:
    ལོ་ 16 སྔོན།

    བོད་ནང་།
    གྲོགས་པོ་ཡོན་ཏན་ལགས་ཀྱིས་རེ་སྐུལ་བཞིན། མངའ་རིས་སྤྱི་མཐུན་ཚོགས་པ་གསར་འཛུགས་ཀྱི་དམིགས་ཡུལ་སྐོར་འདིར་བཀོད་པ་ཡོད། ཚོགས་པ་འདི་ཉིད་ནི་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རིགས་རྩ་མེད་བཟོས་པ་དེ་དག་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ། མི་རིགས་བརྒྱུད་གནས་ཐུབ་པའི་སླད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་རང་གཞུང་གི་མཛད་བྱུས་དང་མཐུན་པའི་བོད་དོན་བདེན་མཐའ་མྱུར་དུ་སེལ་ཐབས་ཀྱི་ཡང་དག་པའི་འཚེ་མེད་ཞི་བའི་ལྟ་བ་དང་དྲང་བདེན་གྱི་ལངས་ཕྱོགས་སྒོ་ནས་བོད་ཀྱི་འཐབ་རྩོད་ཐོག་རང་གཞུང་ལ་དབུ་འོག་དཔུང་འདེགས་ཞུས་མུས་དང་། ལྷག་པར་དུས་ནས་དུས་སུ་རྒྱ་དམར་སྲིད་གཞུང་དང་དེའི་རྒྱབ་སྐྱོར་བ་ཚོ་ནས་༸གོང་ས་མཆོག་ལ་སྒྲོ་སྐུར་གྱི་མཚན་སྨད་བསྐུར་འདེབས་ཞུས་པ་དང་བོད་ཀྱི་དངོས་ཡོད་གནད་དོན་ལས་བྲལ་བ་རྒྱལ་སྤྱིའི་ནང་འགྲེལ་བརྗོད་བྱེད་མུས་རྣམས་ལ་སྐབས་འབྲེལ་བདེན་མིན་གིས་གནད་དོན་ཐོག་གསལ་འདེབས་ཞུ་རྒྱུའི་དམིགས་ཡུལ་ཐོག་གསར་འཛུགས་གནང་བ་ཡིན་ཚུལ་བཀོད་འདུག་ལ།
    ༡༩༩༢ ལོའི་ཟླ་ ༧ པའི་ཚེས་ ༡༡ ཉིན་གྱི་འགན་འཛིན་ལྷན་ཚོགས་ཐེངས་གཉིས་པའི་ཐོག་སྐྱིད་སྡུག་གི་མིང་དེ་ཉིད་ཚོགས་པའི་ངོ་བོར་བསྒྱུར་ཏེ་མངའ་རིས་སྤྱི་མཐུན་ཚོགས་པ་ཞེས་མིང་བཏགས་ཡོད་འདུག
    མངའ་རིས་སྤྱི་མཐུན་ཚོགས་པ་ངོ་སྤྲོད་ཀྱི་དེབ་ཆུང་ལས་དྲངས།

    Reply
  3. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ༡༽སྟོད་མངའ་རིས་སྐོར་གསུམ་འདི། བར་དབུས་གཙང་རུ་བཞིའི་ཁོངས་སུ་གཏོགས་པའི་རྒྱུ་མཚན་གང་དང་གང་ཡིན་ན།

    ༢༽སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་འདི་ཆོལ་ཁ་གཉིས་སུ་དབྱེ་དགོས་པའི་རྒྱུ་མཚན་གང་དང་གང་ཡིན་ན།

    ཆོལ་ཁ་གཅིག་གམ་ཆོས་བརྒྱུད་ཞིག་གསར་དུ་སྣོན་པས། བོད་རིགས་གོང་བུ་ཆིག་སྒྲིལ་ལ་ཕན་པ་ལས་གནོད་པ་ཅི་ཡང་མེད། གལ་ཏེ་གནོད་པ་ཡོད་ན་རྒྱུ་མཚན་ལྡན་པའི་གསལ་བཤད་གནང་དགོས་པ་ལས། བོད་པ་ཚོས་གཅིག་གིས་གཅིག་ལ་ཚིག་རྩུབ་སྨྲས་པས་བོད་དོན་ལ་ཕན་པ་གང་ཡང་མེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྟོད་མངའ་རིས་ལ་ཡང་ཁོ་རང་ཚོ་ལ་ལོ་རྒྱུས་རེ་དང་འགྲོ་ལུགས་ཡོད། ང་རང་ཚོའི་ནང་ཆོས་ཀྱི་གཞུང་ནས་བཤད་ན་སྟོད་མངའ་རིས་འཁོར་གསུམ་སྨད་མདོ་ཁམས་སྒང་དྲུག་བར་དབུས་གཙང་རི་བཞི་ཞེས་གསུངས་ཡོད་པར་བཞིན་དུ་རེད།

    སྟོད་མངའ་རིས་མི་རྣམས་གཤིས་ཀ་དྲང་བ་དང་གཡོ་རྒྱུ་ཉུང་བ་དྲང་བདེན་ཐོག་ནས་བདེན་པ་ཨུ་ཚུགས་བྱེད་ནས་མི་ཚེ་བསྐྱལ་མཁན་གྱི་མི་རིགས་ཤིག་རེད།

    དཔེར་ན་མཆོག་ཏུ་གྱུར་པའི་དབུས་གཙང་སྤྱི་ཀརྨ་ཆོས་འཕེལ་བཞིན་ཨ་མ་དང་མནའ་མ་ནོར་མི་སྲིད་ལ་ཆབ་སྲིད་བཙོན་པའི་ཐོབ་ཐང་དེར་དང་སྤྱི་འཐུས་ཀྱི་ཐོབ་ཐང་ནོར་མི་སྲིད་པའི་མི་རིགས་ཤིག་ཡིན་པ་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་གསལ་རེ་གསལ་རེ་རེད།

    དབུས་གཙང་ཆོལ་ཁས་སྟོད་མངའ་རིས་དང་བར་དབུས་གཙང་གཉིས་གཅིག་བརྩི་གི་ཡོད་ན་དབུས་གཙང་རྒྱུན་ལས་ཚོས་ཀརྨ་ཆོས་འཕེལ་སྤྱི་འཐུས་ནས་ཕྱིར་འབུད་བྱེད་དགོས་པའི་གྲོས་ཆོད་བཞག་དོན་གང་ཡིན་ནམ།

    དེ་ལས་སྤྱི་ཕན་ལ་བསམ་བློ་ཡོད་ན་རང་གི་ཁོག་གི་དུག་ནད་དེར་ངོས་འཛིན་བྱ་ཐུབ་ན་དགའ་གི་མ་རེད་པས།

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།་ འོ་ཡ་་་་་་་་་་ད་ཡིན་ན་གྲོང་སྡེ་རེ་ལ་ཚོགས་པ་རེའི་མཚན་གསོལ་ན་ཡག་ཤོས་རེད

    ཡང་མིན་ན་༥༩་གོང་གི་ཅིག་རྒྱལ་པོ་ཉིག་རྒྱལ་པོ་སོགས་ཀྱི་དར་ཆེན་དེ་དག་ཡར་བསྒྲེངས་ན་མ་རེད་དམ

    Reply
  6. yontne says:
    ལོ་ 16 སྔོན།

    མཁྱེན་ཡངས་རྣམས་པ།ཁྱེད་རྣམས་ཀྱིས་མངའ་རིས་སྤྱི་མཐུན་ཚོགས་པ་ཞེས་པ་འདི་ག་དུས་འགོ་བཙུགས་པ་དང་། དགོས་པ་ཅི་ཕྱིར་བཙུགས་པ། ཇི་ལྟར་བཙུགས་པ་སོགས་ཀྱི་ཐད་མཁྱེན་གྱི་ཡོད་དམ། གལ་ཏེ་མཁྱེན་ན་ང་ཚོར་ངོ་སྤྲོད་མདོ་ཙམ་གནང་རོགས་གནང་། དྲང་པོར་བརྗོད་ན་མངའ་རིས་སྤྱི་མཐུན་ཚོགས་པས་དབུས་གཙང་ཆོལ་ཁ་ལས་ལོགས་སུ་དོན་སྟེ་མངའ་རིས་ཆོལ་ཁ་ཞེས་པ་ཞིག་སྔར་མེད་གསར་སྤྲོས་བྱེད་འདུན་ཡོད་པའི་གནས་ཚུལ་ཞིག་དེ་སྔོན་གོ་མྱོང་ཡོད། གང་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་ཁུག་ཀྱོག་མི་ཉུང་བ་ཞིག་གི་ནང་ནས་ག་ཡིན་འདི་ཡིན་མེད་པའི་ཚོགས་པ་མི་ཉུང་བ་ཞིག་མཐོན་དང་མཐོན་བཞིན་ཡོད་ལ་ཚོགས་པ་དེ་དག་གི་སྤྱི་པའི་ལས་དོན་ལ་ཕན་རྒྱུའི་ཚབ་ཏུ་གནོད་ཀྱི་ཡོད།
    གང་ཡིན་ཟེར་ན་ཚོགས་པ་དང་སྐྱིད་སྡུག་དེ་རིགས་ནི་ལུང་ཚན་རྒྱུ་མཚན་དུ་བྱས་ནས་བཙུགས་པ་ཞིག་ལས་དམིགས་ཡུལ་ངེས་ཅན་དང་རྩ་དོན་གཙོ་འཛིན་གྱིས་བཙུགས་པ་ཞིག་མ་རེད། དེའི་དབང་གིས་ཚོགས་པ་དེ་རིགས་ནི་ང་ཚོ་ཆོལ་གསུམ་སྤུན་ཟླའི་མཐུན་བསྒྲིལ་ལ་གནོད་པ་ལས་ཕན་པའི་རེ་བ་ངས་ནམ་ཡང་རྒྱག་གི་མེད། དེར་བརྟེན་སྤུན་ཟླ་སྤྱི་དང་ལྷག་པར་ང་ཚོ་གཞོན་སྐྱེས་ཚོས་ངེས་པར་ལུང་ཚན་རིང་ལུགས་པའི་བསམ་བློ་གུ་དོག་གི་རྗེས་སུ་མ་བསྙེགས་པར་བོད་སྤྱི་པའི་བདེ་དོན་ལ་དགོངས་པ་མང་ཙམ་བཞེས་ན་དགེ་མཚན་ཆེ་བར་མངོན་ནོ།

    Reply
  7. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    མངའ་རིས་པར་རང་དབང་དགོས་བསྟོད་པའི་ཁོངས་ཡིན་པས་དཔང་རྟགས་གང་ཡོད་

    Reply
  8. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    བཀའ་སློབ་དེ་སོ་སོ་རང་ངོས་ནས་ཉམས་སུ་བླང་ཐུབ་ཚེ་གཟོད་མི་མང་ལ་འགྲེལ་བཤད་རྒྱག་ཆོག་དེ་མིན་སྐད་ཆ་བརྫིས་པོ་རྐྱང་རྐྱང་གི་ལུང་པ་བཀང་ནས་དོན་ངོ་མ་སར་ཐུག་དུས་བཀའ་སློབ་ལྟ་ཞོག་སྐུ་དངོས་སུ་ཕེབས་ནས་རྣ་བ་སར་བཀའ་སློབ་གནང་ཡང་ཉན་འཇོག་གཏན་ནས་གནང་གིན་མེད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཚོགས་གཞོན་རྒྱ་རི་སྒྲོལ་མས་གསུང་བཤད་ཡག་པོ་གནང་འདུག
    དངོས་ཡོད་གནས་ཚུལ་རེད་༸གོང་ས་མཆོག་ང་ཚོ་བོད་མི་དམངས་ཀྱི་ནོར་བུ་གཅིག་པུ་དེ་རེད། ནོར་བུ་དེ་ནོར་བུར་འདུ་ཤེས་པ་བྱེད་རྒྱུ་དང་ནོར་ཉམ་ཆོད་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

    ཆོལ་གསུམ་རྒྱ་དར་རླུང་ལ་བསྐུར།།
    ཡ་གྱལ་དར་ཆ་བསྒྲེང་འཛུགས་བྱེད།།

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས་ཀྱི་གསུངས་པར་རྒྱབ་སྐྱོར་ཡོད། དེ་སྔ་ཀརྨ་ཆོས་འཕེལ་ལགས་ཀྱི་མངའ་རིས་ཚོགས་པ་ཁ་ལ་འཁྱེར་ནས་ཆབ་སྲིད་འཁྲབ་པ་ཀུན་གྱི་མཁྱེན་གསལ་རེད། ད་དུང་མངའ་རིས་ཆོལ་ཁ་ལོགས་སུ་དགོས་ཚུལ་བརྗོད་པ་དེར་གང་ཉིད་བཀའ་སློབ་ནན་པོ་ཕེབས་ཚུལ་ཀུན་གྱི་མཁྱེན་གསལ་རེད། མངའ་རིས་ནི་དབུས་གཙང་གྱི་ནང་ཁུལ་ཡིན་པ་དོགས་པ་ཐེ་ཚོམ་བྱེད་ཨེ་དགོས། ཆབ་སྲིད་འཁྲབ་ནའང་འཁྲབ་ཤེས་པ་དགོས་པ་ལས་གང་བྱུང་བྱེད་མི་ཉན།
    ནང་བཀྲ་མི་ཤིས་ན།
    ཕྱི་དོན་མི་འགྲུབ།

    Reply
  11. གནམ་ལྕགས། says:
    ལོ་ 16 སྔོན།

    མངའ་རིས་སྤྱི་མཐུན་ཚོགས་པ་ཟེར་བ་འདི་བོད་བསྟན་སྲིད་ལ་ཕན་པ་ཞིག་ཡིན་མིན་ང་ལ་དོགས་པ་ཡོད། དྲང་མོར་བཤད་ན། སྐྱབས་བཅོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཕན་མི་ཐོགས་པའི་འདི་འདྲའི་ཚོགས་པ་མང་བོ་ཡོད་སྟབས་ཕྱོགས་འཐེན་རིང་ལུགས་ཀྱི་ནང་འགལ་འབྱུང་གི་ཡོད། མངའ་རིས་དར་མོ་ཆེ་ཟེར་བ་དེ་གོང་དུ་བཤད་ཀྱིན་པའི་ཆབ་སྲིད་ཀྱི་གནད་དོན་དེ་འདྲ་རྩ་བ་ནས་མ་རེད། འདི་ནས་ཁ་བདེ་ཁ་ཤས་ཀྱིས་དེ་ཡང་ཆབ་སྲིད་ལ་སྦྱར་ནས་བཤད་ཁུལ་བྱེད་ཀྱི་ཡོད་པ་རེད།

    མཐའ་དོན། མངའ་རིས་སྤྱི་མཐུན་ཚོགས་པ་ཟེར་བ་འདིས་དབུས་གཙང་ནང་ཁུལ་ལ་བཀྲ་མི་ཤིས་པའི་ལས་ཀ་རྐྱང་བྱེད་ཀྱི་ཡོད། དེ་ངས་མ་བཤད་ཀྱང་ཚང་མས་ལོས་ཤེས། ད་ཉིན་ཞིག་ཁོང་ཚོར་ཆོལ་ཁ་ཞིག་གི་ཚད་གཞི་ཡོད་མི་ཟེར་བའི་ངེས་པ་མི་འདུག དེའི་རྒྱུ་མཚན་ནི་དེང་སང་གི་རྡ་སའི་སྐུ་ངོ་མང་ཆེ་བ་དེའི་ཁོངས་སུ་གཏོགས་པས་ཡིན། རྡོག་རྡོག་སྟོད་པའི་རྒན་རྒོན་དེ་ཚོས་བོད་ཀྱི་ཆབ་སྲིད་ལག་མཐིལ་ལ་བླངས་ཡོད་པས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese