མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་དུག་གིས་སློབ་ཕྲུག་གཅིག་འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་རང་གིས་འཐུས་ཤོར་ཕྱིན་པའི་ངོས་ནས་ཐག་གཅོད་ཡག་པོ་བྱ་འདུན་ཡོད་པར་མ་ཟད། ཕྱིན་ཆད་ཀྱང་འདི་ལྟ་བུའི་གནས་ཚུལ་མི་ཡོང་ཆེད་ནམ་རྒྱུན་འཕྲོད་བསྟེན་ཐད་གང་ཐུབ་གཟབ་ཀྱིན་ཡོད་ཐོག ད་ནས་བཟུང་འཕྲོད་བསྟེན་ཐོག་དེ་བས་ཀྱང་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་ངྷ་ཤོད་བོད་ཁྱིམ་སློབ་སྤྱིས་གསུངས་ཡོད།

དེ་རིང་འདི་གའི་གསར་འགོད་པ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་དུ་བཅར་ཏེ། སློབ་སྤྱི་ཆོས་དབྱངས་དོན་གྲུབ་ལགས་སུ་སློབ་ཕྲུག་ཚོར་ཟས་དུག་ཕོག་པའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་རེས་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད་ ༣ དང་ ༤ ཙམ་ལ་སློབ་ཕྲུག་འགའ་ན་མགོ་ཚུགས་པ་དང་། ཉིན་དེར་ཕལ་ཆེར་སློབ་ཕྲུག་སུམ་ཅུ་ཙམ་སྨན་ཁང་དུ་འགྲོ་དགོས་བྱུང་པས་ལྟ་རུ་ཕྱིན་པ་ཡིན། སྐབས་དེར་སློབ་ཕྲུག་ཚོར་ཞེ་མེར་ལངས་པ་དང་གྲོད་ཁོག་བཤལ་བ། ཚ་བ་འཕར་བ། མགོ་ན་བ་སོགས་བྱེད་ཀྱིན་འདུག་མོད་དེ་ཙམ་ཚབས་ཆེན་པོ་མི་འདུག དེར་བརྟེན་ནད་གཡོག་གིས་སྐབས་བབ་ཀྱི་སྨན་བཅོས་གང་ལེགས་གནང་ཡོད།

ཉིན་དེའི་ཕྱི་ཉིན་ན་བཞིན་པའི་སློབ་ཕྲུག་གི་གྲངས་ཚད་མང་དུ་ཕྱིན་འདུག་ལ། ང་ལ་ཟས་དུག་ཤོར་བ་མིན་ནམ་སྙམ་པའི་དོགས་པ་ལངས་བྱུང་། སྐབས་དེར་ངས་བསམ་པར་ཟས་དུག་ཡིན་ཚེ་འཕྲལ་དུ་བོད་སྨན་བརྟེན་ན་དགའ་བ་མེད་དམ་སྙམ་པ་དང་། སྨན་རྩིས་ཁང་གི་འགན་འཛིན་རྟ་མགྲིན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ལམ་སང་ཛ་དྲག་ཐོག་སློབ་ཕྲུག་ཚོར་བརྟག་དཔྱད་དང་སྨན་བཅོས་བྱེད་ཆེད་སྨན་པ་གཉིས་བཏང་བྱུང་མོད། དེའི་རྗེས་སློབ་ཕྲུག་ན་བ་ཇེ་མང་དུ་ཕྱིན་སྟབས་ཁོང་གཉིས་ཀྱི་སྟེང་དུ་ད་དུང་སྨན་པ་གསུམ་བཏང་སྟེ། བསྡོམས་པས་སྨན་པ་ལྔས་འཕྲལ་དུ་སྨན་བཅོས་ཀྱི་བྱ་བ་བསྒྲུབས་ཡོད།
སྨན་པ་རྣམས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད་ཁོང་ཚོར་བརྒྱ་ཆའི་བརྒྱ་ཟས་དུག་རེད་ཟེར་རྒྱུ་ཁག་ཀྱང་། ཟ་མ་ཞིག་ལ་རྐྱེན་བྱས་འདུག་སྟབས་རིན་ཆེན་མང་སྦྱོར་ཆེན་མོ་བཏང་ཚེ་ཕན་གི་རེད་གསུངས་ཏེ། སློབ་ཕྲུག་ཚོར་རིན་ཆེན་མང་སྦྱོར་ཆེན་མོ་བཏང་ཡོད། སྐབས་དེར་སྨན་པ་རྣམས་ཀྱིས་ནད་ཚ་ཚབས་ཆེན་པོ་མི་འདུག་ཅེས་གསུངས་པ་དང་བརྟག་དཔྱད་སྐབས་སློབ་ཕྲུག་ཚོའི་ཁྲོད་ནས་ཆུ་གཏོང་དགོས་རིགས་སློབ་གྲྭའི་སྨན་ཁང་དུ་བཏང་སྟེ་ཆུ་བཏང་ཡོད་པར་མ་ཟད། སློབ་ཕྲུག་ཚོར་ཆུ་གཏོང་སྐབས་བོད་ཁྱིམ་སྨན་པ་ཆུང་བདག་ལགས་སྐད་བཏང་སྟེ། རྒྱ་སྨན་གྱི་ཐོག་ནས་ཀྱང་སྨན་བཅོས་དང་སློབ་ཕྲུག་བཅུ་གཉིས་ལ་ཆུ་བཏང་བ་སོགས་སྐབས་དེར་གནས་ཚུལ་ཡག་པོ་ཆགས་ཏེ། ང་ཡང་སེམས་ཅུང་ཙམ་ལྷོད་ལྷོད་ཆགས་ནས་དགོང་མོའི་ཆུ་ཚོད་ ༡༠ ཙམ་ལ་ཕྱིར་ནང་དུ་ལོག་པ་ཡིན།
ཡིན་ནའང་། ཆུ་ཚོད་ ༡༡ ཙམ་ལ་སྨན་ཁང་ནས་ཁ་པར་བསླེབས་ཏེ་སློབ་ཕྲུག་གཅིག་ལ་ཚ་བ་ཆེན་པོ་འཕར་བསྡད་འདུག ནད་ཚ་ཅུང་ཙམ་ལྕི་མོ་འདུག་ཟེར་བས་ལམ་སང་བདེ་ལེགས་སྨན་ཁང་དུ་ཁྲིད་པ་ཡིན། བདེ་ལེགས་སྨན་ཁང་གིས་འཕྲད་དུ་བརྟག་དཔྱད་བྱེད་དགོས་པ་དང་དབུགས་བཏང་བ་སོགས་ཛ་དྲག་གི་མྱུར་སྐྱོབ་ཆ་ཚང་བྱས་མོད། སློབ་ཕྲུག་དེར་གཅིན་པ་འབབ་ཐུབ་ཀྱི་མི་འདུག་པས་སྨན་ཁང་ཆེན་པོ་ཞིག་ཏུ་ཁྲིད་ཐུབ་ན་ཡག་གི་རེད་གསུངས་བྱུང་།
དེར་བརྟེན་དབུགས་བཏང་སྟེ་ཁ་ཐུག་དེར་རྒྱ་གར་ཊྲན་ཌ་ Tanda སྨན་ཁང་དུ་ཕྱིན་པ་ཡིན། ཊྲན་ཌ་སྨན་ཁང་གིས་ཀྱང་འཕྲལ་དུ་བརྟག་དཔྱད་དང་སྨན་བཅོས་སོགས་སྨན་ཁང་ཆེན་པོས་མྱུར་སྐྱོབ་བྱེད་དགོས་པ་ཚང་མ་བྱས་སོང་མོད། སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་སོང་།  སྨན་པས་དངོས་གནས་བྱས་ན་ཟས་དུག་ཙམ་གྱིས་རྐྱེན་ལམ་དུ་འགྲོ་སྲིད་གི་མ་རེད་ཅེས་ཧང་སང་སང་གིས་བརྗོད་ཀྱིན་འདུག  
སློབ་ཕྲུག་དེ་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པ་དང་། ད་ལྟ་འཛིན་རིམ་དགུ་བའི་སློབ་མ་ཡིན་ལ་རང་ལོ་ ༡༧ ཡིན་འདུག  ཁོའི་ནམ་རྒྱུན་གྱི་གཟུགས་པོའི་གནས་སྟངས་དང་འཕྲོད་བསྟེན་མི་བཟང་རྒྱུ་མེད་ཟེར།
ཡང་སློབ་སྤྱི་མཆོག་ལ་ཟས་དུག་འདི་ཟ་མ་གང་ཞིག་ཟོས་པར་བརྟེན་ནས་བྱུང་མིན་སྐོར་དྲིས་པར། ཁོང་གིས། ང་ཚོས་ད་ལྟའི་ཆར་ཟ་མ་འདི་ཟོས་ནས་ཟས་དུག་ཕོག་པ་རེད་ཅེས་ལབ་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ཟས་དུག་རང་ཡིན་ན་སྤྱི་ཡོངས་ནས་སློབ་ཕྲུག་ཡོངས་ལ་ན་དགོས་པ་ཞིག་ཡིན་མོད། སློབ་ཕྲུག་བརྒྱ་ཆའི་མང་ཤོས་ན་མེད་སྟབས་མཐའ་གཅིག་ཏུ་ཟས་དུག་རེད་ཀྱང་ཟེར་ཐུབ་ཀྱི་མི་འདུག་མོད། ད་ལྟ་བདེ་ལེགས་སྨན་ཁང་གིས་བརྟག་དཔྱད་གནང་བཞིན་ཡོད་ལ། ཁོང་ཚོས་མཇུག་འབྲས་སྙན་ཐོ་བསླེབ་རྗེས་གནས་ཚུལ་གསལ་བོ་ཆགས་ངེས་རེད་ཅེས་གསུངས། ཡིན་ནའང་། ཁོང་གིས་བརྔོས་ཐུག་ནང་དུ་སྒོ་ང་ཡོད་པར་མ་ཟད། དེ་དང་མཉམ་དུ་སྒོ་ངའི་ཁུ་བ་བཟོས་ཡོད་པས་སྒོ་ངའི་ཟས་དུག་ཕོག་པའི་དོགས་པ་མང་དུ་ཟ་གི་འདུག
གཟའ་ཟླ་བའི་དགོང་མོར་ཛ་དྲག་གི་མྱུར་སྐྱོབ་བྱེད་དགོས་པའི་སློབ་ཕྲུག་ཉི་ཤུ་ལྷག་ཡོད་ལ། ཁ་སང་ནས་བཟུང་སློབ་ཕྲུག་ཚོ་བརྟག་དཔྱད་བྱེད་ཆེད་བདེ་ལེགས་སྨན་ཁང་དུ་བཏང་བ་ཡིན། སྤྱི་ཡོངས་ནས་ཐེངས་འདིར་ཟས་དུག་ཕོག་པའི་སློབ་ཕྲུག་ཉིས་བརྒྱ་ལྷག་རེད་ཅེས་དང་། ད་ལྟ་སློབ་ཕྲུག་ཚང་མ་ཛ་དྲག་གི་ཉེན་ཁ་ལས་ཐར་ཡོད་ཅེས་གསུངས།
མཇུག་མཐར་ཁོང་ལ་ཐེངས་འདིའི་གནད་དོན་འདིར་མཐིལ་ཕྱིན་པའི་བརྟག་དཔྱད་དང་མ་འོངས་པར་འདི་ལྟ་བུའི་གནས་ཚུལ་མི་ཡོང་རྒྱུར་ཐབས་ཤེས་གནང་གི་ཡོད་མེད་སྐོར་དྲིས་པར། ཁོང་གིས་གསུངས་དོན། ཐེངས་འདིར་ང་ཚོ་ལ་སློབ་གསོ་ཆེན་པོ་ཞིག་ཐོབ་པ་རེད་ལ། ད་ལྟ་སློབ་ཕྲུག་ཚོ་ཉེན་ཁའི་གནས་སུ་ཡོད་སྟབས་དེའི་ཐོག་ཤུགས་རྒྱག་གི་ཡོད་ཀྱང་། མ་འོངས་པར་གནས་ཚུལ་འདིའི་བྱུང་རྐྱེན་ལ་ཞིབ་འཇུག་དང་འགན་གཙོ་བོ་སུའི་སྟེང་དུ་ཡོད་མེད་དེར་བརྟག་དཔྱད་མཐིལ་ཕྱིན་པ་བྱ་རྒྱུ་ཡིན། གནས་ཚུལ་འདི་དབུས་སྤྱི་ཁྱབ་ཡིག་ཚང་ལ་སྙན་སེང་ཞུས་ཡོད་ལ། དབུས་ནས་ཐེ་བྱུས་གནང་གི་རེད། དེ་བཞིན་ང་ཚོ་རང་གིས་འཐུས་ཤོར་ཕྱིན་པའི་ངོས་ནས་ཐག་གཅོད་ཡག་པོ་བྱ་འདུན་ཡོད་པར་མ་ཟད། ཕྱིན་ཆད་ཀྱང་འདི་ལྟ་བུའི་གནས་ཚུལ་མི་ཡོང་ཆེད་ནམ་རྒྱུན་འཕྲོད་བསྟེན་ཐད་གང་ཐུབ་གཟབ་ཀྱིན་ཡོད་ཐོག ད་ནས་བཟུང་འཕྲོད་བསྟེན་ཐོག་དེ་བས་ཀྱང་ཤུགས་ཆེ་རུ་གཏོང་གི་ཡིན་ཞེས་གསུངས།
དེའི་རྗེས་དགེ་ཆེ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཕྲན་ཁྲིད་ནས་སྨན་ཁང་དང་ཐབ་ཚང་གཉིས་ནང་ལྟ་སྐོར་དུ་བསྐྱོད་ཅིང་། ངེད་གཉིས་སྨན་ཁང་དུ་འབྱོར་སྐབས་ད་དུང་དེ་རུ་སློབ་ཕྲུག་རེ་ཟུང་ལ་སྨན་པས་བརྟག་དཔྱད་བྱེད་ཀྱིན་འདུག་ལ། ཡང་མུ་མཐུད་སྨན་གཏོང་དགོས་པའི་སློབ་ཕྲུག་བཅུ་ལྷག་སྨན་ཁང་གི་ཉལ་ཁང་དུ་བསྡད་འདུག དགེ་ཆེ་མཆོག་གིས་སྤྱིར་ཁ་སང་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་བྱས་པ་བརྒྱུད། ད་ལྟ་སློབ་ཕྲུག་ཡོངས་དྲག་སྐྱེད་བྱུང་ཡོད་ཀྱང་། སློབ་ཕྲུག་དེ་ཚོ་མུ་མཐུད་སྨན་བསྟེན་དང་ངལ་གསོ་བྱེད་དགོས་པའི་རིགས་རེད་ཅེས་གསུངས།
ཁོང་གིས་ཀྱང་ཟས་དུག་གི་ནད་ཚ་ཡིན་ན་སློབ་ཕྲུག་སྤྱི་བྱིངས་ལ་ན་དགོས་པ་ཞིག་ཡིན་མོད། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་མ་གཏོགས་ན་མེད་སྟབས། གནས་ཚུལ་འདིའི་བྱུང་རྐྱེན་གསལ་བོ་ཤེས་ཀྱི་མི་འདུག་གསུངས་ལ། སྨན་ཁང་གིས་བརྟག་དཔྱད་མཇུག་འབྲས་ནི་ཐེངས་འདིའི་བྱུང་རྐྱེན་གཙོ་བོ་ངོས་ཟིན་པའི་ཐབས་ལམ་ཡག་ཤོས་སུ་མཐོང་གི་ཡོད་འདུག
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༩ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 22

  1. bhare tashi says:
    ལོ་ 16 སྔོན།

    བོད་གཞུང་དབུ་གཉེས་ནས་ད་ལྟའི་བར་བྱུང་མ་མྱུང་བའི་བྱ་ཞིག་རེད། ལས་བྱེད་པ་རྣམས་པ། མ་འཇོན་ན་དགོང་པ་ཞུ་རོག་གནང་ཐུགས་རྗེའི་གཟུགས།

    Reply
  2. མ་ནོར་ལམ་བཟང་ says:
    ལོ་ 16 སྔོན།

    སྤྱི་ཚོགས་ཆེན་པོ་ཞིག་ནང་ག་རེ་ཡིནའང་བྱུང་སྲིད་པས་ཕ་མ་གཉིས་སེམས་ཕམ་མ་གནང་རོགས། བོད་རིགས་ཀྱི་ཡ་ལ་བཙུགས་ས་ལས་ཞེས་པར་བཅོལ་ན་དེས་ཁྱེད་ལ་སེམས་གསོ་ཐུབ་ངེས

    Reply
  3. གངས་ཕྲུག says:
    ལོ་ 16 སྔོན།

    སེར་སྨད་བློ་དགའ་ལགས་ད་རེས་ཁྱེད་ག་བ་ཡོད།སྔོན་མ་མ་སུ་རི་བོད་ཁྱིམ་
    གྱིས་སློབ་ཕྲུག་དང་དྷ་ཤོད་བུ་ཁྱིམ་གིས་ཕྲུ་གུ་ཚོ་བོད་ཕྲུག་གཅིག་པ་རེད།
    དྲ་གྲོགས་འཇམ་དབྱངས་ལགས་གི་གསུང་ནང་བཞིན་འདི་ལྟ་བུའི་སློབ་སྤྱི་དང་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་བྱེད་སྟངས་ནི་རྒྱ་མི་གོང་ཁྲན་ལས་
    ཀྱང་ཐབས་སྐྱོ་བ་རེད། ད་ལྟའི་གནས་ཚུལ་འདི་ནམ་རྒྱུན་ཁོ་པ་ཚོས་སློབ་ཕྲུག་ཚོའི་བཟའ་བཏུང་གི་
    རིགས་དང་འཕྲོད་བསྟེན་ལ་དོ་སྣང་རྩ་ནས་བྱེད་ཀྱི་མེད་པའི་རྟགས་རེད། འབྲེལ་ཡོད་བོད་གཞུང་དང་སློབ་ཕྲུག་སོ་སོའི་ཕ་མའི་ངོས་ནས་ཀྱང་སློབ་སྤྱི་འདི་ལྟ་བུ་དང་ལས་བྱེད་འདི་ལྟ་བུ་དག་ལ་ཐེར་འདོན་ནན་པོ་བྱེད་དགོས།

    Reply
  4. gyurme dorji says:
    ལོ་ 16 སྔོན།

    འདས་གྲོང་སུ་འགྱུར་བའི་སློབ་མ་དེའི་ཆེད་དུ་དྲ་གྲོགས་རྣམས་པས་མ་ཎི་གང་མང་འདོན་རོག ། ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔

    Reply
  5. འཇམ་དབྱངས། says:
    ལོ་ 16 སྔོན།

    འདི་ལྟ་བུའི་སློབ་སྤྱི་དང་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་བྱེད་སྟངས་ནི་རྒྱ་མི་གོང་ཁྲན་ལས་ཀྱང་ཐབས་སྐྱོ་བ་རེད། ད་ལྟའི་གནས་ཚུལ་འདི་ནམ་རྒྱུན་ཁོ་པ་ཚོས་སློབ་ཕྲུག་ཚོའི་བཟའ་བཏུང་གི་རིགས་དང་འཕྲོད་བསྟེན་ལ་དོ་སྣང་རྩ་ནས་བྱེད་ཀྱི་མེད་པའི་རྟགས་རེད། འབྲེལ་ཡོད་བོད་གཞུང་དང་སློབ་ཕྲུག་སོ་སོའི་ཕ་མའི་ངོས་ནས་ཀྱང་སློབ་སྤྱི་འདི་ལྟ་བུ་དང་ལས་བྱེད་འདི་ལྟ་བུ་དག་ལ་ཐེར་འདོན་ནན་པོ་བྱེད་དགོས། རྒྱ་ལ་ངན་པ་ལང་ཤོར་དུ་བཏང་ན་རྗེས་མར་ད་དུང་ཅི་ཡང་བྱུང་སྲིད། དེས་ན་འབྲེལ་ཡོད་ཚང་མས་ཇོ་བཟང་གི་རྟུལ་ཞུགས་མི་འཛིན་པར་ཞུ།

    Reply
  6. གངས་ཕྲུག says:
    ལོ་ 16 སྔོན།

    སེར་སྨད་བློ་དགའ་ལགས་ད་རེས་ཁྱེད་ག་བ་ཡོད། བོད་ཕྲུག་གཅིག་རེད།

    Reply
  7. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    སྙིང་རྗེ་སློབ་ཕྲུག་ཁོང་སློབ་སྤྱི་དང་དགེ་རྒན་ཚང་མ་ནི་སྒོར་མོ་ཆེད་དུ་ རྔམ་ནས་སློབ་ཕྲུག་དེ་ཚོ་ལ་དོ་སྣང་བྱེད་རྒྱུ་ཁག་པོ་རེད་ ང་ཚོ་ཁོང་ཆེད་དུམ་ཎི་གང་མང་འདོད་རོགས། ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔
    ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྂཿ པདྨ་འདམ་གྱིས་མ་གོས་ལྟར། སྲིད་གསུམ་དྲི་མས་མ་གོས་པའི། སྲིད་པའི་པདྨོ་ལས་བྱུང་བའི། བདེ་བ་ཅན་དུ་སྐྱེ་བ་བར་ཤོག།

    Reply
  8. གངས་ཕྲུག says:
    ལོ་ 16 སྔོན།

    སློབ་ཕྲུག་དེ་སྙིང་རྗེ། ལས་བྱེད་ཚོས་ཟས་རྙིང་དེ་འདྲ་སྤྲད་དེ་ཧང་སང་ཡ་རང་རེད།

    Reply
  9. གངས་ཕྲུག says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ཀྱིས་གསུང་བ་ལྟར་རྒྱ་མིས་སོ་བས་དུག་བཏང་བ་ཡིན་མི་སྲིད་པ་མ་རེད།
    ད་རེས་སེར་སྨད་བློ་དགའ་དྲ་རྒྱས་ནང་ཕེབས་མི་འདུག་སྔོན་མ་མ་སུ་རི་བོད་ཁྱིམ་ནས་སྒྲིག་འགལ་སློབ་མ་ཁ་ཤས་ཕྱིར་ཕུད་བྱས་པ་དེ་ལ་མི་རྒྱུ་གཉིས་ཀྱིས་དཀའ་ལས་བརྒྱབ་ནས་བོད་ཕྲུག་ཚོ་ལ་ཤ་ཚ་དང་ཞེན་ཁོགས་ཚ་མདོག་བྱས་སོང་ད་རེས་ཕྲུ་གུ་སྐྱེན་ལམ་དུ་སོང་ན་ཡང་གོ་ཚོར་མི་འདུག
    སྔོན་མ་ཁོ་རང་ལ་དཀའ་ངལ་འཁྲད་ནས་བུ་མོ་དེ་ལེན་ཀ་བལ་ཡུལ་བར་ཕྱིན་པ་རེད་དེ་བུ་མོ་མ་རགས་ནས་སྟོང་བ་ལོག་དགོས་བྱུང་བ་རེད་ད་རེས་སེམས་ཤུགས་ཆག་པ་མ་ཡིན་ནམ།
    དྲ་གྲོགས་ཚོ་གསུང་དང་།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    སྤེན་པ་ལགས་། ངོ་མ་གནས་ཚུལ་དེ་འདྲ་ཞིག་ཡིན་ན་་་་་་སློབ་སྤྱིའི་མི་མཁྱེན་པ་གང་ཡིན་ནམ ཡང་ན་མཁྱེན་ཀྱང་གསར་འགོད་པ་མ་གསུངས་པ་རེད
    ཡང་ན་སྨན་པས་ནད་རྟགས་མ་ཆོད་པ་ཞིག་སློབ་གྲོགས་ཚོའི་ཤེས་སོང་བ་རེད

    Reply
  11. penba says:
    ལོ་ 16 སྔོན།

    བོད་ཕྲུག་སློབ་མ་གཅིོག་འདས་གྲོང་ཕྱིན་པ་ནི་བློ་ཕམ་གྱི་གནས་ཚུལ་ཡིན་ནམ་རྒྱུན་དུ་འཕྲོད་བརྟེན་ལ་དོན་སྣང་མ་གནང་པའང་ནོར་ཕྲུལ་ཆེན་པོ་ཡིན།་་འོན་ཀྱང་གནས་ཚུལ་དངོས་ཀྱང་ཤེས་དགོས་པར་བསམ།
    གང་ལ་ཞེས་ན།དོན་དངོས་ནི་སློབ་མ་དེར་སྔོན་ནས་ཁས་མའི་གནད་གཞི་ཚབ་ཆེེན་ཡོད་ལ་དེ་བེད་སྤྱོད་མེད་པར་གྱུར་ལ་ཉེ་བ་ཡིན་པ་དང་བཏབ་ཁེལ་སློབ་གྲྭར་ཟས་དུག་གི་གནས་ཚུལ་ལྷག་ཡོད་པས་དེའི་གནོན་ཤུགས་གཟོད་མ་ཐུབ་པར་བློ་བུར་ཐོབ་རྒྱབ་ཏུ་འདས་གྲོང་ཆག་པ་ཡིན་འདུག་པ་ནི་ཁོང་གི་འཛིན་གྲོགས་རྣམས་ཀྱིས་གསུང་བཞིན་འདུག་
    དེས་ན་འུར་སྒྲོག་དང་སྙོག་གླེང་ཐོས་པ་ཟོས་མི་ལེགས།་འཕྲོད་བརྟེན་ཐོག་དོ་སྣང་མེད་དེ་ཙམ་མེད་པ་དངོས་ཡོད་རེད་ལ་དེ་ལྟ་བུའུ་གནས་ཚུལ་དྷ་ཤོད་སློབ་གྲྭ་ཙམ་མ་ཡིན་པར་བོད་སློབ་ཚུད་བའི་བོད་གཞིས་མང་ཆེ་བར་གནས་ཚུལ་དེ་རིགས་ཡོང་དང་ཡོང་བཞིན་ན་ཚང་མས་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་གནང་དགོས།
    ཐུགས་རྗེ་ཆེ།

    Reply
  12. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རྒྱ་མིས་དུག་བཏང་བ་ཡིན་མི་སྲིད་པ་མ་རེད།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཀྭ་ཡེ་དྲ་གྲོགས་ལྷན་རྒྱས།
    འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་ནི། ལྷོ་ཕྱོགས་བྷེལ་ཀོབ་ནས་ཡིན་པའི་བུ་བསྟན་འཛིན་དབྱིངས་གསལ། རང་ལོ་༡༧ དྷ་ཤོད་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་དགུ་པའི་སློབ་མ་ཡིན་པ་ཞིག དྷ་སའི་ཉེ་འཁོར་གྱི་ཏྲན་ཌ་སྨན་ཁང་དུ་ཚེས་༢༠ ཉིན་གྱི་དགོང་མོ་འདས་གྲོངས་སུ་ཕྱིན་འདུག
    གནས་ཚུལ་དེའི་རྒྱུ་རྐྱེན་ཇི་བཞིན་ད་དུང་ཡང་ཁ་གསལ་མེད་སྟབས་ང་ཚོ་ཚང་མས་གདུང་སེམས་མཉམ་བསྐྱེད་ཀྱིས་བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་པ་གནང་རྒྱུ་གལ་ཆེ།
    ཚེ་འདས་དེ་ཉིད་༸འཕགས་མཆོག་ཕྱག་ན་པདྨོའི་མཉེས་ཤིང་རྗེས་སུ་བཟུང་སྟེ་མངོན་མཐོའི་གོ་འཕང་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་གསོལ་འདེབས་ཤུགས་དྲག་བཅས།
    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  14. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ཚོ། ༼ སློབ་ཕྲུག་དེ་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པ་དང་། ད་ལྟ་འཛིན་རིམ་དགུ་བའི་སློབ་མ་ཡིན་ལ་རང་ལོ་ ༡༧ ཡིན་འདུག ཁོའི་ནམ་རྒྱུན་གྱི་གཟུགས་པོའི་གནས་སྟངས་དང་འཕྲོད་བསྟེན་མི་བཟང་རྒྱུ་མེད་ཟེར། ༽ ཞེས་པས་དངོས་གནས་བྱས་ན་སློབ་ཕྲུག་དེའི་སྐོར་འགྲེལ་བཤད་བརྒྱབ་པའི་ཁུལ་རེད་མོད། རྣམ་པ་ཚོས་དེ་ལ་དོ་སྣང་མ་བྱུང་བ་ཡིན་ནམ། ཡང་ན་དེ་བས་ཀྱང་མང་དུ་ཤེས་འདོད་རྟོགས་འདོད་ཀྱིས་ཡིན་ནམ།

    ཡིན་ནའང་། གསར་འགོད་པས་འགྲེལ་རྒྱག་པ་ལའང་ཚད་ཅིག་ཡོད་པས་དེ་ཙམ་གྱིས་མ་ཆོག་པ་ཞིག་ཏུ་མཐོང་གི་མེད་ལགས། གུས་བཅས། ཨ་རིག་གླེན་པས།

    Reply
  15. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ལ་ཧ་ལས་དགོས་དོན་ཡོད་པ་མ་རེད། སྔ་མོའི་ང་ཚོའི་བོད་ཀྱི་གཏམ་དཔེ་ལ་ ཞིམ་པོ་བྱུང་ན་གྲོད་ཁོག་ལྦོས་ནས་ཤི་ནའི་ཤི་ ཟེར་བ་ཞིག་ཡོད་པ་མ་ཡིན་ནམ། བྱས་ཙང་སློབ་ཕྲུག་ཚོས་ཞིམ་པོ་བྱུང་ཙང་གྲོད་ཁོག་ལྦོས་ལྦོས་བར་བཟས་པ་རེད། ཤེས་སོང་ངམ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་

    Reply
  16. སེར་ཆེན་ says:
    ལོ་ 16 སྔོན།

    དྲ་གྲོགས་འབྲུག་བྷེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།ངོ་མ་ཡ་མཚན་རེད།སྤྱིར་བཏང་བོད་མི་རིགས་འདི་མི་འབོར་ཧ་ཅང་ཉུང་ཉུང་ཡིན་པ་ཞིག་ལ།ད་ཐེངས་རྡ་ཤོད་སློབ་གྲའི་སློབ་མ་དེ་འདྲ་མང་པོ་ནད་པ་ཛ་དྲག་ཆགས་རུང་དམིགས་བསལ་སློབ་སྤྱི་དང་ལས་བྱེད་མི་སྣ་ཡོངས་ནས་དོ་སྣང་དེ་ཙམ་མེད་པ་ཐན་ནག་རེད།ད་རེས་སློབ་མ་རྐྱེན་འདས་སུ་ཕྱིན་པ་དང་ནད་པར་གྱུར་བཞིན་པ་དེ་དག་གི་ཚེ་སྲོག་གི་འགན་ཆ་ཚང་སློབ་སྤྱི་ཡོད་ངེས།ཐག་བཅོད་ནན་མོ་བྱ་རྒྱུ་མཁྱེནནན།།ལྷག་དོན་གསར་འགོད་པའི་བཅར་འདྲི་དངོས་ལེན་མ་བྱས་བ་ནི་ཁྲེལ་གཞུང་མེད་པའི་བྱ་སྤྱོད་དང་རྒྱ་གུང་ཁྲན་ཏང་གི་བྱ་སྤྱོད་ངོ་མ་དེ་ཕྱི་རུ་མངོན་པ་རེད།ཛབ་ཆེན་དང་ངོ་ཚ་མེད་པའི་འགན་འཛིན་ཐབས་སྡུག་རེད།

    Reply
  17. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས། འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་དེའི་མིང་དང་ལོ་རྒྱུས་ཕོ་མོ་སོགས་རགས་ཙམ་འགོད་ཐུབ་ན་ཡག་པོ་འདུག།

    སློབ་ཕྲུག་ཞིག་རྐྱེན་ལམ་དུ་ཤོར་བ་དངོས་ནས་བློ་འཕམ་ཡོད་། སློབ་གྲྭ་དེ་གའི་འབྲེལ་ཡོད་ལས་བྱེད་ཚང་མས་ལས་ཀ་འཐུས་ཤོར་ཕྱིན་འདུག་པའི་འགན་ཚང་མ་ཁྱེད་རང་ཚང་ལ་ཡོད་ངེས། མ་འོང་འདི་རིགས་མི་འབྱུང་བ་དང། སྔོན་འགོག་བྱ་རྒྱུར་འབྲེལ་ཡོད་ཚང་མས་ཐུགས་སྣང་རྒྱུན་མཐུད་བྱེད་དགོས།

    གོང་གིས་སྨན་པས་བརྟག་དཔྱད་བྱེདབཞིནཔའི་པར་འདུ་ལ་གཟུགས་དང་ཤེས་བདོག་ཁག་པོ་ཞིག་མི་འདུག་ལ་སྤྱོད་པ་ངན་འདོག་ཁག་པོ་ཞིག་འདུག། ངོ་མ་བྱས་ན་གནས་ཚུལ་དེ་ཛ་དྲག་གི་ཉེན་ཁ་ཡིན་པ་འདི་ཙམ་གྱིས་ཕན་མི་ཐོགས་། སྨན་ཁང་ཆེན་པོ་ཞིག་ལ་འཕྲལ་དུ་བརྟག་དཔྱད་བྱེད་ཐུབ་དགོས། འདས་པོའི་ཆེད་དུ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔
    ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ༼སློབ་ཕྲུག་བཅུ་གཉིས་ལ་ཆུ་བཏང་བ་༠༽ ཛ་དྲག་གིས་ནད་པ་སྨན་བཅོས་བྱེད་ཐབས་ཆུ་གཏོང་ལུགས་དེ་གོ་བ་དང་པོ་ཡིན།
    ངོ་མ་ང་ལ་མཐོང་རྒྱ་མེད་གི་ཡ།།།།
    འདས་པོའི་ཆེད་དུ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔
    ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔

    Reply
  19. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    རྡ་ཤོད་འདི་བ་བོད་ཁྱིམ་ཆཚང་ལས་ཚགས་ཚུད་མེད་པ་དང་། བོད་དྲི་མི་བྲོ་བ་རེད། ད་རེས་མི་ཞིག་འདས་པ་འདི་ནི་མགོ་ཁྲིད་ཚོར་འགན་ཡོད་ངེས།

    Reply
  20. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེ་རིང་གི་གནས་ཚུལ་དེ་རྒྱུད་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་དེ་མིན་ལས་བྱེད་རྣམས་ཀྱིས་སློབ་ཕྲུག་ཚོའི་བཟའ་བཅའི་རིག་ལ་དོ་སྣང་ཆེར་བཞེས་གནང་རོག་ཞེས་འབོད་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང། འདས་གྲོང་སུ་འགྱུར་བའི་སློབ་མ་དེའི་ཆེད་དུ་དྲ་གྲོགས་རྣམས་པས་མ་ཎི་གང་མང་འདོན་རོག ། ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔ ཨོྃམཎིཔདྨེཧཱུྃ༔

    Reply
  21. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་ཤེལ་དཀར་བློ་བཟང་ལགས། ཉིད་ཀྱིས་གསུངས་པ་ལྟར་བཅོས་དགོས་པ་རྣམས་བཅོས་ཟིན་མོད། ཟ་མ་འདི་ཟོས་ནས་ཞེས་པ་བཅོས་མེད། དེ་ཕལ་ཆེར་དེ་ལྟར་གོ་བདེ་བ་ཡོད་སྙམ། རྒྱུ་མཚན། སློབ་ཕྲུག་ཚོས་ཟ་མ་འདི་ཟོས་ནས་ན་བ་རེད་ཟེར་ནས་ཐག་མི་ཆོད་ཅེས་གསུངས་སྟབས་རེད། མ་བྱན་གྱིས་ཟ་མ་འདི་བཟོས་ནས་ན་བ་རེད་ཟེར་བའི་དོན་མ་རེད།
    གང་ལྟར་འདི་ལྟར་ལམ་སྟོན་གནང་ན་དངོས་གནས་དགའ་བཞིན་སྤྲོ་བཞིན་དུ་དང་ལེན་བྱེད་རྐྱང་ཡིན་པས་གཞུག་ཕྱོགས་ཀྱང་མུ་མཐུད་དེ་ལམ་སྟོན་གནང་རོགས། གུས་བཅས། ཨ་རིག་གླེན་པས།

    Reply
  22. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སློབ་གྲྭ་དེ་གའི་འབྲེལ་ཡོད་ལས་བྱེད་ཚང་མས་འཐུས་ཤོར་ཕྱིན་འདུག ངོ་མ་བྱས་ན་གནས་ཚུལ་དེ་ཛ་དྲག་གི་ཉེན་ཁ་ཡིན་པ་ཤེས་པར་བྱས་ཏེ་བོད་སྨན་དང་སློབ་གྲྭ་དེ་གའི་སྨན་ཁང་ཆུང་ཆུང་དེ་ལས་གཞན་བདེ་ལེགས་སྨན་ཁང་ལྟ་བུའི་སྨན་ཁང་ཆེན་པོ་ཞིག་ལ་འཕྲལ་དུ་བརྟག་དཔྱད་བྱེད་ཐུབ་ན་སློབ་ཕྲུག་དེའི་ཚེ་སྲོག་མ་ཤོར་བའི་རེ་བ་ཡོད་བཟོ་འདུག།
    བོད་ཁྱིམ་སློབ་གྲྭ་ཕལ་ཆེར་གྱིས་དེ་ལྟར་བྱེད་ཀྱི་འདུག གནས་སྐབས་ཀྱི་འགྲོ་གྲོན་སོགས་ལ་བལྟས་ཏེ་ཧ་ལམ་མིའི་རེ་བ་རྫོགས་རྫོགས་བར་དེ་གར་ཉལ་ནས་ཐབས་ཟད་འུ་ཐུག་མཚམས་ལ་སླེབ་དུས་གཞི་ནས་སྨན་ཁང་ཆེ་སར་སྐྱེལ་ཐབས་བྱེད་ཀྱི་འདུག དེ་དུས་ཕལ་ཆེར་མིའི་རེ་བ་མེད་པ་རེད།
    གཉིས་ནས་ང་ཚོ་ཚང་མས་མཁྱེན་གསལ་རེད། བོད་སྨན་གྱིས་ནད་རྙིང་རིགས་དང་དེ་ཡང་དུས་ཡུན་རིང་པོ་བསྟེན་མ་གཏོགས་ཛ་དྲག་གི་ན་ཚ་དེའི་རིགས་ལས་གློ་བུར་དུ་བསྐྱབ་ཁག་པོ་རེད།།
    གསར་འགོད་ལ་ལགས།
    གཞེན་སྐུལ་ཞུ་རྒྱུར། འདས་གྲོངས་སུ་ཕྱིན་པའི་སློབ་ཕྲུག་དེའི་མིང་དང་ལོ་རྒྱུས་རགས་ཙམ་འགོད་ཐུབ་ན་ཡག་པོ་འདུག།
    ནོར་བ། བཅོས་པ།
    ་སློབ་ཕྲུག་སུམ་བཅུ་ཙམ། སློབ་ཕྲུག་སུམ་ཅུ་ཙམ།
    དེ་ཙམ་ཆབས་ཆེན་པོ་མི་འདུག དེ་ཙམ་ཚབས་ཆེན་པོ་མི་འདུག
    འཕྲད་དུ་བོད་སྨན། འཕྲལ་དུ་བོད་སྨན།
    འཕྲད་དུ་སྨན་བཅོས་ཀྱི་བྱ་བ་བསྒྲུབས་ཡོད། འཕྲལ་དུ།
    ཟ་མ་འདི་ཟོས་ནས། ཟ་མ་འདི་བཟོས་ནས།
    གལ་ཏེ་ལེགས་ཆ་ཡོད་ན་མྱུར་དུ་བཅོས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese