མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་མ་ནག་པོ་སྤྱོད་མཁན་མང་དུ་འགྲོ་ཡི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་གཞོན་སྐྱེས་མང་པོ་ཞིག་གིས་ཐ་མ་ནག་པོ་འཐེན་པ་ནུབ་ཕྱོགས་ཀྱི་དར་སྲོལ་ཞིག་ཏུ་ངོས་འཛིན་བྱས་ཏེ་རྗེས་འབྲངས་པ་དང་།  ལྷག་པར་རྒྱ་གར་གྱི་ཁོར་ཡུག་ནང་དེའི་རིགས་ལ་དམིགས་བསལ་གྱི་དམ་དྲག་མེད་པའི་དབང་གིས་རྒྱ་ཁྱབ་དུ་ཕྱིན་པ་རེད་ཅེས་ཀུན་ཕན་ཚོགས་པའི་འགན་མཛིན་བསྟན་འཛིན་ལེགས་འཕེལ་ལགས་ཀྱིས་བརྗོད་བྱུང་།

ཉེས་པའི་ལོ་འདི་གའི་རིང་བཞུགས་སྒར་གཙོས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སློབ་ཤོར་བ་དང་ལས་མེད་ཀྱི་རིགས་མང་དུ་ཕྱིན་ཏེ། སྤྱི་ཚོགས་འདིའི་གྲུ་ཟུར་རེ་ན་གཞོན་སྐྱེས་ཚོས་ཉི་མ་འཁྱོལ་ཐབས་དང་རང་ཉིད་ཀྱི་ལང་ཚོ་འཕྲོ་བརླག་ཏུ་གཏོང་བའི་གནས་ཚུལ་བྱུང་བཞིན་པར་མ་ཟད། དེའི་རིགས་ཀྱིས་སྨྱོ་རྫས་རིགས་འདྲ་མིན་སྤྱད་དེ་སྤྱི་ཚོགས་ནང་འདིའི་རིགས་རྒྱ་ཁྱབ་དུ་འགྲོ་བ་དང་། ལྷག་པར་དུ་སློབ་གྲྭ་ཁག་ཏུ་སྨྱོ་རྫས་སྤྱོད་མཁན་མང་དུ་འགྲོ་གྱིན་ཡོད་པ་རེད།

༢༠༠༨ ལོར་འདི་གའི་གསར་ཁང་གིས་བཅར་འདྲི་བརྒྱུད་བཙན་བྱོལ་ནང་རེག་དུག་ན་ཚ་ཡོད་མཁན་ ༣༠༠ ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། ད་ལྟའི་ཆར་ཡང་འདིའི་ཐད་ཉམས་ཞིབ་དང་རོགས་སྐྱོར་བྱེད་མཁན་ཚོས་ནད་རིགས་དེ་ཡོད་པའི་གྲངས་འབོར་མང་རུ་འགྲོ་བ་ལས་ཉུང་དུ་ཕྱིན་མེད་པའི་སྐད་ཆ་འདུག་སྟབས།  ཕྱི་ཚེས་ ༡ ཉིན་འདི་གའི་གསར་འགོད་པས་ཀུན་ཕན་ལས་ཁུངས་སུ་བཅར་ཏེ་འགན་འཛིན་བསྟན་འཛིན་ལེགས་འཕེལ་ལགས་སུ་ང་ཚོའི་སྤྱི་ཚོགས་ནང་སྨྱོ་རྫས་སྤྱོད་མཁན་གྱི་རིགས་མང་དུ་འགྲོ་བའི་རྒྱུ་རྐྱེན་དང་དེ་དག་འགོག་པའི་ཐབས་ལམ། དེ་བཞིན་རེག་དུག་ན་ཚའི་སྐོར་བཅས་གནས་ཚུལ་ཁག་ཅིག་གི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས།  ངས་རང་གི་ལས་ཀའི་ཉམས་མྱོང་ལས་ཤེས་པ་ལྟར་ན། ང་ཚོའི་སྤྱི་ཚོགས་ནང་སྨྱོ་རྫས་རིགས་དང་དམིགས་བསལ་ཐ་མ་ནག་པོ་འཐེན་པའི་རིགས་དར་ཁྱབ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་གར་སྤྱི་ཚོགས་ནང་དེའི་རིགས་ལ་དམིགས་བསལ་གྱི་དམ་དྲག་བྱེད་ཀྱི་མེད་པར་མ་ཟད། དབྱིན་སྐད་དུ་ marowana  ཞེས་པའི་ཐ་མ་དེ་བཞུགས་སྒར་གཡས་གཡོན་གྱི་སྦག་སུ་གཙོས་པའི་ཇ་ཁང་ཆེ་ཆུང་ཁག་དང་། རྩེད་མོ་རྩེས་ས་འདྲ་མིན་ནང་རིན་གོང་ཁེ་བོའི་ཐོག་རག་གིན་ཡོད་པ་དང་། དེ་བཞིན་ང་ཚོའི་གཞོན་སྐྱེས་གང་མང་ཞིག་གིས་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་གྱི་དར་སྲོལ་ཞིག་ཏུ་མཐོང་སྟེ་རྗེས་འབྲངས་བྱེད་ཀྱིན་ཡོད་པ་དང་། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་མང་ཆེ་བའི་ནང་དར་ཁྱབ་ཆེ་བ་དང་ནུབ་ཕྱོགས་ཀྱི་མི་སྣ་འདྲ་མིན་དང་འབྲེལ་འདྲིས་བྱས་ཏེ་ཁོར་ཡུག་དེའི་ནང་མཉམ་ཞུགས་གནང་བའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་རིམ་བཞིན་དར་ཁྱབ་དུ་ཕྱིན་པ་ཞིག་རེད་ལ། ཡང་སྒེར་གྱི་སྨན་ཁང་གང་མང་དུ་སྨན་རང་དགར་ཉོས་ཆོག་པ་སོགས་ཀྱིས་རྒྱ་ཁྱབ་དུ་ཕྱིན་པའི་དབང་གིས་ང་ཚོའི་སྤྱི་ཚོགས་ནང་ཐ་མ་ནག་པོ་སྤྱོད་མཁན་མང་དུ་འགྲོ་བཞིན་འདུག   ཐ་མ་དེའི་རིགས་དེ་ང་ཚོས་ནམ་རྒྱུན་འཐེན་བཞིན་པའི་ཐ་མ་ལྟ་བུ་མིན་པར། ཐད་ཀར་མིའི་ཀླད་རྩ་དང་སྙིང་རྩ་གཙོས་པའི་ལུས་པོའི་ནང་གི་ཡན་ལག་གཙོ་བོའི་རིགས་ལ་གནོད་སྐྱེལ་ཀྱིན་པར་མ་ཟད། དམིགས་བསལ་དེ་འཐེན་པའི་རིགས་ཀྱི་མིག་ལ་སྐྱོན་འབྱུང་གི་ཡོད་པ་དང་། མིའི་ལུས་ཟུངས་ཟད་དེ་ན་ཚ་འདྲ་མིན་འགོ་སླ་བའི་གནས་སུ་བསྐྱལ་གྱིན་ཡོད་ལ། དེའི་རིགས་མང་ཆེ་བར་གློ་ཚད་ཀྱི་ན་ཚ་མང་པོ་འབྱུང་གི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཁོང་གིས་མུ་མཐུད་དོན།  འདས་པའི་ལོ་འགའི་རིང་བཞུགས་སྒར་དུ་གཞོན་སྐྱེས་མང་པོ་ཞིག་གིས་ཐ་མ་ནག་པོ་སྤྱད་དེ་དཀའ་ངལ་འཕྲད་བཞིན་པའི་རིགས་མང་པོ་བྱུང་ཡོད་སྟབས།  དེའི་ཁྲོད་ཀྱི་མི་ ༡༢༠ ལྷག་ལ་ཀུན་ཕན་ལས་ཁུངས་ཀྱིས་སྨན་བཅོས་དང་བརྟག་དཔྱད་ཀྱིས་སྤངས་ཐབས་བྱས་པ་ཡིན།  དེ་ཡང་གཙོ་བོ་དོ་བདག་སོ་སོའི་ངོས་ནས་བསམ་བློ་བཏང་སྟེ་ང་ཚོ་བཙལ་ཡོང་དུས་ང་ཚོས་ཐད་ཀར་ལྡི་ལིར་ཡོད་པའི་སྨན་ཁང་ནང་བཏང་སྟེ་ཟླ་ ༦ རིང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་སྐྱོར་འོག་སྨན་རིན་སྐར་གང་ཡང་སྤྲོད་མི་དགོས་པའི་ཐོག་སྨན་བཅོས་བྱེད་ཀྱིན་ཡོད་པ་རེད།  ཡིན་ན་ཡང་། སྤངས་ཟིན་པ་ཁག་ཅིག་ལ་ཕ་མ་དང་ཁྱིམ་ཚང་ཡོད་པ་དང་ཁག་ཅིག་ལ་མེད་པའི་དབང་གིས། ཡང་བསྐྱར་འཐེན་པའི་ཉེན་ཁ་ཡོད་སྟབས། ང་ཚོས་ཁྱིམ་ཚང་དང་ནང་མི་མེད་པའི་རིགས་ལ་རྗེས་ཀྱི་ལྟ་སྐྱོང་ (after care) ཞེས་པའི་ཁང་པ་དམིགས་སུ་བཙུགས་ཏེ་བདག་སྐྱོང་བྱེད་ཀྱིན་ཡོད། ཁག་ཅིག་ལ་ལས་ཀ་འདྲ་མིན་སྤྲད་དེ་རྩ་བ་ནས་སྤངས་ཐུབ་པ་བྱུང་ཡོད་སྟབས། ང་ཚོའི་ལས་ཁུངས་ཀྱིས་མ་འོངས་པར་ཤེས་རབ་དགའ་ཚལ་སློབ་གླིང་ཉེ་འགྲམ་དུ་ས་གསར་བ་ཞིག་ཉོས་ཡོད་པའི་ཐོག་ལས་ཁུངས་གསར་བ་ཞིག་རྒྱག་འཆར་ཡོད་ལ། དེའི་ནང་བོད་པ་རང་གི་སྨན་པ་དང་ལས་བྱེད་བསྡུ་རུབ་ཀྱིས་དེའི་ཐོག་ལ་དམིགས་བསལ་ལས་ཀ་སྤེལ་རྩིས་ཡོད་ཚུལ་འགྲེལ་བརྗོད་གནང་བྱུང་།
 
མཐའ་མར་ཁོང་གིས་རེག་དུག་ན་ཚ་དང་འབྲེལ་ནས་བརྗོད་དོན། ད་ལྟའི་ཆར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་འདེམས་ཀ་ཚོགས་པ། ཀུན་ཕན་བཅས་མཉམ་རུབ་ཐོག་རེག་དུག་གི་ནད་འབུ་ HIV དང་རེག་དུག་ཐོག་ལས་ཀ་བྱེད་ཀྱིན་ཡོད། སྤྱིར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་ཞིག་ཡིན་ནའང་། སྨྱོ་རྫས་སྤྱོད་མཁན་ནི་ནུབ་ཕྱོགས་པའི་རྩི་སྟངས་ལྟར་ན་མང་ཤོས་ཤིག་ཆགས་འདུག  ད་ལྟའི་ཆར་གཞིས་ཆགས་ཁུལ་རེ་གཉིས་མ་གཏོགས་མང་ཆེ་བའི་ནང་ན་ཚ་དེའི་རིགས་ཁྱབ་ཡོད་པ་དང་། ལྷག་པར་དུ་བཞུགས་སྒར་ཁུལ་ཏུ་སྔོན་མ་མི་གྲངས་ ༣༠༠ ཡོད་པའི་སྐོར་གསལ་བསྒྲགས་བྱས་ཡོད་པ་དེ་ལས་མང་དུ་མ་གཏོགས་ཉུང་དུ་ཕྱིན་ཡོད་པ་མ་རེད་ལ། གཞིས་ཆགས་ཁུལ་ལས་བཞུགས་སྒར་ཁུལ་དུ་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད། དེ་བཞིན་གཞོན་སྐྱེས་ཚོར་ན་ཚ་དེའི་རིགས་མང་བར་མ་ཟད། ལྷག་པར་དུ་བོད་ནས་ཡོང་མཁན་ཚོར་མང་བ་ཡོད་པ་ཞིག་ཏུ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ཁོང་གིས། མ་འོངས་པར་ན་ཚ་དེའི་རིགས་ཡོད་པའི་རིགས་ལ་སྔོན་འགོག་གི་ཐབས་ལམ་དང་སློབ་གསོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་པར་མ་ཟད། ན་ཆ་དེའི་རིགས་ཡོད་པའི་གཞོན་སྐྱེས་དག་གི་ཕ་མ་དང་གཉེན་ཉེ། གྲོགས་པོ་ཡོངས་ཀྱིས་དེའི་རིགས་སྦས་གསང་མི་བྱ་བར། ཁ་གསལ་བོའི་ཐོག་ནས་ལས་ཁུངས་སུ་བཅར་བ་དང་། ཁ་པར་དང་དྲ་རྒྱ་སོགས་བརྒྱུད་ལམ་འདྲ་མིན་གྱི་སྟེང་ནས་ང་ཚོར་འབྲེལ་བ་བྱས་ཏེ་ན་ཚ་སེལ་ཐབས་བྱ་རྒྱུའི་རེ་བ་དང་འབོད་སྐུལ་ཡང་གནང་བྱུང་བར་མ་ཟད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་ ༡༠ ནས་ ༡༢ བར་གྱི་སློབ་མ་ཚོས་ཀྱང་སྦྱར་རྩི་དང་ས་སྣུམ་སོགས་སྤྱོད་ཀྱིན་པའི་རིགས་མང་པོ་ཡོང་གི་ཡོད་སྟབས། དེར་ཡོད་དགེ་རྒན་དང་ཕ་མ་ཡོངས་ཀྱིས་དེའི་ཐད་ལ་དོ་སྣང་དང་འགོག་ཐབས་བྱ་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་བྱུང་།

ཀུན་ཕན་ཞེས་པའི་ཚོགས་པ་འདི་ནི། ༢༠༠༠ ལོའི་ཕྱི་ཟླ་ ༡༢ པའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྨྱོ་རྫས་རིགས་སྤྱོད་མཁན་ལ་དམིགས་ཏེ་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། དེ་དང་འབྲེལ་ཚོགས་པ་འདིས་རེག་དུག་ན་ཚ་ཡོད་མཁན་རིགས་ལའང་རོགས་སྐྱོར་བྱེད་ཀྱིན་ཡོད་པ་རེད། ད་ལྟའི་ཆར་སྨྱོ་རྫས་སྤྱོད་མཁན་མི་ ༡༢༠ ལྷག་ལ་རོགས་སྐྱོར་བྱས་ཡོད་འདུག  མ་འོངས་པར་ལས་ཁུངས་འདི་གཞི་རྒྱ་ཆེ་རུ་བཏང་སྟེ་སྤྱི་ཚོགས་ནང་བོད་པ་རང་གིས་ཐ་མ་ནག་པོ་སྤྱོད་མཁན་རིགས་ལ་ལྟ་རྟོག་དང་སྨན་བཅོས་བྱ་རྒྱུའི་དམིགས་ཡུལ་དང་ལས་འཆར་སྒྲིག་གིན་ཡོད་འདུག

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 9

  1. སྣེ་མོ་བསྟན་དར། says:
    ལོ་ 16 སྔོན།

    གཞོན་སྐྱེས་མང་པོ་ཞིག་སློབ་གྲྭ་ཐོན་ནས་ལས་ཀ་མ་རག་པར་སྟེན་སྡུག་མཛད་བེད་སྤྱོད་བྱེད་བཞིན་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཀུན་ཕན་ཚོགས་པར་རྒྱབ་སྐྱོར་དང་བསྔགས་བརྗོད། རྗེས་སུ་ཡི་རང་ཡོད།

    Reply
  3. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    དུས་བབས་གསར་ཁང་གིས་མུ་མཐུད་འདི་དྲའི་ཐོག་གནས་ཚུལ་རྒྱུས་ལོན་དང་མཁོ་སྤྲོད་གནང་ན་སྤྱི་ཚོགས་ལ་ཕན་པ་ཆེ།

    Reply
  4. ན་གཞོན། says:
    ལོ་ 16 སྔོན།

    ངས་བསམ་པ་ལ་དུས་བབ་ཀྱོ་་རྐྱོན་མཐོང་མི་འདུག་་་་་་་་་་་་་དེ་དོ་བདག་སོ་སོར་ལ་རག་ལུས་ཡོད་པ་རེད་་་་་་་་་་་་་་་་་་་་་་་་་་་་་་ངས་སྔོན་མ་རྒྱར་གྱི་གློག་བརྙན་༼positive and negativ༽་ཞེས་པ་དེ་སྨོ་རྫས་བེད་སྤྱོད་བྱས་ནས་མི་ནད་པའི་སྐོར་ལ་རེད་འདུག་་་་་་་་་
    དེ་ནང་ལ་གཞོན་པ་གཉིས་སྨྱོ་རྫས་བཟས་ནས་བཀའ་ངལ་བྱུང་བ་སོགས་འདུག་་་ཕྱི་སུ་གཞོན་པ་གཅིག་ཁོ་རང་གི་བསམ་བློ་ཡར་རྒྱས་བཏང་ནས་ནད་ལས་ཐར་བ་བྱུང་བའི་སྐོར་ལ་རིད་འདུག་་་་་་་་་་་་་་་་་་་་་་་་་་་་་་་དེ་ཡིན་དུས་སོ་སོའི་བསམ་བློ་ལ་རག་ལས་པ་རེད་་་་་་་་་་་་་་་་་་་་་་་་་་

    Reply
  5. བྱ་གཞུང་འཇམ་དབྱངས། says:
    ལོ་ 16 སྔོན།

    དོན་གོ་ངོ་མས་ངར་གི་
    སྤྱིར་བཏང་ནས་བཤད་ན་གནོད་སྐྱོན་དང་ཕམ་ཉེས་ཐེར་འདོད་མེད་ན་ཡར་རྒྱས་དང་གོང་འཕེལ་གྱི་་ཐེམ་སྐས་གསར་བའི་གོ་སྐབས་མེད་ཅེས་བཤད་པ་ལྟར།
    ལྷག་པར་དུ་ན་གཞོན་ཚོའི་རུལ་སུངས་དེ་དག་ཐེར་འདོན་བྱེད་རྒྱུ་གལ་གནད་དུ་མཐོང་།

    Reply
  6. བྱ་གཞུང་འཇམ་དབྱངས། says:
    ལོ་ 16 སྔོན།

    ངས་ཀྱང་ཁ་སྔོན་བོད་རིགས་སློབ་ཕྲུག་མང་པོ་ཞིག་གིས་ཐ་མ་ནག་པོའམ་སྨྱོ་རྫས་སྤྱད་པའི་རྟགས་མཚན་གསལ་བོ་ཞིག་མཐོང་སོང་།
    སྦེལ་ཀོལ་བོད་ཁྱིམ་སློབ་གྲྭ་ཉེ་འགྲམ་དུ་འགྱིག་གསུབ་སྟོང་བ་ཕལ་ཆེར་སྒམ་གང་འདྲ་ཞིག་འདུག
    ངས་དང་པོ་གང་ཡིན་ནམ་མ་ཤེས་སློབ་མ་ཚོས་ཡིག་འབྲི་སྐབས་བེད་སྤྱད་བཏང་བ་ཡིན་རྒྱུ་རེད་དྲན་སོང་།
    རྗེས་སུ་སློབ་མ་ཅིག་གིས་བཤད་ན་དེ་མ་རེད་སློབ་མ་ཚོས་ཐ་མ་ནག་པོའི་ཚབ་ལ་འགྱིག་གསུབ་བེད་སྤྱད་ཀྱིན་ཡོད་པ་རེད་ཟེར།
    བློ་ཕམ་དང་འགྱོད་སེམས་ཞིག་གི་ངང་ནས་སློབ་གྲྭའི་རྒན་བདག་དང་དགེ་རྒན་དག་ལ་སྡིག་དམོད་བཏང་རྒྱུ་ལས་གཞན་མ་མཆི

    Reply
  7. ཨ་མའི་བུ། says:
    ལོ་ 16 སྔོན།

    ཡར་རྒྱས་མེད་པའི་དུས་བབ་ཀྱི་གསར་འགོད་པ།

    དེ་རིང་གུས་པོར་བསམ་ཚུལ་ཡང་དག་ཅིག་ཞུ་རྒྱུ་ཡོད། བསམ་ཚུལ་འདི་སྔོན་མ་ནས་བཤད་འདོད་ཀྱང་། གློག་ཀླད་ལ་བོད་ཡིག་མ་འཆར་བས་དེ་རིང་བར་དུ་ལུས་སོང་བ་རེད། ང་ནི་བོད་ཡིག་གི་ཚགས་ཤོག་དང་དྲ་རྒྱའི་མིང་ཐོག་ཚད་ཚང་མ་ཀློག་མཁན་ཞིག་ཡིན། ངས་བོད་ཀྱི་དུས་བབ་དང་བང་ཆེན། སྤྱི་ཚོགས་མེ་ལོང་སོགས་ཚང་མ་མངགས་ཡོད་ལ། འདི་དག་རེ་རེ་བཞིན་འབྱོར་མཚམས་གསལ་བསྒྲགས་ཚུན་ཆད་ཀྱང་མ་བཞག་པར་ཀློག་གི་ཡོད། ད་རེའི་རྩོམ་ཡིག་འདི་ངས་གོང་སྨྲས་ཚགས་ཤོག་གསུམ་གྱི་འདོན་ཐེངས་རེ་རེ་ཀློག་ནས་ཡིག་ནོར་གྱི་བསྡུར་གྲངས་ཤིག་ཡིན། འདིས་རྩོམ་སྒྲིག་པ་དང་གསར་འགོད་པ་སོ་སོར་ཕན་པར་བསམ་ནས་དེ་རིང་བཏང་བ་ཡིན།
    ངས་བསྡུར་བའི་དུས་བབ་འདོན་ཐེངས་དེའི་སྟེང་དུ་ཡིག་ནོར་བརྒྱ་དང་ཞེ་དྲུག ༼༡༤༦༽དོགས་གནས་ང་གཉིས་༼༥༢༽བཅས་འདུག་ལ། བང་ཆེན་འདོན་ཐེངས་དེར་ཡིག་ནོར་གོ་བརྒྱད༼༩༨༽དོགས་གནས་སོ་དགུ༼༣༩༽སྤྱི་ཚོགས་མེ་ལོང་འདོན་ཐེངས་དེར་ཡིག་ནོར་དྲུག་ཅུ་༼༦༠༽དོགས་གནས་བཅུ་བདུན་བཅས་འདུག དེ་ནས་བཟུང་ངས་ཚགས་ཤོག་དེ་དག་ནམ་ཀློག་གི་དུས་སུ། ལག་ལ་སྨྱུ་གུ་དམར་བོ་ཞིག་བཟུང་ནས་ཀློག་གི་ཡོད་ལ། ཡིག་ནོར་རེར་ཐུག་དུས་དམར་རྟགས་རྒྱག་གི་ཡོད། དེའི་སྟབས་ཀྱིས་འདོན་རེ་རེ་བྱས་ནས་དམར་རྟགས་བརྒྱབ་འོང་སྐབས། བོད་ཀྱི་དུས་བབ་ནི་ཡིག་ནོར་མང་ཤོས་ཀྱི་ཚགས་ཤོག་དེ་ཆགས་ཀྱི་འདུག

    ཉེ་སྔོན་ཞིག་ནས་དུས་བབ་ཀྱིས་གསར་འགྱུར་ཚང་མའི་མཇུག་ཏུ་འགོད་པ་པོའི་མིང་རྒྱག་གི་འདུག་ལ། དུས་དེ་ནས་ཡིག་ནོར་གྱི་གྲངས་ཏོག་ཙམ་ཇེ་ཉུང་དུ་ཕྱིན་སོང་། ཡིན་ནའང་དུས་བབ་ཀྱི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གྱིས་སྤེལ་བའི་གསར་འགྱུར་རྩོམ་ཡིག་དག་ལ་དག་ཆ་དང་ནང་དོན། ཚིག་སྦྱོར་སོགས་ཀྱིས་འགྲན་དོ་ཟླ་ཞིག་མེད་པ་ནི་ངས་འདི་ནས་བརྗོད་དགོས་པ་ཞིག་མ་རེད། འོན་ཀྱང་དུས་བབ་ཀྱི་གསར་འགོད་པ་དོན་བཀྲ་དང་ཨ་རིག་གཉིས་ཀྱིས་སྤེལ་བའི་གསར་འགྱུར་རྩོམ་ཡིག་དག་ལ་ཡིག་ནོར་གྱིས་འགྲན་བསྡུར་ལྟ་བུ་ཞིག་བྱེད་ཀྱི་འདུག དེ་གཉིས་ལས་དོན་བཀྲའི་ཚིག་སྦྱོར་ལ་ལྗིད་ཁོག་ཅུང་ཟད་ཡོད་པར་མཐོང་། གང་ལྟར་ལོ་ངོ་གསུམ་ནས་བཞི་འགོར་བའི་གསར་འགོད་པ་འདི་དག་ལ་ཡར་རྒྱས་ཤིག་ཁྱོན་ནས་མི་འདུག འདི་ནི་ཕན་སེམས་ཀྱི་སྐད་ཆ་རང་ཡིན།

    དེ་རིང་འདིར་དུས་བབ་རང་གི་ཐོག་ནས་བཤད་ཀྱི་ཡོད་སྟབས། བོད་ཀྱི་དུས་བབ་ཁོ་ནའི་སྟེང་ལ་མཛུབ་མོ་འཛུགས་པར་འབད་ཁུལ་བྱས་ན། ལོ་ངོ་བཅུ་གྲངས་ཀྱི་ལོ་རྒྱུས་ལས་མེད་པའི་བོད་ཀྱི་དུས་བབ་ལ་མཚོན་ན། དགུང་གྲངས་ཀྱི་བབ་དང་བསྡུར་ན་བྱས་རྗེས་ཆེ་ཤོས་ཀྱི་ཚགས་ཤོག་ཅིག་ཆགས་ཡོད། འདིས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་བཀོལ་སྤྱོད་དང་འབྲི་ཀློག རྒྱལ་སྤྱིའི་གནས་ཚུལ་དང་ལོ་རྒྱུས། ཐ་ན་གནས་སྐབས་གནས་སྐབས་ཀྱི་གསལ་བསྒྲགས་ཚུན་ཆད་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་པ་ནི་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སུ་འགོད་འོས་པའི་བྱས་རྗེས་རེད། ཡིན་ནའང་བར་སྐབས་ཤིག་ནས་ཕྱོགས་སོ་སོ་ནས་གསར་འགྱུར་གྱི་ཚགས་ཤོག་ཇེ་མང་དུ་སོང་བའི་སྐབས་འདིར་བོད་ཀྱི་དུས་བབ་ཀྱི་རྣམ་པ་དང་དག་ཆ། ཚིག་སྦྱོར་སོགས་ཀྱི་ཐད་ནས་ཇེ་སྡུག་ནས་ཇེ་སྡུག་འགྲོ་བཞིན་ཡོད་པ་སྔ་མ་དག་དང་བསྡུར་ན་ཤེས་ཐུབ། དེའི་འབྱུང་རྩ་གཙོ་བོ་ནི་སྔ་མའི་གསར་འགོད་པ་དག་དང་ད་ལྟའི་གསར་འགོད་པའི་བར་གྱི་ཧེ་བག་ལ་རག་ལས་ཡོད།

    ང་ཚོ་ལ་བོད་ཀྱི་དུས་བབ་འདི་ཡོད་པས་དགའ་བར་འོས་ཏེ། འདིས་ནི་བོད་ཕྱི་ནང་གི་གནས་ཚུལ་ཚང་མ་ཁྱེད་ཀྱི་སྒོ་འགྲམ་དུ་བསྐྱལ་འོང་བ་ཡིན། ང་ཚོ་ལ་བོད་ཀྱི་དུས་བབ་འདི་ཡོད་པས་དགའ་བར་འོས་ཏེ། འདིས་ནི་ཁྱེད་ལ་བོད་ཡིག་དང་བོད་སྐད་རྣལ་མ་ཞིག་བཤད་ནས་འཛམ་གླིང་གི་གསར་འགྱུར་མཁོ་བྱེད་ཀྱིན་ཡོད།

    གང་ལྟར་བརྒྱ་བཤད་ཚིག་གི་རྩ་བ་ནི་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དག་གིས་ཉི་མ་གང་འཁྱོལ་གྱི་གསར་འགྱུར་འབྲི་སྤེལ་མི་གནང་རྒྱུའི་རེ་སྐུལ་ཞུས་པ་ཡིན། གལ་སྲིད་དེ་འདྲ་འབྲི་བའི་དབང་དུ་བཏང་ཡང་ཡིག་ནོར་ལ་གཟབ་ཙམ་གནང་འོས། ངས་གོང་དུ་བསྡུར་བའི་ཡིག་ནོར་གྱི་ཁ་གྲངས་དེར་མི་རློམ་ན་རང་ཉིད་ཀྱིས་ཐེངས་གཅིག་ལྟ་རོགས། ཡིན་ནའང་ངས་ཚགས་ཤོག་དེ་དག་གི་འདོན་ཐེངས་མ་སྨྲས་པ་དེ་སྤྱི་ཡོངས་ཀྱི་ཆ་ནས་དུས་བབ་འདི་སྡུག་ཤོས་ཤིག་ཆགས་ཀྱི་ཡོད་སྟབས་ཡིན། འདི་ནི་ཁྱེད་རྩོམ་སྒྲིག་པ་དག་ལ་ཟུར་ཟ་དང་དམའ་འབེབས་བྱས་པ་མ་ཡིན་པར་མི་ཞིག་གི་ཟིན་ཐོ་ཡི་གེར་ཕབ་པ་དེའོ།།

    རྩོམ་སྒྲིག་པ་གསར་འགོད་པ་སུ་ཡིན་ལ་ཞུ་རྒྱུར། ངའི་བསམ་ཚུལ་རྩོམ་ཡིག་འདི་ངེས་པར་དུས་བབ་དྲ་བའི་མདུན་ཕྱོགས་ཀྱི་བསམ་ཚུལ་འགོད་སར་འཇོག་རོགས། འདི་བརྒྱུད་ནས་དྲ་གྲོགས་རྣམས་ལའང་བསམ་ཚུལ་ཅི་ཡོད་ཤེས་འདོད་པས་ཡིན། ཐུགས་རྗེ་ཆེ། ཞེས་ཨ་མའི་བུ་ནས་རྒྱ་མཚོའི་ཕ་རོལ་ནས་ཤར་མར་བྲིས་སོ།།

    Reply
  8. ན་གཞོན། says:
    ལོ་ 16 སྔོན།

    བོད་པའི་གཞོན་པ་མང་པོ་ནུབ་ཕྱོགས་རྒྱལ་ཁབ་ལ་དར་སྲོལ་བེད་སྤྱོད་བྱས་ནས་དོ་བདག་སོ་སོར་ཕན་ཐོགས་མེད་པ་བཟོས་པ་དང་སོ་སོར་བཀའ་ངལ་སྤྲད་ཀྱིན་འདུག་་་་་་་སྨོ་རྫས་བེད་སྤྱོད་གཏོང་མཁན་རྣམས་གླེན་པའམ་བསམ་བློ་གཏོང་མ་གཏང་མ་ཤེས་པ་ཤ་ཏག་རེད་་་་་་་་་་་་་་་་་་་་་་དེ་ལ་གཞན་གྱི་རོགས་པ་ག་ཚོད་བྱས་ཀྱང་ཕན་པ་ཡོད་པ་མ་རེད་་་་་་་་་་་་་་་་་་གང་ལ་ཞུས་ན་སོ་སོར་བསམ་བློ་སོ་སོའི་བཅུན་པ་མ་ཏོགས་ཐབས་ཤེས་ཡོད་པ་མ་རེད་་་་་་་་་་་་་་་་་་་དེ་འདྲ་ཡིན་དུ་ངས་སྙིང་ནས་རྩེ་བའི་ན་གཞོན་རྣམས་པ་བསམ་བློ་ཡག་པོ་ཞིག་གཏང་རོགས་གནང་ངན་རེ་མདུན་ཡིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  9. ཨ་མའི་བུ། says:
    ལོ་ 16 སྔོན།

    སྨྱོ་རྫས་སྤྱོད་མཁན་དག་ལ་གཟབ་གཟབ་མ་བྱས་ན། རྗེས་མར་མང་དུ་སོང་དུས་ཚར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese