མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་དང་མཐོ་རིམ་སློབ་མའི་བར་ཐག

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ང་ཚོའི་ཁོར་ཡུག་ནང་བོད་པའི་སྐད་ཡིག་རང་ཉིད་ཀྱི་བློ་སྲོག་གི་གྲུབ་ཆར་ངོས་འཛིན་མེད་པ་དང་གཞན་བསྟེན་གྱི་ཁོར་ཡུག་ལ་གདོང་ལེན་གྱི་སྤོབས་པ་དང་འདུ་ཤེས་མེད་པའི་དབང་གིས་མི་རིགས་དང་སྐད་ཡིག་ལ་བར་ཐག་འདི་བྱུང་བ་རེད་ཟེར།

ཕྱི་ཚེས་ ༡ ཉིན་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་མར་དམིགས་ཏེ་ནང་ཆོས་ངོ་སྤྲོད་གནང་བའི་གོ་སྐབས་དང་སྟབས་བསྟུན་ཏེ།  ཉིན་རྒྱབ་ཆུ་ཚོད་ ༡ སྟེང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་གདན་ཞུའི་ཐོག  བོད་ཀྱི་སྐད་ཡིག་དང་མཐོ་རིམ་སློབ་མའི་བར་ཐག་ཅེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད། སྐབས་དེར། གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་བོད་སྐད་ཡིག་གི་འཕེལ་རིམ་དང་འབྲེལ་གསུངས་དོན། 

མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་མཚོན་བྱེད་ཁོ་ན་མིན་པར། ལོ་རྒྱུས་ཀྱི་གོད་ཆག་ཁྲོད་བོད་མི་རིགས་ལ་སྤོབས་སེམས་དང་ལ་རྒྱ། རིགས་ཞེན་གྱི་ལྟ་བ་སླེབས་བསྡད་པ་དེ་རིག་གནས་ཀྱི་གོ་རྟོགས་ལས་སླེབས་པ་དང་།  དུས་རབས་ཉི་ཤུ་དང་ལོ་རབས་བརྒྱད་ཅུ་བའི་དུས་སྐབས་ ༡༩༨༧ ལོའི་ཚུན་དུ་བོད་པའི་གདན་ས་སེ་འབྲས་དགེ་གསུམ་དང་སློབ་ཆེན་ཁག་གི་སློབ་མ་གཙོས་པའི་མི་རབས་གསར་པའི་སྣེ་འཁྲིད་འོག་རྒྱ་ནག་ལ་བཙན་འཛུལ་ངོ་རྒོལ་བྱས་པ་དེ་ཡང་བོད་ཀྱི་རིག་གནས་ཀྱིས་བོད་མི་རིགས་ལ་སྙིང་སྟོབས་དང་བློ་སྤོབས་བསྐྱེད་པ་ཞིག་ཡིན་སྟབས། ང་ཚོའི་ད་ལྟའི་གཞོན་སྐྱེས་ཚོར་བོད་པ་ཞིག་དང་བོད་རིགས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ།  མ་འོངས་པར་བོད་རྒྱལ་ཁབ་འཛུགས་སྐྲུན་གྱི་ནུས་སྟོབས་སྐྱེད་སྲིང་བྱ་དགོས་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་རེད་ཅེས་གསུངས་སོང་། 

ཡང་ཁོང་གིས། ཕྱི་རྒྱལ་མི་རིགས་དང་བོད་སྐད་ཡིག་བར་གྱི་བར་ཐག་དང་འབྲེལ་བ་དེ་བེད་སྤྱོད་ཙམ་ཡིན་ཞིང་། ང་ཚོ་བོད་པའི་སྐད་ཡིག་དང་ང་ཚོོའི་བར་གྱི་འབྲེལ་བ་དེ་སླར་གསོ་དང་རྒྱུན་འཛིན་གྱི་གནད་དོན་ཞིག་ཡིན་སྟབས། རང་ཉིད་བོད་པ་ཞིག་ཡིན་ཞེས་བཤད་པར་ངོ་གདོང་གཅིག་པུའི་ཚབ་མཚོན་མི་ཐུབ་པར།  བོད་པའི་ཁྲག་རྒྱུན་གཙང་མ་དང་བོད་མི་རིགས་ཀྱི་འདུ་ཤེས་དང་ངོས་འཛིན་སྤོབས་སེམས་ཡོད་པ། བོད་པའི་སྐད་ཡིག་བེད་སྤྱོད་ཀྱི་ནུས་པ་ཡོད་པ་ཞིག་ཡིན་དགོས་ཀྱང་། དེ་མ་ཡིན་པར། ད་ལྟའི་ང་ཚོའི་བོད་པའི་ཁོར་ཡུག་ཏུ་བོད་པའི་སྐད་ཡིག་དེ་ཉིད་རང་ཉིད་ཀྱི་བླ་སྲོག་གི་གྲུབ་ཆར་ངོས་འཛིན་མེད་པ་དང་གཞན་བསྟེན་གྱི་ཁོར་ཡུག་ལ་གདོང་ལེན་གྱི་སྤོབས་པ་དང་འདུ་ཤེས་མེད་པ།  གཞི་རིམ་སློབ་གྲྭ་ཁག་ལ་བོད་ཡིག་གི་དགེ་རྒན་ཚད་ལྡན་མེད་པ། དགེ་རྒན་ཚོས་མི་རིགས་ཀྱི་འདུ་ཤེས་སྐོར་གྱི་སློབ་གསོ་གནང་གི་མེད་པ། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་འབྲི་རྩོམ་སོགས་ཀྱི་ཐད་ལ་དོ་སྣང་མེད་པ། གནད་ཡོད་མི་སྣ་དག་གིས་རང་ཉིད་ཀྱི་བུ་ཕྲུག་གཞན་མི་རིགས་ཀྱི་སློབ་གྲྭར་མངགས་གཏོང་བྱས་པ་སོགས་སྣང་ཚུལ་གང་མང་ཞིག་གིས་བོད་སྐད་ཡིག་དང་བོད་མི་རིགས་བར་མི་རིགས་རང་གིས་བར་ཐག་རིང་དུ་བཏང་ཡོད་ལ། ལྷག་པར་དུ་མཐོ་རིམ་སློབ་མ་དང་བོད་སྐད་ཡིག་བར་གྱི་བར་ཐག་རིང་དུ་བཏང་ཡོད་སྟབས། མ་འོངས་པར་མི་རེ་ངོ་རེ་ནས་བཟུང་དེ་དང་དེ་ལྟ་བུའི་སྐད་ཡིག་ཉམས་ཆག་སྐོར་གྱི་གནད་དོན་ཐད་དོ་སྣང་དང་ཐུགས་འཁུར་གནང་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་བྱུང་། 
ཐེངས་འདིའི་ཉིན་གཉིས་རིང་གི་གོ་སྐབས་འདི་བརྒྱུད་བོད་སྐད་ཡིག་རྒྱུན་འཛིན་ཚོགས་པས། བོད་པའི་ཁོར་ཡུག་ནང་བོད་སྐད་གཙང་མ་དང་བོད་ཡིག་དག་མ་མི་སྤྱོད་པའི་སྲོལ་ངན་དར་བཞིན་པ་དེ་བཀག་འགོག་ཆེད། བོད་གཞུང་གི་ལས་ཁུངས་ཁག་དང་། སློབ་གྲྭ་ཁག  དགོན་སྡེ་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་སྡེ་ཚན་ ༡༤༠ ནང་སྙན་ཞུ་ཕུལ་ཏེ། བོད་སྐད་གཙང་མ་དང་བོད་ཡིག་དག་མ་སྤྱོད་རྒྱུའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་ཡོད་པར་མ་ཟད། མ་འོངས་པར་བོད་པའི་ཁོར་ཡུག་ནང་བོད་སྐད་གཙང་མ་དང་བོད་ཡིག་བེད་སྤྱོད་ཁྱབ་གདལ་དུ་གཏོང་སླད་ས་ཡིག་བསྡུ་རུབ་ཀྱིས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ལྷན་ཚོགས་ནང་ཕུལ་ཏེ། འདིའི་ཐད་རྩ་ཁྲིམས་གསར་བཟོ་གནང་དགོས་པ་དང་། ཁྲིམས་ལུགས་རྒྱབ་རྟེན་བྱས་ཏེ་བོད་སྐད་གཙང་མ་དང་བོད་ཡིག་དག་མ་སྤྱོད་དགོས་པའི་སྙན་ཞུ་ཕུལ་འཆར་ཡོད་འདུག་ལ། ཕྱི་ཚེས་ ༢ ཉིན་བོད་ཀྱི་སྐད་ཡིག་དང་ངའི་མདུན་ལམ་ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཞིག་གོ་སྒྲིག་གནང་འཆར་ཡོད་འདུག

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༨ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༨ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 30

  1. ཨ་མྱེ says:
    ལོ་ 16 སྔོན།

    དང་པོ་ཚོགས་འདིར་བོད་སྐད་གཙང་མའི་བདེ་ལེགས་ཞུ། ངས་བལྟས་ན་མི་འདིི་ཚོས་ཡག་པོ་རེད། ཟེར་བ་ཙམ་ལས་ཁ་ཕྱོགས་དང་རྒྱབ་ལྗོངས་གང་ཡང་གླེང་མི་འདུག ཁོ་ཚོ་དམིགས་ཡུལ་དང་གཏད་སོ་གང་ཡང་མི་འདུག འབེན་ལ་མ་ཕོག་པའི་མདའ་ལྟ་བུའི་ཚིག་མང་དྲག་སོང་།

    Reply
  2. རང་རྟོན། says:
    ལོ་ 16 སྔོན།

    ངས་བསམ་ན་མཐཽ་རིམ་སློབ་མ་ཚོར་དངོས་གནས་ཁག་ཡོད་ནི་མ་རེད།ཁོང་ཚོའི་བཀའ་དྲིན་ཅན་གྱི་དགེ་རྒན་དག་གི་མཛུབ་སྟོན་འོག་དེ་ལྟ་བུ་ཞིག་མ་གཏོགས་མ་ཐོབ་པ་རེད་ལ།དེ་ལྟ་བུའི་བོད་ཀྱི་སྐད་ཡིག་ལ་བདག་སྐྱོང་ཕར་ཞཽག
    ཐ་ན་རང་གི་མི་ཚེའི་རིན་ཐང་ཀྱང་མག་མོག་གི་མཚན་མོར་བཏང་ཡོད་པ་རེད།
    དེས་ན་སློབ་མ་ཚོར་ལས་བདའ་བྱེད་རྒྱུ་ལས་འུ་ཚང་གི་སློབ་མ་ཚོའི་ཡོད་ཚད་ནང་གི་ཡོད་ཚད་དགེ་རྒན་དེ་དག་ལ་ལེ་བདའ་བྱེད་དགོས་འདོད།དེས་ཀྱང་མི་ཆོག་པར་འུ་ཚང་གི་སློབ་གསོའི་མ་ལག་དག་ལ་བསྒྱུར་བཅོས་བྱེད་རྒྱུ་ཧ་ཅང་གི་ཁ་ཚ་དགོས་གཏུག་གི་དོན་དག་ཅི་ལ་མིན།

    Reply
  3. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་བསྲུང་སྐྱོབ་བྱེད་རྒྱུ་ཁ་ཚ་དགོས་བཏུག་སུ་གྱུར་ཡོད་པ་ཤེས་བཞིན་དུ་ད་དུང་འདི་ལྟར་བསྡད་རྒྱུ་ཡོད་དམ། གཏན་ནས་བསྡད་རྒྱུ་མེད། གོང་འོག་ཚང་མས་བོད་ཡིག་ཡར་རྒྱས་བཏང་རྒྱར་འབད་དགོས།

    Reply
  4. བློ་དཔལ། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཁ་པར་ཨང་གྲངས་ཞིག་གནང་རོགས
    བདག་གི་ཁ་པར་ཨང་གྲངས་༩༤༥༠༩༦༥༨༢༩

    Reply
  5. བློ་དཔལ། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཁ་པར་ཨང་གྲངས་ཞིག་གནང་རོགས
    བདག་གི་ཁ་པར་ཨང་གྲངས9450965829

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ལགས་རེད། བོད་ཀྱི་སྐད་ཡིག་ཡོད་སར་དེང་དུས་ཤེས་ཡོན་མེད། ད་དེང་ཤེས་ཡོན་ཡོད་སར་བོད་ཀྱི་སྐད་མེད་པའི་སྐྱོན་མི་འདུག་གམ།

    Reply
  7. ངག་དབང་རབ་རྒྱས། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་སྐབས་དུས་དང་འཚམས་པའི་གོ་སྒྲིག་ཡག་པོ་ཞིག་བྱས་འདུག མཐོ་རིམ་སློབ་མ་ཟེར་མིང་ཆེན་པོ་ཡོད་ནའང་དོན་དུ་བོད་ཡིག་གི་ཆུ་ཚད་ཅུང་ཞན་ཆ་ཡོད་པ་དངོས་ཡོད་གནས་ཚུལ་རེད། བོད་ཡིག་གནས་ཚད་ལས་འཕེར་མེད་ན་བཙན་བྱོལ་གཞུང་དང་ཚོགས་པ་ཁག་ལ་ལས་ཀའི་གོ་སྐབས་རག་རྒྱུའི་ཧ་ཅང་ཁག་པོ་རེད།

    Reply
  8. འབྲོག་རུ་རྡོ་རྗེ། says:
    ལོ་ 16 སྔོན།

    སློབ་ཆེན་པའི་འགན་འཁྲི་ལས་བྱུང་བའི་ན་ཟུག
    བྲོས།

    སློབ་ཆེན་པའི་འགན་འཁྲི་ལས་བྱུང་བའི་ན་ཟུག
    སྤྱིར་སློབ་ཆེན་པ་ཞིག་གི་འགན་འཁྲི་ཞེས་པ་ནི། སྨྲ་བརྗོད་སྟོང་གིས་ཐེག་པར་དཀའ་བའི་ན་ཟུག་ཅིག་ཡིན་པར་འདོད་ལ། དེ་བས། ད་ལྟའི་བོད་ཀྱི་སློབ་ཆེན་པའི་འགན་འཁྲི་ནི་དེ་ལས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་ གནད་དོན་ཞིག་རེད་འདོད་ཀྱིན་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་གནས་བབ། བོད་ཀྱི་རང་སྐྱོང་ཁེ་དབང་བཅས་ལ་ཁ་ཕྱིར་འཁོར་ཏེ་བསམ་བློ་ཞིག་བཏང་ན། དེ་ནི་ནམ་ཡང་ང་ཚོའི་ཕྲག་ན་རྗི་ཏིག་ཏིག་གི་ན་ཟུག་ཅིག་ཡིན་པ་སྨོས་མེད་རེད། དེ་ན་ང་ཚོས་ཀྱང་འདི་ན་འཛམ་གླིང་ལོ་རྒྱུས་ཧྲིལ་བོར་འཁྱུག་ཙམ་བལྟས་ན། མིའི་རིགས་ཤིག་འཇིག་རྟེན་དུ་སླེབ་དུས་སློབ་ཆེན་པ་དག་གིས་མ་སྐུལ་དང་བླང་གི་ འགན་འཁྲིའི་འོག་ནས་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བཏང་ཡོད་པ་འཛམ་གླིང་ལོ་རྒྱུས་ དེབ་ཐེར་དག་ལས་ཧ་ཅང་གསལ་ལ། དཔེར་ན། ནུབ་གླིང་གི་རིག་རྩལ་བསྐྱར་དར་དང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སོགས་ནི་སློབ་ ཆེན་པ་ཚོས་མ་སྐུལ་དང་བླང་གི་འགན་འཁྲི་ལས་བྱུང་བ་ཤ་སྟག་རེད། དེ་ན་ང་ཚོས་སློབ་ཆེན་པའི་ཐེམ་སྐས་འགྲིམ་ཉིན་ནས་བཟུང་སྟེ། ང་ཚོས་ཀྱང་སུ་ཞིག་གི་ཆེད་དུ་ཅི་ཞིག་འཚོལ་གྱིན་ཡོད་དམ། ང་ཚོ་ནི་བསླབ་དེབ་དང་རྒྱུགས་འབྲས་ཁོ་ནས་ཆེད་དུ་འཚོ་དགོས་པ་མ་ཡིན་ལ། བརྩེ་དུང་དང་འཁྲིག་སྤྱོད་ཀྱི་ཆེད་དུ་འཚོ་དགོས་པ་དེ་བས་ཀྱང་མ་ཡིན་ཏེ། ང་ཚོས་ད་ལྟའི་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་ལས་དབང་ལ་བསམ་གཞིག་བྱེད་བཞིན། ནང་བསམ་བློ་ལ་བློ་འབྱེད་ཐེངས་ཤིག་བྱེད་དགོས་པ་མ་ཡིན་ནམ། ངོ་མ་བཤད་ན། ཁ་ཁུ་སིམ་མེར་གནས་པའི་ང་ཚོའི་གཞི་རིམ་མང་ཚོགས་ཚོ་གཉིད་ལས་དཀྲོག་དགོས་ན། འདིའི་ཆེས་མཐོ་བའི་འགན་འཁྲི་ནི་སློབ་ཆེན་པ་ཚོ་ལ་རེག་ལས་པ་ནི་བཤད་མ་དགོས་པ་ ཞིག་རེད་འདོད་ཀི། ང་ཚོས་ད་ལྟའི་བར་དུ་སློབ་སྦྱོང་བྱེད་པ་ཡང་དམིགས་ཡུལ་འདིའི་ཆེད་དུ་ཡིན་པ་ང་ ལ་ཡིད་ཆེས་ཡོད། ང་ཚོ་ལ་ཡུལ་མི་སྤུན་གྲོགས་མང་བོས་མིག་ཟུང་སྟོང་གི་རེ་ལྟོས་ཡོད་ལ། ང་ཚོའི་ཕྲག་ན་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་ལས་དབང་ཡོད། ང་ཚོ་ད་ལྟའི་བར་དུ་སློབ་སྦྱོང་བྱེད་པ་ཡོད་ཚད་རང་ཉིད་གཅིག་པོ་དང་ཁ་ཕོར་ཙམ་ བོའི་ཆེད་དུ་གཏོང་གཏན་ནས་མི་རུང་སྟེ། ང་ཚོའི་རུ་བ་སྲ་མོ་ཅན་གྱི་མེས་པོ་དག་གིས་རང་རིགས་ཀྱི་ཆེད་དུ་དཀའ་སྡུག་གི་ རྔུལ་ཆུ་ཅི་ཙམ་གཏོར་ཡོད་པ་ལ་བསམ་བློ་ཞིག་གཏོང་དགོས་པ་མ་ཡིན་ནམ། ང་ཚོས་སློབ་སྦྱོང་བྱེད་པ་ཡང་གཞན་གྱིས་དྲིལ་སྒྲོག་ཀྱི་ཡོ་བྱད་ལྟ་བུའི་ལག་ཆ་ རུ་འགྱུར་ག་ནས་རུང༌། ད་ལྟའི་ང་ཚོའི་ལས་དབང་ལ་རྒྱུ་འབྲས་ཀྱི་བློ་མིག་ཡངས་པོར་ཕྱེ་སྟེ་བསམ་ཞིང་ བསམ་ན། འཇིག་ལ་ཉེ་བའི་མི་རིགས་འདི་ལ་བསམ་བློ་རྟོག་སད་ཀྱི་མེ་སོན་སྒྲོན་མཁན་ནི་ སློབ་ཆེན་པའི་སྡེ་ལ་རག་ལས་པ་ནི་སྨོས་མེད་རེད། དེ་ན་ང་ཚོས་ཀྱང་དཔྱོད་ཤེས་ཀྱི་བློ་མིག་ཡངས་པོར་ཕྱེ་སྟེ། མིའི་རིགས་སྤྱི་ལ་དབང་བའི་ཁེ་དབང་དང་འདྲ་མཉམ་གྱི་ཕྱིར་དུ། རང་ཉིད་ཀྱི་ཕྲག་ལ་བབ་པའི་འགན་འཁྲི་ལ་བདག་པོ་བརྒྱག་དགོས་པ་མ་ཡིན་ནམ། ངས་ད་ལྟའི་སློབ་ཆེན་པའི་འགན་འཁྲི་ཞེས་པ་ནི་མ་སྐུལ་དང་བླང་གི་འགན་འཁྲི་ཞིག་ ལ་གོ་དགོས་པ་ལས། ཁྲིགས་ལུགས་དང་བཀོད་སྒྲིག་རང་བཞིན་ཅན་ཞིག་གཏན་ནས་མ་ཡིན། དེ་ནི་སློབ་ཆེན་པའི་འགན་འཁྲི་རེད་འདོད་གི། ཡིན་ཡང་ང་ཚོའི་ཁོར་ཡུག་ན་འགན་འཁྲིའི་འདུ་ཤེས་ཅན་གྱི་མི་བུ་ག་ཚོད་ཡོད། ང་ཚོའི་ཁོར་ཡུག་ན་རུས་པ་སྲ་མོ་ཅན་གྱི་མི་བུ་ག་ཚོད་ཡོད། འདི་ལྟར་བསམ་ན་ངའི་སེམས་བསམ་པའི་གཏིང་སར་འགན་འཁྲིས་བྱིན་པའི་ན་ཟུག་ཇེ་ཆེ་ ནས་ཇེ་ཆེ་རེད །

    2010 -5 -19ཉིན་བྲོས་སུ་འབོད་པས་ནུབ་བྱང་ཚང་ནས་བྲིས།

    Reply
  9. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    དགོང་དག་འོག་གི་དེ་་་བྱེད་ཐུབ་པའི་ཉེར་ལེན་ཞེས་པ་དེ་་་་་བྱེད་མ་ཐུབ་པའི་ཉེར་ལེན་ཞེས་བཅོས་རོག།

    Reply
  10. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    གཞི་རིམ་ཤེས་ཡོན་གྱི་སྲིད་གྱུས་ལྟ་བུར་ལགས་ལྟར་མ་བྱས་ན་དུས་ནམ་བར་སྟོང་འདི་བསུབ་མི་ཐུབ།

    རེད་ད་ལྟའི་ང་ཚོའི་ཁོར་ཡུག་ནང་བོད་པའི་སྐད་ཡིག་རང་ཉིད་ཀྱི་བློ་སྲོག་གི་གྲུབ་ཆར་ངོས་འཛིན་མེད་པ་དང་གཞན་བསྟེན་གྱི་ཁོར་ཡུག་ལ་གདོང་ལེན་གྱི་སྤོབས་པ་དང་འདུ་ཤེས་མེད་པའི་དབང་གིས་མི་རིགས་དང་སྐད་ཡིག་ལ་བར་ཐག་འདི་བྱུང་བ་རེད། འོ་ན་འདི་གང་ལས་བྱུང་བ་རེད་ཟེར་ན། ངས་ལྟས་ན་གཞི་རེམ་ཤེས་ཡོན་གྱི་སྲིད་གྱུས་ལག་ལྟར་མ་བྱས་པའམ་དེའི་སྔོན་ནས་ཤེས་ཡོན་གྱི་སྲིད་གྱུས་ངེས་ཅན་གང་ཡང་གཏན་འབེབས་མ་བྱས་པའམ་བྱེད་ཐུབ་པའི་ཉེར་ལེན་ལས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིས་ཡོད། གང་ཡིན་ཟེར་ན་གང་ཟག་སུ་ཞིག་ཡིན་རུང་རང་གི་སེམས་ནང་དུ་རྙོག་འཛེང་གང་ཡང་མེད་དུས་སམ་བསམ་བློའི་ནུས་ཤུག་ཆེར་མ་རྒྱས་པའི་དུས་སུ་གང་ཟག་དེའི་བསམ་བློའི་ཁ་ཕྱོགས་གང་དུ་བསྒྱུར་མིན་ལ་རག་ལས་ཀྱི་འབྲེལ་བ་ཧ་ཅང་ཟབ། སོང་ཙམ་གལ་སྟེ་ང་ཚོའི་ཁོར་ཡུག་ནང་རང་གི་སྐད་ཡིག་རང་ཉིད་ཀྱི་བློ་སྲོག་གི་གྲུབ་ཆ་ཡིན་པའི་ངོས་འཛིན་དང་འདུ་ཤེས་ཡོང་བ་ལ་སྔོན་འགྲོའི་སློབ་གྲྭ་དང་གཞི་རེམ་གྱི་སློབ་གྲྭ་ལ་ངེས་པར་དུ་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཁོ་ནའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་དང་དེའི་ཐོག་ནས་ཐུན་མོང་མ་ཡིན་པའི་ཡུལ་གསོལ་གམ་བཤིས་དག་གང་ཟག་དེའི་ཤེས་སྒྱུད་ལ་འཇག་ཏུ་བཅུག་དགོས། ཡང་གཞན་བསྟེན་གྱི་ཁོར་ཡུག་ལ་གདོང་ལན་གྱི་སྤོབས་པའམ་བསམ་བློའི་ནུས་ཤུག་ཉམས་པ་འདི་ཡང་རང་གི་སྐད་ཡིག་ལ་རན་ཐངས་ཅན་གྱི་རིགས་གཞུང་ཞིག་ངོས་འཛིན་མ་ཐུབ་པས་ལན་པ་རེད། སྤྱིར་གཞན་བསྟེན་གྱི་ཁོར་ཡུག་ཡིན་མིན་ལ་མ་ལྟོས་པར་གཞན་གྱི་སྐད་ཡིག་དག་དང་དུ་ཡང་ངེས་པར་དུ་ལན་དགོས། འདི་ནི་དུས་རབས་ཀྱིས་རང་ལ་སྤྲད་པའི་འོས་འགན་རེད།དེ་ཡང་གང་ཟག་རང་གི་བསམ་བློའི་དཔལ་ཡོན་དེ་ཉིད་རང་གི་རིགས་གཞུང་ལ་རྐང་པ་ཚུག་ཟིན་པའི་འོག་ཏུ་གཞན་གྱི་སྐད་ཡིག་གང་ཞིག་དང་རིགས་གཞུང་ཅི་ཞིག་ལ་སྦྱོང་པ་བྱས་ཚེ་འདོབ་བཤོག་གཉིས་ལྡན་གྱི་མི་བུ་ཞིག་ཏུ་འགྱུར་རྒྱུ་ལས་སྐྱོན་ཅི་ཞིག་ཡོད་དེ་མེད། དེ་ལས་ཟློག་སྟེ་ད་ཆ་བཞིན་རང་གི་བསམ་བློའི་རྨང་གཞི་གང་ཡང་མེད་དུས་སུ་འཇིག་རྟེན་གྱི་དཔེ་ལ་ཁ་གཅིག་ལ་ཉ་གཉིིས་ཟེར་བའི་དཔེ་ལྟར་བྱས་པ་ཡིན་ན་དུས་ནམ་ཡང་གོང་གི་བར་ཐག་དེ་བསུབ་མི་ཐུབ་པ་མ་ཟད་རྐང་པ་གཉིས་ཆ་མེད་པའི་མི་ཞིག་ལས་དུས་ནམ་ཡང་ཚར་ལངས་བྱེད་མི་ཐུབ་པ་ད་ཆ་མཐོ་རིམ་ལ་བསྐྱོད་བཞིན་པའི་སློབ་མ་འདི་དག་གིས་ང་ཚོ་ལ་བདེན་དཔང་བྱེད་ཀྱིས་མི་འདུག་གམ།

    Reply
  11. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ།
    བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཞུ་ཞུ།

    བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་གལ་ཆེན་རྣམས།
    ང་ཚོས་ཕྱོགས་དུས་ཀུན་ཏུ་དྲིལ་བསྒྲགས་རྒྱ་ཆེར་བྱེད་དགོས་སོ།

    བོད་ཀྱི་སྐད་ཡིག་བེད་སྤྱོད་མ་བྱས་ན།
    བོད་ཀྱི་ཆོས་དང་རིག་གཞུང་ཉམས་པར་འགྱུར། །

    བོད་ཀྱི་སྐད་ཡིག་དར་སྤེལ་བཏང་ན།
    བོད་ཀྱི་ཆོས་དང་རིག་གཞུང་དར་རྒྱས་ཡོང་བར་འགྱུར། །

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་ཤེས་དགོས་པ་ནི།
    མི་རིགས་ཀྱི་ཁྱད་ཆོས་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་སྐད་དག་མ་རྒྱུན་དུ་བེད་སྤྱོད་བྱེད་རྒྱུ་ནི།
    དུས་རབས་ཀྱི་ལས་འགན་ཡིན།

    བོད་རིགས་རྣམས་ཀྱིས།
    བོད་ཡིག་འབྲི་ཀློག་སྦྱོང་རྒྱུ་ནི།
    བོད་ཀྱི་རིག་གཞུང་གི་རྩ་བ་ཡིན།

    བོད་རིགས་རྣམས་ཀྱིས།
    སུམ་རྟགས་སྙན་ངག་སྦྱོང་རྒྱུ་ནི།
    བོད་ཀྱི་ཆོས་རིག་གི་ལྡེ་མིག་ཡིན།

    བོད་རིགས་རྣམས་ཀྱིས།
    དེང་དུས་ཤེས་ཡོན་བཟོ་རིག་སྦྱོང་རྒྱུ་ནི།
    བོད་འབངས་ཡར་རྒྱས་ཀྱི་འགྲོ་ལམ་ཡིན།

    བོད་རིགས་རྣམས་ཀྱིས།
    སངས་རྒྱས་ཆོས་ལ་ཐོས་བསམ་སྒོམ་པ་བྱེད་རྒྱུ་ནི།
    གངས་ཅན་མི་དམངས་ཀྱི་བླ་སྲོག་ཡིན།

    བོད་ཀྱི་སྐད་ཡིག་མེད་ན། བོད་ཀྱི་རིག་གཞུང་མེད། །
    བོད་ཀྱི་རིག་གཞུང་ཡོད་ན། བོད་ཀྱི་མི་རིགས་ཡོད། །

    བོད་ཀྱི་རིག་གཞུང་ཡང་དག་པ་ཞིག་ཤེས་དགོས་ན།
    
བོད་རང་གི་ཐུན་མོང་མིན་པའི་སློབ་གསོའི་སྒྲོམ་གཞི་ལ་ངེས་པར་བསྟེན་དགོས།

    གོང་དུ་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་འགའ་ཞིག་དཔེ་མཚོན་དང་དཔྱད་གཞིའི་ཆེད་ཁོ་ནར་ཕུལ་བ་ཡིན། མ་འོངས་པར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གཙོ་བོར་བྱས་པའི་བོད་གཞུང་དམངས་ཡོངས་ཀྱིས། མི་སེམས་འགུལ་ཐུབ་པའི་བོད་ཀྱི་ཆོས་རིག་གཞུང་སྲུང་སྐྱོབ་ཀྱི་འབོད་ཚིག་ལེགས་ཤོས་འགའ་ཞིག་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་བྱེད་ཐུབ་ན། བོད་པའི་སྤྱི་ཚོགས་རྨོངས་གཉིད་ལས་སད་པའི་ཕན་ནུས་རླབས་ཆེན་འབྱུང་ངེས་སོ།

    Reply
  12. སྨྱུ་གུ། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་གཞུང་གིས་ང་རྒྱལ་དང་། ཁེངས་དྲག་ཤ་སྟག་གིས་རྒྱག་གཏམ་བཤད་ཤོར་གྲུབ་འབྲས་ཤིག་ཐོན་པ་དེ་བོད་སྐད་མི་ཤིས་ཤིང་། བོད་ཡིག་མི་ཤེས་པའི་བྱིས་པ་མང་པོ་ཞིག་གསོ་སྐྱོང་བྱས་པ་དེ་རེད།
    ངས་ནམ་ཡང་རེ་སྨོན་དང་ཡིད་ཆེས་མི་བྱེད་ས་ཁྱེད་ཉིད་རང་ཡིན།

    Reply
  13. བྱ་གཞུང་འཇམ་དབྱངས། says:
    ལོ་ 16 སྔོན།

    བསམ་ཞིབ་དང་རྟགས་དཔྱད་ཀྱི་དྲི་ཙམ།ཡང་་མེད་པའི་མྱི་དེ་རིགས་ཀྱི་སྐད་ཆ་ལ་ཆ་འཇོག་ཅི་བྱེད།

    Reply
  14. བཙན་པོའི་བུ། says:
    ལོ་ 16 སྔོན།

    http://www.youtube.com/watch#!v=3AxBwwJAoiU&feature=related

    Reply
  15. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    སྨར་དྷཱིཿཟེར་དང་རུ་གསར་ཚང་གཉིས་ཀྱི་ལན་ལ་ད་དུང་སྒུག་ནས་བསྡད་ཡོད།
    གསལ་བོ་དག་པོ་ཞིག་བཤད་རྒྱུ་མེད་ན། སྐད་ཆ་འདིའི་རིགས་འདི་མ་བཤད་ན་དགའ།
    མི་རིགས་ཀྱི་འགན་འཁུར་མི་ཐུབ་ཀྱང་། མ་མཐའ་ཡང་རང་གི་ཁ་གཅིག་པུ་ལ་བདག་ཐུབ་དགོས་པ་ཞིག་རེད།

    Reply
  16. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    དང་པོར་བཀྲ་ཤིས་བདེ་ལེགས་ཀྱིས་མཚམས་འདྲི་ཞུ། སྐད་ཡིག་རྒྱུན་འཛིན་ཚོགས་པས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཙམ་གྱིས་ང་ཚོའི་འཆི་བཞིན་པའི་བོད་ཀྱི་སྐད་ཡིག་འདིར་ཁ་ཚ་དགུ་གཏུགས་ཀྱི་ཕན་ཐོག་ཡོང་གི་རེད། རང་ཉིད་ཀྱི་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད།

    Reply
  17. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    བདེན་པ་རེད་

    Reply
  18. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ

    Reply
  19. བྱ་གཞུང་འཇམ་དབྱངས། says:
    ལོ་ 16 སྔོན།

     ཚོགས་པ་འདི་མི་རིགས་ཀྱི་ཚེ་སྲོག་འཚོལ་བ་དང།  ་རྒྱུན་འཛིན་དང་དར་སྤེལ་བྱས་སྟེ་གོ་ལ་འདིའི་ཡང་རྩེ་་ལ་མཆོངས་ལྡིང་གི་གོམ་ཁ་སྤོ་བཞིན་པའི་ཚོགས་པ་ཞིག་ཡིན་ན་ཡང་།   ང་ཚོའི་ཚོགས་པ་འདི་ལ་མཚོན་ལ་དཔལ་འབྱོར་དང་སྟོབས་ཤུགས་མི་སྣ་གྲགས་ཅན་སོགས་ཀྱི་ཆ་རྐྱེན་གང་ཡང་མེད་པའི་ཚོགས་པ་ཞིག་ཡིན་པས་མི་སྒར་སུ་ཀྱང་དོ་སྣང་དང་བརྩི་མཐང་བྱེད་གྱིན་མེད་པ་དང་།   དེའི་རྐྱེན་གྱིས་ང་ཚོའི་ལས་འགུལ་གང་ཡིན་ནུས་བ་ཐོན་བཞིན་མེད་པ་རེད།  ཡིན་ན་ཡང་།  ང་ཚོའི་སེམས་ཤུགས་དང་ཆོད་སེམས་ལ་འགྱུར་བ་ནམ་ཡང་མེད།   

    Reply
  20. བྱ་གཞུང་འཇམ་དབྱངས། says:
    ལོ་ 16 སྔོན།

    མི་ཁ་ཤས་ཤིག་གི་སེམས་ཤུགས་དང་ལྷག་བསམ་ལ་བསྟེན་ནས་མི་རིགས་འདིའི་ཚེ་སྲོག་གི་རིན་ཐང་དང་དགོས་ཕན་གླེང་བའི་གར་སྟེགས་ཤིག་བསྐྲུན་ཀྱང་།   དེ་ལ་གདེང་འཇོག་དང་དོ་སྣང་བྱེད་མཁན་གྱི་ཁ་གྲངས་ལ་ལྟོས་ན་ངོ་མའི་ཡིད་སྐྱོ་བ་དང་ཞེ་སྨྲེང་བ་ཞིག་རེད།    བོད་ཀྱི་མཐོ་རིམ་སློབ་མ་དེ་ལས་ཀྱང་ཉུང་བས་དངོས་གནས་བྱེས་སྡོད་གྱི་མཐོ་རིམ་སློབ་མ་འདི་དག་ལ་རེ་ལྟོས་བྱེད་ས་ཅིག་མི་འདུག་སྙམ་པའི་ཚོར་སྣང་ཞིག་བྱུང་སོང་།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    འབྲོག་རུ་ཆོས་གྲགས་ལགས།

    བོད་ཀྱི་སྐད་ཡིག་སྐོར་རུ་དཔྱོད་བརྗོད་འདི་རེད་པས།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་སྨར་དྷི་དང་རུ་གསར་ཚང་གཉིས་ཀྱིས་སྦྱར་ཡིག་ནོར་ཡོད་པར་མཐོང་ན་འདི་འདྲ་བྲིས་ཞེས་བཀོད་རོགས།

    དེ་ནས་ཧ་གོ་ཡོང་གི་རེད།

    Reply
  23. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    སྨར་དྷཱིཿཟེར་དང་རུ་གསར་ཚང་གཉིས་ལ་གསལ་བཤད་དུ།

    བོད་ཚེས་བཅོ་ལྔའི་ཉིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་སྦྱར་ཡིག་གཅིག་ཀྱང་བཀྲམ་མེད་ཅེས་གསལ་བཤད་བྱ་འདོད་བྱུང་། གསལ་བཤད་མ་བྱས་པ་ཡིན་ན། འདི་ལྟ་བུའི་གོ་ནོར་དོན་ནོར་གྱིས་ཚོགས་པའི་མ་འོངས་པའི་ལས་འགུལ་ལ་གནོད་སྐྱོན་ཐེབས་སྲིད་པས། གསལ་བཤད་བྱས་པ་ཡིན།
    གཉིས་པ། སྦྱར་ཡིག་དེ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་བཀྲམ་པ་ཡིན་པའི་རྟགས་མཚན་ག་རེ་འདུག འདིར་གསལ་བཤད་ཅིག་གནང་རོགས། གཅིག་བྱས་ན་སྐད་ཡིག་སྲུང་སྐྱོབ་ཚོགས་པ་གཞན་པས་ཀྱང་བཀྲམ་སྲིད་པ་རེད།

    Reply
  24. ཉི་མ་རྒྱལ་མཚན says:
    ལོ་ 16 སྔོན།

    གཏམ་བཤད་དེ་དངོས་གནས་ཡག་པོ་འདུག་མི་མང་ནང་རྒྱུན་དུ་སྤེར་རོགས།།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་སྐད་གཙང་མ་རྒྱབ་དགོས་གསུངས་མཁན་ཞིག་གིས་ངོས་ནས་གཙང་བཙོག་གི་ས་མཚམས་ཤེས་དགོས་པ་རེད་སྙམ།

    Reply
  26. ཨ་ཟླ་བ། says:
    ལོ་ 16 སྔོན།

    རང་ཉིད་ཀྱི་ལྟོ་གོས་ཀྱི་དོན་དུ་འདི་ལྟར་མང་ཚམ་བྱོས་

    Reply
  27. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཐོག་མར་ཚོགས་དེར་བཀྲིས་བདེ་ལེགས་ཀྱི་མཚམས་འདྲི་དང་ང་ཚོའི་སྤྱི་ཚོགས་ནང་ཚོགས་པ་དེ་འདྲ་ཞིག་ཡོད་པར་དགའ་བོ་བྱུང༌། ཚོགས་པ་འདི་རྒྱུད་ནས་བོད་ཀྱི་སྐད་ཡིག་ཆེད་སྦྱོང་མཐོ་སློབ་ཞིག་གསར་འཛུགས་ཐུབ་པ་ཡིན་ན་ཤིན་ཏུ་ལེགས་སྙམ། སྤྱིར་ང་ཚོའི་སྤྱི་ཚོགས་ནང་བོད་ཡིག་མཐོ་སློབ་༼ཝ་ནཱ་མཐོ་སློབ། ༽ ༼ས་རཱ་མཐོ་སློབ།༽ ༼ནོར་གླིང་མཐོ་སློབ་༽སོགས་འགའ་ཞིག་ཡོད་ཀྱང་དེ་དག་ནས་ལོ་རེ་སློབ་ཐར་ཕྱིན་པའི་སློབ་ཕྲུག་གི་གྲངས་ཧ་ཅང་ཉུང་བས་སྤྱི་ཚོགས་ནང་ཚད་ལྡན་གྱི་བོད་དགེ་ཞིག་འཚོལ་དགོས་བྱུང་ན་རྒྱ་མཚོ་ནང་ནས་ཁབ་འཚོལ་བ་ལས་དཀའ་བའི་གནས་ལགས། ང་ཚོའི་སྤྱི་ཚོགས་སམ་འཁོར་ཡུག་ནང་སློབ་གསོ་འདུ་ཤེས་ཤིན་ཏུ་དམན་ལ་དཔལ་འབྱོར་གྱི་འདུ་ཤེས་གཙོ་བོར་འཛིན་པའི་རྒྱུ་རྐྱེན་ཡང་བྱིས་བའི་དུས་ནས་སློབ་དགེ་ཚད་ལྡན་གྱིས་མི་རིགས་དང་རིག་གཞུང་གི་ཁེ་དབང་སྲུང་སྐྱོབས་ཆེད་སློབ་གསོ་མ་གདེངས་བའི་སྐྱོན་ཡིན། འདུ་ཤེས་དེ་དག་ལ་སྒྱུར་བ་གཏོང་དགོས་ན་ཐོག་མར་སློབ་དགེ་ཚད་ལྡན་གསོ་སྐྱོང་བྱ་དགོས་པ་དོན་གྱི་དམ་པ་ཡིན།

    Reply
  28. རུ་གསར་ཚང་། says:
    ལོ་ 16 སྔོན།

    སྨྲ་དྷཱིཿ་ལགས་ཀྱིས་གསུངས་པ་བདེན་པ་རེད། སྐད་ཡིག་རྒྱུན་འཛིན་ཚོགས་པ་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ཡང་ཚེས་བཅོ་ལྔའི་ཉིན་གྱི་སྦྱར་ཡིག་དེར་ཡིག་ནོར་དང་དོན་ནོར་ལྟ་བུ། དེ་བཞིན་ཁ་སྐད་བྲིས་པའི་ཁུལ་བྱས་འདུག་ཀྱང་རྒྱུན་ལྡན་འཁོར་རྒྱུགས་ཆེ་བའི་འབྲི་སྲིལ་དང་མི་མཐུན་པ་སོགས་བྲིས་འདུག་པ་ནི་བཀོད་སྒྲིག་པའི་ཞན་ཆ་རེད་བསམ་གྱི་འདུག ཡིད་མི་ཆེས་ན་ཁྱེད་ཚོས་ཡང་བསྐྱར་ཐེངས་གཅིག་སྦྱར་ཡིག་དེར་གཟིགས་པ་དང་། ཡང་ན་ཉམས་མྱོང་དང་ཤེས་ཡོན་ཡོད་པ་ཞིག་ལ་བཀའ་འདྲི་ཐེངས་གཅིག་བྱོས་དང་ཤེས་ངེས་རེད། འདི་སེམས་གཏམ་ཡིན། ཁྱེད་ཅག་ལ་སྐྱོན་བརྗོད་བྱེད་ཀྱི་མེད། དེ་མིན་ཡང་ཁ་ཤས་ཀྱིས་དྲ་འབུ་རེད་ཟེར་ཡོང་། ཧ་ཧ་ཧ་ཧ་

    Reply
  29. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དམིགས་གསལ་བོད་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལ་དགའ་བསུ་ཡོད་ཡིན་ནའང་ཁ་སྔོན་བོད་
    ཚེས་བཅོ་ལྔ་ཉིན་སྦྱར་ཡིག་མང་པོ་བཀྲམས་འདུག་ཀྱང་བློ་ཕམ་པ་ཞིག་ལ་རྒྱུན་འཛིན་ཚོགས་པས་
    ཡིག་ནོར་དང་ཕ་སྐད་བཤད་པའི་ཁུལ་ཡིན་ཡང་ད་དུང་དབྱིན་སྐད་ཐོག་ཡོད་པའི་ཚེས་རེ་གཉིས་བེད་
    སྤྱོད་བྱས་འདུག་དེ་ནི་ཚོགས་པ་རང་དངོས་ནས་དོ་སྣང་གཏན་ནས་མ་གནང་བ་ལྟ་བུ་ཞིག་མངོན་འདུག་དེར་ཕྱིན་ཆད་ཐུགས་གཟབ་གནང་གལ་ཆེ།

    Reply
  30. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཁ་བཤད་ཆུ་ཡི་ལྦུ་བ།།
    ལག་ལེན་གསེར་གྱི་ཐིགས་པ།།
    ཞེས་འཇིག་རྟེན་ཁ་དཔེ་ལ་ཡོད་པ་བཞིན། ད་ལྟའི་དུས་སྐབས་འདིར་ང་ཚོ་ཚང་མས་སོ་སོ་སོ་སོའི་སྐབས་སུ་བབ་པའི་ལས་འགན་དེ་དང་དེ་ལ་ཧུར་བརྩོན་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese