མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན་ཕྱི་ལོ་ ༢༠༡༠ ལོ་ནི། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་གྱི་ལོ་ཞིག་དང་འདྲ་བར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་། དམངས་གཙོའི་དུས་དྲན་ཐེངས་ ༥༠ བ་སྲུང་གཙི་དང་འབྲེལ་བོད་གཞུང་དམངས་ཡོངས་ནས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་མ་ཐག རྒྱལ་ཡུམ་ཆེམ་མོའི་གསེར་གྱི་རྟགས་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ཡང་སྦེལ་ཀོབ་བོད་མིའི་གཞིས་གྲོང་གཉིས་པ་རུ་མགོ་འཛུགས་བྱས་སོང་།

འདི་གའི་གསར་འགོད་པས་ཆེད་དུ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་སྐལ་བཟང་ལགས་བཙལ་ཏེ། མགོ་འཛུགས་བྱེད་ལ་ཉེ་བའི་རྐང་སྤོལ་འགྲན་བསྡུར་གྱི་གྲ་སྒྲིག་གང་འདྲ་ཡོད་མེད་དང་། འགྲན་ཞུགས་རུ་ཁག་རྣམས་ཀྱི་གནས་སྟངས་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ད་ཐེངས་སྦེལ་ཀོབ་ཏུ་གོ་སྒྲིག་ཞུ་བཞིན་པ་འདི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་ ༡༦ པ་ཆགས་ཡོད། ད་ལོ་རུ་ཁག་ ༡༨ཙམ་ཡོད་ལ། དམིགས་བསལ་ཞིག་ལ་ཁེ་ན་ཊའི་བོད་པའི་རུ་ཁག་ཅིག་ཞུགས་ཀྱི་ཡོད། གྲ་སྒྲིག་གི་མགོ་རྔ་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད། ཕྱི་ཚེས་ ༩ ཉིན་མགོ་འཛུགས་བྱས་ཏེ་ཚེས་ ༡༩ ཉིན་གཟའ་ཉི་མར་མཇུག་སྒྲིལ་གནང་རྒྱུ་རེད། ཅེས་དང་།

 

ཁོང་གིས་མུ་མཐུད་དུ་འགྲན་བསྡུར་མགོ་འཛུགས་སྐབས་ཀྱི་ལས་རིམ་ངོ་སྤྲོད་གནང་དོན། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་སྤོ་ལོ་རྩེད་མཁན་རུ་ཁག་ཡོངས་ཀྱི་འགན་འཁུར་བ་རྣམ་པ་དང་། ང་ཚོ་གོ་སྒྲིག་བྱེད་མཁན་དག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ས་གནས་ཚོགས་གཙོ་རྣམ་པ་བཅས་ལྷན་འཛོམས་གནང་སྟེ་དངོས་གཞིའི་སྐབས་ཀྱི་འགྲོ་ལུགས་འགྲོ་སྟངས་དང་ལས་རིམ་གཏན་འབེབས། དེ་བཞིན། ཉིན་དང་པོར་འགྲན་བསྡུར་བྱེད་མཁན་སོགས་ལ་རྒྱན་རྒྱག་དགོས་པ་རེད། དེའི་རྗེས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་མགོ་འཛིན་དང་ལུགས་ཟུང་བསམ་འགྲུབ་གླིང་ས་གནས་མགོ་འཛིན་རྣམ་པ་གཉིས་ཀྱིས་སྤོ་ལོ་རྩེད་མཁན་ཡོངས་ལ་འགྲན་བསྡུར་དངོས་གཞིའི་སྐབས་སུ་ཀུན་སྤྱོད་འཁྱེར་སྟངས་དང་། འགན་འཁུར་ཕྱོགས་སྐོར་གྱི་ལམ་སྟོན་གནང་རྒྱུ་རེད། ཕྱི་ཚེས་ ༩ ཉིན་གྱི་ཉིན་རྒྱབ་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་ལ། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ཕེབས་གཏན་འཁེལ་ཡོད། གཞན། ཁ་སང་ཁི་ཉིན་བར་༧གོང་ས་མཆོག་ཆིབས་སྒྱུར་གྱི་དབང་གིས་གཞིས་ཆགས་གསར་རྙིང་ཀྱི་མགོ་འཛིན་རྣམ་པར་ལས་བྲེལ་ཆེན་པོ་ཡོད་སྟབས། རྩེད་མོ་བ་རྣམ་པའི་བཞུགས་ས་ད་དུང་གོ་སྒྲིག་གཏན་འཁེལ་མ་སོང་ཟེར།

 

ཁོང་ལ་འགྲན་ཞུགས་རུ་ཁག་དག་གི་ཡོང་ཁུངས་དང་ཡོང་སྟངས་སྐོར་བཀའ་འདྲི་ཞུས་པར། ད་ལོའི་འགྲན་ཞུགས་རུ་ཁག་དག་ནི། སྦེལ་ཀོབ་གཡས་གཡོན་ནས་རུ་ཁག་ ༤ དང་བྷིང་ལོར་ནས་གཅིག ཅཱན་ནན། ཧོན་སུར། ཀོ་ལེ་གྷལ། མོན་གྷོ་ཊི། བྷིར་གཞིས་ཆགས། རྡེ་མ་སྤུར། ཝ་རཱ་ན་སི། ལྡེ་ར་རྡུན་ཀ་ལི་མན་ཊོན། ལྡི་ལི། གྷོ་བ། བལ་ཡུལ་གྱི་སྤོག་ར་ནས་གཅིག་དང་ཀ་ཐ་མན་ཌོའོ་ནས་གཅིག ཁེ་ན་ཊ་ནས་གཅིག་བཅས་ཡོད། དེ་དག་ལས་བལ་ཡུལ་ནས་ཀ་ཐ་མན་ཊོ་དང་ཧོན་སུར། ཀོ་ལི་གྷལ། རྡེ་མ་སྤུར་བཅས་ནི་གསར་པ་རེད།  རུ་ཁག་བསྡུ་སྟངས་ཐད་ཐོག་མར་དེབ་སྐྱེལ་བྱ་དགོས་པ་རེད། དེབ་སྐྱེལ་གྱི་ཆ་རྐྱེན་ལ། དང་པོ་རུ་ཁག་དེའི་ས་གནས་གཞིས་མགོའི་རྒྱབ་གཉེར་ཡི་གེ་དང་། གཉིས་པ་རུ་ཁག་དེ་ཚད་ལྡན་ཡོང་ཆེད་རུ་ཁག་ནང་ཁུལ་དུ་སློབ་སྟོན་པའི་ཚོགས་ཆུང་མི་གསུམ་ནས་ལྔ་བར་དང་། སྦྱོང་བརྡར་སྤྲོད་མཁན་དང་འབྲེལ་མཐུད་ཚོགས་ཆུང་མི་གསུམ་ལས་ལྔ་བར། རྩེད་མོ་རྩེད་མཁན་ཚོར་རང་བཙན་ལག་དེབ་ངེས་པར་དུ་དགོས་པ་རེད། ཕྱི་རྒྱལ་ཁག་ནས་ཕེབས་མཁན་ཚོར་ཡང་སྐུ་ཚབ་དོན་གཅོད་ཀྱི་རྒྱབ་གཉེར་དང་རང་བཙན་ལག་དེབ་དགོས་པ་རེད། ང་ཚོས་གསལ་བསྒྲགས་བྱས་དོན་ལྟར། ཕྱི་ཟླ་ ༧ ཚེས་ ༡༥ སྔོན་ལ་དེབ་སྐྱེལ་ཟིན་དགོས་པ་རེད། དེའི་རྗེས་ལ་ཁ་ཤས་སླེབས་པ་དག་ཚུད་ཐུབ་མ་སོང་། ས་གནས་གཅིག་ཏུ་རུ་ཁག་མང་པོ་ཡོད་ན། ཁོང་ཚོ་ནང་ཁུལ་དུ་འགྲན་བསྡུར་བྱས་ཏེ་རྩེ་ཕུལ་རིགས་འདེམས་བཞིན་ཡོད། ཅེས་ངོ་སྤྲོད་གནང་སོང་།

 

ཡང་ཁོང་ལ་ད་ལོ་རྒྱལ་ཡུམ་ཆེན་མོ་སྦེལ་ཀོབ་ནས་རྩེད་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར་ཁོང་གིས། རྒྱལ་ཡུམ་ཆེམ་མོའི་གསེར་གྱི་རྟགས་པའི་རྐང་སྤོལ་འགྲན་བསྡུར་གྱི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞིའི་ནང་ས་གནས་ཁག་ནས་རྩེད་རྒྱུ་ཞིག་བཀོད་ཡོད་པ་ལྟར། ང་ཚོ་གོ་སྒྲིག་ཚོགས་པའི་ངོས་ནས་སྔོན་མ་ཐེངས་གཅིག་ལ་སྦེལ་ཀོབ་ལ་རེ་བ་ཞུས་ཀྱང་། ད་ལོ་ཞལ་བཞེས་ཐོབ་སྟེ་གོ་སྒྲིག་ཞུས་པ་རེད། གང་ཞིག་ཏུ་རྩེད་ཀྱང་ཨང་དང་པོ་རྩེད་ཐང་དང་། གཉིས་པ་རྩེད་མོ་བ་ཚོར་འདུག་ས། གསུམ་པ་རྩེད་མོ་བ་ཡོངས་ལ་སྤྱི་ཐབ་ཅིག་བཅས་གོ་སྒྲིག་བྱ་དགོས་པ་རེད། སྦེལ་ཀོབ་ཀྱི་ངོས་ནས་སྤོ་ལོ་རྩེད་ཐང་ཡག་པོ་ཞིག་གོ་སྒྲིག་ཞུ་ཐུབ་མེད་ཀྱང་། ང་ཚོ་དང་མཉམ་རུབ་ཐོག་རྩེད་ཐང་གསར་བཟོ་བྱེད་བཞིན་ཡོད། ཆེ་ཆུང་དང་བྱང་ཚད་མུའུ་ཊར་གཅིག་གཉིས་ཙམ་མ་གཏོགས་རྒྱལ་སྤྱིའི་ཚད་གཞི་འདང་གི་ཡོད། ཞན་ཆ་ཞིག་ལ། རྩེད་ཐང་གསར་པ་བཟོས་པ་ཡིན་སྟབས་ས་སོབ་སོབ་ཡིན་པ་དང་། གལ་སྲིད་ཆར་བ་བབ་ན་འདམ་སྦག་ཆགས་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་འདུག གཞན་མི་དམངས་སྡོད་ས་ཡག་མེད་སྟབས་ཕྱོགས་གཉིས་ལ་ད་ལྟ་བཟོ་བཞིན་པ་ཡིན། ང་ཚོར་འགྲོ་སོང་ཆེན་པོ་ཡོད་ཀྱང་ལྟད་མོ་བར་ཕྱག་འཁྱེར་བཙོང་སྟེ་བརྒྱ་ཆ་ ༨༠ ཙམ་འདང་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་གསུངས་སོང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 6

  1. མིག་གསུམ་པ། says:
    ལོ་ 16 སྔོན།

    སྤྱིར་བོད་ཀྱི་རྐང་རྩལ་འགྲན་བསྡུར་འདི་བདེ་ལེགས་ངང་མཇུག་སྒྲིལ་ན་བཟང་མོད། འདས་ཟིན་པའི་འགྲན་བསྡུར་ནང་ཞབས་འདྲེན་ག་ཚོད་བྱས་མིན་ལྟ་མོ་བའི་སེམས་ན་ཁྲིགས་སེ་ཡིན་ནི་རེད། ད་ལོའང་གཟབ་གཟབ་བྱ་དགོས་པར་འདོད། རུ་ཁག་བློ་ཁོག་ཅན་ཡོད་པ་རེད་ད

    Reply
  2. རྐང་གསུམ། says:
    ལོ་ 16 སྔོན།

    རྐང་རྩེད་སྤོ་ལོ་འགྲན་བསྡུར་ཁྲོད་ཕན་ཚུན་འཁྲུག་འཛིང་མི་ཡོངས་བའི་རེབ་བ་ཆེན་པོ་ཡོད། འདི་ལོའི་འགྲན་སྡུར་ཚོགས་ཐུབ་པ་ནི་ཧ་ཅང་དགའ་འོས་ལ་བཀྲ་ཤིས་པའི་གནས་ཚུལ་ཞིག་ཀྱང་རེད། ཁྱེད་གོ་སྒྲུག་ཚོགས་ཆུང་ལ་བཀྲ་ཤིས་བདེ་ལགས་ཡོད། ཐུགས་རྗེ་ཆེ་ཞུ།

    Reply
  3. ནགས་མཚོ says:
    ལོ་ 16 སྔོན།

    ད་ལོ་སྦེལ་ཀོབ་ལ་བཀྲིས་པའི་དུས་བཟང་ཞིག་ཡིན་པའི་རྐང་རྩེས་རུ་ཁག་རྣམས་ནང་ཕན་ཚུན་འཁྲུག་འཛིང་མི་ཡོངས་བའི་རེབ་་དང་ཡིད་ཆས་ཡོད་ཡིན་ན་ཡང་རྩེ་ཐང་ཡག་པོ་མི་འདུག་པའི་ཡིད་བཟབ་ཡོངས་བ་ཞུ་ཞ།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ད་ལོ་རུ་ཁག་ཚོའི་ནང་ནས་འཁྲུགས་འཛིན་བྱེད་མཁན་གང་གི་རིས་ཡིན་ནམ། ཀློག་པ་པོ་རྣམས་ཀྱིས་ཐིག་པ་གནང་རོགས། བྷིར་རུ་ཁག་ད་ཡིན་རྒྱུ་མ་རེད།

    Reply
  5. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    སྣང་གསལ་ལགས ཚིག་རྐང་ཁ་ཤས་འདིའི་ནང་ལ་ཡིག་ནོར་འདི་འདྲའི་མང་པོ་ཞིག ཡིད་ཕམ་པ་ལ་རྗེས་ཕྱོགས་ནས་གཟབ་གཟབ་བྱས་ལོ།

    Reply
  6. སྣང་གསལ། says:
    ལོ་ 16 སྔོན།

    བོད་རྒྱལ་ཡོང་རྐང་རྩེས་པོ་ལོ་འདི་ལོའི་འགྲན་སྡུར་གནང་བ་ལ་འཚམས་དྲིན་
    བཀྲ་ཤིས་བདེ་ལེགས་དང་་རྩེ་ཡུལ་ས་གནས་སྔོ་ལྗང་ཅན་ཞིག་ཡིན་རུང་
    རྩེ་ཐང་ཆེན་མོར་་་ཆར་ཆུ་དུས་སུ་་བབ་མེད་པ་འདྲ་
    སྟོད་མོ་བ་ཚོ་ཡང་གཞུགས་གནས་བདེ་མདོག་་ཁ་པོ་ཞིག་མི་འདུག།།
    བདེ་མོ་བྱིས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese