མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་རྟེན་འབྲེལ་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཉིན་གོང་རྒྱ་ནག་གི་སྲིད་དོན་བཙོན་པ་ལེའོ་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མ་ཐག བཙན་བྱོལ་བོད་གཞུང་བཀའ་ཤག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་ཞུས་འདུག

ཞུ་ཡིག་དེར་བཀོད་དོན། བོད་གཞུང་བཀའ་ཤག་གི་ངོས་ནས་སྐུ་ཞབས་ལེའོ་ཞོ་པོ་ལ་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱ་མི་རིགས་ཤིག་ལ་འདི་ལྟའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་པ་ནི་རྒྱ་ནག་རྒྱལ་ཡོངས་ངོས་ནས་སྤོབས་པ་སྐྱེས་དགོས་པ་ཞིག་ཡིན། འདི་ལོའི་ཞི་བདེའི་གཟེངས་རྟགས་དེ་སྐུ་ཞབས་ལེའོ་ཞོ་པོ་ལ་གནང་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཁོང་གིས་རང་དབང་གོང་འཕེལ་དང་། རྒྱ་ནག་ནང་མི་སྒེར་གྱི་རང་དབང་ཆེད་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བ་དེ་དག་ལ་ངོས་འཛིན་ཐོབ་པ་ཞིག་ཡིན། ཞེས་དང་།



ཁོང་གིས་རྒྱ་ནག་ནང་རང་དབང་དང་མང་གཙོ་ཡོང་ཆེད་ཕྱི་ལོ་ ༢༠༠༨ རྩ་འཛིན་ཡིག་ཆ་ཞེས་བཏོན་པ་དེ་ནི་འགྲན་ཟླ་མེད་པའི་བློས་གཏོང་ཞིག་ཀྱང་ཡིན། ཁོང་གིས་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཇི་ཙམ་གནང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ང་ཚོ་བོད་མི་ཚོས་སྐུ་ཞབས་ལེའོ་ཞོ་པོ་ལ་འོས་ཞིང་འཚམས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་ཁོང་རང་ཉིད་ནས་དངོས་སུ་བཞེས་ཐུབ་པའི་སྨོན་འདུན་ཞུ་བཞིན་ཡོད། ཞེས་བཀོད་འདུག 

 

མཆན། 7

  1. bhare tashi says:
    ལོ་ 12 སྔོན།

    འཛམ་གླིང་ཞི་བདེའི་དེད་དཔོན་སྐུ་ཞབས་ལེའོ་ཞོ་པོ་ལ་བཀྲིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་རིགས་གཅིག་ལ་ལོ་༢༡ སྔོན་ལ་ཐོབ་ཟིན་པ་ཅིག རྒྱ་རིགས་གཅིག་ལ་ད་ལྟ་གཞི་ནས་ཐོབ་པ་ནི། བོད་རིགས་རྣམས་རྒྱ་རིགས་ལས་ཡར་ཐོན་ཅན་ཡིན་པ་མཚོན་པ་དང་། རྒྱ་རིགས་རྗེས་ལུས་ཐེབས་བཅུག་མཁན་དམར་གཞུང་ངོ་ཚ་དགོས་པ་དང་། ད་ནག་ཉེས་མང་པོ་བསགས་ཟིན་པའི་རྒྱ་གཞུང་དེ་རྩ་ཐོར་དུ་འགྲོ་རྒྱུ་ངེས་པས། རྒྱ་ནག་དམངས་གཙོར་འཛུགས་རྒྱུའི་གྲ་སྒྲིག་བྱོས་ཤིག བོད་ཀྱི་མང་གཙོ་རྒྱལ་འགྱུར་ཅིག ལིའུ་ཞའོ་པའོ་རྒྱལ་འགྱུར་ཅིག རྒྱ་ནག་མང་གཙོ་རྒྱལ་འགྱུར་ཅིག །

    Reply
  3. ལྷ་ལུང་ says:
    ལོ་ 12 སྔོན།

    འཛམ་གླིང་ཞི་བདེའི་དེད་དཔོན་སྐུ་ཞབས་ལེའོ་ཞོ་པོ་ལ་བཀྲིས་བདེ་ལེགས་ཞུ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    ཕྱི་ལོ་ ༢༠༡༠ ལོའི་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ། ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྲིད་དོན་བཙོན་པ་རྒྱ་རིགས་རྩོམ་པ་པོ་ལེའོ་ཞོ་པོ་ལ་ཐོབ་པར་དོན་དམ་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།
    གནས་ཚུལ་འདིར་དཔག་ན་ཞི་བདེ་དང་དྲང་བདེན་ཟེར་བ་དེར་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པ་མཐོང་ཐུབ་ལ། ཞི་བདེ་དང་དྲང་བདེན་ནི་ཁ་ཙམ་ཚིག་ཙམ་མིན་པ་ཞིག་ཀྱང་མཐོང་ཐུབ།།

    Reply
  5. ཧེ་ར་བཀྲ་ཤིས། says:
    ལོ་ 12 སྔོན།

    བཀུར་བར་འོས་པའི་སྐུ་ཞབས་ལེའོ་ཞོ་པོ་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བྷོལ་ཞི་བདེ་གཟེངས་རྟགས་ཐོབ་པའི་གནས་ཚུལ་འདིས་རྒྱ་རིགས་མི་མང་ནང་སྔར་ལས་ལྷག་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཆེད་བློས་བཏང་བྱ་མཁན་ཇེ་མང་དུ་འགྲོ་བར་ཐེ་ཚོམ་མེད་པས་རྒྱ་གཞུང་ལ་མི་མངོན་པའི་འཇིགས་སྣང་ཞིག་གིས་འཆི་ལམ་དུ་བརྫངས་ངེས།

    Reply
  6. ཁ་བ་སྐམ་པོ། says:
    ལོ་ 12 སྔོན།

    རྟེན་འབྲེལ་ཞུ། རྒྱ་ནག་ལོ་རྒྱུས་ནང་ཁོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ངོ་མ་
    གཟི་བརྗིད་ཆེ་འང་།

    Reply
  7. འབུར་ཐོ། says:
    ལོ་ 12 སྔོན།

    ལེའོ་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པར་དགའ་བོ་བྱུང་། མི་རིགས་གང་ཡིན་ཡང་དེའི་བསམ་བློ་དང་སྙིང་སྟོབས་ལ་གདེང་འཇོག་བྱེད་འོས་པ་ཞིག་ཡིན་ཚེ་འཁྲེགས་བཟུང་གཏན་ནས་བྱེད་མི་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist