མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རི་སྒྲོལ་མ། “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན”

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན་ཟེར།

དེ་རིང་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མོ་རང་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་ཁོང་མོས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་བཅུ་བཞི་བའི་སྐོར་ལ་ལས་རིམ་ཞིག་འགྲོ་བསྡད་ཡོད་པ་རེད། དུས་ཚོད་འདི་དང་བསྟུན་ཏེ། ངས་ང་རང་སྒེར་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདོད་བྱུང་སོང་། ཕྱི་ལོ་ ༡༩༩༡ ལོར་ང་རང་ཐོག་མར་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་བྱས་ཏེ། སྐབས་བཅུ་གཅིག་པ་ནས་ད་བར་བསྟུད་མུར་ཐེངས་བཞིོའི་རིང་སྤྱི་འཐུས་ལྷན་ཚོགས་ནང་འགན་འཁུར་མུས་རེད། འོན་ཀྱང་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མིའི་ནང་མི་འདུག་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན། ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཡོང་ཁུངས་ག་འདྲ་ཞིག་ཡིན་རུང་། སྤྱི་འཐུས་ལྷན་ཚོགས་སུ་དམ་བཅའ་ཕུལ་བའི་རྗེས་ལ་སྤྱི་མི་ཞིག་གི་ངོས་ནས་ཕྱག་ལས་གནང་བསྡད་ཡོད། ལྷག་པར་དུ་ང་རང་ལ་མཚོན་ན་ཚོགས་གཙོ་གཞོན་པའི་ལས་ཀ་ལོ་བརྒྱད་བྱས་པའི་རིང་ལ། སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན།

 

ད་ཆར་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་སྟེ། སོ་སོར་མཚོན་ན། ༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག བཙན་བྱོལ་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་ནག་གིས་ཐད་ཀར་མནར་གཅོད་གཏོང་སར་སླེབས་ཡོད་པ་མ་རེད། འོན་ཀྱང་སློབ་གྲྭ་རིམ་པའི་སྐབས་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་ལས་ཀ་བྱས་སྐབས་གང་འདྲ་ཞིག་ཡིན་རུང་། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཐོབ་ཐང་ཐད་ཀར་དགོས་ཀྱི་འདུག་ཟེར་མ་མྱོང་ལ། བུད་མེད་ཅིག་ཡིན་པར་ཐུབ་ཚོད་གཏོང་མཁན་ཡང་བྱུང་མ་མྱོང་། འོན་ཀྱང་། རང་བཞིན་གྱིས་རང་ཉིད་བུད་མེད་ཅིག་ཡིན་སྟབས་མདུན་དུ་འཐོན་རྒྱུར་དཀའ་ངལ་ཕྲན་བུ་ཡོད་པ་འདྲ། ད་བར་མདུན་དུ་བུད་དེ་གསལ་བསྒྲགས་བྱ་མ་ཐུབ་པ་ཡང་གནས་སྟངས་དེའི་དབང་གིས་བྱུང་བ་རེད་བསམ་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ལམ་སྟོན་བཟང་པོའི་འོག་ཕོ་མོ་འདྲ་མཉམ་ཡོད། གོ་སྐབས་དེ་ལེན་པའི་ཆེད་དུ་བུད་མེད་མདུན་དུ་འཐོན་དགོས་པ་གལ་ཆེན་པོ་རེད། ང་རང་ལོ་ ༡༤ ཙམ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་ང་བུད་མེད་ཅིག་མིན་ན། ཐག་གཅོད་དེ་དུས་ཚོད་འདིའི་སྔོན་ལ་བྱས་ཐུབ་ཡོད་རྒྱུ་རེད་དྲན་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་དེ་བོད་མིའི་ལྷ་དང་ཆོས་སྐྱོང་སྲུང་མ་གཙོས་པའི་བོད་མི་དམངས་ཀྱིས་ང་ལ་གོ་སྐབས་གནང་བ་ཡིན་ན། ལས་འགན་དེ་ང་རང་ལ་འཁུར་རྒྱུའི་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་ངས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་སྙིང་དོན་ཡིན། ཞེས་གསུངས་སོང་།

 

དེའི་རྗེས་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ཅིང་། གསར་འགོད་པས་ཁོང་མོར། ཁྱེད་རང་བཀའ་བློན་ཁྲི་པར་བཞེངས་འདོད་ཚེ་དམིགས་བསལ་གྱི་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་ཏེ་ལོ་བཅུ་འགྲོ་བཞིན་ཡོད། ཁོང་བཀའ་ཁྲིར་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཏེ་གཏན་འབེབས་བྱས་ཡོད། ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་སླར་གསོ་བྱུང་བ་རེད། དེ་བཞིན་བཙན་བྱོལ་གཞུང་གི་དགོས་འདུན་ཡིག་ཐོག་ལ་ཕབ་པ་དང་། དེ་ལ་འགྲེལ་བརྗོད་བཅས་ཡིག་ཐོག་ནས་རྒྱ་ནག་ལ་སྤྲོད་ཐུབ་པ་དེ་བཟང་ཕྱོགས་ཤིག་རེད། སྲིད་བྱུས་གཞན་གང་ལའང་འགྱུར་བ་ཕྱིན་ཡོད་པ་མ་རེད། ང་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་གོང་ནས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་ནང་ཡོད་མཁན་ཞིག་ཡིན། དེ་བཞིན་སྲིད་བྱུས་དེ་གྲོས་ཚོགས་ནང་དངོས་སུ་གཏན་འབེབས་བྱེད་སྐབས་ཀྱང་མགོ་རྔ་ཚང་མར་འབྲེལ་བ་ཡོད་མཁན་ཞིག་ཡིན། ང་རང་གི་བསམ་པར་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་། དུས་དང་དགོས་མཁོར་བསྟུན་ཏེ། འགྱུར་བ་འགྲོ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་འགྱུར་བ་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་ཆར་ང་ལ་དབུ་མའི་ལམ་དང་གཞུང་གི་སྲིད་བྱུས་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་། བཀའ་བློན་ཁྲི་པའི་འགན་འཁུར་མཁན་གྱི་གང་ཟག་ལ་འགྱུར་བ་ཕྱིན་ན། སྲིད་བྱུས་ལ་འགྱུར་བ་མེད་ཀྱང་ཕྱག་ལས་གནང་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། ཅེས་གསུངས་སོང་།

 

གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་ཚེ་ལས་དོན་གང་དག་ལ་ནུས་པ་ཐོན་རྒྱུ་རེད་དྲན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་མོས། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དེ་ཕྱོགས་གཅིག་རེད། དེ་བས་གལ་ཆེ་བ་དེ་རྟོག་ཞིབ་རེད། ང་ལ་མཚོན་ན་ལོ་བཅུ་དགུ་ལྷག་རིང་གཞུང་གི་ཕྱག་ལས་གནང་ཕྱོགས་དང་ས་གནས་ཁག་གི་གནས་སྟངས་ལ་རྟོག་ཞིབ་བྱས་པ་རེད། རང་ཉིད་ཀྱིས་ནུས་པ་འདོན་ཐུབ་ས་རེད་བསམ་ས་མང་པོ་ཞིག་འདུག བཀའ་ཁྲི་གསར་པ་སླེབས་པ་ཙམ་གྱིས་གཞུང་གི་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་གི་མ་རེད་དེ། སྲིད་བྱུས་གསར་པ་ཡོང་ཆོག་གི་རེད། དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།

ཁོང་མོས་མུ་མཐུད་དོན། བཀའ་ཤག་དེ་བཀའ་བློན་ཁྲི་པའི་བཀའ་ཤག་ཡིན་ཡང་། མཉམ་འདུས་ཀྱི་འགན་ཡོད་པའི་བཀའ་ཤག་ཅིག་ངེས་པར་དུ་ཆགས་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། ང་ཚོར་ཡོད་པ་དེ་མིའི་ནུས་པ་རེད། མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་གཙོ་བོ་བོད་ནང་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་གི་སློབ་གྲྭ་ཙམ་མ་ཡིན་པར་དགོན་སྡེ་ཁག་ཀྱང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་བཀའ་བློན་ཁྲི་པ་ཆགས་ཚེ་གནད་དོན་འདི་དག་གལ་ཆེན་དུ་རྩི་བཞིན་ཡོད། ཅེས་གསུངས་སོང་།

 

མཐར་ཁོང་མོས་བོད་རང་བཙན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་སྐོར་གསུངས་དོན། ང་ཚོའི་རྩ་དོན་མྱུར་དུ་འགྲུབ་ཐུབ་པའི་ཐད། དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པའི་ཐོག་ལ། ང་ཚོ་རང་གིས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་འདུག་ཟེར་ན། དབུ་མའི་ལམ་ལ་ཡིད་ཆེས་བྱེད་པ་གཅིག་པུའི་དོན་མ་རེད་བོད་མི་ས་ཡ་དྲུག་གི་ཆེད་རེད། རང་བཙན་བཤད་མཁན་ཡང་མི་གཅིག་དང་ཚོགས་པ་གཅིག་གི་དོན་མ་རེད། ང་ལ་མཚོན་ན་ས་མཚམས་དང་དབྱེ་བ་ཞེ་དྲག་བཀར་རྒྱུའི་འདོད་པ་མེད། ང་ཚོར་ཡོད་བཞིན་པའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་དགོས་བྱུང་ན། མ་འོངས་པའི་མི་རབས་ཚོར་མ་རྩ་ཞིག་ལྷག་དགོས་པ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བཙན་བྱོལ་གཞུང་འདི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་སླར་ཡང་འགྲོ་དགོས་དང་མི་དགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། རྒྱ་བལ་འབྲུག་གསུམ་བོད་མི་མང་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ཡུན་རུང་ལྷག་དགོས་བྱུང་ན། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦
Advertisement for App

འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༥/༠༥/༡༦
The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས།

༢༠༢༥/༠༥/༡༥
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

༢༠༢༥/༠༥/༡༥

མཆན། 174

  1. ཐུབ་བསྟན། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་བཀྲ་ཤིས་བདེ་ལེགས་གང་མང་ཞུ།

    དྲང་བདེན་ལ་དགའ་བའི་དྲ་གྲོགས་ཚོས་ཞིབ་གཟིགས་གནང་དང།
    རྒྱ་རི་ཚང་ནི་ཐོག་མཐའ་བར་གསུམ་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་ཇི་གསུང་བཀའ་སྒྲུབ་ཞུ་མཁན་བོད་མི་རིགས་ཀྱི་རྩ་དོན་གཙོ་བོར་འཛིན་མཁན་ཚང་ཞིག་ཡིན་པ་དང། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ཀྱང་དེ་བཞིན་རེད། ད་དུང་ཁོང་གི་ཤེས་ཡོན་དང། ལྷག་བསམ་དང། འཇོན་ཐང་གང་ཐད་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་རྩེ་ཕུད་དེ་ཆགས་ཡོད། ད་ལྟའི་དུས་ཚོད་འདིར་ང་ཚོར་བུད་མེད་བཀའ་བློན་ཁྲི་བ་ཞིག་ལངས་མཁན་བྱུང་ན་དེ་ནི་ང་ཚོར་ཧ་ཅང་གིས་དགོས་མཁོ་ཆེ་ཤོས་ཤིག་ཆགས་ཡོད། ཁོང་ལ་ནུས་སྟོབས་ངེས་ཅན་ཞིག་ཡོད་པ་ནི། དཔེར་ན་ཉིན་ཤས་སྔོན་རང་ལ་རྒྱ་གར་གྱི་ཨིན་ཊའི་ཀྲི་བིས་ནས་སྒྲོལ་མ་རྒྱ་རི་ད་ལྟ་བོད་ཀྱི་གྲོས་ཚོགས་ཀྱི་ཚོགས་གཞོན་རེད། ད་ལྟ་ནས་ཁོང་ཕྱི་ལོ་༢༠༡༡ལོའི་བོད་ཀྱི་སྲིད་བློན་གྱི་འོས་གཞིར་བཞེང་གིན་ཡོད་པ་རེད།ཅེས་ཁྱབ་བསྒྲགས་བྱས་པར་གཟིགས་དང། བློ་སེང་དང། བཀྲས་མཐོང་སོགས་རྒྱལ་ཁབ་སུ་ཞིག་གིས་ཁྱབ་བསྒྲགས་བྱེད་ཀྱིན་འདུག ང་ཚོའི་སྤྱི་ཡོངས་ནས་ལྟ་དགོས་པ་རེད། ཐབས་སྐྱོ་ཤོས་ཤིག་ནི་ང་ཚོས་དྲ་གྲོགས་གང་མང་ཞིག་གིས་ང་རང་ཚོའི་རླབས་ཆེན་མི་སྣའི་རྐང་པ་ནས་མར་འཐེན་ཐབས་བྱེད་བཞིན་པ་འདི་རེད། དེས་ང་ཚོར་ག་རེ་ཕན་ཐོགས་ཡོད་དམ། ལྷག་པར་དྲ་གྲོགས་འགའ་རེས་ལྐུགས་པའི་ཞེན་ཁོག་སྙིང་ལ་བཅང་ནས་སྐད་ཆ་བཤད་ཡོང་གིན་འདུག དཔེར་ན་ཚོགས་གཞོན་མཆོག་གིས་ཆུ་སྒང་རྙིང་པ་ཟེར་བར་རྒྱབ་སྐྱོར་མ་བྱས་རབས་སོགས་སྐྱོན་བརྗོད་བྱེད་བཞིན་པ་རེད། ཚོགས་གཞོན་གྱིས་ཆུ་སྒང་རྙིང་པ་ཟེར་བར་རྒྱབ་སྐྱོར་བྱས་ཡོད་མེད་ངས་མ་ཤེས།

    འོན་ཀྱང་རྒྱབ་སྐྱོར་བྱས་མེད་ན་དེར་ང་ཚོས་ཚོགས་གཞོན་རྒྱ་སྒྲོལ་ལ་ཐུགས་རྗེ་ཆེ་ཞུ་ངེས་ཡིན།

    མདོ་སྟོད་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་མཁན་དེ་རྒྱ་རི་ཚང་དང། རྒྱ་རི་སྒྲོལ་མ་དང། རྡ་རམ་ས་ལའི་ཆུ་སྒང་གསར་བ་སོགས་མིན་པར་དེ་ནི་དྷི་ལིའི་ཆུ་སྒང་རྙིང་པ་ཟེར་བ་དེ་ཚོ་ཡིན་པ་ང་ཚོ་རྒྱ་ཆེས་མང་ཚོགས་ཀྱིས་ཤེས་ཀྱིན་ཡོད།
    རྒྱུ་མཚན་ནི་ཆུ་སྒང་རྙིང་པར་ཚོགས་གཙོ་བོན་སྤྱི་གཡུང་གྲུང་རྒྱལ་མཚན་དང། སྤྱི་འཐུས་བླ་མ་སྟུ་རྒྱན་སྟོབས་རྒྱལ་དང། སྨྲ་ཁམས་བསོད་ཟད་སྟོབས་རྒྱལ་དང། འཇུ་ཆེན་རྐུ་མཆོག་ཆོས་སྒྲོན།
    དབུས་གཙང་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆུ་འཕེལ། ཁམས་པ་དག་མ་མགོ་ལོག་གསེར་རྟ་ཚུལ་ཁྲིམས་སོགས་གྲོས་ཚོགས་ནང་གང་ཡང་རྩི་དགོས་པར་གཞུང་མང་ལ་ངོ་ལོག་བརྒྱབ་ཏེ། ཕྱི་ལ་ཐོན་འགྲོ་མཁན་སྟག་གཟིག་འདྲ་བའི་རང་དོན་ཁོ་ན་ལས་ཅི་ཡང་མི་སེམས་པའི་སྐུ་ངོས་སྤྱི་འཐུས་གང་མང་འདུག་པས་ཚོགས་གཞོན་ཁྱེད་ཀྱིས་དེ་ཚོར་མཉམ་འབྲེལ་བྱས་ན་མདོ་སྟོད་མི་མང་གི་ཞབས་འདྲེན་མིན་ན་གང་ཡིན།

    བོད་མིའི་ཞབས་འདྲེན་མིན་ན་གང་ཡིན།

    ཡང་འགའ་རེས་ཚོགས་གཞོན་ཉེ་སྔོན་ལྷོ་ཕྱོགས་སེ་རར་སོང་ནས་ཏྲེ་ཧོར་ཁང་ཚན་ལ་དངུལ་སྤྲད་ནས་བླ་རྒན་ཚོ་དངུལ་གྱིས་ཉོས་ཚར་འདུག་ཟེར། སེར་བྱེས་ཏྲེ་ཧོར་ཁང་ཚན་ནི་གོང་གསལ་རྒྱ་རི་ཚང་དང་གཅིག་མཚུངས་༧གོང་ས་མཆོག་དང། དཔལ་ལྡན་རང་གཞུང་གི་བཀའ་བརྩི་དང་ལེན་བྱེད་མཁན་ཞིག་ཡིན་པ་དང། ཕྱི་ལོ་༢༠༠༨ལོའི་ཏྲེ་ཧོར་ས་ཁུལ་གྱི་ས་བྱི་ཞི་རྒོལ་ཆེན་མོའི་གནས་ཚུལ་ལ་ལྟོས་དང། ཁོང་ཚོ་དངུལ་གྱིས་ཉོ་ཆོག་ཆོག་ཅིག་འདུག་གམ། དེའི་ཕྱིར་མདོ་སྟོད་ཁོངས་གཏོགས་ཀྱི་ལང་ཕྱོགས་གཙང་ཞིང། ལྷག་བསམ་རྒྱལ་ཞེན་ཆེ་བ་ཁོང་ཚོའི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱུང་བ་དེར་རྒྱ་མིའི་རྒྱུགས་ཁྱི་འགའ་རེས་མིག་ག་ཚོད་ཚ་ནའང་སྡུག་གྱོང་ལས་ཅི་ཡོད།

    དེ་མཚུངས་གདན་ས་ཆེན་པོའི་དགེ་འདུན་མང་ལ་དམའ་འབེབས་མ་བྱས་ན་ལགས། གལ་སྲིད་ཁུངས་ལུང་རྒྱུ་མཚན་ཡོད་ན་འདི་དང་འདི་རེད་ཅེས་ཐེར་འདོན་དགོས་ངེས་རེད་ལ་དེ་ལྟར་གྱིས་ཤིག་དང། ང་ཚོས་རྒྱབ་སྐྱོར་དང་དགའ་བསུ་ཡོད་ངེས་ཡིན།

    གཞན་དུ་བོད་མིའི་རྩ་དོན་ལ་གནོད་པའི་ལས་མ་རྩོམས་ཤིག

    Reply
  2. འདན་མ says:
    ལོ་ 15 སྔོན།

    གཡུང་དྲུང་ནོར་བུ་ལགས་ནས་བཤད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཏུ་མཐོང་སོང་བས་དེ་རིང་ངས་དྲྭ་རྒྱ་འདིར་བཀོད་པ་ཡིན། ཉེ་ཆར་ཡང་ཀུན་གླེང་ནང་དུ་གསལ་པོ་བསྟན་སོང་བས་བོད་མི་དམངས་ཡོངས་ཀྱིས་ཁོ་པའི་བཟོ་ལྟ་ལོས་ཤེས།
    རང་རེ་སྤྱི་ཚོགས་ནང་དུ་བཀའ་སྤྱི་གཉིས་ཀྱི་འོས་འཕེན་ཉེ་བའི་དུས་སྐབས་འདིར་བོད་མི་འདུ་འཛོམས་ཁྲོད་རྒྱུ་མཚན་གང་ཡང་མི་ཤེས་པ་རི་བོང་ཅལ་འདྲོག་ཁོ་ན་ལས། བློ་གཟུ་བོར་གནས་ཤིང་རྒྱུ་མཚན་ལྡན་པའི་ཐོག་བོད་གཞུང་དམངས་ལ་ཕན་པའི་བཀའ་སྤྱིའི་འོས་མི་མི་འཚོལ་བར་ཆོལ་ཁ་དང་ལུང་ཚན་བྱེ་བྲག་པ་ཞིག་བཟུང་ཏེ་རང་ཕྱོགས་དང་ཉེ་བའི་གང་ཟག་ཞིག་མ་རྙེད་པར། ཐབས་ཤེས་ཡོད་དགུ་རྩལ་ཏེ་སྤྱི་ཆོས་གསེར་གྱི་མཆོད་རྟེན་རྒྱབ་ཏུ་དོར། རང་ཆོས་ཕོར་ཁ་མཐོ་དམན་ལ་རྩོད་པ་རྒྱབ་སྟེ་མ་ཡིན་ཡིན་མདོག་མི་འཇོན་འཇོན་མདོག་བྱེད་པའི་སྐབས་འདིར། མདོ་སྟོད་མི་དམངས་ཡོངས་ལ་རེ་བསྐུལ་ཞུ་རྒྱུ། གཉེན་འཕྲང་ཅན་གྱི་དུས་ཚོད་འདིར་ཕྱོགས་རིས་དང་ཕྲག་དོག ཆོལ་ཁ་དང་ལུང་ཚན་ཆོས་རྒྱུད་སོགས་འཐེན་ཁྱེར་མི་གནང་ཞིང་། གཙོ་བོ་༧གོང་ས་མཆོག་གི་བཀའ་ཇི་བཞིན་སྒྲུབ་པ་དང་། བོད་སྤྱི་པའི་ལས་དོན་ལ་དུས་ནམ་ཡང་ཇི་མི་སྙམ་པའི་བློ་མི་སྐྱེ་བ། གཞུང་དོན་ཁ་ལ་ཁྱེར་ཏེ་རང་དོན་འབའ་ཞིག་མི་སྒྲུབ་པ། ཤེས་འཇོན་ལྷག་བསམ་ལྡན་པའི་གསར་སྐྱེས་ཁམས་ཕྲུག་དག་ལ་ད་རེས་གོ་སྐབས་ཕུལ་བ་ངེས་པར་དུ་གལ་ཆེ། སྔ་རབས་ཀྱི་ཞེན་ཁོགས་ཀྱིས་ད་ལྟ་ཡང་མདོ་སྟོད་མི་དམངས་ལོག་ལམ་དུ་ཁྲིད་དེ། རང་དོན་ཡིད་བྱེད་ཀྱི་བློ་ཁོ་ན་ལས་གཞུང་དམངས་སུ་ལ་ཡང་ཕན་ཐོག་གི་རེ་བ་མེད་པའི་ང་རྒྱལ་ཁོག་རློམ་ཅན། མཐོ་དཔོན་ལ་གུས་ཞབས་དང་། དམའ་འབང་ལ་བྱམས་སྐྱོང་གིས་དབེན་པ། བོན་སྤྱི་སྨོན་ལམ་མཐར་ཕྱིན་དང་། གཡུང་དྲུང་རྒྱལ་མཚན་ལྟ་བུ་གཉིས་ཀྱིས་མཚོན། དེ་དང་དེ་འདྲ་བས་དུས་ནམ་ཡང་མདོ་སྟོད་མི་དམངས་ལ་ཕན་ཐོག་མེད་པ་འཚོགས་འདུར་གཏམ་བཤད་བྱེད་པའི་གློག་བརྙན་གྱི་ལམ་ནས་གཟིགས་དང་། རང་བཞིན་གྱི་རྟག་ཡང་དག་དེར་གསལ་བས་མདོ་སྟོད་མི་དམངས་མགོ་མ་རྨོང་རོག་ཞེས་ལྷག་བསམ་རྣམ་དག་གི་སྒོ་ནས་ཞུ་རྒྱུ་དང་། ཁྱད་པར་དུ་དོ་བདག་རང་ངོས་ནས་སྔར་བྱས་ལ་འགྱོད་བཤགས་དང་ཕྱིན་ཆད་བསམ་ངན་དབྱེ་དཀྲུག་སོགས་མི་བྱས་རྒྱུ་དམ་བཅའ་འཇོག་སྟེ་བཟང་སྤྱོད་ཀྱི་ལམ་ནས་དགོངས་པ་ཞུ་དགོས་རྒྱུ་དང་། མདོ་སྟོད་མི་དམངས་ནས་ཀྱང་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེར་མ་སོང་བར། བོད་སྤྱི་ཚོགས་ནང་མདོ་སྟོད་པ་ལ་ལྟོས་ཟེར་བ་ཞིག་མ་ཡོང་སྔོན་ནས་གཟབ་གཟབ་གནང་རོག་ཞེས་རྒན་པོ་གཡུང་དྲུང་ནོར་བུ་ནས་མན་ཌུ་ཝ་ལ་ས་གནས་ནས་ཕུལ།

    Reply
  3. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་ནས་༼གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད།༽ གསུངས་པ་དེར། ད་ལྟའི་གཞིང་གི་བཀའ་བློན་ཁྲི་པའི་བདམས་པའི་བཀའ་ཤག་རྣམས་ལགས་སོ་ཞུ་མཁན་ཞིག་ལས་མཉམ་རུབ་ཀྱིས་འགན་མི་འཁུར་མཁན་ཞིག་ལ་གོར་དགོསཔ་མ་རེད་པས།

    Reply
  4. བསེ་རུ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། འདི་ནི་སེམས་ཀྱི་སྐད་ཆ་ཡིན།
    ༢༠༡༠།༨།༨ཉིན།
    ངས་དུས་བབ་དྲ་ངོས་སུ་འཁོད་པའི་ རྒྱ་རི་སྒྲོལ་མ། “ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་ཡིན”ཞེས་པར་བཏགས་པའི་མཆན་བུ་བརྒྱ་དང་བཞི་བཅུ་ཞེ་གཉིས་བར་རིམ་པར་བཀླགས་རྗེས། ད་ལྟ་མཆན་བུ་བརྒྱ་དང་བཞི་བཅུ་ཞེ་གསུམ་པ་དེ་འབྲི་བཞིན་ཡོད།
    བཀུར་འོས་བོད་མི་མང་གི་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས། རང་གི་ཐུགས་འདོད་ལྟར་བཀའ་བློན་ཁྲི་པའི་འོས་གཞིར་ལངས་གནང་བར་དྲ་གྲོགས་ཚོས་གླེང་གིན་གླེང་གིན་ལྟ་ཚུལ་མི་འདྲ་བ་གཉིས་སུ་གྱེས་བཞིན་བཀའ་མོལ་གནང་འདུག
    དང་པོ། མང་པོ་ཞིག་གིས་ཁོང་གི་ཤེས་འཇོན་ནི་བོད་ཀྱི་བུད་མེད་ཀྱི་ཚབ་མཚོན་ཞིག་དང་། སྙིང་སྟོབས་དང་ལ་རྒྱ། སེམས་ཤུགས། ལྷག་བསམ་སོགས་ལ་བསྔགས་བརྗོད་ཀྱིས་མི་ལོ་ཧྲིལ་པོ་བཅུ་དགུའི་རིང་བཙན་བྱོལ་བོད་གཞུང་གི་ལས་ཀྱི་སྣེ་མོ་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་གནང་བ་དང་། བཀའ་བློན་ཁྲི་པའི་འོས་མིར་ལངས་པར་དམིགས་བསལ་འཚམས་འདྲི་ཞུ་མཁན་ཁག་ཅིག་རེད།
    གཉིས་པ། བཀའ་བློན་ཁྲི་པའི་འོས་གཞིར་ལངས་པ་དེ་མི་འོས་ཚུལ་དང་། ཀུན་སློང་ལ་ལྷད་ཡོད་ཚུལ། ཁོང་གིས་མདོ་སྟོད་ནང་ཁུལ་རྙོག་གླེང་བཟོས་པ། ཁོང་སྒེར་གྱི་བཟའ་ཟླའི་སྐོར་གྱི་གནད་དོན་གླེང་བ། རྒྱ་གར་དཔོན་རིགས་སོགས་ལའང་ཚུལ་མིན་གྱི་འབྲེལ་བ་ཡོད་ཚུལ་ཤུགས་ནས་གླེང་བ་སོགས་ཁོང་ལ་ཉེས་སྐྱོན་སྣ་ཚོགས་ཤིག་དྲངས་འདུག་པ་དེ་དག་རེད།

    ཁོ་བོས་བལྟས་ཚེ། ཁོ་བོ་གཙོ་བོར་གྱུར་པའི་དྲ་ངོས་འདིའི་ནང་དགོངས་ཚུལ་གསུང་མཁན་གྱི་ཁྲོད་རྒྱ་རི་སྒྲོལ་མ་ལྟ་བུའི་བྱས་རྗེས་ཅན་ཞིག་གཅིག་ཀྱང་མེད་པ་རེད་ཅེས་ཁ་ཚོན་གཅོད་ཐུབ་པ་མི་འདུག་གམ། གོང་དུ་བསྔགས་བརྗོད་གནང་མཁན་ལ་གང་ཡང་ཞུ་རྒྱུ་མི་འདུག ཁོང་ལ་ཉེས་མེད་ཉེས་འཛུགས་དང་། སྒེར་གྱི་གནད་དོན་དང་འབྲེལ་བའི་སྐོར། བོད་མི་ནང་ཁུལ་དབྱེན་དཀྲུག་བྱས་སྐོར་མང་པོ་ཞིག་གསུངས་འདུག་ཀྱང་། རྒྱུ་མཚན་དང་སྒྲུབ་བྱེད་ཡང་དག་གི་སྒོ་ནས་ཐེར་འདོན་གནང་བ་འདི་རེད་འདུག་བསམ་བསམ་གཅིག་ཀྱང་མི་འདུག་པས། གནད་དོན་དེ་རིགས་འབྲི་བ་པོ་སོ་སོས་འགན་ཁུར་དགོས་པའི་གནད་དོན་ཞིག་རེད། རང་ཉིད་ཀྱིས་ད་ལྟ་བར་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ཅི་ཞིག་བྱས་འདུག་གམ། ད་ལྟ་ག་རེ་བྱེད་ཀྱིན་འདུག་གམ། མ་འོངས་པར་ཅི་ཞིག་བྱ་རྩིས་འདུག་གམ། གང་ཞིག་བྱ་ཐུབ་ས་རེད་དམ་ཞེས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་བཏང་། དེ་ནས་ལན་འདེབས་ཐུབ་ཀྱིན་འདུག་དང་མི་འདུག་གཟིགས་ཏེ། ཐོག་མར་རང་ཉིད་ཀྱང་རྒྱ་མར་འདེགས་རྒྱུ་དེ་གལ་ཆེན་པོ་མ་རེད་དམ།
    ལྷག་པར་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་སྟབས། བཀའ་ཁྲིའི་འོས་མི་སུ་དང་གང་ཞིག་འོས་མིན་དེ་བློ་གཟུར་བོར་གནས་པའི་ཐོག་ནས་རང་ཉིད་ཀྱི་འོས་ཤོག་གཅིག་པུ་དེ་འཕྲོ་བརླག་མི་འགྲོ་བ་ཞིག་དང་། རང་ཉིད་ཀྱི་འོས་མི་དེར་ཡིད་ཆེས་བློས་འགེལ་ཐོག་ནས་འོས་བླུག་དགོས་པ་ཡིན། དེ་ལྟར་བྱུང་ན་རང་ཉིད་ཀྱི་ལས་འགན་ཡང་འགྲུབ་པ་ཡིན་ལ། བོད་མི་རིགས་ཀྱི་སྤྱི་ཚོགས་འགན་ཁུར་ཞིག་ཀྱང་ཁྱེད་ཀྱིས་བསྒྲུབས་ཡོད་སྟབས། ཁྱོད་ཀྱང་བློ་བདེ་བག་ཕེབས་ངང་གནས་ཐུབ་ངེས་རེད།

    སྤྱིར་བོད་མིའི་སྤྱི་ཚོགས་ཀྱི་གོམས་གཤིས་ཤིག་ལ་བོད་པ་གང་རུང་ཞིག་གི་མགོ་བོ་གཟེངས་སུ་ཐོན་གྱི་འདུག་ན། དེའི་མགོར་དབྱུག་པ་གཞུ་རྒྱུ་དེ་བོད་མིའི་རང་གཤིས་ལྟ་བུར་གྲུབ་འདུག་སྙམ། དེ་ལྟའི་དཔེ་མཚོན་ནི་སོ་སོས་ཐུགས་བསམ་བཞེས་དང་། གཡས་གཡོན་ཉེ་འབྲེལ་གང་ནས་ནས་མཐོང་ངེས་རེད། ད་དུང་ཆོལ་ཁ་དང་ལུང་ཚན་སེམས་ཁོང་གི་གཅེས་འཛིན་གོང་བུར་གྱུར་ཏེ། བོད་སྤྱི་ཡི་བདེ་སྡུག་ཐོག་དགོངས་བཞེས་མི་གནང་བར་གང་དྲན་དྲན་ཐོག་རང་གི་ཕྱོགས་གཏོགས་བྱེ་བྲག་པ་གཅིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་དེ་ཚོས་སྤྱི་ཚོགས་འདིའི་ཞི་བདེ་ལྷིང་འཇགས་དཀྲོག་གིན་འདུག དྲ་ངོས་སུ་མཆན་བུ་གང་དང་ཅི་ཞིག་འདེབས་མི་འདེབས་དེ་རང་དབང་རེད། འོན་ཀྱང་རང་དབང་ལ་ཡང་ཚད་གཞི་གཅིག་ཡོད་ངེས་རེད། ཁ་ནས་གང་ཐོན་བཤད་ཅིང་བོད་མི་ནང་ཁུལ་ཚིག་གི་མཚོན་ཁ་བསྐོར་ན། ར་སྤུས་བཟོས་པའི་འུར་རྡོ་ར་ཡི་མགོ་ཐོག་ཏུ་ལྷུང་བའི་དཔེ་ལས་མ་འདས་པས་དེ་དོན་ཐུགས་ལ་འཇོག་རོགས།
    བཀའ་བློན་གྱི་འོས་གཞི་སུ་ཡིན་རུང་དེ་དང་དེའི་སྐྱོན་ཡོན་གླེང་ཆོག་ཀྱང་གླེང་སྟངས་དེ་ཡང་རང་ཉིད་མི་ཞིག་ཡིན་པ་གཞིར་བཞག་སྐད་ཆ་ཤོད་དགོས་ལ། རང་ཉིད་ཀྱིས་ཉིད་ལ་ཞུ་དག་གཏོང་གིན་ད་གཟོད་གཞི་ནས་གཞན་དག་གླེང་ན་འོས་ཤིང་འཚམ་པ་ཞིག་མ་རེད་དམ། ང་ནི་བོད་མི་སྤྱིར་བཏང་བ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་སེམས་ཚོར་ཞིག་འདིར་ཤོད་ཀྱིན་ཡོད་པས། སེམས་ཚོར་དེ་སེམས་ཚོར་དུ་གཟིགས་རོགས།
    དྲ་གྲོགས་ཚོ། འདི་ནི་སེམས་ཀྱི་སྐད་ཆ་ཡིན། བསེ་རུ་ཆང་བཏུང་ཡོད་ཀྱང་ར་བཟི་མེད། །

    Reply
  5. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རུ་སྒྲོལ་མ་ལེགས་བཀའ་བློན་ཁྲི་བར་རྒྱབ་སྐྱོར་ཡོད།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    འདན་མ་ལགས།ཁྱོད་ཀྱིས་རྒྱ་མཚོ་ནང་ནས་ལས་ངན་ཉ་ཆུང་ངའི་སྐེ་ལ་འཛིན་ནས་ཁུངས་བསྐྱལ་ཤོག།མེད་ན་རྒྱ་སྒོར་ཟས་པ་རེད།དེ་མིན་ན་ཆུ་སྲིན་འདྲ་བའི་རྒྱ་ཁྲིམས་དང་བོད་ཁྲིམས་ག་བ་གཏུག་ཀྱང་ངོ་ཚ་དང་ཞིམ་པ་མེད་པ་ཁ་བཏད་ལོངས་ངེས་ཡིན་ཟེར།ང་ནི་མི་ཉམ་ཆུང་ཞིག་ཡིན་པའི་སྐྲག་ཐག་ཆེད་དེ་སུག་ལག་འདར་བཞིན་ཁྱོད་ལ་ལན་དེ་བྲིས་པ་ཡིན།
    དང་པོ།་ངས་བལྟས་ན་ཁྱོད་ཀྱིས་ཀྱང་རྒྱ་རི་སྒྲོལ་མ་ག་འདྲ་ཞིག་ཡིན་མིན་རྟོག་མི་འདུག།རྒྱུ་མཚན་ནི་ཁྱོད་ཀྱིས་མཆན་གཉིས་པའི་ནང་འདི་ལྟར།ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནི་དངོས་གནས་སེམས་ཤུག ས་ཆེན་པོ་དང་བཙན ་བྱོལ་བོད་གཞུང་ གི་ཆབ་སྲིད་འཛིན ་སྐྱོང་ལ་ཉམས་མྱོང་ཆེན་པོ་ཡོད་པ འི་ཚོར་སྣང་༼འདྲ་ ༽བྱུང་།ཞེས་བྲིས་འདུག།འདྲ་ཞེས་པའི་ཚིག་དེའི་རྒྱ་སྒྲོལ་ག་འདྲ་ཡོད་མེད་ཆ་ཚང་བ་ཞིག་མ་ཤེས་པའི་རྟགས་མ་རེད་དམ།དེ་མིན་ན་ལོ་ངོ་ཉེར་ཤུ་ནང་གཞུང་མི་བྱས་ནས་་བྱས་རྗེས་ག་རེ་བཞག་ཡོད་པར་རེ་རེ་བཞིན་ཅིག་གསུངས་དང་།།རྗེས་སུ་ཡི་རང་དང་ནོར་བ་ངོས་ལེན་བྱ་ཆོག།སེམས་ཤུགས་ཡོད་པ་དང་ཉམས་མྱོང་ཡོད་པ་ཙམ་གྱི་ཨེ་འགྲིག་ན།
    གཉིས་པ།ཁྱོད་ལ་དེ་འདྲའི་བློ་སྟོབས་ཤིག་ཡོད་ན་ཕ་བཟང་བུ་མ་ཆུག་དང་ཆུ་སྒང་གསར་པ་ཡིན་ཟེར་མཁན་ཚོས་བོད་མི་མང་ལ་ངོམ་རྒྱུ་ཡོད་པའི་དམངས་གཙོ་ཀ་གསུམ་ཞེས་པ་དེ་རྒྱ་ཁྲིམས་ལ་བསྐྱལ་ཡོད་པ་རེད།ད་དུང་ཐག་ཆད་ཡོད་ས་མེད།དེ་ལ་ཁྱོད་ཀྱིས་ངོ་ཚ་དང་ཞིམ་པ་མེད་པའི་ཐོག་ནས་ཁ་བཏད་དུ་ལོངས་དང་གློ་བ་དང་མཆན་པ་ཕྱི་གསལ་ནང་གསལ་ཡོང་གི་རེད།གལ་སྲིད་མེ་ལ་ལག་པ་འཆང་པའི་སྙིང་སྟོབས་མེད་ན་དྲ་ལམ་རྒྱུད་མི་ཉམ་ཆུང་ཚོ་ལ་འཇིག་བསྐུལ་མ་ཐོངས་རོགས།དེ་ནི་ཤེས་ཡོན་ཡོད་ཀྱང་ཀླ་ཀློའི་རྟགས་ཡིན་པའི་གཟབ་དགོས།ད་དུང་ཞུ་རྒྱུ་ཞིག་ལ་ཁྱོད་རང་རྡ་ས་སྡོད་མཁན་ཞིག་ཡིན་ན་སྣེ་ལས་ཁང་དུ་ཁམས་རིགས་གྲགས་ཅན་འདྲ་སླེབས་ཨེ་འདུག་ལྟོས།ཁོང་ཚོའི་ཁོང་པ་སྔོག་ཙམ་རེ་བྱོས་དང་རྡ་ས་ས་ངོ་ཡག་པོ་མ་ཤེས་གོང་ནས་ཨ་མ་ཨ་སྡེ་བཟའ་མི་གཉིས་ཀྱིས་ཆུ་སྒང་གསར་རྙིང་ཞེས་པ་དེ་ངོ་སྤྲོད་བཟོ་ཚར་ལེ་རེད།ཡི་མ་ཆེས་ན་ཚོད་ལྟ་ཞིག་བྱོས་དང།
    མཐའ་མ་དེ་ང་སྲིན་འབུ་མེ་ཁྱེར་ཞིག་གི་ཉི་མ་ལ་འགྲན་མི་ནུས་པའི་ཁྱོད་ཐུགས་གཡེང་གནང་མི་དགོས།སྤྱི་བཏང་བཤད་ས་བུ་མོ་ཡིན་ཡང་ཕོག་ས་མནའ་མ་ཟེར་བ་དེ།དེ་འདྲ་ཞིག་ལ་གོ་བ་ལོས་ཡིན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༡༠༠༽ ཀརྡོ་རབ་འབྱམས་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༧ སྐར་མ་ ༠༡

    རྒྱ་རི་སྒྲོལ་མ་བཀའ་བློན་ཁྲི་པ་དང་། །
    བཀྲས་མཐོང་སྐུ་ངོ་ཤེས་རིག་བཀའ་བློན་དང་། །
    བློ་བཟང་སེང་གེ་ཁྲིམས་དཔོན་བྱས་ན་རན། །
    འདི་ནི་མི་འགའི་རེ་འདོད་འདོད་པ་ཙམ། །

    Reply
  8. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    བཀུར་འོས་རྒྱ་རི་མཆོག། ཁྱེད་ལ་ལྷག་བསམ་དང་བལྟ་བ་སྤུས་ལེགས་ཞིག་ཡོད་པ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད་ལ་སྐུ་ཉིད་བཀའ་ཁྲིར་ཕེབས་འདོད་དང་དགོངས་ཚུལ་དག་བློ་ངོར་ཤིན་ཏུ་ཐད་འོན་ཀྱང་བཀའ་ཁྲིའི་ཁྲི་ལ་འཁོད་རྗེས་གོང་གིས་བཤད་པ་དག་རྒྱ་ཡན་རུ་མ་གཏོང་རོགས། ལྷག་པར་བོ་དནས་གསར་ཕེབས་ཀྱིས་ག་བ་གར་བསྡོད་མི་ཤེས་པའི་གསར་བུ་དག་ལ་དཀའ་མི་ཡོང་རྒྱུར་ལས་འགུལ་གང་ལེགས་སྤེལ་རོགས།

    བཀའ་ཁྲིར་ཕེབས་རོགས།

    Reply
  9. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པའི་མཐའ་མའི་མགྲན་འདུར་གྱི་འོས་མི་གཙོ་བོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། ཚོགས་གཞོན་རྒྱ་རུ་སྒྲོལ་མ་ལགས། མཁས་དབང་བློ་བཟང་སེངྒེ་གསུམ་ཡིན་པ་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལས་གསལ་རྟོགས་ངེས་པ་ཡིན་ཡང་རྒྱ་རུ་སྒྲོལ་མ་འདི་གསུམ་ལས་འོས་ཤོག་ཐོག་མར་ཤོར་མཁན་དེ་ཡིན་པ་སྨྲོས་མ་དགོས་ཀྱང་། འོན་ཀྱང་ཚོགས་གཞོན་རྒྱ་རུ་སྒྲོལ་མ་ལགས་ཐུགས་ཕམ་ག་ལ་དགོས་ཁྱེད་ཉིད་ཀྱིས་གསལ་བསྒྲགས་དེ་ལས་ཁྱེད་ཉིད་བོད་ཀྱི་བུད་མེད་ཀྱི་གཟི་བརྗིད་ལོ་རྒྱུས་བྲིས་ཡོད་པའི་རྒྱལ་ཁ་དེས་ཆོག ད་དུང་སྐུ་ཉིད་བཀའ་བློན་བདུན་ལས་ཕྱི་དྲིལ་བཀའ་བློན་དུ་འོས་ཤིང་འཚམས་པ་ཡིན་ང་ཚོས་གསལ་མཐོང་ཡོད།

    Reply
  10. འདན་མ says:
    ལོ་ 15 སྔོན།

    བཀུར་འོས་རྒྱ་རི་སྒྲོལ་མ་མཆོག་བཀྲ་སིས་བདེ་ལེགས།
    གནས་ཚུལ་གལ་ཆེན་ཞིག་ཁྱེད་ཀྱིས་ཐུགས་ལ་ངེས་སམ། ངས་སྒྲ་ཐག་འཁོར་ལོ་རྒྱུད་ནས་འདི་ལྟར་གོ་མྱོང་ཡོད། ཁྱེད་ཀྱི་ཡབ་ཆེན་དམ་པ་གྲང་ནས་བདུན་ཚིག་གཉིས་པའམ་གསུམ་པ་གང་རུང་ཞིག་གི་ཉིན་གངས་ཅན་སྐྱིད་གཤོང་ཉེར་ཕྲིས་སུ་ཡོད་པའི་གནས་ཆུང་དགོན་པའི་ཚོམ་ཆེན་ནང་ལ་གནས་ཆུང་གྲྭ་ཚང་ཡོངས་རྫོགས་དང་། གལ་ཆེན་འབྲེལ་ཡོད་་མི་སྣ་ཁག་དང་བཅས་ལ་བརྩལ་པའི་བཀའ་སློབ་ཞིག་གི་ནང་དོན། ཉིད་ཀྱི་ཡབ་ཆེན་དམ་པ་ལྷག་བསམ་རྣམ་དག་ཐོག་རང་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་ལས་གཞན་ཐུགས་བསམ་གཏན་ནས་མི་བཞེངས་པར་མ་ཟད་ད་དུང་ཁྱེད་རྣམས་ཀྱང་ང་ལ་གནང་ཟིན་པས་མ་འོང་པར་ངེས་པར་དུ་པ་ལ་དམ་པ་ཕྱག་ལས་འཇུག་སྐྱོང་ཐུབ་པ་ཞེས་བྱས་ཡ་དེ་དཔེ་གལ་ཆེན་པོ་རེད་ཅེས་དང་། བོད་གཞི་བྱེས་གཉིས་ལ་ཕན་པའི་ཕྱག་ལས་ཞིག་ངེས་པར་དུ་གནང་དགོས་པ་དང་། མ་ཚད་ད་ལྟ་མང་གཙོ་ཀ་བ་གསུམ་དེ་གང་ལ་གང་འཚམ་ཡག་ཐག་ཆོད་ཡོད། དེ་ཡང་ཕྱག་ལས་གནང་སྐབས་བཟང་ངན་དཀའ་སྡུག་མང་པོ་འཕྲད་པ་དངོས་པོ་ཆོས་ཉིད་རེད། འོན་ཀྱང་སོ་སོའི་བློ་སྟོབས་བསྐྱེད་དེ་ངེས་པར་དུ་ཕྱག་ལས་གནང་དགོས་ཞེས་བཀའ་སློབ་ཟབ་མོ་ཕེབས་པ་ལྟར། ད་སྐབས་སྨོན་འབྲས་དུས་སུ་སྨིན་པ་ལུས་ཡིན་ངོ་སོ་བསྟོད། ཁྱེད་ཀྱིས་༧གོང་ས་མཆོག་བཀའ་སློབ་སྙིང་དབུས་སུ་བཅང་ཏེ་ད་སྐབས་ཁྱེད་ཀྱི་ལྷག་བསམ་དང་སྤོབ་པ་དེ་མཐོང་དུས་སྣིང་ནས་དགའ་སྤྲོ་འཕེལ། གཞན་བོད་ཀྱི་དུས་བབས་དྲ་རྒྱ་དང་། བོད་ཀྱི་བང་ཆེན། ཁ་བརྡ་སོགས་རྒྱུད་ནས་སྐྱོན་ཡོན་དེ་ཚོ་གཟིགས་སྐབས་ལྷག་པར་དུ་རང་སེམས་གཟིང་བསྟོད་དེ་ཕྱག་ལས་མི་མཐུད་དེ་འཇུག་སྐྱོང་ཡོང་བར་སྨོན།

    Reply
  11. འདན་མ says:
    ལོ་ 15 སྔོན།

    ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནི་དངོས་གནས་སེམས་ཤུག ས་ཆེན་པོ་དང་བཙན ་བྱོལ་བོད་གཞུང་ གི་ཆབ་སྲིད་འཛིན ་སྐྱོང་ལ་ཉམས་མྱོང་ཆེན་པོ་ཡོད་པ འི་ཚོར་སྣང་འདྲ་ བྱུང་། དེ་སྔོན་ཡིན་ན་བོད་མདོ་ཁམས་ཀྱི་ བུད་མེད་ཚོ་དངོས ་གནས་གཉོམ་ཆུང་ད ང་སེམས་ཆུང་རེད། རྒྱ་རི་སྒྲོལ་མ་ ལ་མཚོན་ན་བོད་མདོ་ཁམས་ཀྱི་ བུད་མེད་ཅིག་གི་ནང་ནས ་སྐད་གྲགས་དང་བྱ ས་རྗེས་ཀྱི་ལོ་རྒྱུས་ཡོད་པའི་བུ ད་མེད་ཅིག་རེད། ཁོ་མོ་འདི་ལྟར་བ ཀའ་ཁྲིར་ལངས་པ་ནི་ལོ་རྒྱུས་ཀྱི་ རང་བཞིན་ལྡན་པའི ་བུད་མེད་བཀའ་ཁྲིར་ལངས་པ་ཐེངས་ད ང་པོ་ཡིན་པ་མ་ཟད ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ན ང་བཀའ་ཁྲིར་བཞེང ས་རྒྱུའི་གསར་འགོད་གསལ་བསྒྲགས་ག ནང་བ་ཐོག་མ་དེ་ཡ ང་ཡིན་པར་བཤད།
    ཁྱེད་ལ་བཀའ་ཁྲིའིའོས་འགྲན་གྱི་བོད་ ཀྱི་བུད་མེད་ཅིག ་གི་སྙིང་སྟོབས་ ལ་རྗེས་སུ་ཡི་རང ་ཡོད།
    རྒྱལ་ཁ་ཐོབ་པའི་རེ་བ་ཡོད།།

    Reply
  12. ཨོ་རྒྱན་རང་ཤར། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ནི་རྒྱ་གར་གྱི་སྲིད་དོན་པའི་བྱེད་སྟངས་འགོས་ནས་ཡོད་སྟབས། རང་དོན་ཁོག་ཏུ་བཅུག་ནས་གཞན་དོན་སྨིག་མ་ཟིམ་ཟིམ་བྱེད་ཐུབ་མཁན་གྱི་མཁས་དབང་ཞིག་ཡིན། དཔེར་ན། འདས་པའི་ལོ་རྒྱུས་ནང་མདོ་སྟོད་ཆོལ་ཁ་ནང་ཁུལ་དཀའ་ངལ་ག་ཚོད་ཅིག་འཕྲད་ཀྱང་དེ་ལ་ཡ་མེད་ཀྱིས་ཕྱོགས་གཅིག་རང་གི་བཟའ་ཟླ་དང་ཕྱོགས་གཞན་དུ་རང་གི་གོ་ས་བརྟན་པོས་ཟིན་ནས་བསྡད་ཐུབ་ཡོད། གལ་ཏེ་ཁོ་མོ་བཀའ་ཁྲིར་སླེབས་ན་བོད་བཙན་བྱོལ་གཞུང་འདི་རྒྱ་གར་བརྙན་འཕྲིན་ནང་སྟོན་བཞིན་པའི་ dance India Dance ལྟ་བུ་བོད་མི་མང་རྣམས་བྲོ་པ་དང་ཁོ་མོ་ཟུར་ནས་ཁ་སྙན་པོ་བཤད་དེ་བལྟ་བཞིན་སྡོད་རྒྱུ་ཡིན་པ་ཐག་ཆོད་པ་རེད། མོ་རང་ལྟད་མོ་དེའི་ནང་གི་གཟུ་དཔང་ཞིག་དང་འདྲ་པོ་ཡོད།

    Reply
  13. འདན་མ says:
    ལོ་ 15 སྔོན།

    ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱིས་དྲྭ་རྒྱའི་ནང་དུ་ཚོགས་གཞོན་རྒྱ་རི་སྒྲོལ་མས་ཆུ་བཞི་སྒང་དྲུག་གསར་རྙིང་ནང་ཁུལ་ངོ་ལྐོག་གཉིས་ཀྱིས་དབྱེན་དཀྲུག་དང་ཁམས་པའི་ནང་ཁུལ་ཁག་ཁག་བཟོ་ཅི་ཐུབ་བྱེད་གིན་ཡོད་པ་བཀོད་འདུག་པས། གལ་སྲིད་རྒྱ་རི་སྒྲོལ་མས་མདོ་སྟོད་སྤྱི་མཐུས་ཀྱིས་མིང་ཁུར་ནས་ཐབས་སྡུག་གི་བྱ་བ་དེ་འདྲ་བྱས་ཡོད་ཚེ་ངེད་ཀྱང་ཧོར་བུ་ཡེ་ཤེས་ཁྱེད་ལ་རྒྱབ་སྐྱོར་ལོས་བྱ། ཁྱེད་ཀྱིས་གོ་དགོས་རྒྱུ་རྒྱ་རི་སྒྲོལ་མས་ཆུ་སྒང་ནང་ཁུལ་དབྱེན་དཀྲུག་བྱས་ཡོད་ན་དབྱེན་དཀྲུག ས་ཆ་གང་དུ་བྱས། གང་ཟག་སུ་དང་སུའི་བར་དཀྲུག དངོས་ལྐོག་ཇི་ལྟར་བྱས། རྒྱུ་མཚན་ཁ་གསར་ཡོད་ན་མི་དང་མིའི་བར་གདོང་ཐུག་སྟེ་རྒྱ་ཁྲིམ་དང་བོད་ཁྲིམས་གང་དུ་སྦྱར་ན་ཆོག་ཀྱང་། གལ་ཏེ་ཕྲག་དོག་དང་འགྲན་སེམས་ཁོ་ནས་མ་བཟོད་པར་མ་ཉེས་ཁག་གཡོག་གིས་བོད་སྤྱི་ཚོགས་དང་མདོ་སྟོད་མི་མང་ནང་དུ་དཀྲུག་ཤིང་གི་བསམ་པ་ཡིན་ན་ད་རེས་ཁྱོད་ལ་རྒྱ་དམར་གྱིས་དངུལ་དང་དམིག་བསལ་གྱིས་ལས་འགན་འདི་སྤྲོད་ཡོད་ན་མ་གཏོག་མཚམས་འཇོག་བྱེད་ན་མི་དགའམ། ཁྱེད་ཀྱིས་བཤད་པ་བདེན་ན་ཁྱེད་ལ་གདོང་ཐུག་སྟེ་བཤད་པའི་སྤོབས་པ་ཡོད་དམ། ངེད་ཀྱི་ངོས་ནས་རྒྱ་རི་སྒྲོལ་མ་ལྟ་བུ་སྤྱི་ཚོགས་ནང་དུ་ལྷག་བསམ་རྣམ་དག་གིས་ངོས་ལྐོག་མེད་པར་གཞུང་དོན་ཁོ་ན་སྒྲུབས་འཁན་ཞིག་གི་ཆེད་དུ་རྒྱ་ཁྲིམས་དང་བོད་ཁྲིམས་གང་གཏུག་དགོས་ཀྱང་ངོ་ཚ་དང་ཞུམ་པ་མེད་པར་ཁྱོད་ཀྱི་ཁ་གཏད་དུ་ལོངས་ངེས་ཡིན་པས་ཁྱེད་ཀྱིས་ཤེས་པར་གྱིས་ཤིག །

    Reply
  14. མགར་རྟོགས་སད། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་འདི་རང་གི་བཟའ་ཟླ་དང་འགྲིག་མཐུན་མི་ཡོང་མཁན་ཞིག་གི

    Reply
  15. རྒྱལ་བསྟན། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་ལ་རྒྱབ་སྐྱོར་ཡོད། མི་ལོ་བཅུ་དགུ་གཞུང་ཞབས་བསྒྲུབས་ཀྱང་གནས་ཚུལ་འདྲ་མིན་ཐོན་པ་གོ་རྒྱུ་མི་འདུག མ་ཟད་༸གོང་ས་མཆོག་གི་བཀའ་ལ་རྩི་མཁན་ཞིག་དང་བོད་མི་རིགས་ལ་ཤ་ཞེན་ཡོད་པ་ཞིག་ཏུ་མཐོང་གི་འདུག
    མཁས་དབང་བློ་བཟང་སེང་གེ་ད་ལྟ་གཞུང་ཞབས་བྱེད་མྱོང་མེད་པས་ལེགས་ཉེས་ཤིན་དུ་ནས་བཤད་ཁག་པོ་རེད། རྣམ་གྱུར་ངོ་མ་དེ་གཞུང་ཞབས་བྱས་ནས་ལོ་ཤས་སོང་ན་གཏོགས་ཤེས་ཀྱི་མ་རེད།
    ཤེས་ཡོན་ཡོད་པ་ཙམ་གྱི་འབྱོན་པོ་ཡོད་པ་དང་དྲང་ལྡན་བྱེད་ཀྱི་རེད་ཟེ་བཤད་ཐུབ་མ་རེད།
    བློ་བཟང་སེང་གེ་ལགས་ལོ་བཅོ་ལྔ་ཨ་རེར་བཞུགས་ཀྱང་རྒྱ་གར་བོད་མིའི་སྐྱབས་བཅོལ་ལགས་འཁྱེར་དོར་མེད་པ་གོ་སྐབས་ང་ཡི་སྨོན་བསྐྱེད་བྱུང་།

    Reply
  16. འབྲོང་ཕྲུག་རང་སྐྱ་བ། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་མཆོག་སེམས་ཤུག་བསྐྱེད་པ་ཐུགས་རྗེ་ཆེ་ཡིན་ན་ཡང་ཁྱེད་ཀྱི་སེམས་ཤུག་གི་ཆུ་ཚོད་རྫོགས་ཚར་བ་ཡིན་པའི་དེ་ལུགས་ཀྱི་དགོངས་བཞེས་གནང་རོགས་གང་ཡིན་ཟེར་ན་རང་ཉིད་ཀྱིས་ད་བར་བོད་མི་རིགས་ལ་ཞབས་ཞུ་ཞུས་ཚར་བ་ཡིན་པས་ངལ་གསོས་གོ་སྐབས་ལ་ཐུགས་སེམས་འཁོར་ན་མ་གཏོགས་བཀའ་བློན་ཁྲི་བ་ལ་རེ་བ་མ་རྒྱག་རྒྱབ་སྐྱོར་མེད་་

    Reply
  17. ཨོ་རྒྱན་རང་ཤར། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལགས་བཀའ་ཁྲི་གནང་གི་ཡིན་གསུངས་པ་ནི་བུད་མེད་ཀྱི་གཟི་བརྗིད་ཡིན་ནའང་། ཁོང་ལ་དེང་སང་གི་རྒྱ་གར་གྱི་སྲིད་དོན་གྱི་ལྟ་བ་དེ་འགོས་ནས་ཡོད་པ་ཞིག་དང་། ཁོ་མོའི་འདས་པའི་ལོ་རྒྱུས་ནང་མདོ་སྟོད་ཆོལ་ཁའི་ཆིག་སྒྲིལ་ཐོག་སེམས་འཁུར་རྩ་བ་ནས་མ་གནང་བར་རང་གི་བཟའ་ཟླ་དང་གོ་གནས་གཉིས་བརྟན་པོ་བཟུང་ནས། ད་བར་ལྟད་མོ་བལྟས་ནས་བཞུགས་སོང་། ཁོང་བཀའ་ཁྲི་ཐོབ་པ་ཡིན་ན་བཙན་བྱོལ་བོད་གཞུང་འདི་རྒྱ་གར་གྱི་བརྙན་འཕྲིན་ནང་གི་ dance India dance ངོ་མ་དེ་ཆགས་པ་འདུག གང་ཡིན་ཟེར་ན། དེའི་ནང་གི་གཟུ་དཔང་ཞིག་ཁོང་དང་འདྲ་བ་ཙམ་དུ་མ་ཟད་བྱ་སྤྱོད་ཀྱང་གཅིག་པར་འགྱུར་ངེས་ལགས། བཀྲིས་ཤིས་བདེ་ལེགས།

    Reply
  18. ས྄ྲིད་པའི་ད྄ྲང་མཁན། says:
    ལོ་ 15 སྔོན།

    ཚོགས་གཞོན་མཆོག་གིས་རེ་བ་བཟང་ས་ནས་ར྄ྒ྄ྱབ་མ྄ྱོང་མིན་དང་ག྄ྲ་ས྄ྒ྄ྲིགས་ས྄ྡུག་
    ས་ནས་བ྄ྱེད་མ྄ྱོང་མིན་གང་ལ྄ྟར་ཡང་མདུན་དུ་ཐོན་པ་དགའ་བསུ་ཡོད་
    ལ྄ྷན་ཁང་གང་རུང་ཞིག་གི་བཀའ་བ྄ློན་ལ་འོས་པ་ལས་ ཁ྄ྲི་པའི་འགན་ཁུར་
    ད་ལ྄ྟའི་ས྄ྐབས་འོས་པ་མཐོང་མ་སོང་ངོ་།

    Reply
  19. འདན་མ says:
    ལོ་ 15 སྔོན།

    བཀུར་འོས་རྒྱ་རི་སྒྲོལ་མ་མཆོག་བཀྲ་སིས་བདེ་ལེགས།
    གནས་ཚུལ་གལ་ཅེན་ཞིག་ཁྱེད་ཀྱིས་ཐུགས་ལ་ངེས་སམ། ངས་སྒྲ་ཐག་འཁོར་ལོ་རྒྱུད་ནས་འདི་ལྟར་གོ་མྱོང་ཡོ ཁྱེད་ཀྱི་ཡབ་ཆེན་དམ་པ་གྲང་ནས་བདུན་ཚིག་གཉིས་པའམ་གསུམ་པ་གང་རུང་ཞིག་གི་ཉིན་གངས་ཅན་སྐྱིད་གཤོང་ཉེར་ཕྲིས་སུ་ཡོད་པའི་གནས་ཆུང་དགོན་པའི་ཚོམ་ཆེན་ནང་ལ་གནས་ཆུང་གྲྭ་ཚང་ཡོངས་རྫོགས་དང་། གལ་ཆེན་འབྲེལ་ཡོད་་མི་སྣ་ཁག་དང་བཅས་ལ་བརྩལ་པའི་བཀའ་སློབ་ཞིག་གི་ནང་དོན། ཉིད་ཀྱི་ཡབ་ཆེན་དམ་པ་ལྷག་བསམ་རྣམ་དག་ཐོག་རང་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་དགའ་ལྡན་ཕོ་བྲང་གཉིས་ལས་གཞན་ཐུགས་བསམ་གཏན་ནས་མི་བཞེངས་པར་མ་ཟད་ད་དུང་ཁྱེད་རྣམས་ཀྱང་ང་ལ་གནང་ཟིན་པས་མ་འོང་པ་ངེས་པར་དུ་པ་ལ་དམ་པ་ཕྱག་ལས་འཇུག་སྐྱོང་ཐུབ་པ་ཞེས་བྱས་ཡ་དེ་དཔེ་གལ་ཆེན་པོ་རེད་ཅེས་དང་། བོད་གཞི་བྱེས་གཉིས་ལ་ཕན་པའི་ཕྱག་ལས་ཞིག་ངེས་པར་དུ་གནང་དགོས་པ་དང་། མ་ཚད་ད་ལྟ་མང་གཙོ་ཀ་བ་གསུམ་དེ་གང་ལ་གང་འཚམ་ཡག་ཐག་ཆོད་ཡོད། དེ་ཡང་ཕྱག་ལས་གནང་སྐབས་བཟང་ངན་དཀའ་སྡུག་མང་པོ་འཕྲད་པ་དངོས་པོ་ཆོས་ཉིད་རེད། འོན་ཀྱང་སོ་སོའི་བློ་སྟོབས་བསྐྱེད་དེ་ངེས་པར་དུ་ཕྱག་ལས་གནང་དགོས་ཞེས་བཀའ་སློབ་ཟབ་མོ་ཕེབས་པ་ལྟར། ད་སྐབས་སྨོན་འབྲས་དུས་སུ་སྨིན་པ་ལུས་ཡིན་ངོ་སོ་བསྟོད། ཁྱེད་ཀྱིས་༧གོང་ས་མཆོག་བཀའ་སློབ་སྙིང་དབུས་སུ་བཅང་ཏེ་ད་སྐབས་ཁྱེད་ཀྱི་ལྷག་བསམ་དང་སྤོབ་པ་དེ་མཐོང་དུས་སྣིང་ནས་དགའ་སྤྲོ་འཕེལ། གཞན་བོད་ཀྱི་དུས་བབས་དྲ་རྒྱ་དང་། བོད་ཀྱི་བང་ཆེན། ཁ་བརྡ་སོགས་རྒྱུད་ནས་སྐྱོན་ཡོན་དེ་ཚོ་གཟིགས་སྐབས་ལྷག་པར་དུ་རང་སེམས་གཟིང་བསྟོད་དེ་ཕྱག་ལས་མི་མཐུད་དེ་འཇུག་སྐྱོང་ཡོང་བར་སྨོན།

    Reply
  20. མདོ་ཁམས་པ། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད།

    Reply
  21. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    བཀུར་འོས་དཔལ་ལྡན་ཚོགས་གཞོན་མཆོག་ལ་བཀྲ་ཤིས་རྟེན་འབྲེལ་ཞུ །

    Reply
  22. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་བྱང་ཆུབ་སེམས་མ་ཞིག་ཡིན་།།་

    Reply
  23. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མ་དེ་དངོས་གནས་རྒྱ་གར་གྱི་དཔོན་རིགས་ཁག་ལ་འབྲེལ་ལམ་ལེགས་པོ་ཡོད་ཚུལ་འདུག ཡིན་ན་འབྲེལ་ལམ་དེ་གང་འདྲ་བྱེད་ནས་ཆགས་པ་ཡིན་སྙམ་ང་དོགས་པ་ཆེན་པོ་ཞེ་དྲག་འདུག ཁྱེད་ཚོས་ལྟས་ནས་གང་འདྲ་བྱས་ནས་རྒྱ་གར་དཔོན་རིགས་དང་འབྲེལ་བ་ཆགས་པ་རེད

    Reply
  24. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་མི་མཛེས་པ་རྣམ་གསུམ།

    གཞོན་པ་མེད་ན་བཀའ་ཟུར་བསྟན་རྣམ་ཕ་རྒན་ཡོད་དོ་ཟེར། །
    ན་གཞོན་བསྒྲུགས་ཅིག་ཐེངས་ཅིག་ཨ་མ་རྒྱ་རིས་བྱེད་དགོས་ཟེར། །
    བུ་གཞོན་བློ་སེང་ཁྲིམས་མཁས་བཀའ་ཁྲིའི་འོས་མགྲན་ངར་ནས་བཞུགས། །
    ཕ་མ་བུ་གསུམ་ཁྱིམ་ཚང་འགན་བླངས་མགྲན་བསྡུར་མི་མཛེས་སམ། །

    བཀའ་ཁྲིའི་འོས་བསྡུའི་ལས་ལམ་ལམ་ལྷོངས་ཤོག །

    Reply
  25. ཨ་མའི་བུ། says:
    ལོ་ 15 སྔོན།

    མྱི་ལྟིག་ཟེར་བ་འདི་མི་སྤྱང་པོ་ཞིག་རེད། ལྟས་ནས་ཡོང་ན་ཁོང་གསོག་སྒར་གྱི་སློབ་མ་ཞིག་ཡིན་ས་རེད། ཁོས་ད་ལྟ་ནས་ཨ་ཅེ་རྒྱ་རི་སྒྲོལ་མར་སྤྲེལ་ལད་འཁྲབ་ཀྱི་འདུག་གི

    Reply
  26. མྱི་ལྟིག says:
    ལོ་ 15 སྔོན།

    ུ༼བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར། ༽སྐད་ཆ་འདི་ངས་བལྟས་ན་གཞུང་གི་མ་མཐོང་བའི་དོན་རྐྱེན་ཞིག་རྒྱ་རི་སྒྲོལ་མས་ཅུང་སྔ་མོ་ནས་མཐོང་འདུག་སྙམ་ལ།རྗེས་ཕྱོགས་བོད་ནས་ཡོང་མཁན་དག་དང་།གསོག་སྒར་སློབ་གྲྭ་ནས་མཐར་ཕྱིན་མཁན་ཚོ་འགྲོ་ས་ཞིག་ཀྱང་རེག་ས་རེད་སྙམ་མོ།

    Reply
  27. འབྲི་འབྲོང་། says:
    ལོ་ 15 སྔོན།

    ཕོ་མོ་འདྲ་མཉམ་རེད་ཟེར་བ་དང༌། བོད་པའི་སྤྱི་ཚོགས་ནང་བུ་མེད་བཀའ་ཁྲི་ལངས་པ་གཟི་བརྗིད་རེད་ཟེར་བ་དེ་མ་བརྟག་པའི་སྐད་ཆ་ཞིག་རེད། བོད་བསྟན་པ་ཆབ་སྲིད་སྲ་བརྟན་ཡོང་ཐབས་དང༌། བོད་དང་རྒྱ་ནག་བར་གྱི་འབྲེལ་ལམ་གྲོས་མོལ་བྱེད་ཐུབ་མཁན་ཞིག་དང་ཤེས་མཁན་ཞིག་དགོས་པ་ཡིན་དུས་ཚང་མའི་ཐུགས་གཟབ་གནང་ནས་འོས་ཤོག་བླུག་རོགས་གནང༌། ཕྱོགས་རིས་འཐེན་ཕྱིར་ཁོ་ན་བྱས་ན་ང་ཚོ་བོད་ཀྱི་བདེན་མཐའ་སེལ་རྒྱུ་ལས་འགལ་རྐྱེན་མང་བའི་ལས་ཀ་འཕར་མ་རེད།

    Reply
  28. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མའི་དྲ་ཐོག་གི་འོས་གྲངས་ཀྱང་། རྒྱ་རི་སྒྲོལ་མའི་མིག་ནང་གི་མཆི་ལྟར་དུས་དང་སྐབས་ལ་བསྟུན་ནས་སྔ་དགོང་གི་བར་ལ་གློ་བུར་གློ་བུར་འཕར་ཡོང་གི་འདུག་གཱ མི་མང་པོ་ཞིག་རྒྱ་རི་སྒྲོལ་མར་དྲ་ཐོག་ཏུ་འོས་འཕེན་ཆེད་ཁ་སང་དེ་རིང་དྲ་ཁང་གི་སྒོ་ཁ་ན་གྲལ་རིང་སྒྲིག་མེད་འགྲོ། ད། མི་དམངས་ཀྱི་སྔུན་ལ་ལངས་ཡོང་ནོ་ངར་གི་ཞེས་བསྟོད་ར་བྱས་ནས་ཅང་མ་འགོར་བར། རྐུབ་འཇུར་ནས་སྣབས་ལུག་གི།

    Reply
  29. ཨ་མའི་བུ། says:
    ལོ་ 15 སྔོན།

    མདོ་སྨད་མི་མང་གིས་ད་ཐེངས་རྒྱ་རི་སྒྲོལ་མར་རྒྱབ་སྐྱོར་བྱེད་ཀྱི་འདུག

    རྒྱ་རི་སྒྲོལ་མས་ཀྱང་མདོ་སྨད་མི་མང་ལ་རེ་བ་ཤུགས་ཆེན་པོ་བརྒྱབ་ཡོད་པར་ཐོས།

    ང་ལ་འོས་ཤོག་ལྡུག་རྒྱུའི་ཐོབ་ཐང་མེད་པ་མ་གཏོགས་ཁོང་མོར་ལྡུག་གི་ཡིན།

    ཁོང་མོ་གཟི་བརྗིད་ཅན་ཞིག་འདུག ཁོང་མོར་ཐོབ་པའི་རེ་བ་ཡང་བྱེད་ཀྱི་ཡོད།

    Reply
  30. migyur says:
    ལོ་ 15 སྔོན།

    རྒྱ་རི་སྒྲོལ་མས་ཁེ་རྐང་གི་འབོད་ཚིག་རྡ་སའི་རི་མགུལ་ནས་སྒྲོག་རྒྱུ་དེ། ཡག་རྟགས་ཤིག་རྩ་བ་ནས་མིན་ཡང༌། སྨྲ་བརྗོད་བཀག་འགོག་མེད་པའི་རང་དབང་གི་སྤྱི་ཚོགས་འདིར། བཏང་སྙོམས་སུ་འཇོག་རྒྱུ་ལས་མེད། ངའི་སེམས་སུ་ཉར་བའི་མ་འོངས་པའི་བཀའ་ཁྲིའི་འོས་ཤོག་དེ། དེང་དུས་སྤྱི་ཚོགས་ཀྱི་བབ་དང་བསྟུན་ཤེས་མཁན། བློ་རིག་གསལ་ལ་ཤེས་འཇོན་གྱིས་ཕྱུག་པ། ལྷག་པར་ཏུ་རྒྱ་ནག་པོའི་ཁྲིམས་དང་ལྐོག་ཇུས་ལ་མཁྱེན་རླབས་ཅན། ཟང་ཟིང་གི་བསླུ་བྲིད་འོག་ཏུ་མ་ཚུད་ཅིང༌། ལྷག་བསམ་དང་སྤོབས་པ་ལྡན་པའི་གཞོན་སྐྱེས་ཤིག་ངེས་པར་ཏུ་དགོས་པས། དེ་ནི་མཁས་དབང་བློ་བཟང་སེང་གེ་རང་བབ་པ་འདུག

    Reply
  31. གངས says:
    ལོ་ 15 སྔོན།

    ད་ཨ་ཅེ་རྒྱ་རི་མཆོག་གི་སྐུ་ངལ་གསོས་ན་ཡག་པོ་ཡོད་ས་རེད།

    Reply
  32. གངས says:
    ལོ་ 15 སྔོན།

    ད་ཨ་ཅེ་རྒྱ་རི་མཆོག་གི་སྐུ་ངལ་གསོས་ན་ཡག་པོ་ཡོད་ས་རེད།

    Reply
  33. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་གི་སེམས་སྟོབས་དང་སྤོབས་པ་ལ་གོང་བཀུར་དང་རྗེས་སུ་ཡི་རང་ཡོད།
    བོད་པའི་སྤྱི་ཚོགས་ནང་ལྕམ་སྐུ་ཁྱོད་རང་ལྟ་བུའི་སྤྱི་དོན་ལ་བློས་བཏང་གི་བུད་མེད་མང་ཙམ་ཐོན་པའི་རེ་བ་ཡོད་ལ།
    སྐུ་ཉིད་བཀའ་བློན་ཁྲི་བའི་འོས་མིར་ལངས་བར་འཚམས་འདྲི་དང་བཀྲིས་བདེ་ལེགས་དང་། སྐུ་ཉིད་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཀྱང་ཡོད།

    Reply
  34. ཨ་མདོ༡༢༣ says:
    ལོ་ 15 སྔོན།

    དགའ་བསུ་ཡོད།

    Reply
  35. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    གལ་ཏེ་རྒྱ་རི་སྒྲོལ་མ་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་བོད་མི་ཚོ་དུས་ནམ་ཡང་འབྲས་དང་ལྡ་ལི་དང་མཉམ་དུ་འཐམ་ནས་རྒྱ་གར་ཚ་བའི་ཡུལ་དུ་ཤི་འགྲོ་རྒྱུ་ཉག་ཅིག་རེད། གང་ལྟར་རེ་བ་བཟང་ས་ཞིག་ཡོད་པ་ནི་བློ་བཟང་སེངྒེ་ལགས་རེད།

    Reply
  36. རྐང་གསུམ། says:
    ལོ་ 15 སྔོན།

    ངས་ཡང་བསྐྱར་རྒྱ་རི་སྒྲོལ་མ་གླེང་གི་ཡིན།
    ཁོ་མོའི་ལྷག་བསམ་དང་སྙིང་སྟོབས་ཀྱི་རྒྱབ་རི་ནི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མའི་ལྟ་གྲུབ་འདི་རེད། དེ་བས་ན་ང་ཚོས་ཡིད་གཏད་ཆོག་པའི་མ་འོངས་བོད་ཀྱི་བཀའ་ཁྲི་ཁོ་མོ་རེད།

    ཁོ་མོར་དཔྱོད་ཤེས་དང་བློ་མིག་གི་མཁྱེན་རྩལ་མྱིར་དོན། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཤེས་བྱ་གཉིས་ལ་མཁས་མཛངས་ལྡན་པ་མ་ཟད། སྐད་དང་ཡིག་རིགས་གསུམ་གྱི་མཁྱེན་རྟོགས་ལྡན་པའི་བོད་ཀྱི་མཛངས་མ་ཞིག་ཡིན་པའི་སྟབས་ཀྱིས་རེད། དེ་བས་ན་ང་ཚོས་ཡིད་གཏད་བྱེད་ཆོག་པའི་མ་འོངས་བོད་ཀྱི་བཀའ་ཁྲི་ཁོ་མོ་རེད།

    ཁོ་མོར་རང་ཚིགས་ལྡན་ལ་མི་གཞི་ལྷད་མེད་ཅིག་ཡོད་དོན། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་བྲལ་པའི་སྤྱི་དམངས་ལ་ཕན་སེམས་ཆེ་བ་དང་། ལྷད་མེད་ཀྱི་ལྷག་བསམ་དང་ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོ་ཞིག་ཡོད་པའི་རྐྱེན་གྱིས་རེད། དེ་བས་ན་ང་ཚོས་ཡིད་གཏད་བྱེད་ཆོག་པའི་མ་འོངས་བོད་ཀྱི་བཀའ་ཁྲི་ཁོ་མོ་རེད།

    ཁོ་མོ་འདི་ལྟར་མདུན་དུ་ཡོང་དོན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་བཟུང་བའི་སྲིད་བྱུས་ལ་མཁྱེན་རྟོགས་ཟབ་པ་དང་མི་ལོ་ཉི་ཤུའི་རང་གི་ཉམས་མྱོང་སོགས་ལ་ལྟས་ནས་རང་ཉིད་མི་དམངས་ཀྱི་མདུན་དུ་འབུད་འདོད་ཀྱི་སྙིང་སྟོབས་གསར་དུ་འཁྲུངས་པ་རེད། དེ་བས་ན་ང་ཚོས་ཡིད་གཏད་ཆོག་པའི་མ་འོངས་བོད་ཀྱི་བཀའ་ཁྲི་ཁོ་མོ་རེད།

    ཁོ་མོས་དུས་ཀུན་བཙན་བྱོལ་བོད་མིའི་འཚོ་གནས་དང་སྐྱིད་སྡུག་ཁ་ནས་ཤོད་དོན། རང་ཉིད་རྒྱ་གར་གཞུང་དང་བཙན་བྱོལ་བོད་གཞུང་བར་འབྲེལ་མཐུད་ཀྱི་ཐབས་ལ་མཁས་པའི་མི་བུ་ལྷག་བསམ་ཅན་ཞིག་ཡིན་པའི་སྙིང་སྟོབས་དང་ལ་ཞེན་སེམས་སུ་ཉར་ནས། རང་འགུལ་རང་སྟོབས་འོག་མི་རིགས་རིག་གནས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པའི་རྐྱེན་གྱིས་རེད། དེ་བས་ན་ང་ཚོས་ཡིད་གཏད་ཆོག་པའི་མ་འོངས་བོད་ཀྱི་བཀའ་ཁྲི་ཁོ་མོ་རེད།

    དྲ་གྲོགས་ཚོ་དེ་རིང་འདི་ལྟར་གུས་པས་དོན་ཚན་ལྔའི་ཐོག་ནས་སྐད་ཆ་བཤད་པ་ཙམ་གྱིས་བཀུར་འོས་ཚོགས་གཞོན་རྒྱ་རི་སྒྲོལོ་མའི་འདས་དང་ད་ལྟ་མ་འོངས་བཅས་ལ་ཚོད་འཛིན་བྱེད་མི་ཐུབ་པ་མ་ཟད། འདི་ནི་བཀུར་འོས་ཚོགས་གཞོན་རྒྱ་རི་སྒྲོལ་མའི་ལས་དོན་གྱི་ཆ་ཤས་ཙམ་ཞིག་དྲ་ཐོག་ལ་བྲིས་པ་ཡིན།

    Reply
  37. འདན་མ says:
    ལོ་ 15 སྔོན།

    བཀུར་འོས་རྒྱ་རི་སྒྲོལ་མ་མཆོག་ཁྱེད་མ་འོང་བཀའ་ཁྲིའི་འོས་གཞི་ལ་མ་བསྐུལ་དང་ལེན་གྱིས་ཕེབས་པ་དེ་དགའ་འོས་པ་ཞིག་རེད་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག
    དེང་སང་མཆན་བཀོད་པ་རེ་ཟུང་གིས། ཚིག་ལ་མདའ་མཚོན་མེད་ཀྱང་། མི་སེམས་ཚལ་བར་གཏོར། ཞེས་གསུངས་པ་ལྟར། བཀའ་ཁྲིའི་འོས་གཞི་དང་མ་འབྲེལ་བའི་གཏམ་འཆར་སྣ་ཚོགས་ཞིག་བརྗོད་པ་དེ་ཚོར་དགོས་པ་གང་ཡང་མེད། ལྷག་པར་དུ་ལྷ་མོན་གྱིས་ཆུ་བཞི་སྒང་དྲུག་གསར་སྙིང་ཞེས་པ་དེ་གླིང་འདུག ༧དེ་ཚོ་གོངས་ས་མཆོག་གིས་སྔར་ནས་ཐག་བཅད་གནང་ཟིན་པ་དེ་སླར་ཡང་སྨྲོས་དགོས་པའི་རྒྱུ་མཚན་ཅི་ཡིན། འཇིགས་རྟེན་གཏམ་དཔེར་ལ་ རང་འབྱུང་མ་དེ་མི་དཔྱད་མཁས་ཞེས་པའི་དཔེ་ལྟར་ཁྱེད་ལ་དཔྱད་དགོས་པ་མཐོང་། དེང་སང་འཛམ་གླིང་གསར་པ། དེང་རབ་གསརཔ། འཕོ་འགྱུར་གསར་པ། བཀའ་བློན་གསར་པ། མདུན་བསྐྱོད་གསར་པ། གསར་པ་ནང་དེ་ཚོ་ལྷད་དགོས་དོན་མེད་པས་ཁྱེད་ཁ་རང་སྡོད་ཚུག་པར་གྱིས།

    Reply
  38. རིག་འཛིན། says:
    ལོ་ 15 སྔོན།

    ཡང་ཡངབཀུར་འོས་པའི་ཚོགས་གཞོན་ལགས།
    རླབས་ཆེན་གྱི་དགོངས་བཞེས་འདི་འདྲ་ཞིག་སྤྱི་ཚོགས་ཁྲོད་དུ་བཏོན་གནང་བར་ནི་དགའ་བསུ་དང་འཚམས་འདྲི་ཡོད།
    ད་དུང་
    དགའ་འོས་པར་ཞིག་ནི།
    བུད་མེད་ཅིག་གི་གལ་ཆེན་བའི་ལས་འགན་འདི་འདྲ་ཞིག་དངས་བླང་བྱས་ཏེ་མི་མང་ཁྲོད་དུ་སྐད་གསང་མཐོ་པོའི་སྒྲགས་གནང་བ་འདིས་་་་ང་ཚོར་
    ལོ་རྒྱུས་གསར་པ་ཞིག་འཇོག་གནང་བ་ཡིན་པས།
    ཡང་བསྐྱར་སྤྲོ་ཚོར་ཤུགས་ཆེ་ངང་་་་ཐུགས་རྗེ་ཆེ་ཞུ།

    Reply
  39. དྲང་སྲོང་། says:
    ལོ་ 15 སྔོན།

    གཟུགས་པོ་སྦྱངས་བརྡར་དང་གསོལ་བཅའ་ཉུས་རུ་བཏང་ན་ཨ་མ་རྒྱག་པ་ཅུང་མཛེས་པ་ཆགས་སྲིད།

    Reply
  40. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༧༨༽ ཀརྡོ་རབ་འབྱམས་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༦ གི་ཆུ་ཚོད་ ༨ སྐར་མ་ ༡༢

    རྒྱ་རི་སྒྲོལ་མ་ཁ་ཟས་ཉུང་བཏང་ནས། །
    ལུས་རྩལ་རྩེད་ན་འདི་ལས་མཛེས་པར་འགྱུར། །
    རྒྱ་རི་སྒྲོལ་མ་དབུ་སྐྲ་གཙང་བཅད་ཀྱིས། །
    རྒན་ཆོས་བྱས་ན་འདི་ལས་གཙང་བར་འགྱུར། །

    རྒྱ་རི་སྒྲོལ་མ་བཀའ་ཁྲིར་དགའ་དྲགས་དང་། །
    བོད་ཀྱི་ནང་ཆོས་ཕོ་མོ་འདྲ་མཉམ་སོགས། །
    བོད་མོར་མོ་དད་ཆེ་བའི་དྲྭ་གྲོགས་ང་། །
    ཀརྡོའི་མྱོས་གཏམ་ཆ་འཇོག་བྱེད་མི་ཉན། །
    མཚར་གཏམ་གྱི་ཚུལ་དུ།

    Reply
  41. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    སྐུ་དྲག་ཡིན་ཚད་ལ་སྡུག་དམོད་བྱས་ན་ཡག་པོ་ཡོད་མ་རེད། གཙོ་བོ་ལྷག་བསམ་དང་ནུས་པ། དེའི་བྱས་རྗེས་ལ་ལྟ་དགོས་པ་རེད། དེ་བཞིན་གཞོན་སྐྱེས་བློ་བཟང་སེང་གེས་ཀྱང་བོད་གཞུང་གི་སྒྲིག་འཛུགས་ནང་ཕྱག་ལས་གནང་མྱོང་མེད་པས་བཀའ་ཁྲིར་འོས་མི་འདུག་ལབ་ན་ཏག་ཏག་ཅིག་བསྡད་མེད་པ་རེད། ང་ཡིན་ན། ཁོང་གསུམ་ཕུད་ད་དུང་བཀའ་ཁྲིའི་འོས་གཞིར་ལངས་མཁན་མང་དུ་སོང་ན་བསམ་མཁན་ཞིག་ཡིན་པས། རྣམ་པ་ཚོས་ཀྱང་ཚོད་ཚོད་ཁ་མི་གཏོང་བར་འོས་མི་ཚོའི་གནས་སྟངས་ལ་རིག་པས་བརྡར་ཤ་གཅོད་རྒྱུ་གལ། དེ་ལས་ལྡོག་ཏེ་མིག་གཅིག་བཀབ་སྟེ་མིག་གཅིག་གིས་གཞན་གྱིས་སྐྱོན་ཁོ་ན་བཙལ་བསྡད་ན་རང་ཉིད་བྱབ་ཆུང་ཡིན་པ་བསྟན་པ་རེད་ལ། མང་གཙོ་ལངས་སུ་སྤྱོད་མ་ཐུབ་པའི་རྟགས་མཚན་ཞིག་ཕྱིར་མངོན་པ་རེད་འདོད། ཐུགས་རྗེ་ཆེ།

    Reply
  42. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ༢༠༡༡ལོའི་བཀའ་བློན་ཁྲི་བའི་དོན་སྙིང་དང་འོས་འགན་ཅི་ཡིན་ནམ །

    ཉེ་ལམ་ཁ་བརྡ་དྲ་ཚིགས་སྟེང་དུ་དགེ་འདུན་རབ་གསལ་ཟེར་བ་ཞིག་གིས་བོད་ཀྱི་ཨོ་བྷ་མ། ཡང་ན། རྒྱ་ནག་གི་ཨོ་བྷ་མ་ཟེར་བའི་ཁ་བྱང་སྐྱིད་པོ་ཞིག་བཀོད་འདུག་པ་བཀླགས་རྗེས། རང་དབང་མེད་པར་༢༠༡༡ལོའི་བཀའ་བློན་ཁྲི་བ་མཆོག་ནི་བོད་ཀྱི་ཨོ་བྷ་མ་ཞིག་ཆགས་པར་ང་ཚོ་མི་སྒེར་སོི་སོས་འབད་པ་བྱེད་དགོས་བསམ་བྱུང་། དེ་ཡང་ངས་ཨོ་བྷ་མའི་སྲིད་སྐྱོང་གི་ནུས་པའི་སྟེང་ནས་བཤད་ཀྱིན་མེད་པར། ཁོ་བོ་ཨ་རི་ཡིས་སྲིད་འཛིན་ལ་བསྡད་པ་དེས་འཛམ་གླིང་མི་དམངས་ལ་ལོ་རྒྱུས་སྟེང་བྱུང་མ་མྱོངས་པའི་ཕུགས་བསམ་ལེགས་པོ་ཞིག་དང་རེ་ལྟོས་ཆེན་པོ་ཞིག གླེང་གཞི་ཆེན་པོ་ཞིག་བསྩལ་བྱུང་། འདི་ནི་ཁོ་རང་ཨ་རིའི་སྲིད་འཛིན་འདེམས་བསྐོ་ལ་ཞུགས་པ་དང་མི་བརྒྱུད་ནག་པོ་ཡིན་པ་སོགས་ལ་འབྲེལ་བ་ཟབ་མོ་ཡོད་སྲིད་ནའང་། ཁོ་རང་ཨ་རིའི་སྲིད་འཛིན་ལ་བསྡད་པའི་དེས་ཨ་རིའི་མི་བུ་འདྲ་མཉམ་གྱི་འཕེལ་རྒྱས་མཚོན་པ་མ་ཟད། ཨ་རི་སྤྱི་ཚོགས་ཀྱི་མི་བརྒྱུད་ནག་པོའི་བུ་རབས་ཚ་བརྒྱུད་གཙོ་བྱས་པའི་འཛམ་གླིང་གི་ཉམས་ཆུང་མི་རིགས་དག་ལ་སྔར་མེད་ཀྱི་སྟོབས་ཤུགས་ཅིག་བསྩལ་བ་རེད།
    ཅི་ཕྱིར་སྐད་ཆ་འདི་ལྟར་གླེང་འགོ་རྩོམ་དགོས་བྱུང་ཞེས་ན། ༢༠༡༡ལོའི་བཙན་བྱོལ་གྱི་བོད་ཀྱི་བཀའ་བློན་ཁྲི་བའི་འདེམས་བསྐོ་གླེང་སློང་མཁན་མང་པོ་ཞིག་གིས། བཀའ་བློན་ཁྲི་བའི་འོས་གཞིར་ལངས་མཁན་ལ་ཡུལ་དུས་ཀྱི་ཕྱོགས་རེས་ཡོད་མེད་དང་ཉམས་མྱོང་ཡོད་མེད། གོང་ས་མཆོག་གི་དབུ་མའི་ལམ་ལ་རྒྱུས་ལོན་དང་རྒྱབ་སྐྱོར་ཡོད་མེད། གནའ་དེང་གི་རིག་གཞུང་ལ་ཤེས་ཚད་ཟབ་མིན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་འཁོར་ཕྱོགས་ལ་ངེས་ཤེས་ཟབ་མོ་ཡོད་མེད་སོགས་ཀྱི་སྟེང་ནས་བཀའ་བློན་ཁྲི་བར་ཚད་མཇལ་གྱིན་ཡོད་པར་སེམས།
    རེད་དེ། འདི་དག་ཀྱང་བཀའ་བློན་ཁྲི་བ་དགོས་ངེས་ཀྱི་ཚང་དགོས་པའི་ཆ་རྐྱེན་ཡིན་སྲིད་མོད། དགའ་འོས་པ་ཞིག་ལ། ད་ལྟ་དྲ་ཚིགས་སྟེང་རྒྱུས་ལོན་བྱས་པ་ལྟར་ན། བཀའ་བློན་ཁྲི་བའི་འོས་གཞིར་ལངས་མཁན་ནམ་ལངས་འདོད་ཡོད་མཁན་གྱི་སྐུ་ཞབས་བསྟན་འཛིན་རྣམ་རྒྱལ་མཆོག་ཡིན་ན་འདྲ། བློ་བཟང་སེང་གེ་ཡིན་ནའང་འདྲ། ཀུན་བཟང་རྒྱལ་མཚན་ཡིན་ནའང་འདྲ། རྒྱ་རི་སྒྲོལ་མ་ཡིན་ནའང་འདྲ། ཁོ་ཚོ་མི་བུ་སོ་སོར་བཀའ་བློན་ཁྲི་བ་འདུག་རྒྱུའི་སེམས་ཤུགས་ཡོད་པ་མ་ཟད། ཤེས་ཡོན་དང་ནུས་པ་ཀྱང་གང་ལ་གང་མཚམས་ཀྱི་ཡོད་པར་འདོད་པས། ང་ཚོས་མི་བུ་སྒེར་སོ་སོར་རྒྱུས་ལོན་ངེས་ཅན་ཞིག་བྱས་ཡོད་པའི་དུས་ད་ལྟ། ང་ཚོས་བསམ་བློ་གཏོང་རྒྱུ་ནི་གཤམ་གསལ་གྱི་ཁག་གཉིས་སྟེ།

    དང་པོ ༢༠༡༡་ལོའི་བཀའ་བློན་ཁྲི་བའི་དོན་སྙིང་།
    གཅིག བོད་ཀྱོ་ལོ་རྒྱུས་སྟེང་ཐེངས་དང་པོར་སྐྱ་སེར་ཆབ་སྲིད་པ་ཞིག་མང་གཙོ་ལམ་ལུགས་བརྒྱུད་ནས་བཀའ་བློན་ཁྲི་བར་ཕེབས་རྒྱུ་ཡིན་པ།

    གཉིས བཙན་བྱོལ་འཚོི་བ་རོལ་ནས་མི་ལོ་དྲུག་བཅུ་འདས་པའི་དུས་ད་ལྟ་གོང་ས་མཆོག་གཙོ་བྱས་པའི་བཙན་བྱོལ་སྲིད་གཞུང་གི་སྐྱེལ་བསྲིངས་བྱས་པའི་མང་གཙོ་ལམ་ལུགས་ཀྱི་གྲུབ་འབྲས་དང་མི་རབས་ཅིག་གི་ནུས་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་མངོན་པའི་གོ་སྐབས་བྱུང་བ།

    གསུམ ང་ཚོ་བོད་ཀྱི་འབངས་མི་སྒེར་སོ་སོར་ཡང་བསྐྱར་རང་མི་རིགས་ཀྱི་གནས་བབས་དང་མ་འོངས་པའི་ལམ་ཁ་ལ་བསམ་བློ་དང་བསྐྱར་ཞིབ་བྱེད་པའི་གོ་སྐབས་ཅིག་སྤྲད་པ།

    གོང་གསལ་གྱི་དགེ་མཚན་འདི་དག་གི་དབང་གིས་ང་ཚོས་ངེས་པར་དུ་བཀའ་བློན་ཁྲི་བའི་འདེམས་བསྐོས་གོ་སྐབས་བེད་སྤྱད་དེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ཞིག་རྒྱ་ནག་མི་དམངས་གཙོ་བྱས་པའི་འཛམ་གླིང་མི་དམངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་དང་།
    གཞི་བྱེས་བོད་མི་དག་ལ་རང་མི་རིགས་འདི་མ་འོངས་པར་ལམ་ཁ་ཅི་ལྟ་བུ་ཞིག་ལ་འགྲོ་འོས་པར་སེམས་ཀྱི་སྟེང་དང་སྙིང་གི་དབུས་ནས་ཡང་བསྐྱར་བསམ་བློ་ཞིག་གཏོང་བར་བྱེད་པའི་གོ་སྐབས་ཞིག་བསྐྲུན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པར་སྙམ།

    གཉིས་པ བཀའ་བློན་ཁྲི་བའི་འོས་འགན།
    རྒྱ་རི་སྒྲོལ་མའི་གསར་འགོད་གསལ་བསྒྲགས་སྟེང་དུ་ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད་ཞེས་གསལ་བོར་བརྗོད་ཡོད་པ་བཞིན། ༢༠༡༡ལོའི་བཀའ་བློན་ཁྲི་བར་མི་སྣ་འཇོན་ཐང་ཅན་དཔེ་མི་སྲིད་པ་ཞིག་ཕེབས་ཀྱང་རྒྱ་ནག་གཙོ་བྱས་པའི་ཕྱིའི་ཁོར་ཡུག་དང་བོད་ཀྱི་འཐུས་དོད་པོ་མིན་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་འདིའི་འོག་ཏུ་མི་འགྱངས་པའི་མ་འོངས་པའི་ལོ་འཁོར་ལྔ་དང་བཅུ་ཡིས་ནང་དུ་བོད་རང་བཙན་ནམ་བོད་ལ་ཁ་ཡོད་ལག་ཡོད་དམ་དངོས་པ་དོན་གྱི་རང་སྐྱོང་གི་སྲིད་ཇུས་ཅིག་གམ་གྲུབ་འབྲས་ཅིག་བརྩོན་ལེན་བྱེད་ཐུབ་རྒྱུ་མ་རེད། འདི་ལྟར་ལབ་ན། ཡང་ཁ་ཤས་ཅིག་གིས། འོ་ན་བཀའ་བློན་ཁྲི་བའི་ཅི་ཞིག་སྒྲུབ་དགོས་པ་རེ་ཟེར་ན།

    མ་འོངས་པའི་མི་ལོ་ལྔ་བཅུ་ནས་བརྒྱ་འགོར་དུས་ཞིག་ལ་ང་ཚོ་བོད་མི་རིགས་ཀྱིག་ཆེས་མཐར་གཏུགས་དམིགས་ཡུལ་ཅིག་སྟེ་ཆོལ་གསུམ་བོད་ཁམས་གཅིག་གྱུར་དང་སྒེར་ཚུགས་བྱེད་པར་རྨང་གཞི་ལེགས་པོ་ཞིག་གམ་གྲ་སྒྲིག་ལེགས་པོ་ཞིག་གཏོང་རྒྱུ་དེ་གལ་ཆེན་པོ་རེད་འདོད།
    དེ་བས་ངས་བསམ་ན་༢༠༡༡་ལོའི་བཀའ་བློན་ཁྲི་བས་འོས་འགན་ནི་བོད་ཀྱི་མང་གཙོ་ལམ་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དང་མ་འོངས་བོད་ཀྱི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་འདྲེན་མི་སྣ་མང་པོ་ཞིག་ཅི་ལྟར་སྐྱེལ་བསྲིངས་བྱེད་རྒྱུ་ཡིན་མིན། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་བོད་དོན་ཅི་ལྟར་ཁྱབ་བསྒྲགས་བྱེད་རྒྱུ། བོད་ཀྱི་ངོ་བོ་མ་ཉམས་པའི་མི་རབས་རྗེས་མ་ཅི་ལྟར་གསོ་སྐྱོང་བྱེད་རྒྱུ། བཙན་བྱོལ་སྤྱི་ཚོགས་འདི་ཅི་ལྟར་རང་ཁ་རང་གསོ་ཐུབ་པ་ཞིག་ཏུ་གཏོང་རྒྱུ། གཞི་ལུས་ཤེས་ལྡན་མི་སྣ་དང་སྐད་བརྡ་གཅིག་གྱུར་དང་སྤྱི་སྐད་སྒྲིག་བཟོ་སོགས་ཀྱི་ཐད་ཅི་ལྟར་མཉམ་འབྲེལ་བྱེད་རྒྱུ། བོད་ནང་གི་ཆབ་སྲིད་བཙོན་མ་ཚོའི་བདེ་འཇགས་དང་གློད་གྲོལ་གྱི་ཆེད་དུ་བྱ་འགུལ་ཅི་ལྟར་སྤེལ་རྒྱུ། སོགས་སྒྲུབ་རྒྱུ་ནི་༢༠༡༡ལོའི་བཀའ་བློན་ཁྲི་བའི་བསམ་བློ་གཏོང་དགོས་པའམ་སྒྲུབ་འོས་པའི་ལས་འགན་ཡིན་པར་འདོད།

    བོད་ཀྱི་ཨོ་བྷ་མ་ཆགས་དགོས་ན་ཅི་ཞིག་བྱེད་དགོས་ཞེ་ན།

    འཛམ་གླིང་མི་དམངས་ཀྱི་མིག་དབང་དང་གཞི་བྱེས་བོད་མིའི་དོ་སྣང་འདྲེན་རྒྱུ་ནི་བོད་ཀྱི་ཨོ་བྷ་མ་ཆགས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པས། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ བསྟན་འཛིན་རྣམ་རྒྱལ་དང་ བློ་བཟང་སེང་གེ ཀུན་བཟང་རྒྱལ་མཚན། རྒྱ་རི་སྒྲོལ་མ་སོགས་ཁོ་ན་མིན་པར།
    བོད་ཀྱི་རང་བཙན་རྩོན་ལེན་པ་བསྟན་འཛིན་བརྩོན་འགྲུས་སོགས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་ཆབ་སྲིད་པ་འགའ་ཡང་བཀའ་བློན་ཁྲི་བའི་འོས་འདེམས་ལ་ཞུགས་པར་སྙིང་ནས་རེ་ཞིང་སྐུལ་བ་ཡིན།

    ཞེས་མཁའ་དབུགས་གསར་བར་འབོད་པའི་ཉི་ཧོང་དུ་སྦྱར་བའོ།

    Reply
  43. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    རྒྱ་རི་ཁྱིམ་རྒྱུད་ཀྱིས་༸གོང་ས་མཆོག་ལ་བློ་དཀར་གཞུང་དྲང་གིས་ད་ལྟ་བར་དུ་བཙན་བྱོལ་སྤྱི་ཚོགས་འདིའི་ནང་རམ་འདེགས་ཀྱི་ནུས་བ་འབུར་དུ་ཐོན་ཡོད་པ་དངོས་ཡོད་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ནུས་པར་འདོད་ལ། ཚོགས་གཙོ་ཁོང་བུད་མེད་ཅིག་གི་ངོས་ན་མདུན་དུ་མཆོང་བའི་བློ་སྟོབས་ཡོད་པ་དེ་བོད་ཕྱི་ནང་གི་བུད་མེད་ཚོས་དམིགས་དཔེ་རུ་འོས་པར་འདོད། ཡིན་ན་འང་ང་ཚོར་མཁོ་བའི་བཀའ་ཁྲི་དེ་མ་འོངས་བར་བཙན་བྱོལ་སྤྱི་ཚོགས་ཀྱི་ལངས་སོགས་གང་ཅི་ཐད་ནས་ཡར་རྒྱས་སུ་གཏོང་བའི་བསམ་བློ་གསར་བའི་བདག་ཉིད་ཅན་ཞིག་ལས། མི་ལོ་ལྔ་བཅུའི་འཐུས་ཤོར་ཡོད་ཚད་མི་མཐུད་རྒྱུན་སྐྱོང་བྱེད་པའི་ཀླད་རྙིང་གི་ལངས་ཕྱོགས་འཛིན་མཁན་ཞིག་ལ་རེ་བ་རྒྱག་མི་རུང་། དེ་བས་མཁས་དབང་བློ་བཟང་སེང་གེ་ལྟ་བུའི་མི་བུ་རེ་བ་ཅན་ཚོར་གོ་སྐབས་སྤྲོད་རན་རེད་འདོད་བྱུང་། དེ་མིན་གང་ལ་གང་འཚམས། ཉམས་མྱོང་ཞེས་པ་སོགས་བཙན་བྱོལ་གཞུང་གི་རྒད་པོ་རྒན་མོ་ཚོས་རྐུབ་བཀྱག་རྒྱུན་སྲུང་གི་ཆེད་དུ་བེད་སྤྱོད་བཞིན་པའི་མིང་ཚིག་ཏུ་མཐོང་སོང་།

    Reply
  44. tenzen lhamo says:
    ལོ་ 15 སྔོན།

    རྒྱལ་རི་ཚང་དང་བཀྲ་མཐོང་ཚང་ལ་བཙན་བྱོལ་གཞུང་གོ་གནས་མ་རག་པས་བོད་དོན་སྒྲུབ་མ་ཐུབ་ག་ལ་ཡིན། བཙན་བྱོལ་བོད་གཞུང་སྒེར་བདག་རྒྱག་མཁན་མི་ཚང་གསུམ་གྱི་ནང་ནས་མི་འདི་གཉིས་རེད། ད་དུང་བཀའ་ཁྲིའི་བཞུགས་ཁྲི་དེར་ཐོབ་ན་ཅིག་བྱེད་ཀྱི་ཡོད་མདོག་མདོག་བྱས་ནས་ཁྲམ་བསྡད་ཀྱི་ཡོད་རེད།

    རྒྱ་རི་ཚང་དང་བཀྲ་མཐོང་ཚང་ལ་གོ་སྐབས་སྤྲད་ཚར་བ་རེད། ད་ནི་གོ་སྐབས་སྤྲད་ཀྱི་མིན།

    ང་ཚོང་ལ་དགོས་པ་ནི་གཞོན་སྐྱེས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བོད་རྒྱ་ཆེན་མི་དམངས་ཀྱི་གོ་སྤྲོད་དགོས་ངེས་རེད་ལ་ངས་རང་ངོས་ནས་ཀྱང་སྤྲོད་ངེས་ཡིན།

    རྒྱ་རི་དང་བཀྲ་མཐོང་གཉིས་ལ་ཐོབ་ཐང་མེད། མི་ཚང་འདི་གཉིས་ཕྱུག་པོ་ཆགས་ཡོད་པས་ལྐོག་ཟ་བྱེད་བཅུག་འདོད་མེད།
    མི་ཚང་འདི་གཉིས་ཀྱི་འོག་ཏུ་བོད་མི་རིགས་ལ་བདེ་སྐྱིད་ཡོང་ཐབས་མེད་པར་ཤེས་དགོས། བཙན་བྱོལ་མི་དམངས་ལགས། མགོ་མ་རྨོངས། ང་ཚོང་མགོ་སྐོར་ག་ཚོད་བཏང་མྱོང་ཡོད་པ་དྲན་པ་བྱེད་རོགས།

    Reply
  45. འབུར་ཐོ། says:
    ལོ་ 15 སྔོན།

    ངས་བལྟས་ན་ད་ལན་གྱི་བཀའ་ཁྲི་དེ་རྒྱ་རུ་སྒྲོལ་མ་ཁྱོན་ནས་མི་འོས་ཀི དྲང་མོ་བཤད་ན་མོས་ད་བར་དུ་དངོས་གནས་བོད་མི་རིགས་ཀྱི་ཆེད་དུ་ཞབས་ཞུ་ཧང་སང་བ་ཞུས་པ་རེད། འོན་ཀྱང་། ད་ལན་མི་རབས་གསར་བ་ཚོ་ལ་རྩིས་སྤྲོད་བྱས་ཏེ། སློབ་སྟོན་གནང་རྒྱུ་དེ་མོ་རང་ལ་འོས་འཚམ་རེད། ད་བྱས་ན་ཕལ་ཆེར་བློ་བཟང་སེངྒེ་ལ་འོས་བླུག་དགོས་རྒྱུ་རེད། གཞུང་གི་ལས་བཤད་རྒན་པ་ཚོ་ལ་གནས་སྐབས་ངལ་གསོའི་གོ་སྐབས་ཕུལ་ན་ཏག་ཏག་རེད། ཁ་ཤས་ཀྱིས་ཆོས་དད་ཡོད་ཚུལ་དང་༧གོང་ས་མཆོག་ལ་དད་པ་ཡོད་ཚུལ་གླེང་གི་འདུག དེ་ནི་གཉིད་མ་སད་པའི་སྐད་ཆ་རྙིང་བ་ཞིག་ཡིན་པ་འདྲ།

    Reply
  46. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    སྐྱོན་མེད་པའི་མི་དང་མཛེར་མེད་པའི་ཤིང་དཀོན་སྟབས་ང་ཚོའི་བཀའ་ཁྲི་འོས་གཞི་འདིའི་ནང་སུ་བོད་མི་རྩེ་ཕུད་ཡིན་ན་དེ་གདམས་དགོས་པ་ཡིན་སྟབས་ཤེས་ཡོན་དང་སྤོབས་པ་གཉིས་ལྡན་གྱི་རྒྱ་རི་སྒྲོལ་མ་ལས་ལྷག་པ་སུ་ཡང་མཐོང་མ་སོང་།
    དེ་བས་ན་རྒྱལ་བའི་དགོངས་པ་དང་ད་ལྟའི་རྡ་སའི་གནས་སྟངས་གང་གི་ཐད་ནས་ཀྱང་རྒྱ་རི་སྒྲོལ་མ་བཀའ་ཁྲི་བྱུང་ན་ཡག་པོ་འདུག

    Reply
  47. གཟེར་མ། says:
    ལོ་ 15 སྔོན།

    བོད་ཀྱི་བུ་མེད་ཞིག་གི་སྤོབས་ལ་བསྔགས་བརྗོད་ཞུ།

    Reply
  48. བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་བང་ཆེན་ཐོག་རྒྱ་རི་སྒྲོལ་མས་མོ་རང་ཆོས་སྐྱོང་མས་བཀའ་ཁྲིས་བསྐོས་པ་ཡིན་ཟེར་གི་འདུག རྒྱ་རི་སྒྲོལ་མ་ཆོས་སྐྱོང་གིས་སྤྱི་འཞུས་ལ་བསྐོ་ཡི་རེད་པས།

    Reply
  49. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 15 སྔོན།

    ད་དངོས་གནས་ཁ་པོ་རེད། དངོས་གནས་ཁ་པོ་རེད། བཙན་བྱོལ་བོད་མི་གཉིད་ལས་
    སད་ཡོད་ན་ཁ་པོ་རེད་གྲོགས་པོ། དེར་བརྟེན་དེང་སང་རྒྱུ་ནོར་ག་ཚོད་ཡོད་ཀྱང་ཤེས་ཡོན་དང་རྒྱུ་ནོར་གཉིས་ཀྱི་ནང་ནས་ཤེས་ཡོན་གདམས་མཁན་མང་ཙང་གཞི་ཆགས་ཁག་སོགས་ལ་ཡང་ཏོག་ཙམ་དྲག་རྒྱུ་རེད་གྲོགས་པོ། ད་མང་པོ་བཤད་ན་མ་བཤད་ན་མཐའ་མཇུག་གི་འོས་གཞི་སྟེ་བློ་བཟང་སེང་གེ་ལ་མ་
    ཐོབ་ཚེ་ད་གཟོད་བཙན་བྱོལ་བ་ཡང་མི་ལོ་ལྔ་ཡི་རིང་དོན་མེད་ཀྱི་ངང་ནས་དུས་འདས་རྒྱུ་
    གཏན་འཁེལ་རེད།

    Reply
  50. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ཚོགས་སྒེར་ཁག་ནས་ད་བར་བཀའ་ཁྲིའི་འོས་མིར་བཏོན་པ་རྣམས་མང་ཚོགས་ཀྱིས་མཁྱེན་རྟོགས་ཐུབ་ཆེད་གཤམ་དུ་ཟུར་བཏོན་ཞུས་ཡོད་ཅིང༌། ཁོང་རྣམས་རེ་རེ་ནས་སྐབས་གསུམ་པའི་བཀའ་ཁྲིར་འོས་མིན་སྐོར་དགོངས་ཚུལ་ལྷུར་པོར་གནང་རོགས།
    ༡ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༢ མཁས་དབང་བློ་བཟང་སེང་གེ།
    ༣ ཚོགས་གཞོན་རྒྱ་རི་སྒྲོལ་མ།
    ༤ སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༥ བཀའ་བློན་འབྲོང་ཆུང་དངོས་གྲུབ།
    ༦ སྐུ་ངོ་བློ་བཟང་སྦྱིན་པ།
    ༧ ཚོགས་གཙོ་སྤེན་པ་ཚེ་རིང༌།
    ༨ འཁོར་ཚ་བསོད་ནམས་སྟོབས་རྒྱས།
    ༩ རྔ་བ་ཚེ་རྒྱམ།
    ༡༠ རྟའུ་བློ་བཟང་དཔལ་ལྡན་བཅས་སོ།།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese