མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་གད་སྙིགས་ལས་སྒུམ་མཁན་གཏོང་ལེན་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་ ༧ ཕྱི་ཚེས་ ༢ རེས་གཟའ་པ་སངས།

རླབས་ཆེ་བའི་བྱ་བཞག་ནི་མི་ཚང་མས་བསྒྲུབ་འདོད་པ་ཞིག་ཡིན་རུང་། བསྒྲུབ་སླ་བ་ཞིག་མིན། མ་མཐར་ཡང་དཀའ་སྡུག་ཇི་འདྲ་ཆེ་རུང་དེ་ལ་དུས་ནམ་ཡང་མགོ་བོ་མི་སྒུར་བ་དང་བཟོད་བསྲན་ཐུབ་པའི་སྙིང་སྟོབས་བརྟན་པོ་ཞིག་དགོས། དེ་ལྟར་མིན་ན་མི་ཚང་མས་རླབས་ཆེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བཞག་སྐྲུན་མི་ཐུབ་པའི་རྒྱུ་མཚན་ཅི།

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སླེབས་རྒྱུར་ཉིན་བཞི་ལས་མེད་པའི་སྐབས་འདིར། གཏོང་ལེན་ཚོགས་པས་ཐུགས་རྗེ་ཆེ་ཞུའི་ཉིན་མོ་ཐེངས་ལྔ་པ་དེ་སྲུང་གཙི་བྱས། ཞོགས་པའི་ཆུ་ཚོད་ ༡༡ ཙམ་ལ་ཀ་ཅཱ་རིའི་ Zila Prishad ཚོགས་ཁང་དུ་གཏོང་ལེན་ཚོགས་པའི་གོ་སྒྲིག་འོག ཐུགས་རྗེ་ཆེ་ཞུའི་ཉིན་མོའི་མཛད་སྒོ་བསྡུས་པ་དང་། མཛད་སྒོའི་ཐོག་གཏོང་ལེན་ཚོགས་པས་བདག་སྐྱོང་གནང་བཞིན་པའི་རྒྱ་གར་ཡུལ་མིའི་བྱིས་པ་དག་དང་། ཁོང་ཚོའི་ཕ་མ་ཉེ་འབྲེལ། གཏོང་ལེན་ཚོགས་པའི་དགེ་རྒན་ལས་བྱེད་དང་སྦྱིན་བདག་སོགས་བསྡོམས་པས་མི་ ༣༠༠ ལྷག་འདུ་འཛོམས་བྱུང་།

དེ་རིང་གི་མཛད་སྒོ་ནི་དམིགས་བསལ་གྱི་སྐུ་མགྲོན་མེད་པ་དང་། མཁས་དབང་དང་གོ་ཐོབ་ཅན་གྱི་གསུང་བཤད་ལྟ་བུའི་རིགས་གང་ཡང་མེད་པར་སྤྱིར་བཏང་བའི་མཛད་སྒོ་ཞིག་ཡིན་ནའང་། མཛད་སྒོའི་ཐོག་ཞུགས་པའི་མི་རྣམས་དགའ་སྤྲོས་ཁེངས་པ་དང་འཛུམ་མདངས་ཀྱིས་བརྒྱན་འདུག དེ་ནི་གཏོང་ལེན་ཚོགས་པས་བདག་སྐྱོང་གནང་བཞིན་པའི་ལོ་ལྔ་དྲུག་གོང་གི་ཡུལ་མིའི་བྱིས་པ་དབུང་ཕོངས་དང་ཉམ་ཐག་རྣམས། དེ་རིང་གྱོན་གོས་གང་ལེགས་སྤྲས་ཏེ་གར་སྟེགས་སྟེང་བུད་ནས། རང་ཉིད་ལ་གཏོང་ལེན་ཚོགས་པས་ད་བར་བདག་སྐྱོང་གནང་བར་སྤྲོ་སེམས་འཁོལ་བའི་ངང་ཐུགས་རྗེ་ཆེ་ཞུ་བ་དང་། ཤིས་ཚིག་སྣ་ཚོགས་འབུལ་བ། དགའ་སྤྲོ་དང་ཐུགས་རྗེ་ཆེ་མཚོན་པའི་གླུ་གཞས་གཟིགས་འབུལ་དང་ཞབས་བྲོ་རྒྱག་པ་སོགས་ཡིད་དུ་འོང་ལ་མཛེས་སྡུག་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བས་རེད།

ལྷག་པར་དུ་མཛད་སྒོའི་སྟེང་ཞུགས་པའི་མི་མང་རྣམས་ཀྱིས་ད་ལྟ་འཛིན་རིམ་དགུ་བར་སླེབས་པའི་སློབ་མ་བྷི་ཁ་ཀུའུ་མར་གྱིས། རང་གི་འདས་ཟིན་པའི་ལོ་རྒྱུས་རྒྱབ་ལྗོངས་ཐུང་ངུ་ཞིག་བརྙན་འཕྲིན་བརྒྱུད་མི་མང་ལ་སྤྱན་འབུལ་བྱེད་སྐབས། མི་མང་བོ་སེམས་སྐྱོ་ནས་མིག་ཆུ་གཏོང་བ་དང་། ཡང་ཁོ་རང་ཉིད་ཀྱི་ལས་དབང་དང་འདྲ་བའི་དབུལ་ཕོངས་ཀྱི་འཚོ་བ་རོལ་མྱོང་བའི་བྱིས་པ་ཚོས། ཁོའི་སྐབས་རེར་དགོད་བྲོ་བའི་འདས་ཟིན་པའི་བྱིས་དུས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ཕྱིར་མིག་ལྟ་གིན་ལྟ་གིན། གད་མོ་བགད།

མི་རྣམས་ཀྱིས་སྐྱོ་བའི་མིག་ཆུ་གཏོང་དོན་ནི་བྷི་ཁ་ཀུའུ་མར་གྱི་འདས་ཟིན་པའི་ལོ་རྒྱུས་ཀློང་དུ། ཅང་མེད་དབུལ་ཕོངས་ཀྱི་འཚོ་བ་རོལ་ཏེ་འདམ་རྫབ་དང་སྲང་ལམ་ཉུལ་ཏེ་གད་སྙིགས་སྒུམ་པ་དང་། ལྟོ་གོས་སློང་བ། ཟ་མ་ངན་ངོན་ལ་རོལ་བ་དང་གྱོན་གོས་ཧྲལ་ཧྲུལ་གྱོན་པ་སོགས་ཀྱི་སྣང་ཚུལ་རྣམས་མཐོང་བས་ཡིན་ལ། ཁོང་དང་འདྲ་བའི་གྲོང་གསེབ་ཧྲིལ་བོ་ཞིག་གི་ངན་ངོན་གྱི་འཚོ་བ་དང་དབུལ་ཕོངས། ཉམ་ཐག་པའི་གནས་སྟངས་སོགས་བརྙན་འཕྲིན་བརྒྱུད་ནས་མཐོང་སྟབས་ཡིན།

གཏོང་ལེན་ཚོགས་པའི་འགན་འཛིན་འཇམ་དབྱངས་ལགས་ཀྱིས་ཉིན་འདིའི་མཛད་སྒོའི་སྐོར་འདི་གའི་གསར་འགོད་པར་འགྲེལ་དོན། དེ་རིང་གི་ཉིན་འདི་ནི་ད་ལྟའི་བར་ང་ཚོས་བདག་སྐྱོང་བྱེད་བཞིན་པའི་བྱིས་པ་འདི་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་ཉིན་མོ་ཡིན་ལ། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་ཁོང་མུ་མཐུད་དེ་སྐུ་ཚེ་ཡུན་རིང་བསྟན་པ་དང་། མཛད་འཕྲིན་རྒྱས་ཆེད་དུ་ཡིན། ཞེས་དང་ཁོང་གིས་ད་བར་བྱིས་པ་བདག་མེད་འདི་ཚོར་བདག་སྐྱོང་གནང་དོན། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ ལྷག་འགོར་རིང་། རྒྱ་གར་གཞུང་མང་གཉིས་ཀྱིས་ང་ཚོར་ཕྱོགས་གང་ཐད་ནས་མཐུན་འགྱུར་རོགས་རམ་གནང་བར། ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཙམ་ཡིན་ཞེས་གསུངས།

ད་ལྟ་འཛིན་རིམ་དགུ་བར་སླེབས་པའི་སློབ་ཕྲུག་བུ་མོ་ ནི་ཤ་ས་ཡན་ གྱིས་གསར་འགོད་པར་བརྗོད་དོན། སྔོན་ཆད་ང་ནི་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་ཡིན་ལ། ནམ་རྒྱུན་ལྟོ་བསླངས་ནས་འཚོ་བ་སྐྱེལ་གྱིན་ཡོད། སྐབས་དེ་དུས་བོད་མིའི་དུས་སྟོན་སོགས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་མེག་གྷན་སོགས་སུ་ཕྱིན་ནས་ལྟོ་སློང་གིན་ཡོད། དེའི་རྗེས་ང་གཏོང་ལེན་ཚོགས་པས་བདག་སྐྱོང་གནང་སྟབས། ང་ལ་དེ་རིང་གི་ཉིན་མོ་འདི་བྱུང་བ་དང་། གཏོང་ལེན་ཚོགས་པ་ནི་ང་དང་ངའི་ཕ་མ། ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་ཡིན། ཞེས་དང་། ཁོ་མོའི་མི་ཚེའི་དམིགས་འདུན་སྐོར་དྲིས་པར། ང་གཞུག་ཕྱོགས་སྨན་པ་བྱ་རྒྱུ་ཡིན། ད་ལྟ་ང་རང་ཉིད་ཚད་ལྡན་གྱི་སྨན་པ་ཞིག་བྱ་ཐུབ་རྒྱུའི་གདེང་ཚོད་ཡོད་པར་མ་ཟད། ངས་གཞུག་ཕྱོགས་དངོས་སུ་སྨན་པ་བྱས་ཏེ་སྤྱི་ཚོགས་ལ་མིག་དཔེ་སྟོན་འདོད་ཡོད་ཅེས་བརྗོད།

ཡང་འཛིན་རིམ་དགུ་པ་ཡིན་པའི་བུ་བྷི་པཁ་ཀུའུ་མར་གྱིས་བརྗོད་དོན། གཏོང་ལེན་ཚོགས་པས་ང་གད་སྙིགས་ལས་བསྒུམས་ཏེ་ལྷ་ཡུལ་ལྟ་བུར་བསྐྱལ་སོང་། ང་ནི་སྔོན་ཆད་ལྟོ་གོས་བསླངས་ནས་འཚོ་བ་སྐྱེལ་མཁན་གྱི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཡིན་མོད། ང་ལ་བདག་སྐྱོང་དང་སློབ་སྦྱོང་སྤྲད་སོང་། ཞེས་དང་ཁོས་རང་གི་མི་ཚེའི་དམིགས་འདུན་སྐོར་བརྗོད་དོན། ངའི་ཕ་མར་ཆ་བཞག་ནའང་མི་གཞན་པ་ལྟར་རླངས་འཁོར་སོགས་ལ་བསྡད་དེ་འགྲོ་འདོད་ཡོད་པ་རེད། དེར་བརྟེན་ངས་སློབ་སྦྱོང་བཟང་བོ་བྱས་ཏེ་རང་གི་དམིགས་འདུན་འགྲུབ་ཐུབ་པ་བྱ་རྒྱུ་ཡིན། ང་མ་འོངས་པར་གློག་ཀླད་ཆེད་མཁས་པ་ཞིག་བྱ་འདོད་པར་མ་ཟད། འཛམ་གླིང་སྟེང་གློག་ཀླད་སྟེང་སྔར་མེད་ཀྱི་མཉེན་ཆས་གསར་པ་ཞིག་བཟོས་ཏེ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། ཞེས་དང་། ངས་ཀྱང་རྗེས་ཕྱོགས་གཏོང་ལེན་ཚོགས་པ་ལྟར་མི་གཞན་ལ་ཕན་ཐོགས་པར་བྱ་རྒྱུ་ཡིན་ཟེར།

གཏོང་ལེན་ཚོགས་པ་ནི་ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་གྱི་དབུང་ཕོངས་བྱིས་པ་རྣམས་ལ་བདག་སྐྱོང་དང་སློབ་སྦྱོང་སྤྲོད་ཆེད་དུ་བཙུགས་པའི་ཚོགས་པ་ཞིག་ཡིན་ལ། ད་ལྟའི་ཆར་དགེ་ལས་བསྡོམས་པས་མི་ ༢༠ ལྷག་ཡོད་པ་དང་། ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་བཅས་སྡེ་ཚན་གསུམ་ཡོད། ཤེས་ཡོན་སྡེ་ཚན་དུ་ཕྲུ་གུ་ ༤༠ ལྷག་དང་འཕྲོད་བསྟེན་སྡེ་ཚན་དུ་ཕྲུ་གུ་ ༡༥༠ ལྷག་བཅས་ཁྱོན་ཕྲུ་གུ་ ༢༠༠ ལྷག་ལ་བདག་སྐྱོང་བྱེད་ཀྱིན་ཡོད། ཕྲུ་གུ་དེ་དག་གི་ཕལ་ཆེ་བ་ཀ་ཅཱ་རིའི་ Charan གྲོང་གསེབ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན།

གཏོང་ལེན་ཚོགས་པས་རྒྱ་གར་ཡུལ་མིའི་བྱིས་པ་དབུལ་ཕོངས་ ༤༠ ལྷག་ལ་བདག་སྐྱོང་དང་སློབ་གྲྭར་བཏང་སྟེ། དང་ཐོག་ཕྲུ་གུ་ཚོར་རྩེད་རིགས་དང་གཞས། རི་མོ་འབྲི་བ། དབྱིན་ཧིན་གྱི་རྨང་གཞིའི་ཤེས་བྱ་ནས་མགོ་བཙུགས་ཏེ་སློབ་ཁྲིད་ཀྱི་མགོ་བརྩམས་ཤིང་སློབ་ཁྲིད་བྱས་པ་དང་། ད་ལྟ་ཁག་ཅིག་འཛིན་རིམ་དགུ་བར་སླེབས་ཡོད་ལ། གཏོང་ལེན་ཚོགས་པའི་འཕྲོད་བསྟེན་འགན་འཛིན་དང་ངྷ་ས་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བསོད་ནམས་ལགས་ཀྱིས། དང་ཐོག་ང་ཚོས་བདག་སྐྱོང་བྱེད་བཞིན་པའི་ཕྲུ་གུ་ཚོ་ས་གནས་ཀྱི་སློབ་གྲྭར་མ་ཚུད་པར་དཀའ་ངལ་བྱུང་ནའང་། ང་ཚོས་ཨུ་ཚུགས་མཐར་སྐྱེལ་དང་རྒྱུ་མཚན་གནས་ལུགས་བཤད་པས་ཁོང་ཚོ་སློབ་གྲྭར་འགྲིམ་པའི་གོ་སྐབས་བྱུང་། ང་ཚོས་བདག་སྐྱོང་བྱེད་བཞིན་པའི་བྱིས་པ་ཚོ་ནི་ནམ་རྒྱུན་ནས་རྣམ་རིག་རྒོད་པོ་ཅན་དང་ཧུར་བརྩོན་ལྡན་པས། གལ་སྲིད་འཛིན་གྲྭ་གཅིག་གི་ནང་དུ་ང་ཚོའི་བྱིས་པ་ལྔ་ཡོད་པའི་དབང་དུ་བཏང་ན། ཡིག་རྒྱུགས་སྐབས་ཀྱི་ཨང་དང་པོ་དང་གཉིས་པ། གསུམ་པ་སོགས་ནམ་རྒྱུན་ང་ཚོའི་བྱིས་པ་ཚོས་ལེན་གྱིན་ཡོད་པས། སློབ་གྲྭའི་སློབ་སྤྱི་ཡང་ཧང་སང་འདུག་ཅེས་བརྗོད།

འདི་ལྟར་གཏོང་ལེན་ཚོགས་པའི་དྲིན་གྱིས་ས་གནས་ཡུལ་མིའི་དབུལ་ཕོངས་ཀྱི་བྱིས་པ་དག་ལ་མཚོན་ན། མི་ཚེའི་མདུན་ལམ་རྙེད་ཅིང་། གཞུག་ཕྱོགས་ཀྱི་བྱ་བའི་ཐད་དུ་ཁ་ཕྱོགས་ཡོད་པ། དེ་རིང་གི་འཚོ་བར་དྲོད་སྐྱིད་ལྡན་པ་བཅས་བྱུང་འདུག དེ་ནི་བཙན་བྱོལ་བོད་མིས་མི་ལོ་ ༥༠ ལྷག་རིང་རྒྱ་གར་ས་ཐོག་ཏུ་སྐྱབས་བཅོལ་གྱི་འཚོ་བ་རོལ་བའི་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུའི་ལས་དོན་ངོ་མ་ཞིག་ཀྱང་རེད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༨ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 9

  1. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། ཡིག་ནོར་ཡིན་ན་ཆོག་གི གཏགས་ནོར་ཡིན་ན་ཆོག་གི གང་ལྟར་ནོར་བ་རང་ལ་ཡོད་པས་ངོས་ལེན་དང་དགོངས་དག་ཞུས་པ་ཡིན། རྗེས་ཕྱོགས་ད་དུང་འདི་ལྟ་བུའི་ལམ་སྟོན་མང་ཙམ་གནང་རེ་ཤིན་ཏུ་ཆེ།
    དེ་མིན་སྤེལ་བ་དང་སླེལ་བས་གཉིས་ཀ་དོན་མི་འདྲ། གོང་གི་གསར་འགྱུར་ལྟར་ན། མཛད་སྒོའི་ཐོག་ཞུགས་པའི་མི་རྣམས་དགའ་སྤྲོས་ཁེངས་པ་དང་འཛུམ་མདངས་ཀྱིས་བརྒྱན་འདུག་པའི་རྒྱུ་མཚན་བྱེད་སྒོ་སྣ་ཚོགས་སྤེལ་བས་རེད། བྱེད་སྒོ་དེ་དག་སྤེལ་བས་ཁོང་ཚོ་དགའ་སྤྲོས་ཁེངས་པ་རེད་ཅེས་པའི་དོན་ཡིན་ཁུལ་ཡིན། མ་རེད་དམ།
    གུས་ཞབས་བཅས། ཨ་རིག་གླེན་པས།

    Reply
  2. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ཤེས་ལྡན་ཨ་རིག་འགྱུར་མེད་ལགས་ནས་དངོས་ཡོད་གནས་ཚུལ་རྣམས་དུས་ཐོག་བཀོད་མཛད་པ་ལ་ཐུགས་རྗེ་ཆེ་ཞུ།
    གཏོང་ལེན་ཚོགས་པའི་དགེ་བའི་བྱ་སྤྱོད་ལ་རྗེས་སུ་ཡི་རང་ཞུ།

    Reply
  3. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ང་གད་སྙིགས་ལས་སྒུམ་མཁན་གཏོང་ལེན་རེད།་་་་་་་་་་་་་་་་་་་་་་་་ གསར་འགྱུར་བཀླགས་ཚར་ནས་མ་གཏོགས་་་་ ངས་་མགོ་བརྗོད་འདིས་ཅི་ཞིག་བཤད་ཀྱིན་པ་གཏན་ནས་ཤེས་མ་སོང་། སྒུམ་་་་ བྱེའུ་ཡིས་རྒུན་འབྲུམ་སྒུམ་་་་་ གད་སྙིགས་སྒྲུག་་་་ སྒུམ་དེ་གནས་སྐབས་འདིར་བཀོལ་ན་གང་འདྲ་ཡིན་ན། གང་ལྟར་་ཀློག་མི་བདེ་བ་ཞིག་བྱུང་།

    ཨོ་་་ གསར་འགྱུར་འདི་བཀླགས་རྗེས་ང་ལ་སེམས་རྩ་འཁོལ་བོ་ཞིག་བྱུང་། རེད་་ རྗེས་སུ་ཡི་རངས་ཡོད། བོད་རིགས་ཚོ་ཡང་འབྱོར་ཕྱུགས་ལྡན་པ་དེ་འདྲ་མིན་པར་མ་ཟད། འདི་ལྟའི་རོགས་སྐྱོར་དགོས་ངེས་ཅན་ཡང་མང་པོ་འདུག གཏོང་ལེན་ཚོགས་པས་་་ མ་མཐར་ཡང་བོད་རིགས་ལས་མེད་ཚོར་དེ་གར་ལས་ཀའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་ཡག་པོ་ཡོད་རྒྱུ་རེད། གཞན་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ལས་ཅང་མེད།

    Reply
  4. དོམ་དཀར། says:
    ལོ་ 16 སྔོན།

    རེད་ཡྭ། འཇམ་དབྱངས་ཀྱིས་སོ་སོའི་མི་རིགས་ལ་ཞབས་འདེགས་ཞུ་འོས་བ་ཞིག་རེད།
    ཁོ་རང་ཡང་རྒྱ་གར་བའི་མི་རིགས་ཞིག་ཡིན་པས་གལ་ཏེ་ཐུགས་རྗེ་ཆེ་ཞུ་བཤད་དགོས་ན་དེ་ཧི་མ་ཅལ་གཞུང་གི་འོས་འགན་རེད། ཁོང་གིས་མི་ཚང་མ་ལ་ཁོ་བོད་པ་ཡིན་ཞེས་རྫིན་བཤད་ན་ག་ལ་ཆོག

    Reply
  5. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ༼ངེས༽་ལེན་འདི་ནོར། ༼ངོས༽་ལེན་འདི་དག གཏགས་ནོར་ཡིག་ནོར་གང་ཡིན་ཡང་ནོར་བ་རང་ཡིན་པས། དེ་ཡང་དག་བཅོས་ཤིག་གནང་རོགས།

    Reply
  6. བསྟན་འཛིན་འབྱུང་གནས། says:
    ལོ་ 16 སྔོན།

    ནོར་བ་། བཅོས་པ།

    ་སླེབས་རྒྱུར་ བསླེབ་རྒྱུར།
    མཛེས་སྡུག་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་བས་རེད། སྤེལ་བ་རེད།
    འཚོ་བ་རོལ་ཏེ་་ འཚོ་བར་རོལ་ཏེ
    ་སྐུ་ཚེ་ཡུན་རིང་བསྟན་པ བརྟན་པ།
    ད་ལྟའི་ཆར་དགེ་ལས་བསྡོམས་པས་མི་ ༢༠ ལྷག་ཡོད་པ་དང་། བསྡོམས་པའི

    སྐུ་ཞབས་ཨ་འགྱུར་ལགས ཁམས་བཟང་། ཁྱེད་ཀྱིས་ཡིག་ནོར་ཉིས་བརྒྱ་ལྷག་ཡོད་པའི་དྲི་ཤོག་ཟེར་རྩོམ་ཡིག་གཅིག་སྤེལ་མྱོང་བ་མ་ཡིན་ནམ།
    དེ་རིང་གཏམ་འཆལ་དེ་རང་ཉིད་ཀྱི་མགོ་ཐོག་ན་བབ་འདུག་དྰ །

    Reply
  7. རྐང་རྗེན་པ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། མགོའི་ཟླ་གྲངས་ ༦ དེ་ནོར་འདུག་པས་ ༧ ལ་བཅོས་དགོས་འདུག
    ༼དེ་ལྟར་མིན་ན་མི་ཚང་མས་རླབས་ཆེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བཞག་སྐྲུན་མི་ཐུབ་པའི་རྒྱུ་མཚན་ཅི༽ ཞེས་པར་ལན་ཙམ་ཞུ་ན།
    ཁྱེད་ཀྱིས་བཤད་པའི་དཀའ་ངལ་གདོང་ལེན་དེ་རྒྱུ་མཚན་ཞིག་རེད་དེ། དེ་ཙམ་གྱིས་ག་ལ་ཚད། ལྷག་བསམ་དང་ཤེས་ཡོན་ཡང་འདང་ངེས་ཤིག་དགོས། དཀའ་ངལ་གདོང་ལེན་གྱི་ནུས་པ་རྐྱང་པས་ག་ལ་ཡོང། མདོར་བསྡུས་ན་ཐབས་དང་ཤེས་རབ་གཉིས་ཀ་འཛོམས་དགོས་པ་རེད། མ་རེད་དམ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཁ་ཡོད་ལག་ཡོད་ཀྱི་གཟི་བརྗིད་ཅིག་རེད། ཐུགས་རྗེ་ཆེ།

    Reply
  9. གནམ་ལྕགས། says:
    ལོ་ 16 སྔོན།

    སྙིང་ཉེ་བའི་གསར་འགོད་པ་མཆོག་ལ་ཞུ་རྒྱུར།

    སྐུ་ཉིད་ཀྱི་གསར་འགྱུར་རྩོམ་ཡིག་འདིའི་ནང་བྱ་བཞག་ཅེས་པ་དེ་བྱ་གཞག་ཏུ་བཅོས་དགོས། དེ་ནི་སྐུ་ཉིད་ཀྱིས་ཁྱོན་ནས་དོ་སྣང་བྱས་མི་འདུག་ས་ཞིག་ཡིན་ས་རེད། དེ་མིན་དབུལ་བོའི་དབུལ་སོགས་ནོར་བ་འགའ་ཡོད་པ་ཕལ་ཆེར་གཏགས་ནོར་དུ་ངེས་འཛིན་བྱེད་ཐུབ།
    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese