མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མི་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་གཞུང་འོས་བསྡུ་ལྷན་ཁང་གིས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་ཁག་གསལ་བསྒྲགས་བསྐྱངས་ཡོད། ཐེངས་འདིའི་གསལ་བསྒྲགས་ནང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་ ༦ དང་། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མིའི་ཁོངས་སུ། ཆོལ་ཁ་རེར་ ༥༠ རེ་དང་ཆོས་བརྒྱུད་རེར་ ༡༠ རེ། བྱང་ཨ་རི་དང་ཁེ་ན་ཌ་ཁུལ་དུ་ ༡༠ དང་། ཡུ་རོབ་ཁུལ་དུ་  ༡༠ བཅས་གསལ་བསྒྲགས་བསྐྱངས་སོང་།  

ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་མི་དྲུག་གི་ཨང་རིམ་ནི། ཨང་དང་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་སུ་འོས་གྲངས་  ༢༢༤༨༩  དང་། ཨང་གཉིས་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་གྲངས་ ༡༢༣༡༩ ། ཨང་གསུམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧༣༣ ། ཨང་བཞི་བ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༢༡༠༡ ། ཨང་ལྔ་བ་སྐུ་སྒེར་དྲུང་ཆེ་ཟུར་བ་བློ་བཟང་སྦྱིན་པ་ལགས་སུ་འོས་གྲངས་ ༡༥༤༥། ཨང་དྲུག་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༦༠༥ བཅས་རེད།

 འོས་བསྡུའི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་ཆོལ་ཁ་རེ་རེའི་འོས་མི་རྣམས་རྩེ་བཏོག་ཨང་རིམ་བཞིན་བསྒྲགས་པའི་ནང་། སྐབས་བཅོ་ལྔ་བའི་དབུས་གཙང་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། ཨང་གཉིས་པ་པདྨ་འབྱུང་གནས། ཨང་གསུམ་པ་སྒྲོལ་མ་ཚེ་རིང་། ཀརྨ་ཡེ་ཤེས། ཟླ་བ་ཚེ་རིང་། བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། ཚེ་བརྟན་ནོར་བུ། འཇིགས་མེད་འབྱུང་གནས། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ངག་དབང་ལྷ་མོ། སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགེ་བཤེས་སྐལ་བཟང་དགྲ་འདུལ། ཤར་གླིང་བསྟན་འཛིན་ཟླ་སྒྲོན། ཚེ་རིང་སྒྲོལ་མ། འཆི་མེད་གཡུང་དྲུང་། བསོད་ནམས་བཟང་པོ། བྱ་ཉང་ཚེ་རིང་ལྷ་སྐྱབས། སྨན་རམས་པ་པདྨ་རྡོ་རྗེ། བསམ་གཏན་ཆོས་སྒྲོན། དགེ་བཤེས་ངག་དབང་དཔལ་ལྡན། སྐལ་བཟང་གཡུ་སྒྲོན། ཚེ་རིང་དོན་གྲུབ། རིན་ཆེན་ཚེ་རིང་།  བཀྲིས་སྒྲོལ་མ། ཚེ་བརྟན་དབང་ཕྱུག ཚེ་དབང་བསོད་ནམས། ཚེ་དབང་ནོར་བུ། ཚེ་དབང་རྡོ་རྗེ། ཐར་ལམ་སྒྲོལ་མ། བློ་བཟང་རྡོ་རྗེ། བསྟན་འཛིན་སྒྲོལ་མ། བསོད་ནམས་ཚེ་རིང་། ཕན་པོ་རྒྱལ་མཚན། ཤེར་ཝ་འཆི་མེད་ཚེ་རིང་། ཉི་མ་བསམ་མཁར། ཚུལ་ཁྲིམས་ཆོས་འཕེལ། བཀྲིས་ཕུན་ཚོགས། རྟ་མགྲིན་ཆོས་དར། འཇིགས་མེད་བཀྲ་ཤིས། བསོད་ནམས་སྟོབས་རྒྱལ། ཁྱུ་གསར་དངོས་གྲུབ་དཔལ་ལྡན། ཐུབ་བསྟན་ཚེ་རིང་། བཀྲིས་རྡོ་རྗེ། ཀརྨ་སེང་གེ སྨན་པ་ཐོག་མེད། ཚེ་རིང་ནོར་བུ། པ་སངས་ཆོས་འབྱོར། རྒྱལ་ནོར་ཚེ་དབང་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་ཤོག་ ༨༦༥༥ དང་དམའ་ཤོས་ལ་འོས་གྲངས་ ༤༥༠ བཅས་རེད།

སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་འབའ་བ་སྐལ་བཟང་རྒྱལ་མཚན། ཨང་གཉིས་པ་འཇུ་ཆེན་དཀོན་མཆོག ཨང་གསུམ་པ་སེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། བཀྲིས་དབང་འདུས། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། བསྟན་འཛིན་ནོར་བུ། སྒ་པ་ལྷ་མོ། སྨར་ཁམས་ཆོས་འཕེལ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། དབྱངས་ཅན་སྒྲོལ་དཀའ། གྲའུ་ཚེ་བརྟན། ཟླ་བ་སྒྲོལ་མ། ཀརྨ་མཁས་གྲུབ། རིན་ཆེན་མཁའ་འགྲོ གོ་བོ་བློ་བཟང་ཕན་བདེ། བྲག་གཡབ་བཀྲིས་རྣམ་རྒྱལ། ངག་དབང་བསྟན་པ། གཡང་འཛོམས་སྒྲོལ་དཀར། བསོད་ནམས་དཔལ་མོ། ནང་ཆེན་བསྟན་འཛིན། ཨ་རྡོ། ངག་དབང་འོད་འབར། ཀརྨ་གཡུལ་རྒྱལ། སྐལ་བཟང་ཆོས་སྐྱིད། སེར་སྨད་བློ་དགའ། ནོར་བུ་ཚེ་རིང་། ཚེ་རིང་དབང་ཕྱུག ཚེ་དབང་བསྟན་འཛིན། ཕུར་པ་ཚེ་རིང་སྟོབས་རྒྱལ། སྐྱུ་ར་དཔལ་རྡོར། ཚེ་རིང་བདེ་སྐྱིད། བཀྲིས་བདེ་ལེགས། ཡེ་ཤེས་ཆོས་བཟང་། དོན་གྲུབ་ལྷ་དར། འཇམ་དཔལ་རྒྱ་མཚོ། བསོད་ནམས་ཆོས་སྒྲོན། སྐལ་བཟང་ནོར་བུ། ཚེ་བརྟན་རྡོ་རྗེ། ཨ་འབྲུག་ཆོས་སྐྱིད། བཟང་མཁན་མཁས་གྲུབ། དཀོན་མཆོག་ནོར་བུ། ངག་དབང་ཐར་བ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༦༦༦༩  དང་། དམའ་ཤོས་ལ་འོས་གྲངས་ ༣༡༠ བཅས་རེད།

སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་སྤེན་པ་ཚེ་རིང་། ཨང་གཉིས་པ་རྒྱལ་རོང་ཟླ་བ་ཚེ་རིང་། ཨང་གསུམ་པ་ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སེར་རྟ་ཚུལ་ཁྲིམས་འོད་ཟེར། སྨན་པ་མཁྱེན་རབ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། ཀུན་ཐར་དོན་གྲུབ། བསྟན་འཛིན་མགོན་པོ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཤིང་གཟའ་རིན་པོ་ཆེ། ཀླུ་མཁར་བྱམས། བཀྲིས་དོན་གྲུབ། ལུང་རིགས་རྒྱལ། ཚངས་དབྱངས་རྒྱ་མཚོ། གཟུངས་ཕྱུག་སྐྱིད། བསྟན་འཛིན་དོན་ཡོད། ཚེ་རིང་རྡོ་རྗེ། སྐལ་བཟང་ལྷ་མོ། བློ་བཟང་ཆོས་འཕེལ། འཇིགས་མེད་མཆོག་གྲུབ། ཤེས་རབ་དར་རྒྱས། ཅོ་ལེབ་ཆོས་འཕེལ། རྨེའུ་དབང་འཛིན་ལྷ་མོ། གངས་རི། ཀིརྟི་རིན་པོ་ཆེ། གཡང་ཁོ་རྒྱལ། ཨ་ལོ། རྔ་བ་ཚེ་རྒྱམ། རྨེའུ་མགོན་པོ་མཚོ། དགེ་བཤེས་བསྟན་པ་བཀྲིས། དཀོན་མཆོག་བཟོད་པ། བློ་བཟང་བཀྲིས། ཨ་ལགས་འཇིགས་མེད། ལྷ་ལུང་རྒྱལ། བསྟན་འཛིན་མཁས་གྲུབ། ཉི་མ་ཚེ་རིང་། བྷུད་ངྷ་སྐྱབས། རྡོ་རྗེ་དབང་ཕྱུག བློ་བཟང་དངོས་གྲུབ། ཨ་མཆོག་རིན་པོ་ཆེ། ལྷ་དབང་རྡོ་རྗེ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༡༧༢༣ དང་དམའ་ཤོས་ལ་འོས་གྲངས་ ༢༥ བཅས་བཀོད་འདུག 

འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཆོས་བརྒྱུད་ཁག་དང་ཨ་རི་དང་ཁེ་ན་ཌ། ཡུ་རོབ་བཅས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱི་མཚན་གཞུང་བསྒྲགས་པའི་ནང་། ས་སྐྱའི་སྤྱི་འཐུས་འོས་མི་ཁག་ནི། ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༢༣༡ ། ཆོས་གྲགས་རྒྱ་མཚོར་འོས་གྲངས་ ༡༩༦ ། སྦྱན་དབྱངས་རྒྱ་མཚོར་འོས་གྲངས་ ༨༩ ། ག་ཟི་དགེ་བཤེས་ཚེ་རིང་པོར་འོས་གྲངས་ ༨༦ ། ཐུབ་བསྟན་རྒྱལ་མཚན་འོས་གྲངས་ ༥༨ ། པདྨ་ནོར་བུར་འོས་གྲངས་ ༤༤། ཀ་བྲག་དངོས་གྲུབ་བསོད་ནམས་ལ་འོས་གྲངས་ ༤༣། འགྱུར་མེད་རྡོ་རྗེ་ལ་འོས་གྲངས་ ༡༨། པདྨ་ནོར་བུར་འོས་གྲངས་ ༦། འཇམ་དབྱངས་མཐུ་སྟོབས་ལ་འོས་གྲངས་ ༥་བཅས་ཡིན་འདུག  

རྙིང་མའི་སྤྱི་འཐུས་འོས་མི་ཁག་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་ ༡༢༩༡ ། རྒྱ་རི་བུ་ཕྲུག་ལ་འོས་གྲངས་ ༧༧༥། སློབ་དཔོན་དྲི་མེད་རྒྱལ་མཚན་ལ་འོས་གྲངས་ ༤༦༣། མཁན་པོ་ཆོས་དབྱངས་ལ་འོས་གྲངས་ ༨༢། བསོད་ནམས་རྒྱལ་མཚན་ལ་འོས་གྲངས་ ༢༦། རི་འགོ་སྤྲུལ་སྐུར་འོས་གྲངས་ ༢༢། ཚེ་རིང་ཕུན་ཚོགས་ལ་འོས་གྲངས་ ༡༣། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་འོས་གྲངས་ ༡༡། ངག་དབང་སྙན་གྲགས་ལ་འོས་གྲངས་ ༦། མཁན་པོ་ཚེ་དབང་ལ་འོས་གྲངས་ ༥ བཅས་རེད།

བོན་པོའི་སྤྱི་འཐུས་འོས་མི་ཁག་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་འོས་གྲངས་ ༧༠ ། བ་ར་ཚེ་དབང་བཀྲ་ཤིས་འོས་གྲངས་ ༤༡། གཡུང་དྲུང་རིན་ཆེན་ལ་འོས་གྲངས་ ༢༢། བྱ་དོར་བསོད་ནམས་བཟང་པོར་འོས་གྲངས་ ༡༩། དགེ་བཤེས་རྣམ་དག་གཙུག་ཕུད་འོས་གྲངས་ ༡༨། བློ་བཟང་རྒྱ་མཚོར་འོས་གྲངས་ ༦། ཟླ་བ་དར་རྒྱས་ལ་འོས་གྲངས་ ༤། གཡུང་དྲུང་འཆི་མེད་ལ་འོས་གྲངས་ ༣། བློ་ལྡན་ཉི་མར་འོས་གྲངས་ ༢། དགེ་བཤེས་སྐལ་བཟང་ལ་འོས་གྲངས་ ༡ བཅས་རེད།

བཀའ་བརྒྱུད་སྤྱི་འཐུས་འོས་མི་ཁག་ནི། བསྟན་པ་ཡར་འཕེལ་ལ་འོས་གྲངས་ ༣༣༥ ། ཀརྨ་ཆོས་འཕེལ་ལ་འོས་གྲངས་ ༢༢༩། ཁང་དཀར་དབང་ཕྱུག་རྡོ་རྗེ་ལ་འོས་གྲངས་ ༡༦༥། བླ་མ་འཕྲིན་ལས་ལ་འོས་གྲངས་ ༡༤༢། སྤྲུལ་སྐུ་ཀརྨ་རིན་ཆེན་ལ་འོས་གྲངས་ ༡༡༩། བྱམས་པ་དཔལ་ལྡན་ལ་འོས་གྲངས་ ༨༤། དོན་འགྲུབ་ཕུན་ཚོགས་ལ་འོས་གྲངས་ ༦༩། བསོད་ནམས་དགྲ་འདུལ་ལ་འོས་གྲངས་ ༥༡། ཀུན་དགའ་ལ་འོས་གྲངས་ ༢༣།  དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༩ བཅས་རེད།

དགེ་ལུགས་སྤྱི་འཐུས་འོས་མི་ཁག་ནི། རོང་བོ་བློ་བཟང་སྙན་གྲགས་ལ་འོས་གྲངས་ ༡༢༢༨ ། ཨ་ཀྲུག་ཚེ་བརྟན་ལ་འོས་གྲངས་ ༡༢༢༨། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འོས་གྲངས་ ༨༠༡། དགེ་བཤེས་བློ་བཟང་ལ་འོས་གྲངས་ ༥༢༩། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་འོས་གྲངས་ ༣༩༣། དགེ་བཤེས་བསྟན་འཛིན་དར་རྒྱས་ལ་འོས་གྲངས་ ༢༧༠། དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་འོས་གྲངས་ ༢༡༦། དཔལ་ལྡན་ཆོས་གྲགས་ལ་འོས་གྲངས་ ༡༩༣། དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག་འོས་གྲངས་ ༡༣༥། བློ་བཟང་ཕན་བདེ་ལ་འོས་གྲངས་ ༨༤ བཅས་རེད།  

ཨ་རི་དང་ཁེ་ན་ཌའི་སྤྱི་འཐུས་འོས་མི་ཁག་ནི། བཀྲ་ཤིས་རྣམ་རྒྱལ་ལ་འོས་གྲངས་ ༡༠༤༦ ། ནོར་བུ་ཚེ་རིང་ལ་འོས་གྲངས་ ༨༢༦། དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༤༡༤།  ཀུན་དགའ་འཕྲིན་ལས་འོས་གྲངས་ ༣༨༤། བཀྲ་ཤིས་ཕུན་ཚོགས་ལ་འོས་གྲངས་ ༣༤༣། བསྟན་འཛིན་རྡོ་རྗེ་ལ་འོས་གྲངས་ ༣༣༢། བདེ་སྐྱིད་ཆོས་དབྱངས་ལ་འོས་གྲངས་ ༣༡༥། བློ་བཟང་ཉི་མར་འོས་གྲངས་ ༢༡༡། ཚེ་དབང་དངོས་གྲུབ་ལ་འོས་གྲངས་ ༢༠༥། འཕྲིན་ལས་འོད་ཟེར་ལ་འོས་གྲངས་ ༡༥༩ བཅས་རེད།

ཡུ་རོབ་ཁུལ་གྱི་སྤྱི་འཐུས་འོས་མི་ཁག་ནི། ཐུབ་བསྟན་དབང་ཆེན་ལ་འོས་གྲངས་ ༦༥༧ ། དབང་པོ་བཀྲེས་མཐོང་ལ་འོས་གྲངས་ ༤༣༠། ཆུང་བདག་ཀོ་རིན་ལ་འོས་གྲངས་ ༤༢༧། ཚེ་རིང་རྡོ་རྗེ་གསང་གླིང་འོས་གྲངས་ ༣༥༩། བསམ་མདོ་བྱམས་པ་ཚེ་རིང་ལ་འོས་གྲངས་ ༢༥༢། སྨོན་མཁར་བསོད་ནམས་ཕུན་ཚོགས་ལ་འོས་གྲངས་ ༡༩༢། རིག་འཛིན་རྡོ་རྗེ་འོར་པ་ལ་འོས་གྲངས་ ༡༦༤། ཐུབ་བསྟན་རྒྱ་མཚོར་འོས་གྲངས་ ༨༦། རྟའུ་བློ་བཟང་དཔལ་ལྡན་འོས་གྲངས་ ༦༠། ཆོས་རྒྱལ་བསྟན་འཛིན་འོས་གྲངས་ ༤༦ བཅས་རེད།

 

ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་དེབ་སྐྱེལ་གནང་མཁན་གྲངས་ ༧༩༠༠༠ ཙམ་བྱུང་ཡོད་པ་ལས་ས་གནས་ཁག་ ༥༠ ཙམ་དུ་སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་མཁན་ ༤༧༠༠༠ ཙམ་བྱུང་ཡོད་འདུག་ལ། གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འོས་བསྡུ་དང་འབྲེལ་བའི་དོན་ཚན་འགའ་གསལ་བཤད་གནང་བ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་འོས་ཤོག་ལྡུག་རྒྱུའི་ཆ་རྐྱེན་ཚང་ཡོད་ཀྱང་། སྔོན་འགྲོའི་སྐབས་དེབ་སྐྱེལ་བྱས་མེད་སྟབས་འོས་ལྡུག་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། དེ་དག་གི་ཆེད་དུ་ང་ཚོས་གོ་བསྡུར་བྱས་ཏེ། བསྐྱར་དུ་ཁོང་ཚོར་དེབ་སྐྱེལ་གཉིས་པ་བྱ་རྒྱུའི་དུས་ཚོད་ཅིག་བཟོས་ཡོད། དེ་ནི་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡༧ བར་ཡིན། ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་དེབ་སྐྱེལ་མིང་གཞུང་དེ་ཕྱི་ཟླ་ ༡ ཚེས་ ༢༤ འགྱངས་མེད་ཐོག་དབུས་ལ་འབྱོར་དགོས་སྐོར་གསུངས་སོང་།

གཞན། བལ་ཡུལ་དང་འབྲུག་ཡུལ་ནང་གི་འོས་སྒམ་གྱི་གནད་དོན་སྐོར་ལ། བལ་ཡུལ་ནང་ས་གནས་ཁག་ ༦ ཏུ་འོས་བསྡུ་གོ་སྒྲིག་ཞུས་པ་རེད། དེ་དག་ལས་འབྱོར་བའི་འོས་བསྡུའི་དེབ་སྐྱེལ་ཟིན་པ་གྲངས་ ༡༡༦༢༠ ཙམ་ང་ཚོར་འབྱོར་སོང་ལ། རྗེས་སུ་འོས་ཤོག་འཕངས་ཏེ་ང་ཚོར་འབྱོར་བ་གྲངས་ ༣༦༢༣ ཙམ་རེད། འཕགས་ཤིང་དང་མཆོད་རྟེན་ཁུལ་ནས་འོས་སྒམ་ ༡༨ འཕྲོགས་སོང་བ་དེ་ཁ་སང་བར་ཐབས་ཤེས་བྱས་ཀྱང་རག་ཡོད་པ་མ་རེད། དེར་བརྟེན། བལ་ཡུལ་ནས་འོས་ཤོག་རྩིས་མེད་ཟེར་གྱི་མེད། འཕྲོ་བརླག་ཏུ་ཕྱིན་པ་ཆིག་སྟོང་ལྷག་ཙམ་ཡོད་པ་རེད། དེ་བཞིན། འབྲུག་ཡུལ་གཞུང་གིས་ཀྱང་ཐེངས་འདིའི་བོད་མིའི་འོས་སྒམ་བཀག་སྡོམ་བྱས་ཏེ། དབུས་འོས་བསྡུ་ལྷན་ཁང་ལ་བསྐྱལ་ཐུབ་ཡོད་པ་མེད་རེད། དེར་བརྟེན། འབྲུག་ཡུལ་ནས་ཀྱང་འོས་ཤོག་ ༦༡༣ ཙམ་འཕྲོ་བརླག་ཏུ་ཕྱིན་སོང་། ཞེས་གསུངས་སོང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 108

  1. བཀྲ་ཤིས། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་ད་ལོ་དབུས་གཙང་རྒྱུན་ལས་ཀྱིས་འོས་གཞིའི་ཁོངས་སུ་བཞག་འདུག གལ་ཏེ་མིག་ཡོད་ཡོད་མཁན་གྱི་མི་ཞིག་ཡིན་ཚེ་དབུས་གཙང་རྒྱུན་ལས་ཀྱིས་ཁྱབ་བསྒྲགས་བྱས་པའི་འོས་གཞི་ལ་གཟིགས་རོགས་ཀྱིས།
    ཀརྨ་ཆོས་ཤེས་ཡོན། འཇོན་ཐང་། ལྷག་བསམ། ཉམས་མྱོང་གང་ཅིའི་ཐད་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པར་བརྟེན་དགེ་ལུགས་སྤྱི་འཐུས་ཀྱི་འོས་གཞི་ཨང་གྲངས་གསུམ་པར་སླེབས་འདུག འོན་ཀྱང་དགེ་ལུགས་སྤྱི་འཐུས་ནས་ཟམ་གདོང་རིན་པོ་ཆེ་དང་། ཀརྨ་ཆོས་འཕེལ་གཉིས་ཆ་དགོངས་པ་ཞུས་འདུག
    ཀརྨ་ཆོས་འཕེལ་རྙིང་མའི་སྤྱི་འཐུས་ཀྱི་འོས་གཞིར་གཏན་ནས་ཞུགས་མྱོང་ཡོད་མ་རེད་སྐད་ཆ་དེ་རྫུན་གཏམ་ཁུངས་མེད་ལུང་མེད་ཅིག་རེད།

    ཁོང་ཆོས་བརྒྱུད་སྟག་ལུང་བཀའ་བརྒྱུད་ཡིན་པར་བརྟེན་བཀའ་བརྒྱུད་སྤྱི་འཐུས་སུ་བཞུགས་རྒྱུ་ཡིན་པ་རེད།

    Reply
  2. རྐང་གསུམ། says:
    ལོ་ 15 སྔོན།

    དྲྭ་རོགས་ཚོར་ཞུ་རྒྱུ་ཞིག་ལ། ཚོགས་གཙོ་སྤེན་པ་ཚེ་རིང་ལ་བཀའ་ཁྲིའི་སྔོན་འགྲོས་འོས་ཤོག་བློ་བཟང་སེང་གེའི་འཕྲོ་ལ་ཡོད་རུང་། བཀའ་ཁྲིའི་དངོས་གཞིའི་འོས་འགྲན་ལ་ཞུགས་རྒྱུ་མིན་པའི་དགོངས་ཞུ་བྱས་འདུག་ཟེར་གི། ཁོང་གིས་དེ་ལྟར་གནང་དགོས་དོན་ཡང་འོས་བསྡུ་ལྷན་ཁང་གིས་མི་གཅིག་གིས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་འོས་འགྲན་ཐོག་ལ་ལག་པ་འཆང་ས་མེད་ཚུལ་གྱི་བཀའ་ཕེབས་པ་བཞིན། ཁོང་གི་ལམ་བུ་འདི་བརྒྱུད་ནས་དགོངས་ཞུ་བྱས་པ་རེད་ཟེར་གི་ར། ཡིན་མིན་དྲྭ་རོགས་ཚོས་བཤད་རོགས་ཞུ།

    Reply
  3. མགར་ནེ་ཙོ། says:
    ལོ་ 15 སྔོན།

    སྤྱིར་ངས་བརྗོད་མི་འདོད་པ་ནི་ཆོལ་ཁའི་མིང་དང། ཉན་མི་འདོད་པའང་ཆོལ་ཁ་ཅེས་པའི་མིང་འདི་ཡིན་མོད། ཡིན་ཡང་ལམ་ལུགས་འདི་ང་ཚོ་བོད་ཕྱི་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཆགས་འདུག གང་ལྟར་ཆོལ་ཁའི་མིང་སྒེར་སྤྱོད་བྱེད་པའི་མི་ང་ཚོའི་བཙན་བྱོལ་ནང་ཆེ་རུ་འགྲོ་བཞིན་ཡོད།
    དཔེར་ན། གསེར་རྟ་ཚུལ་ཁྲིམས་མདོ་སྨད་ཀྱི་སྤྱི་འཐུས་ནང་འཚང་བ་ལྟ་བུ། མི་འདི་ལྟ་བུའི་རིགས་ཀྱིས་ནམ་ཡང་ཁེ་ཕན་དང་སྒེར་ཕན་ལ་ལངས་ཕྱོགས་འཛིན་རྒྱུ་གོམས་སོགས་ཡོད་པས།
    ལངས་ཕྱོགས་འདིར་རྒྱབ་སྐྱོར་བྱེད་མཁན་གྱི་མི་དེ་དག་ཀྱང་རང་ཕྱོགས་རྐྱང་པ་འཛིན་པ་དག་ཡིན་པས། དངོས་གནས་བཤད་ང་ཚོ་མདོ་སྨད་པར་མི་འདིའི་དགོས་མཁོ་མེད། རྒྱུ་མཚན་མི་བུ་ཁོ་རང་གི་སྟེང་ནས་མདོ་སྟོད་སྨད་གཉིས་ཀྱི་ནང་དུ་མགོ་བདེ་བོ་འཁྲབ་དྲགས་པས་ཡིན།

    Reply
  4. གདོང་དམར་བུ says:
    ལོ་ 15 སྔོན།

    ཀརྨ་ཆོས་འཕེལ་རྙིང་མའི་སྤྱིར་མཐུས་ལངས་རབས་ལ་ཁུངས་ལུང་གཏན་ནས་ཡོད་པ་མ་རེད། སྐད་ཆ་ཁུངས་ལྡན་བཤད་ན་ཡག་པོ་རེད། དེ་མིན་ཟིན་བྲིས་པ་དང་མཆན་འདོགས་པ་ཚོས་སྤྱི་ཚོགས་ནང་དོན་མེད་དཀྲོགས་གཏམ་སྤེལ་ན་ཡག་པོ་མ་རེད། བོད་པའི་ཡིག་འབྲི་བའི་ཞབས་འདྲེན་རེད།

    གལ་སྲིད་ཀརྨ་ཆོས་འཕེལ་རྙིང་མའི་སྤྱི་མཐུས་ལངས་ཀྱང་། རྒྱ་རི་ཚང་ལས་མང་བའི་རྒྱུ་དངུལ་ཞིག་ཀརྨ་ཆོས་འཕེལ་གྱིས་འགྲོ་སོང་གཏོང་ཐུབ་ཀྱི་མ་རེད། རྙིང་མ་ཚང་ནི། རྒྱུ་དགོས་རེད། ཀརྨ་ཆོས་འཕེལ་ལ་རྒྱུ་ཡོད་ནི་མ་རེད།

    ད་རེས་ཀྱི་མདོ་སྟོད་ཕྱོགས་ནས་མི་གཞོན་མང་པོ་ཞིག་ཞུགས་ཐུབ་འདུག་ལ། དེ་ལས་ཀྱང་ཁོང་ཚོ་ལ་དབུས་གཙང་ལྟར་མིན་པ། འོས་གྲངས་མཐོ་པ་སླེབས་འདུག
    མདོ་སྟོད་མི་མང་ལ་ཐུགས་རྗེ་ཆེ་ཞུ།

    Reply
  5. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས ། བདག་གི་མཆན་ཆུང་དེའི་ཐིག་ཕྲེང་དང་
    པོའི་འོས་ག ཞེས་པ་དེའི་མཚམས་དེར ། ཐིག་ཕྲེང་འོག་མ་གཉིས་
    པོའི་ ཞིར་སླེབ་ཅེས་པ་ནས་ཡར་སྤོར་རོགས་གནང་།

    Reply
  6. གདོང་དམར་བུ says:
    ལོ་ 15 སྔོན།

    དེ་རིང་གི་བཀའ་བློན་ཁྲིའི་འོས་ཤོག་ཐོབ་ལ་བལྟ་དུས། ངོ་མ་ཆོལ་ཁ་གསུམ་པོ་ལ། བསྟོད་ར་ཡོད། དོན་ངོ་མ་ཐུག་དུས་འཆུག་མི་ཁུ།

    སྤྱིར་མཐུས་ཕྱོགས་ལ་དཔྱད་དུས། དབུས་གཙང་གིས་རང་སོར་བཞག་འདུག་ལ། དེའི་ནང་བོད་གཞུང་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང། རྒྱ་གར་གྱི་ཁྲིམས་ལ་བསྐྱལ་མཁན་ཟླ་བ་ཚེ་རིང་འོས་མི་མཐོ་གྲས་ནང་གཏོང་འདུག་པས། དབུས་མི་ཚོར་ངོ་ཚ་མེད་པ་ནི།
    དབུས་གཙང་དབུས་རྒྱུན་ཚོགས་གཙོས། ཆོལ་ཁ་ལ་ཞེན་གོག་ཡོད་མཁན་ལབ་པ། བོད་རང་བཙན་ལ་ངོ་རྒོལ་བྱ་མཁན་ཟེར་བ་དེས་ཤེས་ཡོད།

    ཡིན་ནའང་བོད་མི་སྤྱི་ནས་མི་ངན་འདི་ལ་དོ་དམ་བྱེད་དགོས། མི་ངན་འདིས་དེ་སྔོན་རྡ་སའི་མི་མང་གི་ཁང་པ་དང་ས་ཆ་སྒེར་བདག་བྱས་ཡོད་པ་དང་། བོད་གཞུང་གི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་ངོས་ལེན་བྱས་མེད་པ་མ་ཟད། ཁོས་བོད་གཞུང་རྒྱ་གར་གྱི་ཁྲིམས་ཁང་ནང་བསྐྱལ་ཡོད།

    སྤྱིར་བཏང་སྤྱི་མཐུས་འོས་ཆོས་ནང་། ཁྲིམས་ཁང་གང་རུང་ནས་ནག་ཉེས་ཕོག་པ་མ་ཡིན་པ་ཞེས་ལབ་འདུག དབུས་འོས་བསྡུ་ལས་ཁུངས་ནས་འདི་ཟླ་བ་ཚེ་རིང་འདི་ལ་འོས་ཆོས་དེ་གང་འདྲས་ཚང་ཡོད་པའི་ལན་ཞིག་གནང་རོགས།
    དཔེར་ན་བཀའ་ཤག་སྐབས་གཉིས་པའི་ནང་སྤེན་པ་ཚེ་རིང་བཀའ་བློན་འོས་མི་སླེབས་དུས། ཁོས་རྒྱུ་དང་སྐྱེས་དམན་ཆེད་དུ་རང་གི་ཕ་ཚབ་བསད་པའི་ནག་ཉེས་བགྲང་རྗེས་འགྲོ་ཐུབ་མེད་པ་རེད།

    Reply
  7. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ཤིང་རྟ་ཁྱོད་ཉོན་ཅིག ངས་བཤད་པའི་སྐད་ཆ་ལ་རྒྱུ་མཚན་ཡོད་ཀྱང་ཁྱོད་ཀྱིས་མ་གོ་བའམ་ཡང་ན་གོ་ཡང་ལོག་བཤད་བྱེད་ཀྱི་ཡོད། ཀརྨ་ཆོས་འཕེལ་དེ་སྔོན་ཚོགས་གཙོའི་སྐབས་གནས་ཚུལ་མང་པོ་ལྷག་ཡོད། ལོ་སྔོན་མར་གྲོས་ཚོགས་ནང་དུ་ཆོལ་གསུམ་ཕན་ཚུན་ལ་སྙོགས་གླེང་གང་འདྲའི་མང་པོ་བཟོས་སོང་། དབུས་གཙང་མི་མང་གིས་རྒྱུ་མཚན་ཅི་ཕྱིར་སྤྱི་མཐུས་འོས་མི་ལས་ཕུད་པ་རེད། ཁོ་བཀའ་བརྒྱུད་པ་ཡིན་ན་ག་རེ་བྱས་ནས་དང་པོ་རྙིང་མའི་སྤྱི་མཐུས་འོས་མིར་ཞུགས་པ་རེད། དེར་ཞུགས་མ་ཐུབ་ནས་མཐའ་མར་བཀའ་བརྒྱུད་པའི་སྤྱི་མཐུས་འོས་གཞིར་ཞུགས་པ་རེད། ཁོ་རང་བཀའ་བརྒྱུད་པའི་སྤྱི་མཐུས་འོས་གཞིར་ཞུགས་པ་དེ་བཀའ་བརྒྱུད་པ་ལ་ལྷག་བསམ་ཆེ་ནས་མརེད། དེ་ནི་ཁོ་རང་ལ་གྲོས་ཚོགས་ཀྱི་སྐུབ་སྟེགས་ཐོབ་པའི་ལམ་ཁ་དེ་ལས་ཡོད་མ་རེད། ཁོ་རང་མགོ་བདེ་ཐག་ཆོད་རེད། ངས་ཁོ་རང་ལ་འོས་ལྡུག་གི་མིན། སྤྱིར་ཆོས་བརྒྱུད་སྤྱི་མཐུས་ལ་སེར་མོ་བ་ཞིག་དང་ཆོལ་ཁའི་སྤྱི་མཐུས་ལ་སྐྱ་བོ་ཞིག་བྱུང་ན་གནས་བབ་དང་མཐུན་ཞིང་ཕན་ཐོགས་ཧ་ཅང་ཆེ།

    Reply
  8. ཤིང་རྟ། says:
    ལོ་ 15 སྔོན།

    གངས་ལྷ་མོ་ལགས། གནས་ལུགས་མེད་པའི་སྐད་ཆ་མ་ཤོད།
    ཁ་སང་གནས་ཚུལ་ཁོ་སྤྲོད་པས། བཀའ་ཁྲིའི་འོས་གྲངས་འགྲེམས་སྤེལ་བྱེད་སྐབས་བཀྲས་མཐོང་ལགས་ཀྱི་འོས་གྲངས་ཅུང་ནོར་འདུག་ཀྱང་ཁོ་བོས་དྲི་བ་བཏོན་པས་ལམ་སང་བསྒྱུར་བཅོས་བཏང་སོང། དེ་གསར་འགྱུར་ཀློག་མཁན་སྔོན་མའི་གྲས་ཀྱིས་མཁྱེན་གསལ་རེད། གཞན་ཡང་བོད་ཀྱི་ཆོས་ལུགས་རེར་མིའི་མིང་འདོགས་ཚུལ་སོ་སོར་ཡོད་པ་ནི་ཡོངས་གྲགས་རེད། དེའི་ཕྱིར་ཁོ་བོ་བཤད་པ་རྣམས་གནས་ལུགས་དང་མི་མཐུན་པ་གང་ཡང་མེད།
    ཁྱོད་འདྲའི་ཚིག་ངན་དང་སྨ་འབེབས་སྨྲ་མཁན་གུ་དོགས་ཅན་གྱི་བློ་ཆུང་དག་ནི། གཞན་ཕན་དང་བྱམས་བརྩེ་ཅན་གྱི་བོད་མི་དམངས་ཀྱི་སྐུ་ཚབ་དུས་ནམ་ཡང་མཚོན་མི་ཐུབ།

    Reply
  9. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་ཤོག་གི་གྲུབ་འབྲས་གསལ་བསྒྲགས་ཀྱི་མཇུག་བསྡུའི་གཏམ་བཤད་ཀྱི་ནང་དུ་གལ་ཆེའི་བསླབ་བྱའི་ཚུལ་དུ་ཕྱིན་ཆད་རྒྱ་བོད་འབྲུག་གསུམ་གྱི་ནང་དུ་བོད་རིགས་རྣམས་ཀྱིས་འོས་བསྡུའི་སྐབས་སུ་བཀའ་བློན་ཁྲི་བ་ལ་བོད་ཀྱི་སྲིད་འཛིན་དང་སྲིད་བློན་ཞེས་མིང་མི་འབོད་པར་བྱེད་པ་དང་སྤྱི་འཐུས་ལ་བོད་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཞེས་མིང་མི་འབོད་པར་བྱེད་རྒྱུ་ནི་བོད་རིགས་ཚང་མའི་སེམས་ལ་འཛིན་དགོས་པར་བསླབ་བྱ་གནང་བ་འདིས་ང་ཚོ་རང་དབང་ལུང་བའི་ནང་དུ་བསྡད་ཡོད་ནའང་དོན་དངོས་སུ་གཏམ་བརྗོད་ཀྱི་རང་དབང་ཡང་མེད་པར་མཚོན་པས་ཤིན་ཏུ་བློ་ཕམ་པོ་བྱུང་སོང་། །

    Reply
  10. ཧར་གདོང་ཨ་འཇིགས། says:
    ལོ་ 15 སྔོན།

    ང་ཚོས་དམིགས་འདུན་ཆེན་པོ་བཟུང་སྟེ་ད་གཟོད་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཟིན་པ་འདི་ནི་མཉམ་རིབ་ཀྱི་ལས་དོན་ཆེན་པོ་དེའི་རྨང་གཞི་ཙམ་གྲུབ་ཡིན་པས་མུ་མཐུད་དེ་དྲང་ལམ་ལ་འཇུག་དགོས་དགོས། ཡིན་ནའང་སོ་སོའི་དགའ་ཕྱོགས་དང་ངོས་འཛིན་ཙམ་ལ་འཇུས་ཏེ་སྐད་ཆ་ཀྱོག་ཀྱོག་བཤད་མཁན་ལ་རྒྱ་ཆེའི་མི་དམངས་ཀྱིས་རྣ་བ་མི་གཡར་བ་ང་ཚོ་ལ་ཡིད་ཆེས་ཡོད། སྤྱིར་ན་སྐྱོན་དང་ཡོན་ཏན་གང་ཡིན་ཀྱང་མི་གཅིག་གི་སྟེང་ལ་ཚད་འཇལ་ཚེ་འདི་ནི་ཚད་ཅན་ཞིག་རེད། དེས་ན་ང་ཚོས་ཚོད་འཛིན་དགོས་པ་དེ་ཡང་སོ་སོ་ལ་ཡིད་ཆེས་དང་རེ་བ་ཡོད་ས་དེ་ཡང་ཡོན་ཏན་དང་ནུས་པའི་ཚད་གཞི་ཡོད་པ་ཤེས་དགོས་པ་མ་ཟད། རང་ཉིད་ཀྱིས་མོས་གུས་བྱེད་མི་ཐུབ་པར་མ་ཟད་སེམས་གཏིང་ནས་མི་དགའ་ས་དེ་ཡང་ཞན་ཆའི་གོང་བུ་ཁོ་ནར་ལྟ་མི་ཉན། ལྷག་དོན་་་་་་

    Reply
  11. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །ཚོགས་ཟུར་ཀརྨ་ཆོས་འཕེལ་ཡིན་གྲོས་ཚོགས་ནས་ཡང་བསྐྱར་ཕྱིར་ཐོན་གནང་ངེས་ལ་གྲོས་ཚོགས་ཀྱི་དུས་ཚོད་འཕྲོ་རླག་མི་གཏོང་ཆེད་མང་ཚོགས་ནས་དགོང་པ་ནན་ཏན་བཞེས་གལ་ཤིན་ཏུ་ཆེ། འདས་པའི་དུས་ཚོད་ཁག་ལ་བསྐྱར་ཞིབ་གནང་ཏེ་འོས་ཤོག་གླུག་སྟངས་གནང་དགོས།

    Reply
  12. སྟོང་སྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་ཁག་ཡག་པོ་བྱུང་འདུག།

    བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་ཨང་དང་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་སླེབ་པར་མཚམས་འདྲི་ཞུ།

    སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མི་ཨང་གཉིས་པ་འཇུ་ཆེན་དཀོན་མཆོག་དང་ཨང་གསུམ་པ་སེར་རྟ་ཚུལ་ཁྲིམས་ལགས་གཉིས་སླེབ་པ་དགའ་པོ་བྱུང།།

    Reply
  13. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་རིགས་པ་སྨྲ་བ་སོགས་ཀྱིས་གསལ་བོ་གཟིགས་རོགས། ༼ཚེས་༢༨ཉིན་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། … … སྐུ་ཉིད་(སྤེན་པ་ཚེ་རིང)སྒེར་ངོས་ནས་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུའི་ཐུགས་འདོད་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིར་ལངས་རྒྱུ་ཡིན། ཕྱི་ཟླ་དགུ་བའི་ཚེ་ཤར་ལ་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སྤྱི་ཚོགས་ནང་དངོས་སུ་ཁྱབ་བསྒྲགས་བྱས་ཏེ། ང་རང་གི་ཉམས་མྱོང་དང་། ཁྱད་ཆོས། དམིགས་འདུན་གསུམ་འཁོད་ཡོད་པའི་སྦྱར་ཤོག་ཆུང་ཆུང་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འགྲེམ་རྒྱུ་རེད། དེ་བཞིན་ང་རང་གི་ངོས་ནས་ཀྱང་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་རིགས་ལ་ཞུགས་རྒྱུ་ཡིན། ཞེས་གསུངས་སོང་།
    ཡང་ཁོང་གིས་བཀའ་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་གསུངས་དོན། སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག ཆུང་ས་ནས་བསམ་བློ་བཏང་ན་འོས་གཞིའི་གྲངས་འབོར་གྱི་གྲས་སུ་ཞུགས་ཏེ། མི་དམངས་ལ་གདམ་ཀ་ཡོད་པ་ཙམ་གྱིས་ཕན་ཆེན་པོ་ཐོགས་གི་རེད། ཚོགས་པ་སྒྲིག་འཛུགས་དང་མི་ཆེན་པོ་དེ་འདྲའི་ངོས་ནས་ད་སྔ་ང་ལ་རྒྱབ་སྐྱོར་བྱུང་མེད་ཀྱང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་ཡོད། སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ཅེས་གསུངས་སོང་།༽

    འདིར་ཚོགས་གཙོ་སྤེན་པཚེ་རིང་ལགས་ཀྱིས་སྤྱི་འཐུས་འོས་གཞིར་ལངས་རྒྱུ་མིན་པ་གསལ་བསྒྲགས་བྱས་ཟིན་པས། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱི་གསལ་བསྒྲགས་དང་གཅིག་པ་ཆགས་ཡོད། གཅིག་ལ་འོས་གཞི་གཉིས་ཀའི་ཆ་ཤས་ལེན་ཆོག་པ་དང་། གཞན་དེར་མ་ཆོག་པ་ཞིག་ཡོང་སྲིད་ཀྱི་མ་རེད།

    གཞན་གལ་སྲིད་ནོར་འཁྲུལ་ཤོར་ཡོད་ན། མང་ཚོགས་ཁྲོད་འདིའི་སྐོར་གསལ་བསྒྲགས་བྱེད་འོས་ཤིང་། དེ་ལས་ལྡོག་ན་དེང་ཕྱིན་གོ་སྐབས་རིང་ལུགས་པ་མང་བོ་ཞིག་ལ་ལམ་ཁ་གསར་བ་ཞིག་བཟོས་ཡོད། དཔེར་ན། མདོ་སྨད་མང་ཚོགས་ཟམ་གདོང་རིན་པོ་ཆེར་ཡིད་ཆེས་མེད་ཀྱང་ཁོང་གི་ནང་མི་བསྟན་འཛིན་དོན་ཡོད་ལ་འོས་ཤོག་ལྡུག་གིན་པ་འདིའང་གོ་བརྡ་ལོག་པའི་མགོ་གཡོག་མགོ་བསྐོར་ཞིག་ཡིན་པ་གསལ་བོ་ཤེས་ཐུབ། བསྟན་དོན་ལགས་ལ་མདོ་སྟོད་ཀྱིས་བདག་པོ་རྒྱག་འོས་ཆགས་ཡོད།

    ཡང་མདོ་སྨད་མང་ཚོགས་ཁྲོད་གོ་བ་ལོག་པའི་བྱེད་བབ་གཞན་ཞིག་སྟེ། རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་བཞིན་དབུ་མའི་ལམ་ལ་རྒྱབ་བསྐྱོར་གནང་ཀིན་རྒྱལ་བ་རིན་པོ་ཆེ་ཡི་བོད་དོན་སེལ་ཐབས་རྒྱ་ནག་རྩ་ཁྲིམས་འོག་གི་ཆེས་མཐོ་རང་སྐྱོང་ལ་གཏོར་སྐྱོན་བརྒྱུད་ནས་གཏོང་བཞིན་པའི་དཔེར་མཚོན་ནི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཡིན། ཁོང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་གསེར་རྟའི་ཡིན་ལ། ཁུལ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱིས་གཏན་འཁེལ་ཟིན་པའི་བོད་ཁུལ་བཅུའི་ཁྲོད་ཀྱི་གཅིག་ཡིན། འོ་ན། གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་མདོ་སྨད་སྤྱི་འཐུས་གདམ་པ་ཡིན་ན། གོང་གསལ་གྱི་ལྡོག་ཟླར་ལངས་ཡོད་པ་མ་ཡིན་ནམ།

    Reply
  14. མགོ་ལོག་ཟླ་བྷེ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བ་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་སོགས་ཀྱི་སྔོན་འགྲོའི་འོས་ག འདིར་དམིགས་གསལ་ཞུ་འདོད་པ་ནི །
    ༡ རྔ་བ་ཚེ་རྒྱམ་ལགས་སྤྱི་འཐུས་ལ་ལངས་རྒྱུར་ཐུགས་མོས་ཡོད་མེད་མི་ཤེས་
    མ་གཏོགས་གལ་ཏེ་ཡོད་ན་ཤེས་འཇོན་ལྷག་བསམ་སོགས་གང་ཅིའི་
    ཐད་ནས་བོད་བསྟན་པ་ཆབ་ སྲིད་ལ་ཕན་པའི་མི་ཞིག་རེད་འདུག
    ༢ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཀའ་ཁྲི་ལ་ལངས་ཡོད་བཞིན་
    པ་དང་། ཐུབ་བསྟན་ལུང་རིགས་ལགས་གྱིས་བཀའ་བློན་ཁུར་ཡོད་བཞིན་དུ་
    སྤྱི་འཐུས་ལ་འདེམ་ཤེས་པ་དེ་སྐབས་བབ་དུས་བསྟུན་གྱི་འཇུག་ལྡོག་ལ་
    མཁས་པའི་ཤེས་ཡོན་པའི་དཔུང་སྡེ་ཆེན་པོ་ཞིག་ཡོད་པའམ ། སྤྱི་ཚོགས་
    མགོ་འཐོམ་མེད་པའི་གསལ་རྟགས་སུ་གོ་ནས་དགའ་ཡོད །
    ༣ ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་གལ་སྲིད་བཀའ་ཁྲི་མ་ཐོབ་ན་གནད་
    ཡོད་བཀའ་བློན་ཞིག་ལ་ཁེལ་བར་རེ་བ་ཆེན་པོ་ཡོད །
    ༤བོད་དབུས་འོས་བསྡུ་ལྷན་ཁང་གིས་བྱ་བ་ལེགས་འགྲུབ་བྱུང་བ་ལ་
    བཀྲ་ཤིས་བདེ་ལེགས་ཞུ །
    ཞིར་སླེབ་ཡོད་མཁན་ཀུན་ལ་བསམ་དོན་མཐའ་དག་ལྷུན་གྱིས་
    གྲུབ་པའི་སྨོན་འདུན་དང་བཀྲ་ཤིས་རྟེན་འབྲེལ་གྲངས་མེད་ཞུ །

    Reply
  15. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ཤིང་རྟ་ལགས་ཁྱེད་དེ་རིང་སྨྱོན་པ་འདྲ་ཞིག་ཆགས་མི་འདུག་གམ།
    སྐད་ཆ་ཇི་བཤད་ཀྱང་ཐང་ཐང་མེད་ཞིག་བཤད་ཡོང་གི་འདུག
    སོ་སོ་གཟབ་གཟབ་བྱོས་ལོ།

    Reply
  16. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཁོ་བོས་སྔོན་འགྲོའི་འོས་བསྡུ་ཁོངས་ནས་འོས་ཤིང་མི་འཚམས་པའི་མི་གསུམ་འདེམས་དགོས་ན་ དེ་དག་ནི་ བློ་བཟང་སེང་གེ་དང་ ཀརྨ་ཆོས་འཕེལ་ འཇུ་ཆེན་བུ་མོ་དཀོན་མཆོག་བཅས་རེད་འདུག་ ངའི་རེ་བ་ལ་ཁོང་ཚོ་གསུམ་དངོས་གཞིའི་འོས་ནང་ལ་མི་སླེབས་པའི་རེ་བ་ཡོད་

    Reply
  17. ཤིང་རྟ། says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས་ལགས། དོན་མེད་ཀྱི་ལབ་གླེང་མ་མང་།
    དབུས་གཙང་ཀརྨ་ཆོས་འཕེལ་བཀའ་རྒྱུད་པའི་ཁོངས་གཏོགས་ཡིན་ས་རེད།
    གང་ཡིན་ཞེ་ན་ཁོའི་མིང་ལ་བརྟེན་ནས་ཤེས་ཐུབ།
    དཔེར་ཆོས་ལུགས་སོ་སོར་མིང་འདགས་ཚུལ་ཐ་དད་པ་ཡོད་པས་སོ།།

    Reply
  18. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བཀའ་བརྒྱུད་སྤྱི་་མཐུས་འོས་མི་ནང་གི་ཀརྨ་ཆོས་འཕེལ་ནི་དབུས་གཙང་སྤྱི་མཐུས་ཀརྨ་ཆོས་འཕེལ་རེད། ཁོང་གིས་གྲོས་ཚོགས་སོགས་མང་པོ་ཞིག་ལ་རྩོད་སྙོགས་དུ་མ་གནང་སྟབས་དབུས་གཙང་སྤྱི་མཐུས་འོས་གཞིར་མ་ཚུད་པ་རེད། དེ་ནས་རྙིང་མའི་སྤྱི་མཐུས་འོས་མིར་ལངས་འཆར་གནང་ཡང་རྙིང་མས་གོ་སྐབས་མ་གནང་བ་རེད། དེ་ནས་རྒས་པོ་རེ་འགའི་ཇུས་དང་རྒྱབ་སྐྱོར་སོགས་གོ་སྐབས་དམ་བཟུང་གིས་བཀའ་བརྒྱུད་སྤྱི་མཐུས་འོས་མིར་ལངས་པ་རེད། སྤྱིར་དེ་སྔོན་ཁོང་བཀའ་བརྒྱུད་ཡིན་པ་གོ་རྒྱུ་མི་འདུག ད་ལོ་ལམ་སང་ཕ་རྒྱུད་བཀའ་བརྒྱུད་པ་ཡིན་ཟེར་སྐད། ཆབ་སྲིད་དང་འདུ་འཛིས་དབེན་པར་བཞུགས་པའི་དགེ་འདུན་པ་མང་པོ་ཞིག་གིས་ཁོང་གི་རྒྱབ་ལྗོངས་དང་བྱ་བ། ལོ་རྒྱུས་སོགས་ལ་རྒྱུས་ལོན་མ་གནང་བར་དེ་སྔོན་ཁོ་རང་ཚོགས་གཙོ་དང་སྤྱི་མཐུས་བྱས་པའི་རྒྱུ་མཚན་གྱིས་འོས་མང་པོ་བླུགས་འདུག འོས་བླུགས་མཁན་མང་ཆེ་བས་ཁོ་རང་དེ་སྔོན་བཀའ་བརྒྱུད་ཡིན་པའི་སྐད་ཆ་ཙམ་ཡང་ཐོས་མྱུང་མེད།

    Reply
  19. སྒོ་བུ་གྲགས་པ། says:
    ལོ་ 15 སྔོན།

    མདོ་སྨད་མི་དམངས་ཀྱི་སྤྱི་འཐུས་སྔོན་འགྲོའི་འོས་གཞི་ནང་ལ་རང་གི་བློ་བབས་ཤོས་འོས་མི་བཅུ་ནི་གཤམ་གསལ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། རྒྱལ་རོང་ཟླ་བ་ཚེ་རིང་། འཕེལ་རྒྱས་སྒྲོལ་མ་མཚོ་མོ། གསེར་རྟ་ཚུལ་ཁྲིམས་འོད་ཟེར། རྨོག་རུ་བསྟན་པ། ཀླུ་མཁར་བྱམས། རྡོ་རྗེ་དབང་ཕྱུག ལུང་རིགས་རྒྱལ། གཟུངས་ཕྱུག་སྐྱིད། བསྟན་འཛིན་དོན་ཡོད། བཅས་ཡིན་ནོ།།

    Reply
  20. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    དོན་འགྲུབ་ལགས། སྤྱིར་ཉིད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་ཡོད་ཀྱང་། ཉིད་ཀྱིས་སེར་སྐྱ་འདྲ་མཉམ་དུ་སྒྲུབ་བྱེད་ལ་སྟོན་པས་རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་ཞེས་པའི་ལུང་དྲངས་འདུག བསླབ་པ་གཙོ་ཞེས་པའི་ཚིག་དོན་གང་ཞིག་ཡིན་ནམ། དྲན་ཤེས་རྣལ་དུ་ཕབ་ནས་བསྐྱར་བསམ་གཏོང་རོགས། དེ་ཙམ་གྱི་ཚིག་དོན་མ་རྟོགས་པར་ཧམ་བཤད་བྱེད་པ་ནི་ཁྲེལ་ཆེ།

    Reply
  21. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    འབྲུག་གཞུངག་གིས་བོད་མི་ཐོག་དེ་ལྟར་བྱས་པ་ནི་ཧ་ཅང་གི་མ་རུང་བ་ཞིག་ལོས་ཡིན།འདས་པའི་ལོ་རྒྱུས་ནང་དུ་བོད་མི་ཡིས་་འབྲུག་པ་ལ་ཕན་ཐོག་མེད་ཀྱང་གནོད་རྩ་བ་ནས་བསྐྱལ་མ་མྱོང་ཟེར་ན་འགྲིག།ལྷག་པར་དུ་ད་ལྟ་ལ་ཆགས་བཞག་ན་འབྲུག་པའི་གྲྭ་བཙན་མང་པོ་བོད་པའི་སྤྱི་ཚོགས་ནང་སློབ་སྦྱང་བྱེད་བཞིན་པ་དེ་ཡང་འབྲུག་གཞུང་གི་བརྗེད་པ་ཡིན་རྒྱུ་རེད།བོད་མི་ཏོག་ཙམ་འབྲུག་ཡུལ་དུ་སྐྱབས་བཅོལ་ལ་ བཞག་ཡོད་པ་དེ་ཙམ་གྱི་དེ་ལྟ་བྱ་ངན་སྤེལ་བ་ནི་རྒྱུ་དག་མེད་པའི་རྟགས་རང་རེད།
    གནས་ཚུལ་དེ་རྣམས་ཧ་གོ་མཁན་གྱིས་འབྲུག་པའི་མི་སེར་རྣམས་ཀྱིས་འབྲུག་གཞུང་ལ་ལོ་ལ་དབྱར་དགུན་དང་མི་ཚེ་ལ་སྐྱིད་སྡུག་ཟེར་བ་ཡོད་པ་དང་སྐལ་བ་མ་འཇུག་གི་བར་དུ་བོད་མི་ཚོ་སྐྱབས་བཅོལ་བ་ཆགས་མི་སྲིད་ཞེས་དྲན་བསྐུལ་གནང་རོགས།
    བལ་པོ་ནི་རྒྱ་ནག་པའི་རྒྱུག་ཁྱི་ཆགས་ཚར་བ་ཡོངས་གྲགས་རེད།འབྲུག་པ་ཡང་དེ་ལྟར་མི་ཆགས་པའི་རེ་ཡོད།

    Reply
  22. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    “དེར་བརྟེན། བལ་ཡུལ་ནས་འོས་ཤོག་རྩིས་མེད་ཟེར་གྱི་མེད།” ཞེས་པའི་དོན་གོ་ཡི་མི་འདུག དོན་གོ་ལགས།
    བལ་ཡུལ་གྱི་འོས་རྣམས་བགྲང་ཡོད་ཟེར་བ་རེད་དམ་བརྩིས་མེད་དུ་ཕྱིན་མེད་ཟེར་བ་གང་ཡིན་ངས་དོན་མ་གོ དོན་གོ་ལགས།
    གསར་འགོད་པ་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་རྣམས་ལ་གཟབ་རོགས། དོན་གོ་ལགས།

    Reply
  23. མི་ says:
    ལོ་ 15 སྔོན།

    སྔོན་འགྲོའི་འོས་བསྡུ་འདི་ཁྲིམས་དང་མཐུན་པ་ཞིག་བྱུང་མི་འདུག
    རྒྱུ་མཚན།
    ༡ བལ་ཡུལ་དང་འབྲུག་ཡུལ་གྱི་འོས་ཤོག་བསླེབས་མི་འདུག དེའི་ནང་ན་སྔོན་འགྲོའི་འོས་མིའི་ནང་མ་སླེབ་པའི་མི་ཡོད་སྲིད་གི་རེད།
    ༢ དེབ་སྐྱེལ་གཉིས་པ་བྱེད་གི་ཡིན་ཟེར། ཁོ་ཚོར་སྔོན་འགྲོའི་འོས་བསྡུ་བྱེད་གི་རེད་དམ་མ་རེད། འོས་བསྡུ་བྱས་ན་སྔོན་འགྲོའི་བཀའ་ཁྲི་དང་སྤྱི་འཐུས་སྐོར་ཁག་གཉིས་པ་ཞིག་ཆགས་གི་རེད། བཙན་བྱོལ་གཞུང་ལ་བཀའ་གཉིས་ཡོད་སྲིད་གི་མ་རེད།
    ཁ་ཚོར་སྔོན་འགྲོའི་འོས་བསྡུ་མ་བྱས་ན་དེབ་སྐྱེལ་གཉིས་པ་ཞིག་བྱས་དགོས་དོན་མི་འདུག

    Reply
  24. འཇམ་དབྱངས། says:
    ལོ་ 15 སྔོན།

    ཡང་ན་གསེར་རྟ་ཚུལ་ཁྲིམས་གཉིས་ཀའི་འོས་རྩིས་མེད་གཏོང་བའམ་མདོ་སྟོད་ཀྱི་ཁོངས་ཡིན་ན་གཉིས་ཀ་མདོ་སྟོད་དང་མདོ་སྨད་ཀྱི་ཁོངས་ཡིན་ན་གཉིས་ཀ་མདོ་སྨད་ཀྱི་སྤྱི་འཐུས་སུ་བགྲང་རྒྱུ་བཅས་གང་ལྟར་འདིའི་ཐད་ལ་གཙང་སེལ་གནང་རོགས་ཞེས་ཞེན་སྐུལ་ཞུའོ།།

    Reply
  25. འཇམ་དབྱངས། says:
    ལོ་ 15 སྔོན།

    མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་དུས་ཐོག་གསལ་བསྒྲགས་གནང་བ་ཐུགས་རྗེ། ཡིན་ན་ཡང་མ་འོངས་པའི་བོད་ཀྱི་བདེ་འཇགས་དང་དམངས་གཙོའི་ལམ་སྲོལ། དྲང་བདེན་གྱི་ལང་ཕྱོགས་གང་ནས་བལྟས་ཀྱང་སྡེ་བ་གཅིག་ནས་ཡིན་པའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཉིས་ལས་གཅིག་མདོ་སྟོད་དང་གཅིག་མདོ་སྨད་ཀྱི་སྤྱི་འཐུས་སུ་ལངས་པ་ལྟ་བུ་ནི་དྲང་བདེན་མ་རེད། འདི་ལ་འོས་བསྡུ་ལྷན་ཁང་གིས་གཙོས་འབྲེལ་ཡོད་ལྷན་ཁང་གིས་དྲང་བདེན་གྱིས་ཐག་གཅོད་བྱེད་དགོས། དེ་མིན་དངུལ་དངོས་ཀྱི་རྒྱབ་རྩ་ལ་བརྟེན་ནས་དྲང་བདེན་མིན་པའི་ལས་འདི་ལྟ་བུ་མུ་མཐུད་ནས་བྱས་ཚེ་མ་འོངས་པར་ཅི་ཡང་ཡོང་སྲིད་པས། དེ་དུས་ཀྱི་རྙོག་ཟིང་དེ་དག་གི་འགན་ད་ལྟའི་འབྲེལ་ཡོད་ཁག་ལ་ཡོད་པ་སེམས་ལ་བཅངས་དགོས།

    Reply
  26. དོན་འགྲུབ། says:
    ལོ་ 15 སྔོན།

    མ་འོངས་བོད་པའི་སྲིད་འཛིན་གསར་བ
    ངས་ཐོག་མར། བཀའ་བློན་ཁྲི་བའི་མིང་དེ་སྲིད་འཛིན་གསར་བར་བསྒྱུར་རྒྱུ་ཡིན། རྒྱུ་མཚན་ནི། བཀའ་ཁྲིའི་མིང་ཚིག་དེ་བཀས་བཀོད་རིང་ལུགས་པའི་མིང་འདོགས་སྟངས་ཞིག་ཡིན་པས། དམངས་གཙོ་སྨྲ་བར་གོ་རྒྱུ་དེ་ཙམ་མི་འདུག མདོར་ན་རང་ཉིད་གཡོ་རྒྱུ་སླུ་བྲིད་ཀྱིས་འོག་ཏུ་མི་ཚུད་པར་རང་ཉིད་ཀྱིས་མ་འོངས་སྲིད་འཛིན་གསར་བ་དེ་བཙལ་དགོས་ལ་རྙེད་ཀྱང་དགོས། དེས་ན་ངས་རྙེད་པའི་མ་འོངས་པའི་སྲིད་འཛིན་གསར་བ་ནི་བློ་བཟང་སེང་གེ་སྟེ། མཐོང་ཡོད་ལ། ཤེས་ཡོད། རྙེད་ཀྱང་ཡོད། མཁས་དབང་གི་བདེན་དཔང་མཐོང་ཡོད་ལ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤེས་ཡོིད། མ་འོངས་པའི་འཆར་གཞི་རྙེད་ཡོད། ད་དུང་བློང་བཟང་སེང་གེ་ནི་དམངས་གཙོའི་བདེན་དཔང་ཞིག་སྟེ། གལ་སྲིད། བློ་བཟང་སེང་གེ་ཕམ་སོང་བ་ཡིན་ན་མི་མང་ཕམ་ཡོད། ཁོ་ལ་ཐོབ་པ་ཡིན་ན་མི་མང་རྒྱལ་ཡོད་ཞེས་བརྗོད་ཐུབ།
    ཞོར་ལ་སྲིད་འཛིན་གསར་བའི་འོས་གཞིའི་གོ་སྐབས་དང་བསྟུན། བཙན་བྱོལ་ཁྲོད་གཟབ་དགོས་པ་གསུམ་དང མི་དགོས་པ་གསུམ། དགོས་པ་གསུམ་སྟེ དོན་ཚན་གསུམ་དང་རྣམ་གྲངས་དགུ་ཡིས་འཇུག་བསྡུ་རྒྱུ་ཡིན།
    གཟབ་དགོས་པ་གསུམ་ནི།
    ༡ དམངས་གཙོར་གཏོར་བཤིག་གཏོང་མཁན་ཁྱིམ་བརྒྱུད་རིང་ལུགས་པར་གཟབ་དགོས།
    ༢ གསར་བསྟོད་དང་དངོས་ཡོད་ལ་གཏོར་བཤིག་གཏོང་མཁན་མཁྲེགས་འཛིན་རྗེས་འབྲང་བར་ཟབ་དགོས།
    ༣ བཙན་བྱོལ་ཁྲོད་གོ་སྐབས་དམ་འཛིན་དང་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པར་གཟབ་དགོས།

    མི་དགོས་པ་གསུམ།
    ༡ སྤྲུལ་སྐུའི་ལམ་ལུགས་མི་དགོས་པ། (གོང་༧་ས་མཆོག་གིས་ཀྱང་། འོས་བསྡུ། མ་འདས ཟན་རིལ་གྱི་གདམ་ག་གསུམ་ལས་ལམ་ལུགས་དེ་མི་དགོས་པ་བསྟན་ཡོད།)
    ༢ སྲིད་འཛིན་ལ་བླ་མ་དགེ་བཤེས་མི་དགོས་པ། (གོང་༧་ས་མཆོག་གིས་ཀྱང་། བོད་མའི་བདེན་མཐའ་སེལ་བའི་ཉིན་ནས་བཟུང་ ངས་བོད་མའི་དབུ་ཁྲིད་བྱ་རྒྱུ་མིན་ཞེས་པ་འདིས སྲིད་འཛིན་ལ་བླ་སྤྲུལ་མི་འོས་པ་དང་མི་དགོས་པ་བསྟན་ཡོད། )
    ༣ ཞེ་ས་དང་མཐོ་དམན་གྱི་ལྟ་གྲུབ་མི་དགོས་པ། (སྟོན་པས་ཀྱང ངའི་བསྟན་པར རིགས་མི་གཙོ་རུས་མི་གཙོ བསླབ་པ་གཙོ་ཞེས་པ་འདིས་བླ་སྤྲུལ་དང་མི་སྐྱའི་ཐོབ་ཐང་འདྲ་མཉམ་བསྟན་ཡོད།)
    དགོས་པ་གསུམ།
    ༡ དཔལ་འབྱོར་གྱི་ཆ་རྐྱེན་དགོས་པ།
    ༢ རང་གི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་དགོས་པ།
    ༣ ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དགོས་པ།
    ཡང་ན དགོས་དང་མི་དགོས ཡིན་དང་མ་ཡིན ཡོད་དང་མེད་ཟེར་བ་དེ། དངོས་ཡོད་ རྒྱུ་མཚན རྒྱབ་ལྗོངས་བརྟན་པོ་ལས་ཀྱང་རྟོགས་ནུས་སོ།

    སྤྱི་ལོ ༢༠༡༠ཟླ་༡༠ཚེས་༡༩ཉིན་བལ་ཡུལ་ནས། དཔལ་ཆེན་ཧེ་རུ་ཀས།

    Reply
  27. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་མདོ་སྨད་འོས་མི་ཉི་ཤུ་ནང་སླེབས་པ་འངིར་འདི་ག་བལ་ཡུལ་མདོ་སྨད་པ་ཚོས་དགའ་བསུ་བྱེད་ཀྱི་འདུག ཁོ་ཚོའི་འོས་ཤོག་དེ་དགྲ་བོས་གནོད་བསྐྱལ་མེད་ཚེ་འདི་ལས་མཐོ་སར་ཡོད་འངུག ངས་འདི་ནས་མདོ་སྨད་རྒྱ་ཆེའི་མི་མང་གི་སྤྱན་མིག་ལྡན་པ་ཚོར་འབོད་སྐུལ་ཞུ་རྒྱུར་སྐབས་བཅོ་ལྔ་བ་འདིར་ཁོང་ངེས་པར་དུ་མདོ་སྨད་སྤྱི་འཐུས་སུ་བསྐོས་པའི་རེ་བ་སྙིང་ནས་ཞུ།

    Reply
  28. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་བཀའ་ཁྲིའི་སྔོན་འགྲོའི་འོས་གྲངས་དང་པོ་སླེབ་པར་མཚམས་འདྲི་ཞུ།
    འོན་ཀྱང་དགྲ་ཤར་ལ་བཞག་ནས་ཀླུད་ནུབ་ཏུ་མི་སྐྱེལ་བའི་རེ་བ་ཡོད།

    དགོས་པའི་མི་རབས་རྒྱུས་ལྡན་འདི་ན་བཞག་ནས།
    མི་རབས་གསར་རྙིང་ཟེར་བའི་ཁྲེག་བཟུང་གི་བལྟ་བས།
    མི་དགོས་རང་ལ་བརྣག་པའི་རྒྱུས་མེད་ཀྱི་མི་གསར།
    བཀའ་ཁྲིེར་འདེམས་པ་མགོ་བོ་རྨོངས་སམ་ཅི།

    Reply
  29. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    བཤད་དགོས་པ་ཞིག་ལ་ད་ཐེངས་ཀྱི་བཀའ་ཁྲི་དེ་དངོས་ནས་ཡག་པོ་བྱུང་ཤག ཡིན་ན་ཡང་སྤྱི་འཐུས་ནང་ད་དུང་རྙོག་གྲ་མང་པོ་འདུག ཡག་པོ་རྐང་གཅིག་མི་འདུག ན་ཚ་ཅན་མང་པོ་སླེབ་འདུག

    Reply
  30. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ནི་སྔོན་འགྲོའི་བཀའ་ཁྲིའི་དང་སྤྱི་འཐུས་འོས་མི་གཉིས་ཆར་ལངས་ཆོག་པ་ནི་ང་ཚོའི་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་དབང་གི་ཐོབ་ཐང་ཡིན་པས་དེ་ལ་འགལ་བ་ཅི་ཡང་མེད་པ་རེད།

    Reply
  31. སོག་ནག་ཚང་། says:
    ལོ་ 15 སྔོན།

    ད་ལོ་ནི་བཙན་བྱོལ་བོད་མིའི་དམངས་གཙོའི་གོ་རྟོགས་སད་མགོ་ཚུགས་པའི་ལོ་ཞིག་ཡིན་ལ། བཙན་བྱོལ་བོད་མི་ཚོས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་རང་རང་གི་འོས་ཤོག་ལྡུག་པར་འབད་པ་དང་། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མིར་དོ་སྣང་འཕར་མ་བྱས་ཏེ་སྤྱངས་བཤད་དང་བགྲོ་གླེང་སོགས་གང་མང་བྱས་པའི་འབྲས་བུ་རྔོ་ཐོགས་པ་ཞིག་ཐོན་འདུག་སྙམ།

    Reply
  32. ཕུན་ཚོགས ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ལ་སྒུག་ནས་ཡུན་རིང་འགོར། དེ་རིང་དངོས་སུ་མཐོངཐུབ་པ་ནི་ཧ་ཅང་དགའ་དགོས་པ་ཞིག་རེད།
    དེ་ལས་ཀྱང་བཀའ་ཁྲིའི་ཕྱོགས་ནས་དགའ་ནི་ཡིན། རང་གི་བསམ་ཚུལ་རེད། རང་གིས་འདོད་གི་ཡོད་པའི་མི་ལ་བབ་ན་སུ་ཡིན་ཀྱང་ལོས་དགའ། ཧ་ཧ་ཧ་ཧ་
    འོན་ཀྱང་དངོས་གཞིའི་སྐབས་ལ་ཅི་བྱུང་མི་ཤེས། སྤྱིར་ཡིན་ན་དགོས་མི་དགོས་གཉིས་ཀ་ལབ་ན་ཡག་འདུག་མི་ཤེས་པས། སེམས་ལ་ཚོད་མེད་ཀྱང་ཁ་ལ་ཚོད་ཡོད་ནི་བྱ་རོགས། སྙིང་ཉེ་བའི་གྲོགས་པོ་དག་ཨང་།

    Reply
  33. གཡག་རྒོད། says:
    ལོ་ 15 སྔོན།

    བཀའ་རྒྱུད་ཀྱི་སྤྱི་འཐུས་འོས་གཞིའི་ནང་ཀརྨ་ཆོས་འཕེལ་ཟེར་བ་ཞིག་འདུག དེ་སྤྱི་འཐུས་ལས་ཐོག་པ་སྐུ་ཞབས་ཀརྨ་ཆོས་འཕེལ་རེད་དམ་དེ་ལས་གཞན་གྱི་རེད། གལ་སྲིད་སྤྱི་འཐུས་ཀརྨ་ཆོས་འཕེལ་ཡིན་ན་ཡག་བྱུང༌། ཡང་གྲོས་ཚོགས་གསར་པའི་ནང་ལྟད་མོ་ཆེན་པོ་ཞིག་བལྟ་ཆོག་གི་རེད་ལ། དབུས་གཙང་ལ་བརྡ་ལེན་ཆེན་པོ་སྤྲད་པ་དེར་སྙིང་འདྲ་ཚིམས་པ་བྱུང༌།

    Reply
  34. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བལ་ཡུལ་དང་འབྲུག་རྒྱལ་ཁབ་གཉིས་ཀྱིས་བཀའ་ཁྲིའི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་མཐའ་དག་འཕྲོ་བརླག་ཏུ་གཏོང་བར་བཅུག་པ་འདི་ནི་ཤིན་ཏུ་བློ་ཕམ་པོ་ཞིག་ཡིན་པར་བརྟེན། བོད་གཞུང་འོས་བསྡུའི་ལྷན་ཁང་གིས་ད་ལྟ་ནས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་འོས་ཤོག་རྣམས་འཕྲོ་བརླག་ཏུ་མི་འགྲོ་བར་ཐབས་བཀོད་དང་གྲ་སྒྲིག་ཡག་པོ་ཞིག་གནང་བར་ཞུ།

    Reply
  35. རང་རྟོན། says:
    ལོ་ 15 སྔོན།

    གསལ་འགྱུར་འདིར་མི་དྲི་བྲོ་བའི་གསར་འགྱུར་ཞིག་རེད་ལ།མི་དོན་འགྲུབ་པའི་རྟེན་འབྲེལ་ངོ་མ་ཞིག་ཀྱང་རེད།

    Reply
  36. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་ཨ་དགེ་ལགས་ཕེབས་ནས་བསམ་ཚུལ་བཤད་པར་དགའ་སོང་། མ་གཞི་དྲི་བ་འདི་ངོས་ཀྱིས་གསར་འགོད་པར་བཅོལ་ནས་འོས་བསྡུ་ལྷན་ཁང་ལ་ཕུལ་བའི་དྲི་བ་ཡིན་མོད། དྲ་མཁན་རིག་འཛིན་སླེབས་ནས་ལན་གནང་བར་བརྟེན་ནས་དྲིས་ལན་ཙམ་ཕུལ་བ་ཡིན།

    འོ་ན། སྔོན་འགྲོའི་སྐབས་གདམ་ག་ཡོད་ན། སྤེན་པ་ཚེར་རིང་ལགས་ཀྱིས་བཀའ་ཁྲི་གདམ་ག་བྱས་པ་ཁྱབ་བསྒྲགས་གནང་ཟིན་པ་མིན་ནམ། ཕྱིར་འཐེན་བྱས་པའི་ཁྱབ་བསྒྲགས་ཁྱེད་རང་གི་ཕྱག་ཏུ་ཡོད་དམ། འདིར་སྤེལ་རོགས།

    Reply
  37. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གནས་ཚང་ལགས། ཁྱེད་ཀྱི་དྲི་བ་དེ་ཚོ་འོས་བསྡུ་ལ་འདྲི་དགོས་ནི་མ་རེད། རྒྱ་རི་སྒྲོལ་མ་རྗེས་སུ་དངོས་གཞིའི་སྐབས་སུ་སྤྱི་འཐུས་ཀྱི་ཁོངས་སུ་འོས་འཕེན་ཆོག་གི་མ་རེད། སྔོན་འགྲོའི་སྐབས་སུ་འདམ་ཁ་ཡོད་རེད། དངོས་གཞི་ལ་ཡོད་མ་རེད། དེའི་ཕྱིར་སྤེན་པ་ཚེ་རིང་སྤྱི་འཐུས་ཁོངས་སུ་ཞུགས་པ་རེད་མ་གཏོགས། ཁོང་ལ་འོས་གྲངས་ཐ་མ་དྲུག་བརྒྱ་འདི་འདྲ་ཡོད་ཡོད་པ་རེད།

    Reply
  38. བསྟན་འཇམ says:
    ལོ་ 15 སྔོན།

    འོས་གཞི་བཀྲམ་པ་ཐུགས་རྗེ་ཆེ་དང་ཆབས་གཅིག ཐེངས་འདིའི་འོས་མི་གདམ་སྟངས་ལ་ཕྱི་ནང་གཉིས་ནས་བར་ཆད་ཆེན་པོ་བྱུང་། ཡིན་ནའང་འགག་འཕྲེང་དེའི་་བར་ནས་བཀའ་ཁྲིའི་འོས་གཞིར་ལངས་པའི་སྤེན་པ་ཚེ་རིང་གར་སོང་ཆ་མེད་དུ་གྱུར ། དེ་དང་ཀརྨ་ཆོས་འཕེལ་ཡང་བརླགས་འདུག

    སྤེན་པ་ཚེ་རིང་ཡང་བསྐྱར་སྤྱི་འཐུས་ཐོབ་པའི་རེ་བ་ཡོད་ཀྱང་ཀརྨ་ཆོས་འཕེལ་སྤྱི་འཐུས་ལ་འཁྲེང་སེམས་པ་སྟོང་ལྷང་ལྷང་དུ་གྱུར །

    Reply
  39. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གསར་འགྱུར་ཐོས་ནས་དགའ་སྤྲོ་བྱུང་། འོན་ཀྱང་ཡིག་ནོར་དང་གཏགས་ནོར་གང་མང་ཤོར་འདུག་པས་གོ་ནོར་ཐེབས་སྲིད།

    སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་ ༦ དང་། སྐབས་བཞི་བའི་ལབ་དགོས་པ་འདྲ།
    ད་དུང་གསེར་རྟ་གཉིས་ལ་སེར་རྟ་ལབ་འདུག་པས་བཅོས་ན་བཟང་།
    དེ་མིན་གཏགས་ནོར་ཁག་ཅིག་འདུག་ཀྱང་མི་སྐྱོན་གི

    Reply
  40. གཡག་རྒོད། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་མི་བཞེས་མཁན་རྣམས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཡོད།
    འོས་མིའི་ནང་ངའི་སྣང་བ་འགྲོ་ཤོས་གྱི་བཀའ་ཁྲི་ནི། བློ་བཟང་སེང་གེ་ཡིན།
    སྤྱི་འཐུས་ཁོངས་ནས་སྣང་བ་འགྲོ་ཤོས་ཆེས་དགའ་ཤོས་ནི་འབའ་པ་སྐལ་བཟང་རྒྱལ་མཚན། ཚོགས་གཙོ་སྤེན་པ་ཚེ་རིང༌། པདྨ་འབྱུང་གནས། སྨོན་ལམ་མཐར་ཕྱིན་བཅས་ཡིན། རྒྱུ་མཚན་མང་པོ་ཡོད་ཀྱང་གཙོ་བོ་གཅིག་ནི་ཁོང་རྣམས་ཤེས་འཇོན་ལྷག་བསམ་ལྡན་ཐོག ཆོལ་ཁ་ཆོས་ལུགས་ཀྱི་ཞེན་འགོག་ཆུང་བའི་མི་སྣ་གཙོ་གྲས་ཤ་སྟག་ཡིན་པས་རེད།
    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་ཀྱི་འོས་མིའི་ཁོངས་ནས་དགོངས་ཞུས་ཡོད་མེད་ལ་མ་ལྟོས་པར་ཁོང་ལ་འོས་ཤོག་ཇི་ཙམ་ཐོབ་ཡོད་མེད་གསལ་བཤད་ཅིག་བྱ་གལ་ཆེ་སྙམ། གང་ལགས་ཤེ་ན། མང་ཚོགས་ཀྱིས་ཁོང་གི་མཛད་རྗེས་ལ་ཇི་ཙམ་ངོས་འཛིན་ཞུ་ཡི་ཡོད་མེད་གསལ་སྟོན་ཐུབ་པར་དགེ་མཚན་ཆེན་པོ་ཡོད་བསམས

    Reply
  41. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    བཀའ་ཁྲི་དང་སྤྱི་མཐུས་དེ་ཚོ་གང་ལ་གང་མཚམས་འགྲིགས་འདུག
    འོན་ཀྱང་དགོས་མཁོ་ཁ་ཤས་བཀོད་མི་འདུག
    ཅི་ཡིན་ནམ།

    Reply
  42. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་རིག་འཛིན་གྱིས་ལན་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་། སྐད་ཆ་དེ་རིགས་ཆ་ཚང་ཁྱོད་རང་གི་སྐད་ཆ་ཡིན་ནམ། ཡང་ན། སྤེན་པ་ཚེ་རིང་ལགས་ཀྱི་སྐད་ཆ་རེད། དེ་གཅིག་ཡིན།

    གཉིས་པ་དེ་གྲོས་ཚོགས་འཚོགས་ཐེངས་རེ་རེར་མགོ་བསྡུ་མི་ཐུབ་པར་ཚོགས་ར་སྟོང་བར་ལྷག་སོང་བ་སྤེན་ཚེ་ཚོགས་གཙོ་གནང་རིང་ལས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པས། ཐེངས་རྗེས་མའང་ཚོགས་ར་ཐེངས་རེར་སྟོང་དགོས་ན་སྤེན་ཚེ་ལས་ཡག་པོ་ཡོད་རྒྱུ་མ་རེད།

    གསུམ་པ་བཀའ་ཁྲིའི་འོས་མིར་སྤྱི་འཐུས་ཀྱི་འོས་ཤོག་ལྡུག་ཆོག་གི་ཡོད་དམ། གལ་སྲིད་ཡོད་ན་མདོ་སྟོད་སྤྱི་འཐུས་རྒྱ་རི་སྒྲོལ་མ་ལས་ཚོགས་གཙོ་ཡག་པོ་ཞིག་ཆོལ་ཁ་གསུམ་ནང་མེད་པས། མདོ་སྟོད་ཚོས་ཁོང་ལ་ཡང་བསྐྱར་འོས་ཤོག་ལྡུག་ཆོག་པར་དབུས་འོས་བསྡུ་ཁང་གིས་ཆོག་མཆན་སྤྲོད་པར་མདོ་སྟོད་མི་མང་གིས་རེ་བ་ཞུས་ཆོག དེ་ལྟ་མི་ཆོག་ན། སྤེན་པ་ཚེ་རིང་གིས་འོས་བསྡུའི་སྒྲིག་གཞིར་རྩེད་མོ་བརྩེ་ཟིན་པ་གསལ་བོ་རེད།

    Reply
  43. རིག་འཛིན། says:
    ལོ་ 15 སྔོན།

    དྭ་གྲོགས་གནས་ཚང་ལགས།
    མདོ་སྨད་སྤྱི་མཐུས་འོས་མི་ནང་དུ་སྤེན་པ་ཚེ་རིང་ཞེས་པ་འདི་བཀའ་ཁྲིའི་འོས་མིར་ལངས་མཁན་ཚོགས་གཙོ་རང་རེད་་་དེ་མ་འགྲིག་པ་ཅི་འདུག་་་བཀའ་ཁྲིའི་འོས་མིར་ལངས་ན་སྤྱི་མཐུས་འོས་མིར་ལངས་མི་ཆོག་པ་དེ་སུས་བཤད་པའི་སྐད་ཆ་རེད
    ངས་རང་ཉིད་ཀྱི་མངོན་འདོད་གླེང་ན་འདི་ལྟར་རེད་་་་
    ངར་ཆགས་བཞགས་ཏེ་བཤད་ན་ཚོགས་གཙོ་ཁོ་རང་བཀའ་ཁྲིར་རེ་བ་དང་མོས་འཐུན་གཏན་ནས་མེད།
    འོན་ཀྱང་། ཁོ་རང་བཀའ་ཁྲིའི་འོས་གཞིར་ལངས་པར་ངས་དགག་ནི་ཐུབ་ཀྱིན་མ་རེད། གང་ཡིན་ཅེ་ན། ཁོ་རང་བཀའ་ཁྲིའི་འོང་མིར་ལངས་པ་ནི་དམངས་གཙོའི་ཐོབ་ཐང་རེད་ལ།
    ཁོ་རང་གི་མངོན་འདོད་ཀྱང་རེད།
    སྤྱི་བཏང་མང་པོ་མང་པོ་ཞིག་གིས། གྲོས་ཚོགས་ཚགས་ཚུད་དགོས་ན་གྲོས་ཚོགས་ཀྱི་འཐུས་མི་
    ཡག་པོ་དགོས་པ་དང་།
    དེ་ལས་ཀྱང་གལ་ཆེན་བར་དྲང་བདེན་དང་བློ་ཡངས་ཀྱི་ཚོགས་གཙོ་ཞིག་མེད་ན་རྩོད་རྙོག་འདྲ་མིན་འབྱུང་ཉེན་དང་།
    མྱུར་དུ་སྒྲུབ་དགོས་པའི་བྱ་བཞག་མང་པོ་ཞིག་ཐག་བཅད་མི་ཐུབ་པའི་དཀའ་ངལ་ཡོད་པར་གཟིགས་ནས།
    ཁྱེད་རང་ཡང་བསྐྱར་ཚོགས་གཙོར་རེ་བ་ཤུགས་ཆེན་བྱེད་བཞིན་འདུག་ལ།
    དེ་བཞིན་ངས་ཀྱང་ཡང་ཡང་དཔྱད་ཞིབ་བྱས་པ་ལྟར་ན།
    དེ་ནི་ཁྱེད་ཀྱི་ན་ཚོད་དང་ཉམས་མྱོང་སོགས་གང་འཐད་ནས་གཞིགས་ན།
    ཁྱེད་རང་ལས་ལྷག་པའི་ཚོགས་གཙོ་ཞིག་མ་མཐོང་པས།
    ཡང་བསྐྱར་ཁྱེད་རང་ཚོགས་གཙོར་ཕེབས་ཐུབ་པའི་རེ་བ་ཤིག་ངང་ངང་གིས་འབྱུང་ཡིན་གིན་འདུག
    དེས་ན་ངས་ཁ་ཞེ་གཉིས་མེད་དང་ཁ་དཀར་སེམས་དཀར་གྱི་སྐད་ཆ་ཡིན།
    དྲྭ་གྲོགས་ཡོངས་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བཀའ་ཁྲིར་འོས་སམ་ཡང་ན་ཚོགས་གཙོར་འོས།
    ཕྱོགས་ལྷུང་གི་བག་ཆགས་རྨིག་མེད་བཅོམ་སྟེ་གཟུར་གནས་བློས་བདམས་ཁ་རེ་གནང་རོགས་ཞུ་ཞུ།།

    Reply
  44. དམར་ཁ་ཚ། says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་ནི་ཌ་རུ་བཞིན་མགོ་གཉིས་མ་འཁྲབ་ཀྱིན་འདུག བཀའ་བློན་དུ་མི་ལངས་ན་ང་ཚོའི་འོས་ཤོག་འཕྲོ་བརླག་ཏུ་ཅི་ལྟར་བཏང་བ་རེད།
    མགོ་གཉིས་མ་འདི་ཚོས་འཁྲབ་སྟངས་དེ་མདོ་སྨད་ཚོས་ཤེས་ན་འགྲིག

    Reply
  45. རིག་འཛིན། says:
    ལོ་ 15 སྔོན།

    དྭ་གྲོགས་ཤིང་རྟ་ལགས་།
    སྤྱན་ཆེར་ཙམ་བགྲོད་ནས་གཟིགས་དང་བཀྲས་མཐོང་ལ་འོས་ཤོག་་༡༢༣༡༩དྭ།

    Reply
  46. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཆོལ་ཁ་གསུམ་གྱི་ནང་ངེད་ཀྱི་སྣང་བར་འགྲོ་ཤོས་ཀྱི་འོས་མི་ཡོངས་སྟངས་ནི་མདོ་སྟོད་ཆོལ་ཁ་ཡིན། མདོ་སྟོད་ཆོལ་ཁའི་ནང་ཁྱོད་ཡིན་ང་ཡིན་གྱི་གཞོན་སྐྱེས་མང་པོ་ཞིག་སླེབས་འདུག་པ་ནི་སྤྲོ་སེམས་འཁོལ་བ་ཞིག་རེད།

    Reply
  47. གནས་ཚང་། says:
    ལོ་ 15 སྔོན།

    མདོ་སྨད་སྤྱི་འཐུས་འོས་མིའི་ཁྲོད་ཀྱི་སྤེན་པ་ཚེ་རིང་ཞེས་པ་འདི་བཀའ་ཁྲིའི་འོས་གཞིར་ལངས་མཁན་སྤེན་པ་ཚེ་རིང་རེད་དམ། གལ་སྲིད་དེ་ལྟ་ཡིན་ན་བཀའ་ཁྲི་མ་ཐོབ་ན་སྤྱི་འཐུས་དང་སྤྱི་འཐུས་མ་ཐོབ་ན་བཀའ་ཁྲིར་ལངས་པའི་སྲོལ་ངན་ཞིག་གི་སྒོ་འབྱེད་ཟིན་པ་མིན་ནམ། རྒྱ་རི་སྒྲོལ་མ་ལགས་ལའང་ཐེངས་རྗེས་མར་སྤྱི་འཐུས་ཀྱི་འོས་ཤོག་ལྡུག་ཆོག་གི་ཡོད་དམ། དོན་དག་འདི་གསར་འགོད་པ་མཆོག་གིས་འགན་རྐང་ལེན་གྱིས་དབུས་འོས་བསྡུ་ལྷན་ཁང་ལ་བཀའ་འདྲི་ཞུ་རོགས་གནང་། ཐུགས་རྗེ་ཆེ།

    Reply
  48. ཤིང་རྟ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་།
    རྒྱ་རི་སྒྲོལ་མ་གཉིས་འོས་གྲངས་རྒྱ་རི་སྒྲོལ་མ་མང་འདུག་ཀྱང་བཀྲས་མཐོང་ཨང་གཉིས་པ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ?????

    Reply
  49. བློ་དགའ། says:
    ལོ་ 15 སྔོན།

    ངོ་མ་གསར་འགྱུར་ཟེར་ན་འདི་ལྟ་བུ་རེད། ཁ་གསལ་བ་དང་། དོན་འདུ་བ། གོ་རིམ་ལེགས་པ། ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་གསར་འགོད་པ་དོན་གོ་ལགས་ལ་ཞུ་བཞིན་ཡོད།

    Reply
  50. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གནས་ཚུལ་ཁ་གསལ་བོ་ཡག་ཐག་ཆོད་ཅིག་བྲིས་འདུག ཐུགས་རྗེ་ཆེ་ཞུ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese