མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བཅུ་གསུམ་གྱི་བཀའ་སྤྱིའི་འོས་མི།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མི་ཕྱིར་བསྒྲགས།
ངྷ་ས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འདི་གར་བཏང་གནས་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཟླ་ཕྱེད་གོང་ནས་ ༢༠༡༡ ལོའི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་འོས་མི་ཕུལ་བྱུང་ཅན་སླེབས་ཕྱིར། ཚོད་ལྟའི་འོས་གཞི་ཞིག་བསྡུས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ཡོད་ཟེར།
དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཕྱིར་བསྒྲགས་གནང་བའི་བཀའ་ཁྲིའི་འོས་མི་གཉིས་ནི། བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སངྒེ་གཉིས་ཡིན་པ་དང་། དེ་བཞིན་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་མིར་ཆོལ་ཁ་རེ་ནས་འཐུས་མི་བཅུ་རེ་བཏོན་ཁོངས་ནས་དངོས་སུ་འདུག་བློ་ཡོད་རིགས་ཀྱི་སྤྱི་འཐུས་འོས་མི་རྣམས་ནི།  དབུས་གཙང་སྤྱི་འཐུས་འོས་མིར། དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བུ་མོ་ཚེ་རིང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གཉིས་དང་།
མདོ་སྨད་སྤྱི་འཐུས་འོས་མིར། སྤྱི་འཐུས་ལས་ཐོགས་ཀིརྟི་སྒྲོལ་དཀར་ལྷ་མོ། དབུ་མའི་ལམ་ཚགས་ཤོག་རྩོམ་སྒྲིག་པ་རྨོག་རུ་བསྟན་པ། ས་རྭ་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལོ་རྒྱུས་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་བཅས་དང་།
མདོ་སྟོད་སྤྱི་འཐུས་འོས་མིར། བཀའ་དྲུང་ཡིག་ཚང་གི་དྲུང་ཆེ་ལས་འཕར་ཟུར་པ་བུ་རྫོང་ལྷ་མོ་ཚེ་རིང་དབང་ཕྱུག སྤྱི་འཐུས་ལས་ཐོགས་ཆོས་སྐྱོང་དབང་ཕྱུག དབུས་གཞོན་ནུའི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས། དབུས་གཞོན་ནུའི་ཚོགས་གཞོན་ལས་ཐོགས་པ་སྤོ་ཆུང་ཚང་དོན་གྲུབ་ལྷ་དར། དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཟུར་པ་ཚེ་རིང་བདེ་སྐྱིད། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 13

  1. རྐང་གསུམ། says:
    ལོ་ 16 སྔོན།

    འདི་ཚང་གིས་བཀའ་སྤྱི་གཉིས་ཀྱི་འོས་མི་ཡག་པོ་གཅིག་ཀྱང་འདེམས་མི་འདུག་བསམ་ཡོད།

    Reply
  2. རྐང་གསུམ། says:
    ལོ་ 16 སྔོན།

    ཡ་ཆུ་ཐིགས་སྔོན་མོ་ཡང་ལྷ་ཆབ་སྦྱིན་པ་ལ་རྔ་མ་ཞིག་གཡུག་ན་འདོད་ནི་འུ་རེད།

    Reply
  3. རྐང་གསུམ། says:
    ལོ་ 16 སྔོན།

    ངས་བསམ་ཚུལ་ལ་འདི་ཚང་གིས་བཀའ་སྤྱི་གཉིས་ཆ་ཡག་པོ་ཞིག་འདེམས་མི་འདུག་སམ་ཡོད།

    Reply
  4. ཚོ་སྒོ་བ། says:
    ལོ་ 16 སྔོན།

    དགུ་བཅུ་གསུམ་གྱི་ཚོགས་པ་དང་ཚོགས་གཙོ་རིམ་བྱུང་གི་བྱེད་སྟངས་ཡག་པོ་ཁྱོན་ནས་མི་འདུག་གོ

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་པའི་འོས་མི་ཡག་པོ་བཏོན་འདུག འོན་ཀྱང་དབུས་གཙང་སྤྱི་འཐུས་འོས་མི་འདི་འདྲའི་དཀོན་མདོག་ལ་བཙན་བྱོལ་ནང་དབུས་གཙང་མི་འབོར་ཆེ་ཤོས་མ་རེད་པས། དེ་གཉིས་མ་གཏོགས་པའི་གཞན་དག་ལ་སྤྱི་འཐུས་འོས་ཆོས་མ་ཚང་བ་ཤ་སྟག་ནི་ཡིན་གྱི་མ་རེད། གཙོ་བོ་དགུ་བཅུ་གསུམ་གྱི་ཚོགས་གཙོའི་ཆེད་དུ་ཡིན་པ་ཤུགས་ཀྱིས་བསྟན་འདུག།

    Reply
  6. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    བཀྲས་མཐོང་སླེབས་ན་ཡང་བསྐྱར་ལྐོག་ཟ་རུལ་གསུང་བྱེད་འགྲོ། དེ་བས་མི་གཙང་མ་ཞིག་སླེབ་ཀྱིས་རེ་བ་ཡོད། བློ་བཟང་སེང་གེ།

    Reply
  7. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    བཀྲ་ཤིས་གིས་བཤད་པ་ཧ་ཅང་བདེན་པ་འདུག ཤེས་ཡོན་ཡོད་ན་འཇོན་ཐང་མེད་འཇོན་ཐང་ཡོད་ན་ལྷག་བསམ་མེད་མཁན་རྐྱང་རྐྱང་རེད་འདུག དཔེར་ན་་་་

    Reply
  8. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ནང་ཁུལ་གཙང་མ་ཡོད་དམ། མེད་ན་སྔོན་ལ་ནང་ཁུལ་གཙང་མ་བཟོས་དང་གཞི་ནས་སྤྱི་ཚོགས་སྤྱི་ཡོངས་གླེང་ན་འོས་འཚམས་མཐོང་། དེ་མིན་ངག་དབང་འོད་འབར་རང་སྤྱི་འཐུས་འོས་མིར་བཅུགས་ཐབས་སྐྱོ་བའི་ལས་འགུལ་ཞིག་ཏུ་གྱུར་འདུག

    Reply
  9. འཇམ་དབྱངས། says:
    ལོ་ 16 སྔོན།

    དགུ་བཅུ་གསུམ་གྱི་སྤྱི་འཐུས་འོས་གཞི་འདེམས་སྟངས་འདི་མཐོང་ན་མ་འོངས་པའི་བོད་མི་མང་སྤྱི་འཐུས་ལ་ཡང་རེ་བ་ཅང་མི་འདུག

    Reply
  10. འཇམ་དབྱངས། says:
    ལོ་ 16 སྔོན།

    བཀའ་ཁྲིའི་འོས་མི་ལས་བཀྲིས་མཐོང་བསྟན་རྣམ་དེ་སྔ་ཡང་བཀའ་ཁྲི་སོགས་མང་པོ་བྱས་ཚར་བ་རེད། ཡིན་ན་ཡང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་ཁར་མཐར་བོད་གཞིས་བྱེས་སེམས་སྐྱོ་དགོས་པ་དང་རྒྱ་དམར་པོ་དགའ་དགོས་པའི་གླེང་གཞི་ཅན་གྱི་རྙོག་དྲྭ་ཞིག་བཟོས་པ་རེད།། དེའི་ཕྱིར་ལུང་ཚན་གྱི་ཞེན་ཁོག་མིན་ན་བཀྲིས་མཐོང་བསྟན་རྣམ་ལས་སྤྱི་འཐུས་ཚོགས་གཚོ་སྤེན་པ་ཚེ་རིང་དང་བློ་བཟང་སེངྒེ་གཉིས་གང་རུང་བཀའ་ཁྲིར་སླེབས་ཐུབ་པར་འབད་བརྩོན་བྱས་ན་ལེགས་པར་མཐོང་། མི་རབས་གསར་པ་ལ་འགན་སྤྲོད་དགོས་པར་མ་ཟད། ཁོང་ཚོར་གཞན་དང་མི་འདྲ་བའི་ནུས་པ་འདོན་རྒྱུ་ཡོད་སྲིད་སྙམ། འདི་ནི་བོད་པའི་གཤིས་ལ་ཡོད་པའི་རེ་བ་ཙམ་ཡིན་ནོ།།

    Reply
  11. སྣང་གསལ། says:
    ལོ་ 16 སྔོན།

    བཀའ་ཁྲིའི་འོས་མི་ཡག་པོ་སྟོན་འདུག་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་་་་
    བློ་བཟང་སེངྒ་་་་་གཉིས་་་་ད་དུང་་་ཚོགས་གཙོ་་་སྤན་པ་ཚེ་རིང་་་་ཁོང་རྣམས་གསུམ་་་གང་རུང་ཞིག་བཀྰ་ཁྲིར་འཕེབས་ན་དགའ་སུ་ཡོད་།།
    ཐུགས་རྗེ་ཆེ་།།

    Reply
  12. བཀྲ་ཤིས། says:
    ལོ་ 16 སྔོན།

    དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་བཏོན་གནང་བའི་བཀའ་ཁྲི་དང་སྤྱི་འཐུས་འོས་མི་དེ་དག་ལས་བཀའ་ཁྲིའི་འོས་མི་ཐོག་གང་ཡང་ཞུ་རྒྱུ་མེད་དེ།ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་དེ་དག་ནི།ཤེས་ཡོན་ཡོད་ན་འཇོན་ཐང་མེད་འཇོན་ཐང་ཡོད་ན་ལྷག་བསམ་མེད་མཁན་ཁོ་ན་ལས་མ་འདས།ཁྱེད་ཚོས་བོད་སྤྱི་པའི་རྩ་དོན་ཐོག་ལ་འགན་ཡག་པོ་ཞིག་འཁྱེར་ཐུབ་མེད་པ་འདྲ།ཡིན་ནའང་སྤྱི་འཐུས་འོས་མི་དེ་དག་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་ཐོབ་པ་ལ་དཀའ་ལས་ཁ་པོ་རེད་འདུག

    Reply
  13. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཡག་པོ་འདུག་་
    ད་དུང་སྙན་ངག་པ་ལྷ་ཆབ་སྦྱིན་པ་འདེམས་པ་དེར་དམིགས་བསལ་དགའ་བོ་བྱུང་། སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་ཚོ་མ་ཐོན་པར་དཔལ་འབྱོར་དང་འཇོན་ཐང་ཅན་ཚོ་སླེབས་ན་རྙོག་དྲ་རྐྱང་རྐྱང་ལས་མེད་པ་ང་ཚོར་ཉམས་མྱོང་རེག་སོང་བས་ད་ཐེངས་ཡིན་ན་དགའ་བོ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese