མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གནས་བརྗེ་རེས་དང་ཞི་བདེ་སྤེལ་རེས་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་གསུམ་པའི་དབྱར་ཁའི་ཚན་རིག་འཛིན་གྲྭ་ས་ར་མཐོ་སློབ་ཏུ་ཚོགས་ཤིང་། ཆོས་བརྒྱུད་རིས་མེད་ཀྱི་གདན་སའི་གྲྭ་བཙུན་བརྒྱ་ལ་ཉེ་བས་མུ་མཐུད་ནས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་བདུན་ཕྲག་བཞིའི་རིང་གི་ཚན་རིག་ཟབ་སྦྱོང་ལ་ཞུགས་ཡོད་པ་རེད།

ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་མཉམ་འབྲེལ་གྱི་ལས་གཞི་སྟེ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དབྱར་ཁའི་ཚན་རིག་འཛིན་གྲྭ་དེ་ཟླ་ ༥ ཚེས་ ༡༧ ཉིན་ནས་བཟུང་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚན་རིག་འཛིན་གྲྭར་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ་གྲངས་བརྒྱ་ལ་ཉེ་བ་ཞུགས་ཡོད་པ་རེད།

ལས་འཆར་འདི་བཞིན་སྤྱི་ལོ་ ༡༩༩༨ ལོར་དབུ་བརྙེས་པའི་ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ནུབ་ཕྱོགས་དེང་རབས་ཚན་རིག་གཉིས་དབར་ལ་འབྲེལ་ཟམ་འཛུགས་པའི་ལས་འཆར་གྱི་ཆ་ཤས་གལ་ཆེ་བ་ཞིག་ཡིན།  འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་སྒོམ་སྒྲུབ་ཉམས་ལེན་དང་དེང་རབས་དབང་རྩའི་ཚན་རིག་ཟུང་འབྲེལ་སྒོས་མིའི་རིགས་ལ་འཕྲད་བཞིན་པའི་སེམས་ཀྱི་དཀའ་ངལ་བསལ་ཐབས་དང་།  དེ་བཞིན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་དང་དེང་རབས་དངོས་ལུགས་གསོ་རིག་དབར་བསམ་བློ་ཉམས་མྱོང་བརྗེ་རེས།  བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱིའི་རང་བཞིན་ཅན་དུ་འཕེལ་རྒྱས་ཡོང་ཆེད་རྒྱལ་སྤྱིའི་མི་མང་ལ་ངོ་སྤྲོད་བྱེད་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཏེ། འཇིག་རྟེན་འགྲོ་བ་ཡོངས་ཀྱི་འཚོ་གནས་ཀྱི་གནད་དོན་ལ་ཆེས་གནད་འགག་ཏུ་གྱུར་བའི་རིག་གནས་བརྗེ་རེས་དང་ཞི་བདེ་སྤེལ་བའི་ལས་གཞི་འདིར་འབད་པ་གཅིག་ཏུ་གཞོལ།
 
སྤྱི་ལོ་ ༢༠༠༦ ལོའི་དབྱར་ཁར་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང་མཉམ་འབྲེལ་སྒོས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་འདི་ཉིད་དངོས་སུ་དབུ་བརྙེས།   ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི་ཆོས་བརྒྱུད་རིས་མེད་ཀྱི་གདན་སའི་དགེ་བཙུན་རྣམས་ལ་དེང་རབས་ཚན་རིག་སློབ་ཚན་ངོ་སྤྲོད་ཟབ་ཅིང་བརླིང་བ་བྱ་རྒྱུ་དང་།  དེང་རབས་ཚན་རིག་གི་སློབ་ཚན་རྣམས་ཚད་གཞི་ངེས་ཅན་ཞིག་གི་དབར་དུ་བོད་རང་གི་སྐད་ཡིག་གི་ཐོག་ནས་སློབ་གཉེར་ཐུབ་པ་ཞིག་ཡོང་བར་བྱ་རྒྱུ་དེ་རེད།
 
སྤྱི་ལོ་ ༢༠༠༨ ལོའི་དབྱར་ཁ་ནས་དངོས་སུ་འགོ་ཚུགས་པའི་ཚན་རིག་ཟབ་སྦྱོང་འདིར་ཆོས་བརྒྱུད་རིས་མེད་ཀྱི་དགེ་བཙུན་གྲངས་༡༠༠ ལ་ཉེ་བ་ཞིག་ཡོད་ཅིང་།  དེ་དག་ལས་དགེ་འདུན་པ་གྲངས་ ༣༠ ནི་སྤྱི་ལོ་ ༢༠༠༡ ལོ་ནས་འགོ་བཙུགས་པའི་བོད་ཀྱི་དཔེ་མཛོད་ཁང་དང་སེ་སྒར་ནང་མིའི་ཐེབས་རྩ་ཁང་གཉིས་ཀྱི་ཚན་རིག་ཟབ་སྦྱོང་ཁྲོད་ནས་ཐོན་པ་རེད། 

ལོ་འདིའི་ཟབ་སྦྱོང་ནི་ཟླ་ ༥ ཚེས་ ༡༧ ཉིན་ནས་མགོ་འཛུགས་བྱས་ཤིང་ཚོགས་ཡུལ་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་རེད། རྩིས་རིག་ནི་དེང་རབས་རིག་གནས་སྤྱི་དང་ཁྱད་པར་དུ་ཡང་ཚན་རིག་གི་ཁྲོད་དུ་གལ་ཆེ་བའི་ལག་ཆ་ཞིག་ཡིན་པས་ན། དགེ་བཙུན་དག་གི་རྩིས་རིག་ཤེས་ཚད་མཐོར་འདེགས་དང་།   དངོས་ཁམས་ཚན་རིག་གིས་མཚོན་པའི་ཚན་རིག་གི་སློབ་ཚན་གཞན་དག་ལ་གོ་བ་ཡག་པོ་ལོན་ཆེད་དུ་ཟབ་སྦྱོང་གི་བདུན་ཕྲག་དང་པོར་རྩིས་རིག་བསླབ་ཡོད་འདུག    

ནང་པ་སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་ཞིང་། འཇིག་རྟེན་འདིའི་ཕྱི་ནང་གི་བཀོད་པ་མཐའ་དག་ནི་རྒྱུ་རྐྱེན་རྟེན་འབྲེལ་འདུས་པ་ལས་གྲུབ་པར་འདོད་པ་ལྟར། ཚན་རིག་གི་ལྟ་ཚུལ་དང་སྒྲུབ་བྱེད་འགོད་སྟངས་སོགས་ཤེས་རྟོགས་ཡོང་ཆེད། ཟབ་སྦྱོང་གིོ་བདུན་ཕྲག་གཉིས་པར་སྐྱེ་དངོས་ཚན་རིག་དང་། བདུན་ཕྲག་བཞི་པར་དངོས་ཁམས་ཚན་རིག་བཅས་སྦྱངས་དང་སྦྱོང་བཞིན་ཡོད་ལ།  སློབ་ཚན་འདི་དག་བརྒྱུད་ནས་ཁོང་ཚོས་དེང་རབས་ཚན་རིག་གིས་མིའི་ལུས་ཀྱི་མ་ལག་དགུའི་སྐོར་དང་། རྩི་ཤིང་གི་ཕུང་གྲུབ་རྣམ་གཞག   སྐྱེ་དངོས་སྤྱིའི་ལུས་ཁམས་རིག་པ།  ཚེ་སྲོག་ཅེས་པ་ནི་ཇི་འདྲ་ཞིག་ལ་ངོས་འཛིན་ལུགས་དང་། འཕེལ་འགྱུར་རིག་པ། དེ་བཞིན་དངོས་ཁམས་ཚན་རིག་ཁོངས་ནས་ནུས་པའི་སྐོར་དང་། ལྟོས་གྲུབ་རྣམ་གཞག འོད་ཀྱི་རྣམ་གཞག་སོགས་ལ་སློབ་སྦྱོང་བྱ་རྒྱུ་རེད། 

མི་སྣ་མང་པོ་ཞིག་གིས། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཆོས་ལུགས་ཙམ་གྱི་ངོ་བོའི་ཐོག་ཏུ་བསྡད་མེད་པ་དང་། དེ་ལ་ཆོས་ལུགས་ལས་བརྒལ་བའི་ཚན་རིག་རང་བཞིན་གྱི་ཁྱད་ཆོས་དུ་མ་བསྡུས་པ་ལས་ཆེས་འབུར་ཏུ་ཐོན་པ་ནི་ནང་སེམས་ཀྱི་ཚན་རིག་དེ་རེད། བོད་ཀྱི་ནང་བསམ་པའི་ཚན་རིག་དང་དེང་རབས་དབང་རྩའི་ཚན་རིག་གཉིས་ཀྱི་དབར་ལ་ཚན་རིག་གི་སྡེ་ཁག་གཞན་ལས་ལྷག་པའི་གཤིབ་བསྡུར་བྱ་རྒྱུ་ཡོད་པ་དང་། འདིའི་ཐད་ལ་ནང་པའི་ངོས་ནས་ཁོང་ཚོར་ལེགས་སྐྱེས་ཕོན་ཆེ་ཤོས་དེ་སྤྲོད་ཐུབ་པར་དགོངས་ཀྱིན་ཡོད་ལ། དོན་གྱི་སྟེང་ནས་ཀྱང་དེ་ནི་ཆེས་མཚར་སྣང་དོད་ཤོས་ཀྱི་མཐུད་མཚམས་ཤིག་ཡིན་པ་རེད། དེ་བས་ཟབ་སྦྱོང་འདིའི་བདུན་ཕྲག་གསུམ་པར་དབང་རྩའི་ཚན་རིག་བཞག་ཡོད་པ་དང་། སློབ་ཚན་འདི་བརྒྱུད་ནས་ཁོང་ཚོས་དབང་ཤེས་དང་ཡ་ལན། དབང་རྩའི་ཕྲ་ཕུང་གི་རྣམ་གཞག  དྲན་པ་དང་སེམས་ཚོར་སོགས་ཀྱི་སྐོར་ལ་དེང་རབས་དབང་རྩའི་ཚན་རིག་གི་ལྟ་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་རེད། 

ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སློབ་དཔོན་དག་གིས་ཚན་རིག་གི་ལས་གཞི་འདིར་ཆེད་དམིགས་ཀྱིས་དཔེ་ཁྲིད་རྒྱུ་ཆའི་སློབ་དེབ་རྩོམ་པ་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལས་བྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་ལས་བྱེད་ཚོས་གནས་སྐབས་སུ་བེད་སྤྱོད་བྱ་རྒྱུའི་སློབ་དེབ་དེ་དག་བོད་ཡིག་ཐོག་སྒྱུར་བ་དང་ཟབ་སྦྱོང་སྐབས་ཀྱི་སྐད་སྒྱུར་སོགས་བྱེད་ཀྱིན་ཡོད་པ་དང་།  ད་ལྟའི་ལོ་རིམ་གཉིས་ཀྱི་ཚན་རིག་སློབ་དེབ་ཆ་ཚང་ཞིག་བོད་བསྒྱུར་གྲུབ་ཟིན་ཡོད་པ་རེད།

ལས་རིམ་འདིའི་སྐོར་གནས་ཚུལ་རྒྱས་པར་མཁྱེན་འདོད་ན་དྲ་རྒྱ་ tibet.emory.edu/science/ འདིར་ཕེབས་རོགས།

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 7

  1. འཚོ་གནས་ངེས་མེད་ཀྱི་བཙན་བྱོལ་བ། says:
    ལོ་ 15 སྔོན།

    ནང་པའི་རིག་ལམ་ཤེས་ན། ཚན་རིག་ལ་དཔྱད་དགོས་པ་ལས་ཕྱོགས་སྔ་མེད་པའི་
    ཕྱི་གཞུང་གི་རོ་ལ་ད་དུང་འཐབ་རྩོད་བྱས་ནས་སྡོད་དང་། སྐྱིད་པའི་ཉི་མ་འཆར་ཐག་
    ཆོད་རེད།

    Reply
  2. འཇམ་དབྱངས says:
    ལོ་ 16 སྔོན།

    བོད་ཀྱི་དགེ་འདུན་པ་ཚོསའདི་ལྟར་སྣེ་ཁྲིད་དང་སྣེ་ཁྲིད་ཐུབ་པ་ང་ལ་ཡིད་ཆེས་ཡོད། ཕྱི་མིག་ཞིག་བལྟས་ན་དགེ་འདུན་པའི་ས་ནས་བོད་རིགས་ལ་སྲུབས་དུ་མེད་པའི་ཕྱིས་རྗེས་་བླ་མེད་ཞིག་བཞག་ཡོད་པ་མངོན་གསལ་རེད། དགེ་འདུན་ལ་སྐྱབས་སུ་མཆིའོ །། ཐུགས་རྗེ་ཆེ།།

    Reply
  3. བཤད་སྒྲུབ says:
    ལོ་ 16 སྔོན།

    ཁོ་རེ་འདི་ཡག་པོ་རེད། མ་འོངས་པ་ཡང་འདི་འདྲ་ས་ཁུལ་དེ་འདྲ་ལ་ཚོགས་པར་མ་གནང་བར་གདན་ས་ཁག་ཏུ་ཚོགས་ཐུབ་ན་།

    Reply
  4. བཤད་སྒྲུབ says:
    ལོ་ 16 སྔོན།

    ཡག་པོ་རེད་ཁོ་རེ་ འདིར་ཡང་མཚན་མ་སྐྱེ་བར་བོད་པའི་གཞོན་སྐྱེས་ཚོས་སོསོར་ནོར་བུ་ཡོད་པ་ཤེས་པའི་ཐོག་ཕྱིར་གླིང་པ་ཇི་བཞིན་ནང་ཆོས་ལ་དོ་སྣང་བྱ་དགོས།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བོད་པའི་དགེ་འདུན་པའི་སྡེ་འདི་ཆོས་ཀྱི་ཕྱོགས་ནས་བོད་མི་རིགས་ཀྱི་སྣེ་ཁྲིད་པ་དང་མིག་གཡས་པར་གྱུར་ཡོད་ལ། ད་ནི་ཚན་རིག་གི་ཕྱོགས་ནས་ཀྱང་བོད་པའི་དགེ་འདུན་པ་དག་གིས་སྣེ་འཁྲིད་ཀྱི་ལམ་ཁ་འདི་འཚོལ་གྱིན་ཡོད་སྟབས་མི་རིང་བར་ཁོང་ཚོ་ནི་ང་ཚོའི་མིག་གཡོན་པར་འགྱུར་ངེས།

    དེ་བཞིན་དུ་བོད་ཀྱི་སྲིད་ཕྱོགས་ནས་ཀྱང་མི་རིགས་འདིའི་དར་ཆ་ལྟ་བུ་ནི་དགེ་འདུན་པ་ཚོ་ཡིན།

    དཔལ་འབྱོར་གྱི་ཆ་ནས་གྲྭ་རྐྱང་ཚོར་ད་སྐབས་ཅི་ཡང་མེད་ཀྱང་། བོད་པའི་བླ་མ་སྤྲུལ་སྐུ་དག་ནི་སྤྱི་སྙོམས་ཀྱིས་བཤད་ན་དཔལ་འབྱོར་ཡག་ཤོས་སུ་གྱུར་བ་འདི་དག་གིས་མ་འོངས་པའི་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ནས་ཀྱང་དགེ་འདུན་པའི་སྡེ་འདི་ཡིས་ནུས་པ་ཆེན་པོ་ཞིག་འདོན་སྲིད་པ་བསྟན་པ་འདྲའོ།

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཡོད་ཚད་མཚན་རིགས་ལ་སྐལ་ན་ཀླད་མེད་ཀྱང་ཆགས་སྲིད། །སྲོལ་རྒྱུན་གོམ་གཤིས་ལ་འཇོག་ན་རྗེས་ལུས་ཀྱང་ཐེབས་སྲིད། །

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྐལ་བ་ཡག་པོ་ཞིག་ཤར་ནས་བསྡད་འདུག་པ་མཐོང་ནས་ཡིད་ཤིན་ཏུ་སྤྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese