མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

རང་བཙན་བརྩད་དེ་རྩ་བར་མ་ཐུག་ཞིང་།།
དབུ་མར་ཕྱོགས་ནས་ལས་དོན་མ་སྒྲུབ་པར།།
རང་ཐག་རང་གཅོད་མ་བྱས་ལྷོད་ལྷོད་བསྡད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

གཅིག་གིས་བྱས་པ་གཅིག་གིས་འཕྱ་ཞིང་དམོད།།
གཞན་གྱིས་བྱས་ན་ཕྲག་དོག་མེ་ལྕེ་འབར།།
ཕར་ཚུར་གཉིས་ཀའི་བྱ་བ་མི་འཇོན་པའི།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

རང་དབང་ཆེད་དུ་དཀའ་སྤྱད་མ་བྱས་ཤིང་།།
རང་དོན་ཁོ་ནར་འཐམ་ནས་ཉིན་མ་བསྐྱལ།།
རང་ལས་སྤྱི་དོན་གཡུགས་པའི་བྱེད་སྟངས་ཅན།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

རིགས་ཀྱི་ཕྲུ་གུ་མི་རིགས་གཞན་ལ་བཏབས།།
སྐད་ཀྱི་གདངས་དེ་མི་སྐད་གཞན་ཞིག་རྒྱགས།།
འགྲོ་སྟངས་འདུག་སྟངས་ཡབ་མེས་ལུགས་དང་འགལ།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

རང་ཡུལ་སྐྱུར་ནས་བྲོས་བྱོལ་ཡུལ་དུ་ཡོང་།།
སྐྱབས་བཅོལ་ཡུལ་ནས་ཐོབ་ཐང་འདྲ་མིན་བརྩད།།
དོན་གྱི་དགོས་པའི་མི་རིགས་བདེན་མཐའ་བརྗེད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

ཁ་ནས་བཤད་ཚུལ་སྤྱི་དོན་ཤར་མ་ཡིན།།
ལག་ལ་ཡོང་ཚད་རང་ཁེ་འབབ་ཞིག་གཉེར།།
བོད་མིའི་སྐྱིད་སྡུག་རླུང་ཁའི་མར་མེ་བཞིན།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

སྐྱབས་མགོན་བླ་མ་ཟོས་ནས་ཚར་གྲབས་འདུག།
སྐྱབས་བཅོལ་གཞུང་ནས་བོད་སྐད་བརྗེད་གྲབས་འདུག།
སློབ་གྲྭ་ཁག་ནས་བོད་དགེ་འཕུད་གྲབས་འདུག།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

ཕྱི་ལ་འགྲོ་རྒྱུ་བྱུང་ན་ཅི་ཡང་བྱེད།།
འགྲོ་སའི་ཡུལ་ནས་མི་ཡི་བྲན་དུ་རྒྱུགས།།
གཡོག་སྒོར་གསོག་ནས་སྐྱིད་རབས་སྐྱག་རྫུན་བཤད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 7

  1. lunta gyal says:
    ལོ་ 15 སྔོན།

    རང་གིས་རང་ལ་སྣྙིང་རྗེ་བའི་སྐྱེས་པ་ཕོ་ཞིག་ནི་འཇིག་རྟེན་ན་ཡོད་སྲིད་དམ།ཕོ་རྒོད་འཆི་ལ་ཐུག་ཀྱང་འཛུམ་གྱིས་བསུ་ངེས།ཨ་སྡར་མ་ཁྱོད།བོད་ཀྱི་མི་རབས་གསར་པའི་དཔའ་ངར་མ་གཅོག་འང་།

    Reply
  2. karmadentse says:
    ལོ་ 15 སྔོན།

    ཨ་རོ། ཉིན་མ་ཁ་ཤས་ལ་ས་ཆ་གཞན་ཞིག་ལ་སོང་བས་ཁྱོད་ཀྱི་ཟིན་བྲིས་ནང་ལ་ཡི་གེ་གཅིག་ཀྱང་འབྲི་ཐུབ་མ་སོང་། གང་ལྟར་ཁྱོད་ཀྱི་ཉལ་ས་དྲོ་ཡང་སེམས་པ་འཁྱག་ཟེར་བའི་བསམ་ཚུལ་དེ་ལ་ངས་བསམ་ཚུལ་ཞིག་བྲིས་ཡོད། དེ་ངའི་ཟིན་བྲིས་ནང་ལ་ཡོད་པས་ཐུགས་སེམས་སྤྲོ་བོའི་ངང་ནས་ཀློག་རོགས་གནང་། ངའི་བསམ་ཚུལ་དེ་འཁྱོག་བསྡད་ཡོད་ས་དང་བཀུག་བསྡད་ཡོད་ས་འདྲ་ཡོད་ན་ལན་རྒྱོབས།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ།

    སྐྱིད་དུས་སྐྱིད་ཉམས་ཡོད་པའི་གླུ་ཞིག་ལོངས།།
    སྡུག་དུས་སྡུག་པའི་སྐྱོ་བ་དྲགས་དུ་ལོངས།།
    སྐྱིད་ལ་སྡུག་པའི་མི་ཚེ་འགག་འཕྲེང་ནས།།
    རིགས་ཀྱི་མདུན་པ་སྲ་མོ་སྙིང་ལ་ཆོངས།།

    Reply
  4. tseringdhorjee says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ཁྱེད་རང་གིས་དོན་སྙིང་ལྡན་པའི་རྩོམ་ཡག་པོ་བྲིས་འདུག་ བོད་པའི་གསང་མཐིལ་བརྟོལ་འདུག་ཅེས་བརྗོད་ཀྱང་མི་འཚམ་པ་མེད། ཤ་ཚ་བའི་གཏམ་དང་བླང་དོར་བྱེད་དགོས་པའི་བསླབ་བྱ་རྣལ་མ་བཏོན་འདུག་ཀྱང་འུ་ཚོ་སྒང་བ་བོད་ཀྱི་འདིའི་རིགས་ལ་དོ་སྣང་དང་མཉན་འཇོག་མི་བྱེད་པར་མ་ཟད་ད་དུང་གཏམ་ངན་དུ་བརྩི་བ་འདི་ཤེས་དཔྱོད་ཀྱིས་མ་འདང་བས་ལན། སློབ་དཔོན་རིན་པོ་ཆེས་ཀྱང། བོད་ལ་དྲིན་ཆེས་བྱས་ཀྱང་དྲིན་མི་གོ། །ཞེས་ཐུགས་ཕམ་གྱི་རྣམ་པ་དང་བཅས་ཏེ་བོད་ཡུལ་ནས་གཤེགས་པ་དང། མཁས་དབང་དགེ་ཆོས་ཀྱང་གཤེགས་རྗེས་ཤིག་ལ་གཞི་ནས་རྗེས་དྲན་དང་རྩོམ་རིགས་ལ་གདེང་འཇོག་ཅིག་ཐོབ་པ་ལས་མངོན་སུམ་དུ་ཡོད་སྐབས་རྒྱལ་འཚོང་བ་ཞེས་མིང་མི་སྙན་པ་སྣ་ཚོགས་ཤིག་ཡོང་བ་བཞིན་དེང་སང་སྤྱི་ཚོགས་ཁྲོད་དུའང་བོད་ལ་ཤ་ཞེན་དང་རུས་ཞེན་ཡོད་པ་རྣམས་ཀྱིས་སེམས་གཏིང་གི་སྐད་ཆ་ལ་དེ་ཙམ་དོ་སྣང་མི་བྱེད་པར་མཐོན་པོའི་ཁྲི་ལ་འགྱིངས་པའི་བླ་དཔོན་ཚོའི་སྐད་ཆ་བདེན་མིན་ཇི་ལྟར་དེ་ལ་རང་བཞིན་གྱིས་གཙིགས་ཆེར་བྱེད་པའི་བག་ཆགས་འདི་སྤྲུག་དགོས་པར་མཐོང་ན་དེ་ལ་ཐབས་ལམ་ཡག་ཤོས་ཤིག་འཚོལ་དཀའ།

    Reply
  5. chenlin says:
    ལོ་ 15 སྔོན།

    ཤ་ཁྲག་ལགས།བོད་པའི་ལས་དབང་སྐྱོ་བ་གོར་མ་ཆག་ཀྱང་།རང་ངོ་རང་ཤེས་བྱས་ནས་
    འབད་བརྩོན་དགོས་པ་གལ་ཆེ།དེའི་ཕྱིར་སྨྲེ་ངག་དང་ཡི་ཆད་ཀྱི་འཁང་ར་དོར་ཏེ་དོན་ལྡན་གྱི་ལས་སུ་འབད་པ་དེ་ལས་ཀྱང་གལ་ཆེ།

    Reply
  6. Tentsetso says:
    ལོ་ 15 སྔོན།

    སྡུག་གི་ཁུར་བོ་འཁུར་ནས་གླིང་ཀུན་འཁྱམ།།
    སྡུག་ཡས་མང་པོའི་གནམ་ས་གཡོ་བ་བྱས།།
    སྡུག་བསྔལ་འདི་ཡང་སྔོན་བསགས་ལས་ཤིག་རེད།།
    སྡུག་གྱོང་བོད་པར་སྐྱེ་བ་སྐྱོ་ཉམས་ཤིག།

    ཀུ་རེ་རྩེད་མཚར་གཏམ་གྱི་མགོ་མ་ཡིན།།
    ཀུ་རེ་རྩེད་བཞིན་ཀུན་གྱི་དོན་ལ་འབད།།
    ཀུ་རེ་རྩེད་སྟངས་གླིང་ཀུན་མི་འདྲ་ཡང་།།
    ཀུ་རེ་འོག་ན་ཀུན་ཤེས་གཅིག་གྲོལ་ཡོད།།

    Reply
  7. kkalsang says:
    ལོ་ 15 སྔོན།

    འཛམ་བུ་གླིང་གི་སྟེང་ན་ང་ཚོའི་བོད་པའི་ལས་དབང་སྡུག་ཤོས་རེད། གཅིག་ལ་གཅིག་ཟ་བའི་གླེན་ལྐུགས་དུད་འགྲོའི་ངང་ཚུལ་གྱིས་དགྱ་ནག་གིས་བོད་པ་ཟོས། བོད་པས་ནང་ཁུལ་ཟ་རེས་བྱས་ནས་སྡོད་པ་འདི་ཡིད་སྐྱོ་བའི་གནས་རང་རེད། གྲོགས་པོ་ཤ་ཁྲག་ལགས། ད་བོད་པ་ཟེར་ས་འདི་ལ་རེ་བ་ཅང་ཡོད་མེད་མི་ཤེས་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese