མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་འགྲུབ་དབང་ཆེན་གྱི་ནང་མིའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་དོན་འགྲུབ་དབང་ཆེན་ལགས་ཟི་ལིང་བཀག་ཉར་ཁང་ནས་བཙོན་ཁང་གཞན་ཞིག་ཏུ་གནས་སྤོར་བྱས་རྗེས། ཁོང་གི་ནང་མིས་ཁོང་མགྱོགས་མྱུར་གློད་གྲོལ་ཡོང་ཐབས་སུ་རྒྱལ་སྤྱིིའི་ཐོག་འབོད་སྐུལ་ཞུས་ཡོད་འདུག

སྔར་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༨ ᩡᨒ᪄་རྒྱ་གཞུང་གིས་༼འཇིགས་བྲལ༽གློག་བརྙན་ཕབ་བསྐྲུན་པ་᩶ᨕ᪄་འགྲུབ་དབང་ཆེན་ལགས་སུ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཀལ་ཏེ་མི་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་ཅིང་། ཉེ་ཆར་ཁོང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ནས་བཙོན་ཁང་གཞན་ཞིག་ཏུ་གནས་སྤོར་བྱས་ཡོད་པའི་གནས་ཚུལ་ཐོས་འཕྲད། བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་ཁོང་གི་བཟའ་ཟླ་ལྷ་མོ་མཚོ་དང་ནང་མི་ཡོངས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ལྕམ་ཧེ་ལི་རོས་ཁི་ལིན་ཊོན་མཆོག་རྒྱ་ནག་ནང་གཟིགས་སྐོར་འཚམས་འདྲིར་བསྐྱོད་པའི་གོ་སྐབས་དང་བསྟུན་ཏེ། ཁོང་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཆེད་རེ་སྐུལ་གྱི་འཕྲིན་ཡིག་ཞིག་བསྐུར་ཡོད་འདུག  ཁོ་མོས་འཕྲིན་ཡིག་དེའི་ནང་བཀོད་དོན། ངའི་མིང་ལ་ལྷ་མོ་མཚོ་ཟེར་ཞིང་། ང་ནི་ད་ལྟ་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད་པའི་འཇིགས་བྲལ་གློག་བརྙན་ཕབ་བསྐྲུན་པ་དོན་འགྲུབ་དབང་ཆེན་གྱི་བཟའ་ཟླ་ཡིན། ངའི་བཟའ་ཟླས་ ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་ཡར་སྔོན་ཏུ་བོད་ནང་གི་བོད་མི་ཚོས་ཨོ་རྩེད་འགྲན་ཚོགས་དང་༸གོང་ས་མཆོག་ལ་བལྟ་སྟངས་གང་འདྲ་ཡོད་མེད་དང་། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་བཅས་ཆེས་སྤྱིར་བཏང་གི་དྲི་བ་བཏོན་པའི་གློག་བརྙན་ཞིག་ཕབ་བསྐྲུན་བྱས་པའི་ནག་ཉེས་འོག  ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༢༦ ཉིན་འཛིན་བཟུང་བྱས། ཕྱིས་སུ་ཁོང་གི་བཅར་འདྲིའི་གློག་བརྙན་དེར་འཇིགས་བྲལ་ཞེས་མིང་བཏགས་ཏེ་རྒྱལ་ཁབ་ ༣༠ ནང་གཟིགས་འབུལ་ཞུས་ཡོད། ཉེ་ཆར་ཁོང་ཟི་ལིང་བཀག་ཉར་ཁང་ནས་གནས་སྤོར་གྱིས་བཙོན་ཁང་གཞན་ཞིག་ཏུ་བཙོན་འཇུག་བྱས་ཡོད་སྟབས།  ངེད་གཉིས་ཀྱི་ཕྲུ་གུ་བཞི་དང་རྒན་འཁོག་ཏུ་གྱུར་བའི་ཁོང་གི་ཕ་མ་གཉིས། ཁོང་གི་སྤུན་མཆེད་དང་ང་ཚོ་ཚང་མས་ཁྱེད་རང་པེ་ཅིན་དུ་འཚམས་གཟིགས་ལ་བསྐྱོད་པའི་གོ་སྐབས་འདི་དང་སྟབས་བསྟུན་ཏེ། ཁོང་གནས་སྤོར་བྱས་རྗེས་ཀྱི་གནས་སྟངས་དང་ཁོང་གློད་གྲོལ་ཡོང་ཐབས་སུ་རོགས་རམ་བྱ་རྒྱུའི་རེ་སྐུལ་དང་། རྒྱ་ནག་གི་བཙོན་ཁང་དུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་སྟོང་ཕྲག་མང་པོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་དོན་འགྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་མཚོ་དང་ནང་མི་ཚོས་འབོད་སྐུལ་ཞུས་ཡོད་སྐོར་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དྲ་ཚིགས་སུ་སྤེལ་ཡོད་འདུག

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༧ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 3

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ངས་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་མཆོག་ལ་ཞུ་རྒྱུ།མ་འོངས་པར་ཁྱོད་ཚོ་ལ་ཕྱི་རྒྱལ་དུ་གཏང་བའི་དུས་ཤིག་སླེབས་སོང་ན་རྒྱན་དཀྲུག་མི་དགོས་པའི་ཐོག་ནས་དོན་འགྲུབ་དབང་ཆེན་ནང་མི་དེ་ཐོངས་རོགས་ཟེར་ནས་ངའི་སྙིང་ཁུངས་གཏིང་ནས་རེ་བ་ཞུ།ང་ཚོ་བཙན་བྱོལ་ནང་དུ་དེ་ལས་ལྷག་ཅིག་བྱེད་ཡག་དཀའ་ལས་ཁ་པོ་ཞེ་དྲགས་རེད་འདུག།ཕར་ཞིག་འགྲོ་ཐུབ་སོང་ན་བཙན་པ་བཙན་ནས་གྲོལ་ཐུབ་པ་དཀའ་ཡང་ནང་མི་འཚོ་བ་དེ་ཡག་རེ་གཏོགས་ཙམ་འགྲོ་སྲིད་པ་རེད།ཐུགས་རྗེ་གཟུགས།

    Reply
  2. དོན་གོ says:
    ལོ་ 16 སྔོན།

    ང་ཚོའི་གཞུང་དང་ཚོགས་པ་ཁག མི་སྒེར་སུ་ཡིན་ཡང་རྒྱལ་གཅེས་པ་དག་གི་ནང་མི་དང་བུ་ཕྲུག་ལ་འགན་འཁུར་དང་རོགས་སྐྱོར་བྱ་དགོས་པ་འདོད། ཁོང་ཚོས་བོད་མི་རིགས་དང་འདི་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚས་བློས་གཏོང་བྱས་ཟིན་སྟབས། ཞིང་བཤེགས་དམ་པ་རྣམ་ལ་བཀའ་དྲིན་རྗེས་དྲན་བྱ་ཆེད། དེ་དག་གི་ཕ་མ་དང་བཟའ་ཟླ། བུ་ཕྲུག་རྣམས་ལ་བདག་པོ་རྒྱག་ཐུབ་དགོས། དེ་ལྟར་མ་བྱས་ཚེ། མ་འོངས་པར་བོད་མི་རིགས་ལ་རྒྱལ་ཞེན་ཅན་དང་དཔའ་བོ་ཞེས་པའི་མིང་འདི་ཡང་རིམ་གྱིས་འབྱུང་དཀའ་རྒྱུ་རེད་བསམ།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    དངོས་གནས་ནང་མི་འདི་ཚོ་སྙིང་རྗེ་བ་ཞིག་རེད་་་་
    ཡིན་ནའང་འཚོ་བ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་ལྟ་རྟོགས་བྱེད་མཁན་ཅུང་ཙམ་ཡོད་པ་མ་ཟད་ཁོ་ཚོས་ཀྱང་ཤུགས་བརྒྱབས་ནས་བསྡད་འདུག་་་་་འདིའི་ཐད་ལ་ནང་མི་ཚོ་གཅིག་པུ་མིན་པར་བོད་གཞུང་དང་ཚོགས་སྡེ་ཁག་གིས་ཀྱང་མ་མཐོང་ཁུལ་མ་བྱས་པར་རོགས་པ་ཅི་ཐུབ་བྱེད་དགོས་པ་རེད་་་་དངོས་སུ་ཆབ་སྲིད་ཀྱི་ལས་ཀ་རླབས་ཆེན་བྱས་པ་ཚོར་རོགས་པ་མ་བྱས་ན་སུ་ལ་བྱེད་དགོས་པ་རེད་་་་་ཆབ་སྲིད་བཙོན་ཟུར་གྱི་མིང་ཁུར་རྫུན་མ་ཚོ་ཕྱི་རྒྱལ་ལ་གཏོང་བ་ལས་འདི་ཚོར་རོགས་པ་བྱས་ན་དོན་དང་མཐུན་པ་རེད་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese