མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་མི་གསལ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་གཞུང་འོས་བསྡུ་ལྷན་ཁང་གིས་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་ཁག་གསལ་བསྒྲགས་བསྐྱངས་ཡོད། ཐེངས་འདིའི་གསལ་བསྒྲགས་ནང་། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་ ༦ དང་། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མིའི་ཁོངས་སུ། ཆོལ་ཁ་རེར་ ༥༠ རེ་དང་ཆོས་བརྒྱུད་རེར་ ༡༠ རེ། བྱང་ཨ་རི་དང་ཁེ་ན་ཌ་ཁུལ་དུ་ ༡༠ དང་། ཡུ་རོབ་ཁུལ་དུ་  ༡༠ བཅས་གསལ་བསྒྲགས་བསྐྱངས་སོང་།  

ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་མི་དྲུག་གི་ཨང་རིམ་ནི། ཨང་དང་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་སུ་འོས་གྲངས་  ༢༢༤༨༩  དང་། ཨང་གཉིས་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་གྲངས་ ༡༢༣༡༩ ། ཨང་གསུམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧༣༣ ། ཨང་བཞི་བ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༢༡༠༡ ། ཨང་ལྔ་བ་སྐུ་སྒེར་དྲུང་ཆེ་ཟུར་བ་བློ་བཟང་སྦྱིན་པ་ལགས་སུ་འོས་གྲངས་ ༡༥༤༥། ཨང་དྲུག་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༦༠༥ བཅས་རེད།

 འོས་བསྡུའི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་ཆོལ་ཁ་རེ་རེའི་འོས་མི་རྣམས་རྩེ་བཏོག་ཨང་རིམ་བཞིན་བསྒྲགས་པའི་ནང་། སྐབས་བཅོ་ལྔ་བའི་དབུས་གཙང་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས། ཨང་གཉིས་པ་པདྨ་འབྱུང་གནས། ཨང་གསུམ་པ་སྒྲོལ་མ་ཚེ་རིང་། ཀརྨ་ཡེ་ཤེས། ཟླ་བ་ཚེ་རིང་། བུ་མོ་ཚེ་རིང་། ཟླ་བ་ཕུན་སྐྱིད། ཚེ་བརྟན་ནོར་བུ། འཇིགས་མེད་འབྱུང་གནས། ཨོ་རྒྱན་བསྟན་འཛིན། འཇམ་དབྱངས་རྡོ་རྗེ། ངག་དབང་ལྷ་མོ། སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགེ་བཤེས་སྐལ་བཟང་དགྲ་འདུལ། ཤར་གླིང་བསྟན་འཛིན་ཟླ་སྒྲོན། ཚེ་རིང་སྒྲོལ་མ། འཆི་མེད་གཡུང་དྲུང་། བསོད་ནམས་བཟང་པོ། བྱ་ཉང་ཚེ་རིང་ལྷ་སྐྱབས། སྨན་རམས་པ་པདྨ་རྡོ་རྗེ། བསམ་གཏན་ཆོས་སྒྲོན། དགེ་བཤེས་ངག་དབང་དཔལ་ལྡན། སྐལ་བཟང་གཡུ་སྒྲོན། ཚེ་རིང་དོན་གྲུབ། རིན་ཆེན་ཚེ་རིང་།  བཀྲིས་སྒྲོལ་མ། ཚེ་བརྟན་དབང་ཕྱུག ཚེ་དབང་བསོད་ནམས། ཚེ་དབང་ནོར་བུ། ཚེ་དབང་རྡོ་རྗེ། ཐར་ལམ་སྒྲོལ་མ། བློ་བཟང་རྡོ་རྗེ། བསྟན་འཛིན་སྒྲོལ་མ། བསོད་ནམས་ཚེ་རིང་། ཕན་པོ་རྒྱལ་མཚན། ཤེར་ཝ་འཆི་མེད་ཚེ་རིང་། ཉི་མ་བསམ་མཁར། ཚུལ་ཁྲིམས་ཆོས་འཕེལ། བཀྲིས་ཕུན་ཚོགས། རྟ་མགྲིན་ཆོས་དར། འཇིགས་མེད་བཀྲ་ཤིས། བསོད་ནམས་སྟོབས་རྒྱལ། ཁྱུ་གསར་དངོས་གྲུབ་དཔལ་ལྡན། ཐུབ་བསྟན་ཚེ་རིང་། བཀྲིས་རྡོ་རྗེ། ཀརྨ་སེང་གེ སྨན་པ་ཐོག་མེད། ཚེ་རིང་ནོར་བུ། པ་སངས་ཆོས་འབྱོར། རྒྱལ་ནོར་ཚེ་དབང་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་ཤོག་ ༨༦༥༥ དང་དམའ་ཤོས་ལ་འོས་གྲངས་ ༤༥༠ བཅས་རེད།

སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་འབའ་བ་སྐལ་བཟང་རྒྱལ་མཚན། ཨང་གཉིས་པ་འཇུ་ཆེན་དཀོན་མཆོག ཨང་གསུམ་པ་སེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། བཀྲིས་དབང་འདུས། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག བློ་བཟང་ཡེ་ཤེས། རྡོ་རྗེ་དབང་འདུས། འཇམ་དབྱངས་བཟོད་པ། བསྟན་འཛིན་ནོར་བུ། སྒ་པ་ལྷ་མོ། སྨར་ཁམས་ཆོས་འཕེལ། ཆོས་འཕེལ་ཐུབ་བསྟན། པདྨ་བདེ་ལེགས། དབྱངས་ཅན་སྒྲོལ་དཀའ། གྲའུ་ཚེ་བརྟན། ཟླ་བ་སྒྲོལ་མ། ཀརྨ་མཁས་གྲུབ། རིན་ཆེན་མཁའ་འགྲོ གོ་བོ་བློ་བཟང་ཕན་བདེ། བྲག་གཡབ་བཀྲིས་རྣམ་རྒྱལ། ངག་དབང་བསྟན་པ། གཡང་འཛོམས་སྒྲོལ་དཀར། བསོད་ནམས་དཔལ་མོ། ནང་ཆེན་བསྟན་འཛིན། ཨ་རྡོ། ངག་དབང་འོད་འབར། ཀརྨ་གཡུལ་རྒྱལ། སྐལ་བཟང་ཆོས་སྐྱིད། སེར་སྨད་བློ་དགའ། ནོར་བུ་ཚེ་རིང་། ཚེ་རིང་དབང་ཕྱུག ཚེ་དབང་བསྟན་འཛིན། ཕུར་པ་ཚེ་རིང་སྟོབས་རྒྱལ། སྐྱུ་ར་དཔལ་རྡོར། ཚེ་རིང་བདེ་སྐྱིད། བཀྲིས་བདེ་ལེགས། ཡེ་ཤེས་ཆོས་བཟང་། དོན་གྲུབ་ལྷ་དར། འཇམ་དཔལ་རྒྱ་མཚོ། བསོད་ནམས་ཆོས་སྒྲོན། སྐལ་བཟང་ནོར་བུ། ཚེ་བརྟན་རྡོ་རྗེ། ཨ་འབྲུག་ཆོས་སྐྱིད། བཟང་མཁན་མཁས་གྲུབ། དཀོན་མཆོག་ནོར་བུ། ངག་དབང་ཐར་བ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༦༦༦༩  དང་། དམའ་ཤོས་ལ་འོས་གྲངས་ ༣༡༠ བཅས་རེད།

སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་མི་ཁག་ནི། ཨང་དང་པོ་སྤེན་པ་ཚེ་རིང་། ཨང་གཉིས་པ་རྒྱལ་རོང་ཟླ་བ་ཚེ་རིང་། ཨང་གསུམ་པ་ཐུབ་བསྟན་ལུང་རིགས། འཕེལ་རྒྱས་སྒྲོལ་མ་མཚོ་མོ། བསོད་ནམས་རྒྱལ་མཚན། ཀིརྟི་སྒྲོལ་དཀར་ལྷ་མོ། སྒྲོལ་དཀར་སྐྱབས། ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ། སེར་རྟ་ཚུལ་ཁྲིམས་འོད་ཟེར། སྨན་པ་མཁྱེན་རབ། རྨོག་རུ་བསྟན་པ། རྒྱ་རིགས་ཐར། ཀུན་ཐར་དོན་གྲུབ། བསྟན་འཛིན་མགོན་པོ། བློ་བཟང་དཔལ་ལྡན། ཀརྨ་དགེ་ལེགས། ཆབ་བྲག་ལྷ་མོ་སྐྱབས། ཤིང་གཟའ་རིན་པོ་ཆེ། ཀླུ་མཁར་བྱམས། བཀྲིས་དོན་གྲུབ། ལུང་རིགས་རྒྱལ། ཚངས་དབྱངས་རྒྱ་མཚོ། གཟུངས་ཕྱུག་སྐྱིད། བསྟན་འཛིན་དོན་ཡོད། ཚེ་རིང་རྡོ་རྗེ། སྐལ་བཟང་ལྷ་མོ། བློ་བཟང་ཆོས་འཕེལ། འཇིགས་མེད་མཆོག་གྲུབ། ཤེས་རབ་དར་རྒྱས། ཅོ་ལེབ་ཆོས་འཕེལ། རྨེའུ་དབང་འཛིན་ལྷ་མོ། གངས་རི། ཀིརྟི་རིན་པོ་ཆེ། གཡང་ཁོ་རྒྱལ། ཨ་ལོ། རྔ་བ་ཚེ་རྒྱམ། རྨེའུ་མགོན་པོ་མཚོ། དགེ་བཤེས་བསྟན་པ་བཀྲིས། དཀོན་མཆོག་བཟོད་པ། བློ་བཟང་བཀྲིས། ཨ་ལགས་འཇིགས་མེད། ལྷ་ལུང་རྒྱལ། བསྟན་འཛིན་མཁས་གྲུབ། ཉི་མ་ཚེ་རིང་། བྷུད་ངྷ་སྐྱབས། རྡོ་རྗེ་དབང་ཕྱུག བློ་བཟང་དངོས་གྲུབ། ཨ་མཆོག་རིན་པོ་ཆེ། ལྷ་དབང་རྡོ་རྗེ་བཅས་ཡིན་ཞིང་། འོས་གྲངས་མཐོ་ཤོས་ལ་འོས་གྲངས་ ༡༧༢༣ དང་དམའ་ཤོས་ལ་འོས་གྲངས་ ༢༥ བཅས་བཀོད་འདུག 

འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཆོས་བརྒྱུད་ཁག་དང་ཨ་རི་དང་ཁེ་ན་ཌ། ཡུ་རོབ་བཅས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱི་མཚན་གཞུང་བསྒྲགས་པའི་ནང་། ས་སྐྱའི་སྤྱི་འཐུས་འོས་མི་ཁག་ནི། ནོར་བུ་ཚེ་རིང་ལགས་སུ་འོས་གྲངས་ ༢༣༡ ། ཆོས་གྲགས་རྒྱ་མཚོར་འོས་གྲངས་ ༡༩༦ ། སྦྱན་དབྱངས་རྒྱ་མཚོར་འོས་གྲངས་ ༨༩ ། ག་ཟི་དགེ་བཤེས་ཚེ་རིང་པོར་འོས་གྲངས་ ༨༦ ། ཐུབ་བསྟན་རྒྱལ་མཚན་འོས་གྲངས་ ༥༨ ། པདྨ་ནོར་བུར་འོས་གྲངས་ ༤༤། ཀ་བྲག་དངོས་གྲུབ་བསོད་ནམས་ལ་འོས་གྲངས་ ༤༣། འགྱུར་མེད་རྡོ་རྗེ་ལ་འོས་གྲངས་ ༡༨། པདྨ་ནོར་བུར་འོས་གྲངས་ ༦། འཇམ་དབྱངས་མཐུ་སྟོབས་ལ་འོས་གྲངས་ ༥་བཅས་ཡིན་འདུག  

རྙིང་མའི་སྤྱི་འཐུས་འོས་མི་ཁག་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་ ༡༢༩༡ ། རྒྱ་རི་བུ་ཕྲུག་ལ་འོས་གྲངས་ ༧༧༥། སློབ་དཔོན་དྲི་མེད་རྒྱལ་མཚན་ལ་འོས་གྲངས་ ༤༦༣། མཁན་པོ་ཆོས་དབྱངས་ལ་འོས་གྲངས་ ༨༢། བསོད་ནམས་རྒྱལ་མཚན་ལ་འོས་གྲངས་ ༢༦། རི་འགོ་སྤྲུལ་སྐུར་འོས་གྲངས་ ༢༢། ཚེ་རིང་ཕུན་ཚོགས་ལ་འོས་གྲངས་ ༡༣། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་འོས་གྲངས་ ༡༡། ངག་དབང་སྙན་གྲགས་ལ་འོས་གྲངས་ ༦། མཁན་པོ་ཚེ་དབང་ལ་འོས་གྲངས་ ༥ བཅས་རེད།

བོན་པོའི་སྤྱི་འཐུས་འོས་མི་ཁག་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལ་འོས་གྲངས་ ༧༠ ། བ་ར་ཚེ་དབང་བཀྲ་ཤིས་འོས་གྲངས་ ༤༡། གཡུང་དྲུང་རིན་ཆེན་ལ་འོས་གྲངས་ ༢༢། བྱ་དོར་བསོད་ནམས་བཟང་པོར་འོས་གྲངས་ ༡༩། དགེ་བཤེས་རྣམ་དག་གཙུག་ཕུད་འོས་གྲངས་ ༡༨། བློ་བཟང་རྒྱ་མཚོར་འོས་གྲངས་ ༦། ཟླ་བ་དར་རྒྱས་ལ་འོས་གྲངས་ ༤། གཡུང་དྲུང་འཆི་མེད་ལ་འོས་གྲངས་ ༣། བློ་ལྡན་ཉི་མར་འོས་གྲངས་ ༢། དགེ་བཤེས་སྐལ་བཟང་ལ་འོས་གྲངས་ ༡ བཅས་རེད།

བཀའ་བརྒྱུད་སྤྱི་འཐུས་འོས་མི་ཁག་ནི། བསྟན་པ་ཡར་འཕེལ་ལ་འོས་གྲངས་ ༣༣༥ ། ཀརྨ་ཆོས་འཕེལ་ལ་འོས་གྲངས་ ༢༢༩། ཁང་དཀར་དབང་ཕྱུག་རྡོ་རྗེ་ལ་འོས་གྲངས་ ༡༦༥། བླ་མ་འཕྲིན་ལས་ལ་འོས་གྲངས་ ༡༤༢། སྤྲུལ་སྐུ་ཀརྨ་རིན་ཆེན་ལ་འོས་གྲངས་ ༡༡༩། བྱམས་པ་དཔལ་ལྡན་ལ་འོས་གྲངས་ ༨༤། དོན་འགྲུབ་ཕུན་ཚོགས་ལ་འོས་གྲངས་ ༦༩། བསོད་ནམས་དགྲ་འདུལ་ལ་འོས་གྲངས་ ༥༡། ཀུན་དགའ་ལ་འོས་གྲངས་ ༢༣།  དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༩ བཅས་རེད།

དགེ་ལུགས་སྤྱི་འཐུས་འོས་མི་ཁག་ནི། རོང་བོ་བློ་བཟང་སྙན་གྲགས་ལ་འོས་གྲངས་ ༡༢༢༨ ། ཨ་ཀྲུག་ཚེ་བརྟན་ལ་འོས་གྲངས་ ༡༢༢༨། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འོས་གྲངས་ ༨༠༡། དགེ་བཤེས་བློ་བཟང་ལ་འོས་གྲངས་ ༥༢༩། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་འོས་གྲངས་ ༣༩༣། དགེ་བཤེས་བསྟན་འཛིན་དར་རྒྱས་ལ་འོས་གྲངས་ ༢༧༠། དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་འོས་གྲངས་ ༢༡༦། དཔལ་ལྡན་ཆོས་གྲགས་ལ་འོས་གྲངས་ ༡༩༣། དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག་འོས་གྲངས་ ༡༣༥། བློ་བཟང་ཕན་བདེ་ལ་འོས་གྲངས་ ༨༤ བཅས་རེད།  

ཨ་རི་དང་ཁེ་ན་ཌའི་སྤྱི་འཐུས་འོས་མི་ཁག་ནི། བཀྲ་ཤིས་རྣམ་རྒྱལ་ལ་འོས་གྲངས་ ༡༠༤༦ ། ནོར་བུ་ཚེ་རིང་ལ་འོས་གྲངས་ ༨༢༦། དངོས་གྲུབ་ཚེ་རིང་ལ་འོས་གྲངས་ ༤༡༤།  ཀུན་དགའ་འཕྲིན་ལས་འོས་གྲངས་ ༣༨༤། བཀྲ་ཤིས་ཕུན་ཚོགས་ལ་འོས་གྲངས་ ༣༤༣། བསྟན་འཛིན་རྡོ་རྗེ་ལ་འོས་གྲངས་ ༣༣༢། བདེ་སྐྱིད་ཆོས་དབྱངས་ལ་འོས་གྲངས་ ༣༡༥། བློ་བཟང་ཉི་མར་འོས་གྲངས་ ༢༡༡། ཚེ་དབང་དངོས་གྲུབ་ལ་འོས་གྲངས་ ༢༠༥། འཕྲིན་ལས་འོད་ཟེར་ལ་འོས་གྲངས་ ༡༥༩ བཅས་རེད།

ཡུ་རོབ་ཁུལ་གྱི་སྤྱི་འཐུས་འོས་མི་ཁག་ནི། ཐུབ་བསྟན་དབང་ཆེན་ལ་འོས་གྲངས་ ༦༥༧ ། དབང་པོ་བཀྲེས་མཐོང་ལ་འོས་གྲངས་ ༤༣༠། ཆུང་བདག་ཀོ་རིན་ལ་འོས་གྲངས་ ༤༢༧། ཚེ་རིང་རྡོ་རྗེ་གསང་གླིང་འོས་གྲངས་ ༣༥༩། བསམ་མདོ་བྱམས་པ་ཚེ་རིང་ལ་འོས་གྲངས་ ༢༥༢། སྨོན་མཁར་བསོད་ནམས་ཕུན་ཚོགས་ལ་འོས་གྲངས་ ༡༩༢། རིག་འཛིན་རྡོ་རྗེ་འོར་པ་ལ་འོས་གྲངས་ ༡༦༤། ཐུབ་བསྟན་རྒྱ་མཚོར་འོས་གྲངས་ ༨༦། རྟའུ་བློ་བཟང་དཔལ་ལྡན་འོས་གྲངས་ ༦༠། ཆོས་རྒྱལ་བསྟན་འཛིན་འོས་གྲངས་ ༤༦ བཅས་རེད།

 

ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་དེབ་སྐྱེལ་གནང་མཁན་གྲངས་ ༧༩༠༠༠ ཙམ་བྱུང་ཡོད་པ་ལས་ས་གནས་ཁག་ ༥༠ ཙམ་དུ་སྔོན་འགྲོའི་འོས་བསྡུར་དངོས་སུ་ཞུགས་མཁན་ ༤༧༠༠༠ ཙམ་བྱུང་ཡོད་འདུག་ལ། གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་ཀྱིས་འོས་བསྡུ་དང་འབྲེལ་བའི་དོན་ཚན་འགའ་གསལ་བཤད་གནང་བ་ལྟར་ན། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་འོས་ཤོག་ལྡུག་རྒྱུའི་ཆ་རྐྱེན་ཚང་ཡོད་ཀྱང་། སྔོན་འགྲོའི་སྐབས་དེབ་སྐྱེལ་བྱས་མེད་སྟབས་འོས་ལྡུག་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། དེ་དག་གི་ཆེད་དུ་ང་ཚོས་གོ་བསྡུར་བྱས་ཏེ། བསྐྱར་དུ་ཁོང་ཚོར་དེབ་སྐྱེལ་གཉིས་པ་བྱ་རྒྱུའི་དུས་ཚོད་ཅིག་བཟོས་ཡོད། དེ་ནི་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡༧ བར་ཡིན། ས་གནས་འོས་བསྡུའི་འགན་འཛིན་རྣམ་པས་དེབ་སྐྱེལ་མིང་གཞུང་དེ་ཕྱི་ཟླ་ ༡ ཚེས་ ༢༤ འགྱངས་མེད་ཐོག་དབུས་ལ་འབྱོར་དགོས་སྐོར་གསུངས་སོང་།

གཞན། བལ་ཡུལ་དང་འབྲུག་ཡུལ་ནང་གི་འོས་སྒམ་གྱི་གནད་དོན་སྐོར་ལ། བལ་ཡུལ་ནང་ས་གནས་ཁག་ ༦ ཏུ་འོས་བསྡུ་གོ་སྒྲིག་ཞུས་པ་རེད། དེ་དག་ལས་འབྱོར་བའི་འོས་བསྡུའི་དེབ་སྐྱེལ་ཟིན་པ་གྲངས་ ༡༡༦༢༠ ཙམ་ང་ཚོར་འབྱོར་སོང་ལ། རྗེས་སུ་འོས་ཤོག་འཕངས་ཏེ་ང་ཚོར་འབྱོར་བ་གྲངས་ ༣༦༢༣ ཙམ་རེད། འཕགས་ཤིང་དང་མཆོད་རྟེན་ཁུལ་ནས་འོས་སྒམ་ ༡༨ འཕྲོགས་སོང་བ་དེ་ཁ་སང་བར་ཐབས་ཤེས་བྱས་ཀྱང་རག་ཡོད་པ་མ་རེད། དེར་བརྟེན། བལ་ཡུལ་ནས་འོས་ཤོག་རྩིས་མེད་ཟེར་གྱི་མེད། འཕྲོ་བརླག་ཏུ་ཕྱིན་པ་ཆིག་སྟོང་ལྷག་ཙམ་ཡོད་པ་རེད། དེ་བཞིན། འབྲུག་ཡུལ་གཞུང་གིས་ཀྱང་ཐེངས་འདིའི་བོད་མིའི་འོས་སྒམ་བཀག་སྡོམ་བྱས་ཏེ། དབུས་འོས་བསྡུ་ལྷན་ཁང་ལ་བསྐྱལ་ཐུབ་ཡོད་པ་མེད་རེད། དེར་བརྟེན། འབྲུག་ཡུལ་ནས་ཀྱང་འོས་ཤོག་ ༦༡༣ ཙམ་འཕྲོ་བརླག་ཏུ་ཕྱིན་སོང་། ཞེས་གསུངས་སོང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 108

  1. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    མི་རྒན་ཆང་གིས་བཟི་ཀྱང་དམ་ཚིག་བློ་ལ་ཡོད་ཞེས་འཇིག་རྟེན་གྱི་ཁ་རྒྱུན་ཡོད་པ་བཞིན་དུ་མཆོག་ཏུ་གྱུར་པའི་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་ཆང་གིས་བཟི་ནས་་་་་་ཨ་མ་དང་མནའ་མ་ནོར་མྱོང་མེད་ལ་སྤྱི་འཐུས་དང་ཆབ་སྲིད་བཙོན་པ་དེ་བའི་ནོར་མྱོང་མེད་པ་བཀའ་བརྒྱུད་པ་ཡོངས་ཀྱི་མཁྱེན་གསལ་རེད།

    མཁས་དབང་དགེ་ཆོས་ཆང་གིས་བཟི་ནས་བོད་རྒྱལ་ཁབ་ཙོང་མྱོང་མེད་ཀྱང་ཉེས་མེད་བཙོན་པ་ཞིག་ཆགས་མྱོང་ཡོད་པ་ནི་བོད་ཀྱི་སྐྱུག་བྲོ་བའི་ལོ་རྒྱུས་ཤིག་ཡིན།

    དབང་དགེ་ཆོས་ལ་ཡང་ར་བཟི་དང་སྨྱོ་པ་རེད་ཞེས་འབོད་མྱོང་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་སུ་ཀྱང་མཁྱེན་ངེས་རེད།

    ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ཡིས་ཁྱེར་དུས། འགྱོད་པ་སྐྱེས་ཀྱང་ཕྱིར་འདུག

    Reply
  2. delekp says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་ནས་བཀའ་ཁྲི་དང་སྤྱི་འཐུས་འོས་གཞིའི་ནང་ཡོད་པ་ཁ་ཤས་ཀྱི་མིང་ནོར་བ་དང་ཁ་ཤས་ཀྱི་འོས་ཐོབ་ཨང་གྲངས་ནོར་མེད་དམ་སྙམ།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    ཚེ་སྔོན་ལས་སྨོན་གྱི་དབང་གིས་ང་རང་དཔལ་མཉམ་མེད་དྭག་པོ་བཀའ་རྒྱུད་པའི་ཆོས་ལུགས་ལ་ཉམས་ལེན་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ངོས་ད་རེས་སྤྱི་འཐུས་ཀྱི་ཚོགས་ཟུར་ཁོ་ཐུག་པ་ར་རོ་བ་ཀརྨ་ཆོས་འཕེལ་རང་ཁོངས་ཆོས་རྒྱུད་ཀྱི་སྤྱི་འཐུས་འོས་མིར་སླེབས་པར་ཆེས་བློ་ཕམ་བྱུང་།
    རང་རེའི་ཆོས་གྲོགས་རྣམ་པས་ཐུགས་བསམ་ཡག་པོ་ཞིག་བཞེས་ནས་ཐུག་པ་ར་བཟི་ཁོ་རང་ཅག་གི་ཆོས་ལུགས་ཀྱི་འཐུས་མིར་འོས་མི་བླུག་ན་བཟང་།
    ཆོས་གྲོགས་རྣམ་པས་ཐུགས་བསམ་ཞེ་རོགས་གནང་གནང་གནང་གནང།

    Reply
  4. འཇམ་དཔལ་རྣོན་པོ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་ཚིག་མཛོད་ལ་ཁྱད་ཆོས་འདུག བཀའ་དྲིན་ཆེ། བོད་རྒྱ་ཚིག་ལས་ལྷག་གི་བོད་ཀྱི་ཚིག་མཛོད་ཅིག་མ་བྱུང་མི་འབྱུང་བ་ལྟ་བུ་ཡིན། ཁྱེད་ཀྱིས་དེ་གཞིར་བཟུང་བྱས་འདུག དཔེ་ཡག་པོ་རེད། བོད་པའི་ཚིག་མཛོད་ཆུང་ཆུང་ཚོའི་ནང་ན་བོད་རྒྱ་ཚིག་མཛོད་ནང་དུ་མེད་པའི་གཅིག་ཀྱང་མེད་ཅེས་བཤད་ན་རྫུན་དུ་མི་འགྱུར།

    Reply
  5. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    མཆན་འབྲི་པ་ཡོངས་ལ་ཞུ་རྒྱུ་ མཆན་འབྲི་སྐབས་ཐོབ་ཐང་ཡོད་པ་བཞིན་དུ་སྤྱི་ཚོགས་ལྷིང་འཇགས་ཀྱི་འགན་ཁུར་དགོས་པ་དེ་ཡང་ཤེས་དགོས་པའི་གནད་དོན་ཞིག་ཡིན། ཐུགས་རྗེ་ཆེ། ང་ནི་ཆོལ་ཁ་ཆོས་ལུགས་ཀྱི་སྐོར་མཆན་མཐོང་ཐོས་བྱུང་བྱུང་ཉིད་ཀྱིས་ཐ་སྙད་འདི་དག་ལ་ཞེན་པ་གཏིང་ནས་ལོག་སོང་

    Reply
  6. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ༸གོང་ས་སྐྱབས་མགོན་མཆོག་དང་། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་བཅས་ཚང་མ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་མི་ཆོག་པའི་འགྲོ་ལུགས་གང་ཡང་མི་ཤེས་པར་ཁྱེད་རང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་མཐོང་ཆུང་དང་དམའ་འབེབས། ཁྱད་གསོད་བྱས་ཏེ་ཁས་ལེན་མི་བྱེད་པ་འདི་ནི་རང་ཉིད་ཀྱི་བླུན་རྨོངས་དང་སྨྱོན་པའི་རྟགས་མཚན་ཡང་བསྐྱར་གསལ་བར་མངོན་ཡོད།

    Reply
  7. འཇམ་ཚུལ། says:
    ལོ་ 14 སྔོན།

    འདིའི་མཆན་འདི་ཚོ་ལ་བལྟས་ན་སྙང་རྩ་ཡང་འདར་བཞིན་འདུག
    ད་དུང་ང་ཚོའི་སྤྱི་འཚོགས་འདི་གསར་རྙིང་གི་ལྟ་བ་དང་ཕྱོགས་འཐེན་གྱི་དྲི་མས་སྦག་འདུག འདིའི་ཆོལ་ཁའི་འོས་གཞི་རྣམས་ལ་ལྟས་ན་གྲོས་ཚོགས་སྐབས་བརྒྱད་པའི་བྱུང་རབས་དང་ཉན་ཞིབ་ཚོགས་འདུའི་སྐབས་ཀྱི་གཏམ་བཤད་མཁན་རྣམས་ཀྱི་སྐད་ཆ་དག་མ་གོ་བ་དང་ཡང་ན་བརྗེད་པ་འདྲ། གལ་ཏེ་དྲན་པ་ཡོད་ན་ཁོང་ཚོས་སྐད་ཆ་དག་ལ་ཁྱེད་ཚོས་ཀྱང་འདོད་པ་ཡོད་པ་ཡིན་ནམ། ཡིན་ན་༸གོང་ས་མཆོག་གིས་ད་ལྟའི་སྲིད་བྱོས་ལ་འགྱུར་བ་གཏོང་དགོས་མིན་མང་འཚོགས་ཀྱི་བསམ་འཆར་བསྡུ་དགོས་པའི་བཀའ་གནང་ནས་བསམ་འཆར་བསྡུས་མཐར་སྤྱི་མོས་ཀྱིས་༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱིད་ཀྱིས་ཐུགས་ཐགས་གང་བཅད་ལ་ཤར་བསྐྱོད་བྱ་རྒྱུའི་རླབས་ཆེན་གྱི་ཁས་ལེན་ཞུས་པ་མ་ཡིན།
    ཡང་རིགས་འདོན་པ་༼གདོང་དམར་བུ་༽ཟེར་བ་ཁྱོད་དོན་ངོས་དྲང་ཐིག་ལ་གནས་ན་ཁྱོད་ཀྱིས་ཐེར་འདོན་བྱས་པའི་ཁོངས་སུ་བོན་པོའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་མི་འཇོག་པའི་རྒྱུ་མཚན་ཅི་ཡིན། མ་གཞིར་ཁྱེད་རང་བཤད་ལ་དགའ་བ་ཙམ་ཞིག་རེད་འདུག གང་ཡིན་ཟེར་ན་ཁྱོད་ཀྱིས་སྤྱི་འཐུས་གྲོས་ཚོགས་ནང་དུ་གྲོས་འཆར་ཡིག་ཆ་ཡོང་སྟངས་ཙམ་ཡང་ཤེས་མེད་ཚོད་ཙམ་དུ་སེམས། འོན་ཀྱང་དེ་ལ་སྐྱོན་ཆེར་མེད་མོད་ཡིན་ཡང་རང་གིས་མ་ཤེས་ན་གཞན་ལ་དྲིས་ན་མི་འགྲིག་གམ། གང་ཡིན་ཟེར་ན་གྲོས་ཚོགས་ར་བའི་ནང་དུ་སྒེར་གྱི་བསམ་འཆར་ཡིག་ཆ་སྒྲོག་སྦྱང་བྱེད་པ་རུ་རང་གི་གང་འདོད་ལྟར་མ་ཡིན་པར་ཁྲིམས་ལུགས་ལྟར་འགྲོ་དགོས་པས་སྒྲོག་སྦྱང་མ་བྱས་སྔོན་ལ་སྒྲོག་སྦྱང་བྱས་ན་འགྲིག་མིན་དེར་ཁྲིམས་ལུགས་ལྟར་ཞིབ་དཔྱོད་བྱེད་མཁན་ཡོད་པས་འདི་ནི་མང་གཙོའི་ལེགས་བྱང་ཞིག་རེད། སྐབས་དེའི་དགྲ་དགའ་གཉེན་སྡུག་གི་བྱུང་རྐྱེན་གཙོ་བོ་ནི་སྐབས་དེར་འཐུས་མི་རང་གི་བསམ་འཆར་བཤད་རྐྱང་བྱས་ནས་གཞན་གྱི་བསམ་འཆར་ལ་ཉན་འཇོགས་མི་བྱེད་པར་ཕྱི་ལ་ཐོན་འགྲོ་མཁན་སྒེར་གཅོད་རང་ལུགས་པ་ཚོ་རེད། འདི་ཙམ་ཡང་མི་ཤེས་པར་རི་བོང་ཅལ་འདྲོགས་བྱས་ནས་ད་དུང་ཕར་ཆེར་རང་གི་ལ་རྒྱ་དང་ཆོལ་ཁའི་ཞེན་ཁོག་སྐྱོང་བཞིན་ཡོད་པས་ཁེངས་སེམས་དང་བཅས་ཡོད་པ་འདྲ། ངའི་སྐད་ཆ་འདི་དག་ཐུགས་ལ་མི་ཕོགས་པར་བློ་སྒོ་འབྱེད་པའི་ཆ་རྐྱེན་ཞིག་ཏུ་འགྱུར་བའི་རེ་བ་ཡོད། དགའ་འོས་པ་ཞིག་ལ་བཀའ་ཁྲིའི་འོས་གཞི་འདི་ཕར་ཆེར་ཡང་དག་པའི་ལམ་བུ་ཞིག་ཏུ་འགོ་རྩོམ་ཐུབ་པ་འདྲ། འོན་ཀྱང་ད་དུང་ཡིད་གཟབ་མ་བྱས་ན་ཟ་དང་ཟུར་ནས་སྐུ་དྲག་གི་དྲི་མ་ཡལ་མི་འདུག་གོ

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    ཁ་བའི་འོད་མདངས་ལགས། ན་ནིང་ལོ་དང་དབུས་གཙང་དབུས་རྒྱུན་ནས་དེ་འདྲ་ཞིག་བཤད་རུང་རྗེས་སུ་བོད་རིགས་སྤུན་ཟླ་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་ཆེད། དབུས་གཙང་དབུས་རྒྱུན་ནས་བཏོན་ ༢༠༡༡ ལོའི་བཀའ་སྤྱིའི་འོས་གཞིའི་ནང་དུ་སྤྱི་འཐུས་ཚོགས་ཟུར་སྐུ་ངོ་ཀརྨ་ཆོས་འཕེལ་བཞག་ཡོད་པ་ཙམ་དུ་མ་ཟད་ཨང་གྲངས་ཀྱང་མཐོ་གྲས་སུ་བཞག་འདུག ཡིག་ཆ་དེབ་ཆུང་གཅིག་བཟོས་ཏེ་དེ་རིང་སང་ཉིན་ག་ས་ག་བར་འདུག་པ་དེ་རེད།
    དཔལ་འགྲོ་མགོན་བཀའ་བརྒྱུད་པའི་སྤྱི་འཐུས་ཀྱི་དངོས་གཞིར་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་ཕེབས་ཐུབ་པའི་ཡིད་ཆེས་ཡོད་ལ་འདི་ནི་བཀའ་བརྒྱུད་པ་ལ་མཚོན་ན་དགའ་འོས་པའི་གནད་དོན་ཞིག་ཡིན།

    Reply
  9. GYAMTSO says:
    ལོ་ 14 སྔོན།

    སྔོན་འགྲོའི་འོས་བསྡུས་ཡག་པོ་བྱུང་འདུག ཡིན་ནའང་འོས་བསྡུས་ལྷན་ཁང་གི་དབུས་འཛིན་རྣམ་པ་བོདཆས་ལ་དགའ་བོ་མེད་ས་རེད། དེང་སང་བོད་ནང་ན་གཞུང་སྒེར་དབྱེ་བ་མེད་པར་མཛད་སྒོ་ཆེ་ཆུང་གང་ཡིན་རུང་བོད་སྐད་བཤད་རྒྱུ་དང་བོད་ཆས་གྱོན་རྒྱུ་རྩ་འཛིན་གནང་གི་ཡོད། ཁོང་ཚོ་མེ་སྒྱོགས་འོག་ནས་བོད་སྐད་དང་བོད་ཆས་རྒྱུན་འཛིན་གནང་ཐུབ་ན་རང་དབང་ལུང་བའི་ནང་གི་ངོ་སྔོ་ལྷག་བསམ་ཅན་རྣམས་པའི་བོད་ཆས་ཙམ་ཡང་གྱོན་མི་ཐུབ་ན་བོད་བསྟན་སྲིད་ཀྱི་ལས་ཀ་ཞིག་གང་ནས་བསྒྲུབ་་་་སྐྱོ་པ་ལ་་་་བཙན་བྱོལ་ནང་གི་བོད་པ་ཚོ་་རྒྱ་ཆས་གྱོན་རྒྱུ་་་དགའ་ནི་འདི་ཅི་ཞིག་རེད།

    Reply
  10. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་མ་འོང་པའི་བཀའ་ཁྲིའི་མཚན་ཉིད་ཆ་ཚང་ལྡན་པ་ཞིག་ལ་བོད་དམངས་ནས་ངོས་འཛིན་ཁ་གསལ་བྱུང་ཡོད་པ་ནི་སྔོན་འགྲོའི་འོས་གྲངས་ལ་བལྟས་ན་ཤེས་འདོད་མེད་ཀྱང་ཤེས་དགོས་པ་ཞིག་ཆགས་ཡོད།
    མཁས་དབང་བློ་བཟང་སེང་གེ་མཆོག་ནས་བགྲོ་གླེང་བྱས་པའི་གཏམ་བཤད་ཁག་ལ་གཞིགས་ན།
    ཁོང་གི་རང་བཞིན་གྱི་ཡོན་ཏན་སྐྱེས་སྟོབས་ཀྱི་ཡོན་ཏན་དང་སྦྱངས་པའི་ཡོན་ལྷག་བསམ་དང་དྲང་བདེན་སྤོབས་པ་སེམས་ཤུགས་སོགས་མི་འདོད་བཞིན་དུ་མཐོང་དགོས་པ་ཆགས་ཡོད།
    ཁོང་གི་ཡོན་ཏན་ནི།
    1་ན་གཞོན་ཡིན་པ་
    གཟི་བརྗིད་ལྡན་པ་ཕོ་ཉམས་དོད་པོ།
    བཤད་ཕོད་པ་བསམ་ཕོད་པ།
    སྤོབས་པ་ཡོད་པ།
    གདེང་ཚོད་ཡོད་པ།
    ཤེས་བྱའི་ཡོན་ཏན་ཡོད་པ།
    རྒྱ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་ཁྲིམས་ལ་མཁན་པ།
    སྐད་རིགས་ལ་མཁས་པ།
    རྙོག་གླེང་བྱུང་བའི་ལོ་རྒྱུས་མེད་པ།
    འཇོན་ཐང་མེད་པའི་འབྲས་རྟགས་མེད་པ།
    ལྐོག་ཟ་དང་ཕྱོགས་ཞེན་བྱས་པའི་ཉམས་མྱོང་མེད་པ་སོགས་་
    ཁོང་ལ་མངའ་་བའི་ཡོན་ཏན་དེ་དག་ནི་སེམས་ལ་སྐྱོན་མེད་པ་དང་ཕྱོགས་ལྷུང་ནད་རྙིང་གིས་ཟིན་པ་མིན་པ་བློ་ཟུར་བོར་གནས་པ་དེ་དག་གིས་མཐོང་བཞིན་པ་དང་མི་དམངས་ཀྱི་ཁྲོད་དུ་ཇེ་ཇེ་གསལ་གསལ་དུ་འགྲོ་བཞིན་པ་ནི་།་ཤེས་མི་འདོད་པ་དང་མཐོང་འདོད་པ་རྣམས་ཀྱིས་ཀྱང་མཐོང་ངོ།

    Reply
  11. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མི་བཅུ་ནི། ཨང་དང་པོ་འབའ་བ་སྐལ་བཟང་རྒྱལ་མཚན། ཨང་གཉིས་པ་འཇུ་ཆེན་དཀོན་མཆོག ཨང་གསུམ་པ་སེར་རྟ་ཚུལ་ཁྲིམས། ཚུལ་ཁྲིམས་བསྟན་འཛིན། བཀྲིས་དབང་འདུས། དགེ་བཤེས་གཡུང་དྲུང་རྒྱལ་མཚན། དབུ་དཀར་ཚང་གཡུ་སྒྲོན། གངས་ལྷ་མོ། ཆོས་སྐྱོང་དབང་ཕྱུག་རྣམས་ལ་སྔོན་འགྲོའི་འོས་ཐོབ་པ་ལ་བཀྲིས་བདེ་ལེགས་ཡོད། དགའ་པོ་བྱུང།།

    Reply
  12. སེང་ཕྲུག says:
    ལོ་ 14 སྔོན།

    ད་རེས་སྔོན་འགྲོ་འོས་གཞི་ནང་ལ། དབུས་གཙང་ཆོལ་ཁས། ཞབས་འདྲེན་ཞུས་འདུག
    དེ་ནི་ཁ་སང་སྔོན་མ་དབུས་གཙང་ཚོགས་གཙོ། སྒྲོལ་མ་ཚེ་རིང་གིས་ཆོལ་ཁ་ལ་ཞེན་ཁོག་ཡོད་མཁན་གྱི་ཁྱད་ཆོས་གཏོན་པ་བཞིན། ད་རེས་སྔོན་འགྲོའི་ནང་ལའང་། དེ་ག་ནང་བཞིན། དབུས་གཙང་མི་མང་གིས་ཀྱང་ཤུགས་རྒྱབ་འདུག་ཡོད་པ་གསལ་པོ་བྱུང་བ་རེད།

    སྔོན་མ་སྒྲོལ་མ་ཚེ་རིང་གིས་ལབ་དུས། དབུས་གཙང་མི་མང་གི་མངོན་འདོད་མིན་ལུགས་མང་པོ་ཞིག་བཤད་སོང་ཡང་། ད་རེས་མི་མང་གི་ནུས་པ་ལ་བརྟག་དུས། དེའང་དབུས་གཙང་མི་མང་གི་མངོན་འདོད་ཅིག་ཡིན་པ་གསལ་པོ་ར་འཕྲོད་ཡོད།

    རྒྱུ་མཚན་འདི་དག་ལ་བརྟེན་ནས། ཆོལ་ཁ་གཞན་པ་གཉིས་ཀྱང་སྔོན་འགྲོའི་འོས་གཞིར་བཏོན་རྒྱུར་འགྱུར་ལྡོག་དང་། ངན་ཤུགས་འཚབ་ཆེན་ཐེབས་ཡོད་ལ། དེ་ལས་ཀྱང་ད་རེས་དབུས་གཙང་མི་མང་གི་བྱེད་ཐབས་འདི་ལ་བརྟེན་ནས། མདོ་སྟོད་སྨད་ཀྱི་མི་མང་བྱིངས་ལ་ཚོར་རྣོན་པོ་ཞིག་དང་། དྲན་བསྐུལ་གསལ་པོ་ཞིག་སྤྲད་སོང།

    དེ་ག་ནང་བཞིན། ཆོས་བརྒྱུད་ཁ་ཤས་ཀྱིས་ཀྱང་དེ་ལྟར་མཁྲེག་བཟུང་བྱས་ཡོད་ཁུ་དྲན།

    Reply
  13. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་བཀའ་བརྒྱུད་པའི་སྤྱི་འཐུས་ཕེབས་པར་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཡོད། སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་ནི་ཤེས་ཡོན། འཇོན་ཐང་། ལྷག་བསམ། ཉམས་མྱོང་གང་ཅིའི་ཐད་ཕུལ་བྱུང་གི་མི་སྣ་ཞིག་ཡིན།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    འགྱུར་མེད་ལགས། ཁྱེད་རང་གིས་གཉིད་ལབ་བརྒྱབ་ཀྱི་ཡོད་དམ། བོད་ཡིག་ཡག་པོ་བཀླགས་ཤེས་ཀྱི་མེད་པས་རེད། ང་ཅོ་རིས་བཏབ་པའི་མཆན་བུ་འདི་རེད། འདིའི་ནང་དུ་ཤེས་བཟང་དཔའ་པོ་རེད་བྲིས་འདུག་པས།་ཧཧཧཧཧཧཧ ཡག་པོ་ཀློག་་་་་དེ་ནས་ཅིག་བཤད་མདོག་མདོག་བྱོས་དང་དགའ།

    སྔོན་འགྲོའི་འོས་མང་ཉུང་ལ་བལྟས་ན་མ་འོང་བཀའ་ཁྲི་བློ་བཟང་སེང་གེ་ཕེབས་ཀྱི་ཡོད་པར་བཀྲ་ཤིས་བདེ་ལེགས་ཞུ།

    བཙན་བྱོལ་སྤྱི་ཚོགས་ནང་གི་མཆོག་ཏུ་གྱུར་པའི་མི་བུ་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་བཀའ་བརྒྱུད་པའི་སྤྱི་འཐུས་ཕེབས་པར་དགའ་བསུ་ཞུ།

    ཁྱེད་ནི་དྲང་བདེན་ཅན་གྱི་མི་བུ་ཞིག་རེད།
    ཁྱེད་ནི་རྒྱལ་ཞེན་ཅན་གྱི་སྐྱེ་བོ་ཞིག་རེད།
    ཁྱེད་ནི་ཤེས་ཡོན་ཅན་གྱི་མི་བུ་ཞིག་རེད།
    ཁྱེད་ནི་ལ་རྒྱ་ཅན་གྱི་དཔའ་པོ་ཞིག་རེད།
    ཁྱེད་ནི་ཉམ་ཐག་སྐྱོང་བའི་སྤྱི་འཐུས་ཤིག་རེད།
    ཁྱེད་ནི་ཉམས་མྱོང་ཅན་མི་རྒན་ཞིག་རེད།
    ཁྱེད་ནི་བོད་ལ་མཁོ་བའི་སྤྱི་འཐུས་ཤིག་རེད།

    ཁྱེད་མ་འོས་སྤྱི་འཐུས་ཚོགས་གཙོ་ཆགས་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།

    གསར་དུ་འོས་མི་ནང་དུ་ཕེབས་པའི་ཨ་མཆོད་ཀླུ་མཁར་བྱམས་དང་སློབ་དཔོན་འཆམ་ར་དྲི་མེད་རྒྱལ་མཚན་གཉིས་ལ་དགའ་བསུ་ཞུ།

    Reply
  15. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། ད་ལྟ་ཁྱོད་ཀྱི་ཀླད་པ་རྨོངས་ཡོད་པར་མ་ཟད་མིག་ཀྱང་ལོང་བར་གྱུར་འདུག ཁྱེད་རང་གིས་༼མིན་འགྲོ༽ ༼ཕལ་ཆེར༽ ༼ཧ་ལམ༽་ཞེས་བཀོད་ཟིན་ནས་ངས་བཀོད་པ་རེད་ཅེས་ལབ་ན་ད་ལྟ་ཁྱེད་ནི་ཉིན་མཚན་དང་རང་གཞན་གྱི་ཁྱད་པར་གང་ཡང་མི་ཤེས་པའི་སྨྱོན་པ་ཞིག་ཏུ་གྱུར་མེད་དམ།

    Reply
  16. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པ་སྨྲ་བ་ལགས། ཁྱེད་ཀྱིས་ཨུ་ཚུགས་མ་རྒྱག འོ་ན། གྲོས་ཚོགས་ནང་ཁྲིམས་བཟོ་ལྷན་ཚོགས་འཛུགས་དོན་ཅི་ཡིན་ནམ། ཁྲིམས་ཞེས་པ་དེ་མེད་པ་ནས་ཡོད་པ། ཡོད་པ་ནས་འཐུས་ཚང་དུ་གཏོང་བཞིན་པ་ཞིག་ལས་འགྱུར་མེད་རྟག་བརྟན་ཞིག་རྩ་བ་ཉིད་ནས་མིན་པར་མ་ཟད། བར་གླགས་བརྙེད་ཐབས་མེད་པའི་ཕྱོགས་སུ་འཕེལ་བཞིན་པ་ཞིག་ཡིན་ལ། ཚོགས་གཙོ་སྤེན་པ་ཚེ་རིང་ནང་བཞིན་བཀའ་བློན་ཡོང་ན་བཀའ་བློན་དང་བཀའ་བློན་མ་ཡོང་ན་སྤྱི་འཐུས་འཇུ་ཆོག་པ་ཞིག་མིན། ཡིན་ནའང་། ཐེངས་འདིར་ཁྲིམས་ལུགས་འཐུས་སྒོ་མ་ཚང་བའི་སྐབས་གླགས་སུ་འཛུལ་བ་ཞིག་ཡིན་པས། ཐེངས་རྗེས་མར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདིའི་ཐད་ཁ་གསབ་གཏོང་ངེས་པ་ཐེངས་འདིའི་དོན་རྐྱེན་འདིས་གཏན་ལ་འཁེལ་ཡོད། གལ་སྲིད་ཁྱེད་རང་ལྟར་ན། འཇིག་རྟེན་ཡང་རྟག་པར་ཁས་ལེན་དགོས་པ་ཆགས་ཡོད་པས། འདིར་འཆལ་ལྟ་ཞེས་ནང་བའི་གཞུང་དུ་གསུངས་ཡོད་པ་རིགས་སྨྲ་ཞིག་གིས་ཤེས་གལ་ཆེ།

    Reply
  17. རྨོངས་སད་སྒྲོན་མེ། says:
    ལོ་ 14 སྔོན།

    བཙན་པོའི་སྙིང་སྟོབས་སྐྱོང་བའི་གདོང་དམར་བརྒྱུད།།
    དྲང་ཚུགས་དོན་ལ་བཀུར་པའི་གདོང་དམར་བརྒྱུད།།
    རང་རིགས་ཞེན་པ་དཀར་བའི་གདོང་དམར་བརྒྱུད།།
    གདོང་དམར་མི་གཤིས་དེ་ལྟར་སྐྱོང་བ་རིགས།།

    ཆོལ་གསུམ་སྤུན་ཟླ་རྣམས་ཀྱིས་ཆིག་བསྒྲིལ་གྱི་དར་མདུད་དམ་དུ་་བརྩེགས་ཏེ་རང་རེ་ལོ་རྒྱུས་ཀྱི་མེ་ལོང་མཐིལ་དུ་བྱུང་མ་མྱོང་བའི་སྐུ་དྲག་དང་སེར་མོ་བ་གང་ལའང་མ་གཏོགས་པར་མི་ཚང་དཀྱུས་མ་ཞིག་ལས་འཚར་ལོངས་བྱུང་སྟེ་རང་ནུས་ཁོ་ནས་འཛམ་གླིང་གི་སྙན་གྲགས་ཅན་གྱི་ཧར་ཝར་གཙུག་ལགས་སློབ་གཉེར་ཁང་ནས་ཐོན་པའི་ཁྲིམས་ཀྱི་འབུམ་རམས་པ་དང་མཁས་དབང་ཁོང་ལ་བཀའ་ཁྲིའི་འོས་ཤོག་བླུགས་ཡོད་པ་དེས་བཙན་བྱོལ་བོད་མི་རྣམས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་དང་འཐེན་འཁྱེར་གྱི་ངན་སྤྱོད་ཀྱི་རིགས་ཕལ་ཆེར་གཙང་དག་སོང་་ཟིན་པ་ཞིག་མཐོང་ཐུབ་ཀྱི་འདུག་པས། སྤུན་ཟླ་རྣམས་ལ་གུས་འདུད་དང་བཅས་ཏེ་བསྔགས་བརྗོད་དང་མཁས་དབང་ཁོང་བཀའ་ཁྲིའི་སྔོན་འགྲོ་འོས་གཞི་ལས་རྒྱལ་ཁ་ཐོབ་པ་དེར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང། འོས་མི་གཞན་རྣམས་ལའང་འཚམས་འདྲི་ཡོད།

    Reply
  18. ཁ་བའི་འོད་མདངས། says:
    ལོ་ 14 སྔོན།

    བཀྲིས་ལགས། རྒྱུ་མཚན་མེད་པར་དཀྲོགས་གཏམ་མང་པོ་མ་གསུང་ན་ལེགས། གལ་ཏེ་དབུས་གཙང་མི་མང་གིས་ཀརྨ་ཆོས་འཕེལ་ལ་རྒྱབ་སྐྱོར་ཡོད་ན་ཅི་ཕྱིར་དབུས་གཙང་གི་འོས་མིའི་གྲལ་དུ་མ་སླེབས་པ་རེད། མ་ཚད་ལོ་སྔོན་མར་སྤྱི་མཐུས་ཀྱི་ལོ་གྲངས་མ་ཟིན་གོང་ནས་ཀརྨ་ཆོས་འཕེལ་དགོངས་པ་ཞུ་དགོས་རེད་ཅེས་དབུས་གཙང་གིས་ཅི་ཕྱིར་གསུང་པ་རེད། མ་ཚད་ཁོ་རང་གིས་དེ་སྔོན་ཀྱང་མངའ་རིས་མི་མང་གིས་རྒྱབ་སྐྱོར་གནང་བ་རེད་མ་འོངས་པ་ལ་ཡང་མངའ་རིས་མི་མང་གིས་རྒྱབ་སྐྱོར་གནང་གི་རེད་གསུང་པ་སོགས་ཉིད་ཀྱིས་མ་ཐོས་སམ། ཁོང་རང་ལ་དབུས་གཙང་གི་སྤྱི་མཐུས་མི་ཐོབ་པ་ཟུར་བལྟས་ལེབ་མཐོང་རེད། ཁོ་རང་གིས་དེ་སྔོན་ཁོ་རང་བཀའ་བརྒྱུད་པ་ཡིན་བསམ་པའི་བློ་ཙམ་སྐྱེས་མྱོང་མིན་ཐེ་ཚོམ་རེད།

    Reply
  19. གངས་བུ། says:
    ལོ་ 14 སྔོན།

    གདོང་དམར་བུ་ལགས། ཁྱེད་ཀྱིས་གསུང་པ་དེ་ལ་མཐའ་གཅིག་དུ་རྒྱབ་སྐྱོར་ཡོད། བོད་སྤྱི་ལ་ཐུགས་བསམ་བཞེས་ན་ཕྱོགས་ཞེན་དང་ཧམ་ཤེད་ཆེ་ཞིང་། སྙོགས་འཛིང་མང་བའི་སྤྱི་མཐུས་རྙིང་པ་དེ་དག་སླར་ཡང་གྲོས་ཚོགས་སུ་མི་སླེབས་པ་བྱེད་དགོས། གལ་ཏེ་དེ་དག་སླར་ཡང་གྲོས་ཚོགས་སུ་སླེབས་པ་ཡིན་ན་གསར་པ་རྣམས་ལ་ན་ཚ་ངན་པ་དེ་འགོས་ངེས་རེད།

    Reply
  20. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། བོད་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་དམངས་གཙོའི་ལམ་ནས་གཏན་ལ་ཕབ་ཅིང་༸གོང་ས་མཆོག་གིས་མཚན་རྟགས་བཀོད་ཟིན་པའི་བཅའ་ཁྲིམས་ལ་འཐུས་ཚང་མ་ཡིན་པར་བཤད་དེ་ཁྱད་གསོད་དང་དམའ་འབེབས། མཐོང་ཆུང་བྱས་པ་འདི་ནི་ཁྱོད་བླུན་རྨོངས་མཐར་ཐུག་པ་ཞིག་གི་སྐད་ཆ་ཡིན་པ་ལས་འཛམ་གླིང་འདིར་བླུན་རྟགས་དེ་འདྲ་སུས་སྟོན་ནུས་སམ།

    Reply
  21. འགྱུར་མེད says:
    ལོ་ 14 སྔོན།

    དེ་རིང་གི་འོས་འདེབས་ལ་ངོ་དགས་སྐད་ཆ་བཤད་མཁན་རྣམས་ཁྱེད་རྣམས་བདེ་ཐག་ཆོད་ཡ་པོད་ས འོས་མ་འདེབས་སྔར་རོ་དུ་ཁྱེད་ཀྱི་དམངས་ལ་བསམ་ན་དེ་རིང་སྤྱི་རྒྱུ་སྒེ་དག་དང་ཕུགས་སྤྲུག་སོགས་ཀྱི་དྲ་ལམ་ནས་གསལ་ཆ་ཡོད་ན་ཡག་པོ་ཡོད་རེད་མ་གཏོགས་དེ་རིང་འདི་སླེབས་བ་ཕྱིར་ཚར་བ་རེད་དྲན་བཞིན་ཡོད་ ཅོ་རོ་ཉི་མ་ལགས་ཁྱེད་ཀྱི་ཤེས་བཟང་དཔའ་བོ་ཡིན་པ་གང་ནས་རྒྱུས་མངགས་ཡོད་ གལ་སྲིད་དེ་དཔའ་བོ་མིན་ན་ ཁྱེད་ལ་གང་བྱས་ཡ་ཡོད སྔོན་ནས་བསྟོད་པ་འབུལ་ན་ ཁྱེད་ལ་རྗེས་པ་འགྱད་སེམས་ཡོངས་ཀྱིན་རེད་དྲན་སེམས་ལ་འཚེར་སྣང་མི་འདུག་པས་ ལས་གང་བྱས་ཀྱང་རྟག་པར་ན་བདེ་པོ་ཡོད་རེད་དྲན་པ་འཚལ་།་

    Reply
  22. བཀྲ་ཤིས། says:
    ལོ་ 14 སྔོན།

    སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་རྙིང་མའི་སྤྱི་འཐུས་ཀྱི་འོས་གཞིར་ཁྱོན་ནས་ཞུགས་མྱོང་ཡོད་མ་རེད། གནད་དོན་གསལ་བོ་གསལ་རྐྱང་རེད། སྐུ་ངོ་ཁོང་ལ་རི་བོ་དགེ་ལུགས་པས་རྒྱབ་སྐྱོར་ཧ་ལས་པ་ཞིག་བྱས་ཡོད། གནད་དོན་དེ་ནི་སྐུ་ངོ་ཁོང་གི་གཟི་བརྗིད་རེད། དེ་བཞིན་དབུས་གཙང་མི་མང་ནས་ཀྱང་ཁོང་ལ་རྒྱབ་སྐྱོར་རླབས་ཆེན་བྱས་འདུག

    Reply
  23. བཀྲ་ཤིས། says:
    ལོ་ 14 སྔོན།

    བཀའ་བརྒྱུད་སྤྱི་འཐུས་ཀྱི་འོས་གཞི་ ༢ པར་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་ཕེབས་ཐུབ་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཡོད། བཀའ་བརྒྱུད་གྲྭ་བཙུན་མི་མང་ནས་སྐུ་ཀརྨ་ཆོས་འཕེལ་ལགས་སུ་འོས་ངེས་པར་དུ་ལྡུགས་དགོས་པ་རེད། སྤྱིར་བཤད་ན་ཆོས་བརྒྱུད་ཁག་གི་ནང་མགོ་ཚོས་མཁན་དང་སྤྱང་གྲུང་འཛོམ་པ་དེ་དགེ་ལུགས་པ་རེད། དེར་བརྟེན་དགེ་ལུགས་པས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་
    དང་། སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་རྣམ་གཉིས་ལ་འོས་ཤོག་བླུགས་པ་རེད། ཡིན་ན་ཡང་ཁོང་རྣམ་གཉིས་དགོངས་པ་ཞུས་པ་རེད། གནད་དོན་འདི་ནི་ངེད་རི་བོ་དགེ་ལུགས་པ་ལ་མཚོན་ན་གྱོང་རྒུད་ཅིག་རེད་མོད། སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་བཀའ་བརྒྱུད་སྤྱི་འཐུས་སུ་ཕེབས་འདུག་པར་བརྟེན་འདི་བོད་སྤྱི་པའི་བསོད་ནམས་ཤིག་ངོས་འཛིན་བྱས་ཡོད།

    Reply
  24. གདོང་དམར་བུ says:
    ལོ་ 14 སྔོན།

    མདོ་སྨད་ཀྱི་སྒྲོལ་མ་མཚོ་མོ་དང་། དབུས་གཙང་གི་ཟླ་བ་ཚེ་རིང་། མདོ་སྟོད་ཀྱི་གཡུ་དྲུང་རྒྱལ་མཚན། རྙིང་མའི་རྒྱ་རི་བུ་ཕྲུག ས་སྐྱའི་པདྨ་འབྱུང་གནས། དགེ་ལུགས་ཀྱི་བེ་རི་འཇིགས་མེད། བཀའ་བརྒྱུད་ཀྱི་ཡངས་པ་ཅན་བཅས་ད་རེས་ངེས་པར་དུ་བརྗེ་ཐུབ་དགོས།

    དེའི་ནང་སྒྲོལ་མ་མཚོ་མོས་བོད་ཀྱི་གྲོས་ཚོགས་འཁྲུགས་གཞི་བཟོས་རྗེས། གྲོས་ཚོགས་འཚོགས་མ་ཐུབ་སྐབས། གྲོས་འཆར་ཡིག་ཆ་ཕྱི་འཐེན་བྱེད་པའི་ལྷག་བསམ་ཙམ་ཡང་མེད་པ་དང་།

    ཟླ་བ་ཚེ་རིང་། རྡ་སའི་མི་མང་གི་ས་ཁང་སྒེར་བདག་བྱས་ནས་བོད་གཞུང་གི་ཁྲིམས་ཁང་རྩིས་མེད་གཏོང་བ། དེ་བཞིན་བོད་གཞུང་རྒྱ་གར་ཁྲིམས་ཁང་ནང་སྦྱར་བ། གྲོས་ཚོགས་ནང་ཆོལ་ཁའི་སྐད་ཆ་དང་། ཧམ་བཤད་ལ་འཛེམ་ཟོན་མེད་པ་སོགས་དང་།

    གཡུ་དྲུང་རྒྱལ་མཚན། གྲོས་ཚོགས་ནང་སེར་མོ་བ་ཞིག་གི་རྣམ་པ་མེད་པ་ཚིག་དང་། རྣམ་འགྱུར་ངན་པ། ཆུ་སྒང་གི་མིང་ཐོག་ནས་ཁོ་རང་གི་མི་འགའ་ཤས་ཕྱི་རྒྱལ་ཁྲིད་པ།

    རྙིང་མའི་རྒྱ་རི་བུ་ཕྲུག དེ་སྔོན་རྙིང་མའི་གནས་སྟངས་ཉག་ཕྲ་བོའི་སྐབས་སུ་ཞབས་ཕྱི་སྣེ་གཅིག་ཞུས་མེད་པ་དང་། ཁོ་ཚོས་རྒྱུ་དངོས་འགྲོ་སོང་བཏང་ནས་རྙིང་མའི་དགོན་པ་ཁག་ལ་སྡིག་རའི་ངང་འོས་བླུག་བཅུག་ཡོད་པ། ཁོ་ལ་ཆོས་ལུགས་ཀྱི་གོ་རྟོགས་གཏན་ནས་མེད་པ་མ་ཟད། བཛྲ་གུ་རུའི་གཟུངས་སྔགས་ཙམ་ཡང་འདོན་མི་ཤེས་པ།

    ས་སྐྱའི་པདྨ་འབྱུང་གནས། ཁོས་དེ་སྔོན་བསོད་ནམས་སྟོབས་རྒྱལ་སོགས། ས་སྐྱའི་ཆོས་བརྒྱུད་བར་དབྱེན་སྦྱོར་བྱས་པའི་བསམ་སྦྱོར་ངན་པ་བཅངས་པ་སོགས་ཀྱིས་ཆོས་སྤྱི་མཐུས་འཚམ་པོ་མེད།

    དགེ་ལུགས་བེ་རི་འཇིགས་མེད། ཁོང་གིས་ཆགས་སྲེད་ཀྱི་རྩོམ་འགའ་བྲིས་ནས་ཡར་འཁྱམ་མར་འཁྱམ་བྱེད་ཀྱིན་པ་ལས། གྲོགས་ཚོངས་ཁ་གང་མཁན་ཞིག་གཏན་ནས་འཚོགས་མྱོང་མེད།

    བཀའ་བརྒྱད་ཡངས་པ་ཅན། ཁོང་གིས་བཀའ་བརྒྱུད་པའི་རྙོག་དྲ་དང་། ཆོས་བརྒྱུད་བླ་ཆེན་བསྐོས་ཕྱོགས་ཐད། ཡ་མེད་ཀྱིས་ཇུས་གཏོགས་གཏན་ནས་བྱེད་ཀྱིན་མེད།

    Reply
  25. གནས་ཚང་། says:
    ལོ་ 14 སྔོན།

    རིགས་པ་སྨྲ་བ་ལགས། འདིར་ར་བོང་ལ་ར་ཡོད་མེད་རྩོད་ཀྱི་མེད་པར་མ་ཟད། འདིར་ཡིན་པ་མིན་པར་སྒྲུབ་པའམ་མིན་པ་ཡིན་པ་ལའང་སྒྲུབ་ཀྱི་མེད་སྟབས། དངོས་ཡོད་ཀྱི་གནས་ཚུལ་ཞིག་རིགས་ལམ་ཉི་ཚེ་བ་ཞིག་གིས་ཡིང་ཐབས་མེད་པའང་གསལ་བོ་ཡིན། ཕྱུགས་ཀྱི་འཚོ་སྲོལ་མ་ཤེས་པར་ཕྱུག་རྫི་བླུན་པོར་འདོད་པ་ནི་བླུན་པོའི་གཤིས་ཀ་ཡིན་པ་ལས་འདི་ལས་ལོགས་སུ་བླུན་པོ་ཞེས་པའི་ཐ་སྙད་ལ་འགྲེལ་གཞན་མེད། དེ་གཅིག་ཡིན།

    གཉིས་པ་ནི་སྤེན་པ་ཚེ་རིང་ལགས་ཀྱིས་རང་ཉིད་མུ་མཐུད་དུ་སྤྱི་འཐུས་གནང་ན་ཚོགས་གཙོ་རེག་སྲིད་ནའང་། བཀའ་ཁྲིའི་འོས་གཞིར་ལངས་པ་ཡིན་ཞེས་སྤྱི་འཐུས་དོར་ནས་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་ཟིན་པའང་ངོས་ལེན་བྱེད་མི་ཕོད་ན། བླུན་པོའི་རྟགས་གཞན་ཞིག་སྟེ་ཨུ་ཚུགས་ལས་མཚོན་གྱི་མེད་པས། རིགས་པ་སྨྲ་བ་ཞེས་པའི་ཐ་སྙད་དེར་ཁྱད་གསོད་བྱས་མེད་དམ།

    གསུམ་པ་ནི་བཅའ་ཁྲིམས་འཐུས་ཚང་མིན་སྟབས། སྤྱི་འཐུས་ཁྲོད་ཁྲིམས་བཟོ་ལྷན་ཚོགས་ཆེད་དུ་བཙུགས་པ་རེད་མ་གཏོགས་འཐུས་ཚང་ཡིན་ན་ལྷན་ཚོགས་དེའང་མཁོ་མེད་ཆགས་ཡོད་སྟབས། དེ་ལུགས་ཙམ་ཡང་མི་ཤེས་ན། བྱུང་ན་རང་ཉིད་ཀྱི་ཤེས་རྒྱ་ཇེ་ཆེར་གཏོང་བར་དཔེ་ཀློག་མང་ཙམ་དང་། མ་བྱུང་ན་མི་ལ་སྐད་ཆ་འདྲི་རྒྱུ་མ་བརྗེད་རོགས་ཞེས་འབོད་བསྐུལ་ཞུ་གི་ཡིན།

    བཞི་བ། ༼བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི༽གཉིས་ནི་རྒྱ་ནག་རྩ་ཁྲིམས་གཞི་བཅོལ་ཡོད་པ་ལས་ལོགས་སུ་བཙལ་ཡ་ཞིག་ཡོད་པ་མ་རེད། གལ་སྲིད་དེ་ལྟ་ཡིན་ན། སྒྲོམ་གཞི་ཞེས་རྩ་ཁྲིམས་ཀྱི་གཏན་འཁེལ་དག་ངོས་ལེན་བྱེད་དགོས་ཆགས་མེད་པའི་ཁར། ལག་ལེན་ནང་འདེབས་རོགས་ཞེས་འབོད་བསྐུལ་ཡང་བྱེད་དགོས་དོན་ཡོད་པ་མ་རེད། དེ་བས། ང་རང་གཉིས་འཛིན་རིམ་དང་པོར་མཉམ་ཞུགས་མཉམ་སློབ་བྱེད་འོས་ཆགས་ཡོད། ཡིན་ནའང་། ཁྲིམས་ཞེས་པར་ཡིན་དང་མིན་ཞེས་པའི་ཚིག་གིས་ཐག་གཅོད་ཀྱི་ཡོད་པ་ལས༼མིན་འགྲོ༽ ༼ཕལ་ཆེར༽ ༼ཧ་ལམ༽ཞེས་ཚིག་གིས་ཡོང་ཐབས་མེད་པར་དགོངས་འཇགས་གནང་རོགས།

    Reply
  26. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འོས་གྲངས་མང་ཤོས་ཐོབ་པ་གསུམ་ལ་དགའ་བསུ་ཡོད།

    Reply
  27. རིགས་པ་སྨྲ་བ། says:
    ལོ་ 14 སྔོན།

    གནས་ཚང་ལགས། དང་པོ། ཁྱོད་ཀྱིས་ཐོག་མར་ཁས་བླངས་པའི་དམ་བཅའ་དག་ཡལ་བར་མི་དོར་བར་ཞུ་རྒྱུ་དང་། གཉིས་པ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁོང་བཀའ་ཁྲིའི་འོས་གཞིར་ལང་རྒྱུ་ཡིན་པའི་ཚིག་དག་ཁྱོད་ཀྱིས་ཉིན་རེར་ཐེངས་བརྒྱ་རེ་ཀློག་ཀྱང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་རྒྱུ་མིན་པའི་སྒྲུབ་བྱེད་དུ་མི་འགྲོ་བ་ནི་དེ་བས་ཀྱང་བླུན་པོ་ཕྱུགས་རྫིས་རྟོགས་སླ་བའི་ཕྱིར། ཞོར་དུ། ཁྱེད་ཀྱི་འདོད་པ་ལྟར་ན། འཛམ་གླིང་ན་བླུན་པོ་ཞེས་པའི་ཐ་སྙད་མེད་པར་འགྱུར་བར་མ་ཟད་ཕྱུགས་དང་ཞིང་གི་འཚོ་བར་བརྟེན་ཞིང་བླུན་པོར་གྱུར་བའི་ཕྱུགས་རྫི་ཡང་མེད་པར་འགྱུར་ཏེ་འདིར་ཆེད་ལས་མ་ཡིན་པ་མེད་པའི་ཕྱིར་ཞེས་ལབ་ན་ལན་ཇི་ལྟར་གདབ། གསུམ་པ། ཁྱོད་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འཐུས་ཚང་མིན་པ་ཞེས་ལབ་པ་འདིས་ཁྱེད་ཀྱི་རང་འཚང་གསལ་བར་མངོན་ཏེ་བོད་ཕྱི་ནང་གཉིས་ཀྱིས་གཙུག་ཏུ་བཀུར་བར་འོས་པའི་བཅའ་ཁྲིམས་རིན་པོ་ཆེར་དམའ་འབེབས་དང་མཐོང་ཆུང་། ཁྱད་གསོད་བྱས་པ་ཡིན་པས་ཐུགས་གཟབ་པར་གྱིས་ཤིག བཞི་བ། ཁྱེད་ཀྱིས་༼བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི༽་ཞེས་པ་གཉིས་མི་ཤེས་ན་འཛིན་གྲྭ་དང་པོར་ཕྱིན་ནས་སློབ་སྦྱོང་བྱོས་དང་དེར་ཤེས་རྟོགས་བྱུང་གི་རེད། དེ་ནས་རིགས་པ་སྨྲ་བའི་རྩོད་པའི་ར་བར་ཕེབས་ཤོག །

    Reply
  28. གངས་ལྷ་མེ་ཏོག says:
    ལོ་ 14 སྔོན།

    བོད་སྤྱི་ལ་དངོས་ཤུགས་རྒྱུད་གསུམ་གྱི་གནོད་བྱེད་འོས་དང་པོ་ཀརྨ་ཆོས་འཕེལ།
    གཉིས་མདོ་སྟོད་སྤྱི་མཐུས་འཇུ་ཆེན་དཀོན་མཆོག གསུམ་པ་མདོ་སྟོད་སྤྱི་མཐུས་གསེར་རྟ་ཚུལ་ཁྲིམས། དགེ་བཤེས་གཡང་དྲུང་རྒྱལ་མཚན། མདོ་སྨད་གསེར་རྟ་ཚུལ་ཁྲིམས་འོད་ཟེར།འདི་ཚོ་སྤྱི་མཐུས་ནང་དུ་སོང་ན་དུས་ནམ་ཡང་ཉོག་དཀྲུགས་ཁོ་ན་མ་གཏོགས་ཡོང་གི་མེད་པ་ཐག་ཆོད།
    མི་དམངས་ཡོངས་ཀྱི་སེམས་ངེས་པར་བྱེད་དགོས་བའི་དུས་ལ་བབས་འདུག

    Reply
  29. ཁ་བའི་འོད་མདངས། says:
    ལོ་ 14 སྔོན།

    ཤེས་ཡོན་གཉིས་ལྡན་གྱི་གྲྭ་བསྟན་པ་ཡར་འཕེལ་ལ་སྔོན་འགྲོའི་འོས་ཨང་དང་པོ་ཐོབ་པ་ལ་བཀྲིས་བདེ་ལེགས་ཞུ། གུས་ཧ་ཀྱང་དགའ་བོ་བྱུང་།

    Reply
  30. ཁ་བའི་འོད་མདངས། says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་ལགས། དེ་སྔོན་ཆོས་བརྒྱུད་སྤྱི་མཐུས་ལ་མི་སྐྱ་མང་པོ་བསླེབས་ཟིན་པ་རེད། ཉིད་ཀྱི་སྐད་ཆར་གཞིག་ན་ཉིད་ལ་སྤྱི་ཚོགས་དང་གྲོས་ཚོགས་སོགས་ལ་རྒྱུས་མངའ་ཞེ་དྲག་མེད་པ་འདྲ། སྤྱིར་ཆོས་བརྒྱུད་ཀྱི་སྤྱི་མཐུས་ལ་སྐྱ་བོ་དང་ཆོལ་ཁའི་སྤྱི་མཐུས་ལ་སེར་མོ་བ་སོགས་ནི་བབ་དང་མི་མཐུན་ཞིང་ཕན་ལས་གནོད་ཆེ།

    Reply
  31. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བླ་སེང་ཁོང་བོད་མི་མང་གིས་བཀའ་ཁྲིའི་འོས་སུ་མང་མོས་ཐོག་བླུགས་པ་དེར་རྒྱབ་སྐྱོར་ཞུ་གིན་ཡོད་ ཡིན་ན་ཡང་ཁོ་བོ་སྒེར་གྱི་འདོད་པ་ནི་བླ་སེང་ཁོང་བཀའ་ཁྲིའི་ཐོབ་རྒྱུར་འདོད་པ་མེད་མཁན་ཞིག་ཡིན་ རྒྱུ་མཚན་ནི་ ཁོང་འཛམ་གླིང་གི་ཁྲིམས་ཀྱི་ཐོག་ལ་མཁས་དབང་ཞིག་ཡིན་ཤས་ཆེ། འོན་ཀྱང་ཁོང་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཐོག་ལ་ཤེས་ཚད་ཇི་འདྲ་ཡོད་མེད་ཁོ་བོ་གཡང་ང་ཟར་གྱི། སྤྱིར་བོད་ཀྱི་བཀའ་ཁྲིའི་འོས་ཐོབ་པ་ལ་ཤེས་ཚདང་ཉམས་མྱོང་དགོས་པ་མ་ཟད། གང་བསགས་པའི་ཉམས་མྱོང་དེ་བེད་སྤྱོད་གཏོང་ས་ཞིག་ཡིན་གྱི། བཀའ་ཁྲི་རྐུབ་རྐྱགས་དེ་ཉམས་མྱོང་བསག་ས་མིན། དཔེར་ན་ད་ལོ་དབུས་གཙང་བོད་རིགས་ཀྱིས་སྒོ་ཁྲུག་བསྐལ་བཟང་ཕུན་ཚོགས་ཁོང་བཀའ་ཁྲིའི་གྲས་སུ་མ་བླུགས་པར་སྤྱི་འཐུས་ཀྱི་འོས་མིའི་གྲས་སུ་བླུགས་པ་དེ་འོས་ཤིང་འཚམས་པ་དང་འགྲིག་པ་ཞིག་ཏུ་མཐོང་།
    དེར་མ་ཟད་ཁོང་གི་བོད་རྩ་དོན་དང་འབྲེལ་བའི་སྲིད་བྱུང་ལངས་ཕྱོགས་གང་ཡིན་བོད་མི་རིགས་ལ་གསལ་ཁ་བཏོན་མེད། དེའི་རྒྱུ་མཚན་ནི།་ཁོང་ནི་དོན་ངོ་མར་བོད་རིགས་ས་ཁུལ་ཡོངས་རྫོགས་རྒྱ་ནག་དང་ཟླ་བསྒྲིལ་གཏོང་རྒྱུ་འདོད་པ་ཡོད་ཅེས་དེ་སྔོན་ཨ་རིའི་ས་གནས་ཤིག་ཏུ་གཏམ་བཤད་བྱས་ཡོད། བྱས་ཙང་དེ་ག་རང་གིས། ཁོང་གི་ལངས་ཕྱོགས་གང་ཡིན་གསལ་པོ་ཆགས་ཡོད།

    ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༠༨ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊན་དུ་མཁས་དབང་མང་དག་གཅིག་གི་ཁྲོད་དུ་ ༢༠༠༨ ལོའི་ཟིང་ཁྲུག་རྗེས་ཀྱི་བགྲོ་གླེང་ཤིག་གི་སྐབས་སུ་ཁོང་གི་གཏམ་བཤད་མང་དག་ཅིག་སྤེལ་བར་མ་ཟད། དེའི་ནང་དུ་གཏམ་བཤད་ཟུར་གཅིག་གི་ནང་དུ་ ཁོང་གི་འདོད་མོས་ནི་བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་བཅས་ཡོངས་རྫོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཀྱི་ནང་དུ་བཅུག་ནས་མི་རིགས་རང་དབང་གི་ཐོབ་ཐང་འདྲ་མཉམ་དགོས་འདུག་ཟེར་བ་དང་། གཏམ་བཤད་ཀྱི་ཆོབ་ཀྱི་ཞོར་དུ། ཁོང་རང་ཡང་མ་འོངས་པར་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་འཛིན་ཨོ་བྷ་མ་འགྱུར་འདོད་ཡོད་ཟེར་ཡོད། གཏམ་བཤད་འདིས་བོད་པའི་སྤྱི་ཚོགས་ཁྲོད་གཏམ་གླེང་སྣ་ཚོགས་བྱུང་ཡོད།

    ཕལ་ཆེར་ཁྱེད་རྣམས་ཀྱིས་གནས་ཚུལ་དེ་གོ་ཡོད་ཤགས་ཡིན། འདི་ནི་ཕ་ཡུལ་དྲ་རྒྱའི་བགྲོ་གླེང་ར་བའི་ནང་དུ་བརྗོད་གཞི་གཙོ་བོ་ཞིག་ཆགས་ཡོད།

    Reply
  32. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བོད་གཞུང་ནང་ད་ལྟའི་འཆར་ལྷན་ཁང་རེ་བཀའ་བློན་རེ་དང་བཀའ་བློན་ཁྲི་བ་བཅས་སྡོམས་བཀའ་བློན་བརྒྱད་ལས་མེད་ཀྱང་མཁས་དབང་བློ་བཟང་སེངྒེ་ལགས་ནས་བཀའ་བཤག་ལྷན་ཁང་གཏན་ནས་རྒྱུས་མེད་པས་དེ་སྔོན་བཀའ་བློན་བགྲོ་གླིང་གཏམ་བཤད་ནང་འདི་འདྲ་ཞིག་གནང་འདུག་ ༼ང་བཀའ་བློན་ཁྲི་བ་འདེམས་ཐོན་བྱུང་བ་ཡིན་བཀའ་བཤག་ལྷན་ཁང་ནང་བཀའ་བློན་རྣམ་པ་ཆོལ་ཁ་གསུམ་གྱི་འཐུས་མི་ཡོད་པ། ཆོས་ལུགས་ལྔའི་འཐུས་མི་ཡོད་པ། གཞོན་ནུའི་འཐུས་མི་ཡོད་པ། བུད་མེད་ཀྱི་འཐུས་མི་ཡོད་པ། བོད་ནས་གསར་དུ་འབྱོར་བའི་འཐུས་མི་ཡོད་པ། བཀའ་བློན་རྙིང་པ་ཞིག་ངེས་པར་ཡོད་དགོས། ༽ ཞེས་སོགས་གསུངས་ཡོད་པས་ཁོང་གི་བཞེད་པ་ལྟར་ན་བཀའ་བློན་བཅུ་གསུམ་མ་འཐར་སླེབས་དགོས་ཀྱང་ད་ལྟ་བཀའ་བློན་ཞབས་སྟེགས་བརྒྱད་ལས་མེད་པས་ཞབས་སྟེགས་ལྔ་གང་ནས་འཚོལ་དགོས་སམ། དེ་ནི་དེ་སྔོན་རྒྱ་གར་ནང་བློན་ཆེན་འོས་ཐོབ་ཆེད་འདོད་རྔམ་ཅན་ཞིག་ནས་ང་བློན་ཆེན་འདམས་པ་ཡིན་ན་ཁྱོད་ཚོའི་ལུང་པར་ཟམ་པ་མང་པོ་རྒྱབ་ཆོག་ཞེས་བཤད་པས་མི་མང་ནས་ང་ཚོར་ཟམ་པ་རྒྱག་སའི་ཆུ་ཡོད་པ་མ་རེད་ཞེས་བཤད་པས་མི་དེས་སྔོན་ལ་ལུང་པར་ཆུ་འཁྲིད་དེ་ནས་ཟམ་པ་རྒྱག་རྒྱུ་ཡིན་ཞེས་པའི་གཏམ་རྒྱུད་རང་རེད། མཁས་དབང་བློ་སེང་ལ་རྒྱབ་བསྐྱོར་གནང་མཁན་རྣམས་ནས་སྔོན་ལ་བཀའ་བློན་ལྔ་ཡི་རྐུབ་བཏེགས་གྲ་སྒྲིག་གནང་མི་དགོས་སམ??ཧཧཧཧཧཧཧཧཧཧཧཧ

    Reply
  33. འཇམ་གྲགས says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པའི་འོས་དེ་ལྷག་གསམ་རྣམ་དག་ཅིག་རེད་འདུག་དྲན་ཡོད། འོན་ཀྱང་སྤྱི་མཐུས་གི་འོས་གཞི་རྣམས་ལ་བསམ་དུས་ད་དུང་ཡང་སྤྱི་བསམ་མེད་པའི་ཞེན་ཁོག་ངན་པའི་ནད་དེས་ཟིན་འདུག དཔེར་ན། དབུས་གཙང་ནས་ཟླ་བ་ཚེ་རིང་དང་། མདོ་སྟོད་ནས་འཇུ་ཆེན་དཀོན་མཆོག མདོ་སྨད་ནས་སྒྲོལ་མ་མཚོ་མོ་བཅས་ནི་ཡོན་ཏན་མེད་ཐོག་གྲོས་ཚོགས་བཀྲུག་མཁན་བྱེད་ཏེ་རྣམས་འོས་མཐོ་ཤོས་སུ་སླེབས་འདུག

    Reply
  34. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    འོས་མི་དང་པོ་བློ་བཟང་སེངྒེ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    འོས་མི་གཞན་པ་ཚོ་བཙན་བྱོལ་བོད་གཞུང་གི་དཀྱིལ་འཁོར་ནང་བཞུགས་ནས་ཞབས་ཞུ་གནང་རོགས།
    འོས་ཤོག་མ་ཐོབ་ཀྱང་ནུབ་ཕྱོགས་སུ་ཕེབས་དགོས་དོན་མི་མུ་མཐུད་དེ་བཙན་བྱོལ་དཀྱིལ་འཁོར་ནང་ཞབས་ཞུ་གནང་རོགས།

    Reply
  35. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སྔོན་ཆད་ཅིག་ལ་དྲ་ཐོག་ནས་ཆོས་རྒྱུད་སྤྱི་འཐུས་དགོས་དང་མི་དགོས་ཀྱི་སྐོར་ལ་གླེང་མོལ་ཅུང་ཤུགས་ཆེ་ཙམ་བྱས་བ་རེད། དེ་རིང་ཆོས་རྒྱུད་སྤྱི་འཐུས་དགོས་མིན་གྱི་སྐོར་ནས་བཤད་ཀི་མེད། ཆོས་རྒྱུད་སྤྱི་འཐུས་ཡོང་སྟངས་ཀྱི་སྐོར་དེ་རེད། ཁ་སྔོན་སྔོན་འགྲོའི་འོས་བླུག་པའི་སྐབས་དེར་ང་དང་མི་དམངས་རྣམས་ཀྱིས་ཀྱང་མི་སྐྱ་ཚོར་ཆོས་རྒྱུད་སྤྱི་འཐུས་འོས་བླུག་པའི་ཐོབ་ཐང་ཡོད་མེད་ལ་དོ་སྣང་མེད་པ་མ་ཟད། ད་བར་དུ་ཆོས་རྒྱུད་སྤྱི་འཐུས་མི་སྐྱས་བླུག་ཆོག་མིན་དང་། དེའི་སྐོར་གྱི་ཐོབ་ཐང་ཡོད་མེད་ལའང་བསམ་བློ་བཏང་མྱོང་དང་འཁོར་མེད་པ་འདྲ། འོན་ཀྱང་ད་ལོའི་ཆོས་རྒྱུད་ སྤྱི་འཐུས་ལས་བཀའ་རྒྱུད་འཐུས་མིའི་གྲོས་སུ་ཚོགས་གཙོ་ཟུར་པ་ཀརྨ་ཆོས་ལགས་ཕེབས་འདུག་པ་མ་ཟད། འོས་གྲངས་ཀྱང་གཉིས་པར་སླེབས་འདུག་པས་ན། ཨོ་ད་ནི་མི་སྐྱ་ཡང་ཆོས་རྒྱུད་སྤྱི་འཐུས་སུ་ཡོང་ཆོག་པ་འདྲ་སྙམ་པའི་ཚོར་བ་ཞིག་དང་། གནས་ཚུལ་འདི་འདྲ་ནི་རྨོངས་པ་ངས་མཐོང་ཐོས་དང་པོ་དེ་ཡིན་པས་དོགས་འདྲ་ཞིག་ཀྱང་ངང་གིས་སླེབས་སོང་། ཆོས་རྒྱུད་སྤྱི་འཐུས་ལ་མི་སྐྱ་ཡོང་ཆོག་ན། ཆོས་རྒྱུད་སྤྱི་འཐུས་ཀྱི་འོས་ཤོག་མི་སྐྱས་བླུག་ཆོག་གམ་སྙམ། དེ་ལྟར་ན་མི་སྐྱ་ཚོས་ཀྱང་ཆོལ་ཁའི་འོས་ཤོག་གཅིག་དང་། ཆོས་རྒྱུད་འོས་ཤོག་གཅིག་བཅས་གཉིས་བླུག་ཆོག་པ་མ་ཡིན་ནམ། དེས་ན་དྲ་གྲོགས་ཚོས་འདིའི་ཐད་ནས་བདག་ལ་གསལ་བཤད་ཅིག་གནང་རོགས་ཞུ།

    Reply
  36. དབྱངས་སྒྲོན says:
    ལོ་ 15 སྔོན།

    ཡག་པོ་ཞེ་དྲག་བྱུང་འདུག འགྲིག་འདུག

    Reply
  37. དབྱངས་སྒྲོན says:
    ལོ་ 15 སྔོན།

    འདི་ལོ་མི་འགའ་ཤས་ཤར་རྒྱུགས་ནུབ་རྒྱུགས་ཞེ་དྲག་བྱས་སོང་ཡང་དེང་གི་དུས་སུ་མི་མང་ཚོ་རྨོངས་གཉིད་ལས་སད་དེ་སྤྱི་དམངས་ཀྱི་མདུན་ལམ་མ་གཏོགས་གཞན་ཟེར་རྗེས་སུ་མི་འབྲངས་ཐག་ཆོད་རེད་འདུག ད་ཡག་གི ད་དངོས་གནས་དགའ་འོས་པ་ཞིག་རེད་དོ་གྲོགས་པོ་ཚོ། །

    Reply
  38. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཁོ་བོས་བལྟས་ན་ བོད་མི་རིགས་རྣམས་ལ་སྤྱི་འཐུས་སྔར་ཡོད་ད་ག་རང་བཞག་འདོད་ཡོད་པ་འདྲ་ གང་ཡིན་ཟེར་ན་ འོས་ཐོབ་མཐོས་ཤོས་བཅུ་ཡི་ནང་དུ་བལྟས་སྐབས་བརྒྱ་ཆ་གོ་ལྔ་ནི་གཅིག་མཚུངས་རེད་འདུག་

    Reply
  39. གངས་བུ། says:
    ལོ་ 15 སྔོན།

    ཐེངས་འདིའི་བཀའ་ཁྲིའི་འོས་མི་རྣམས་མི་མང་གིས་དྲང་བདེན་གྱི་ལམ་ནས་འོས་ལྡུག་འདུག་པས་དགའ་བོ་བྱུང་། འོན་ཏང་མདོ་སྟོད་སྤྱི་མཐུས་འོས་གཞིར་ནད་རྙིང་གིས་གཙེས་པའི་ནད་པ་དུ་མ་སླེབས་པ་འདི་སྟབས་མ་ལེགས་ཞིག་རེད། ད་དུང་དེ་དག་ལ་ཤེས་ཡོན་དང་འཇོན་ཐང་གིས་དབུལ་པོ་ཆགས་ཡོད། དཔེར་ན་འཇུ་ཆེན་དཀོན་མཆོག་སོགས་བཞིན་ནོ།།

    Reply
  40. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས། ཀརྨ་ཆོས་འཕེལ་རྙིང་མའི་སྤྱི་མཐུས་ལ་ལངས་མིན་བསྐོར་ཁྱེད་རང་ཡིད་མ་ཆེས་ན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་སྐུ་ངོ་མ་ལ་བཀའ་དྲི་ཞུས་ཤིག

    Reply
  41. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    རང་ཉིད་བཀའ་རྒྱུད་པ་ཉམ་ཆུང་ཞིག་ཡིན་པའི་ངོས་ནས་རང་གི་ཆོས་གྲོགས་རྣམ་པར་འབོད་སྐུལ་ཞུ་རྒྱུར།
    ད་རེས་གཟབ་གཟབ་བྱས་ཏེ་རང་རེའི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡག་པོ་ཞིག་འདེམས་དགོས་གྲོས་ཚོགས་ནང་ལ་མི་དགོས་པའི་མི་ཐུག་པ་ར་བཟི་ཀརྨ་ཆོས་འཕེལ་ལྟ་བུ་ནམ་ཡང་འདེམས་མི་ཉན།
    གལ་ཏེ་ང་ཚོས་ཐུག་པ་ར་བཟི་ཁོ་བདམས་པ་ཡིན་ན་ང་ཚོ་བཀའ་རྒྱུད་པར་མི་མང་གིས་འཁང་ར་བྱེད་རྒྱུ་འོས་མེད་དོ།
    དེར་བརྟེན་ཆོས་གྲོགས་རྣམ་པས་ཐུགས་བསམ་བཞེས་རོགས།

    Reply
  42. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྔོན་འགྲོའི་འོས་མང་ཉུང་ལ་བལྟས་ན་མ་འོང་བཀའ་ཁྲི་བློ་བཟང་སེང་གེ་ཕེབས་ཀྱི་ཡོད་པར་བཀྲ་ཤིས་བདེ་ལེགས་ཞུ།

    བཙན་བྱོལ་སྤྱི་ཚོགས་ནང་གི་མཆོག་ཏུ་གྱུར་པའི་མི་བུ་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག་བཀའ་བརྒྱུད་པའི་སྤྱི་འཐུས་ཕེབས་པར་དགའ་བསུ་ཞུ།

    ཁྱེད་ནི་དྲང་བདེན་ཅན་གྱི་མི་བུ་ཞིག་རེད།
    ཁྱེད་ནི་རྒྱལ་ཞེན་ཅན་གྱི་སྐྱེ་བོ་ཞིག་རེད།
    ཁྱེད་ནི་ཤེས་ཡོན་ཅན་གྱི་མི་བུ་ཞིག་རེད།
    ཁྱེད་ནི་ལ་རྒྱ་ཅན་གྱི་དཔའ་པོ་ཞིག་རེད།
    ཁྱེད་ནི་ཉམ་ཐག་སྐྱོང་བའི་སྤྱི་འཐུས་ཤིག་རེད།
    ཁྱེད་ནི་ཉམས་མྱོང་ཅན་མི་རྒན་ཞིག་རེད།
    ཁྱེད་ནི་བོད་ལ་མཁོ་བའི་སྤྱི་འཐུས་ཤིག་རེད།

    ཁྱེད་མ་འོས་སྤྱི་འཐུས་ཚོགས་གཙོ་ཆགས་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།

    གསར་དུ་འོས་མི་ནང་དུ་ཕེབས་པའི་ཨ་མཆོད་ཀླུ་མཁར་བྱམས་དང་སློབ་དཔོན་འཆམ་ར་དྲི་མེད་རྒྱལ་མཚན་གཉིས་ལ་དགའ་བསུ་ཞུ།

    Reply
  43. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    དབུས་འོས་འདུ་ལས་ཁང་གི་ལས་མི་རྣམས་པས་དུས་ཐོག་ཏུ་འོས་འདུའི་གྲུབ་འབྲས་མི་དམངས་ཀྱི་སྤྱན་ལམ་དུ་ཁ་གསལ་སྟིང་གསལ་དུ་སྟོན་འདུག་པར་ཐུག་རྗེ་ཆེ་ཞུ། །

    Reply
  44. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    པདྨ་འབྱུང་གནས་ཞེས་པའི་དབུས་གཙང་སྤྱི་འཐུས་དེ་ཡང་སྐྱར་གྲོད་ཁོག་གཙོང་ས་རག་ཐག་ཆོད་རེད་འདུག ། ཁོ་བོས་དེ་སྔོན་ཆོས་ལུགས་སྤྱི་འཐུས་ལོ་མང་བྱས་ཀྱང་གྲུབ་འབྲས་གང་ཡང་འཐོན་མྱོང་མེད་ཁར་སྤྱི་ཚོགས་ཁྲོད་དུ་ལབ་གླེང་མང་དག་ཞིག་འདུག ། མི་དམངས་རྣམས་པས་ལེགས་པར་རྟགས་ལ་འོས་བླུག་པར་བྱ་དགོས་གལ་ཆེ།

    Reply
  45. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་རིགས་པ་སྨྲ་བ་ལགས། ཁྱེད་རང་གིས་ལན་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་། ཕྱུགས་རྫི་ཞེས་པ་དེ་བླུན་པོའི་དོན་མ་ཡིན་པར་མ་ཟད། ཆེད་ལས་ཀྱི་ཐ་སྙད་ཅིག་རེད། དེ་མ་གཏོགས་པ་ཡིན་ན་རིགས་པ་མི་སྨྲ་བ་ཕར་ཞོག་ཕྱུགས་དང་ཞིང་གི་འཚོ་བར་གཞི་བཅོལ་བའི་བོད་མིའི་འཚོ་གནས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ལས་མེད་པས། རང་ཉིད་འཚར་ལོངས་བྱུང་སའི་ཁོར་ཡུག་དེ་མི་སུ་ཡིན་ནའང་སློབ་གསོ་མྱོང་ས་ཐོག་མ་དང་གོམ་པ་ལེན་ས་དང་པོ་ཡིན་པར་ཐུགས་བཞེས་ཡོང་བར་སྨོན་ལམ་ཡོད།

    གཉིས་པ་དེ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས༼སྤྱིར་ང་རང་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་ཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་འཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་པ་ཡིན་ན་ང་རང་མི་ལངས་བསམ་ཡོད། འོན་ཀྱང་ང་རང་གིས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། གཉིས་པ་ད་ཆར་བཀའ་བློན་ཁྲི་པའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ཡོང་ན། སྤྱིར་ཁོང་རྣམ་པར་ངས་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུག༽ཅེས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ལས་བཀའ་ཁྲིའི་འོས་གཞི་གདམ་ག་བྱས་ཡོད་པས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འཐུས་ཚང་མིན་པ་བེད་སྤྱོད་དང་མང་གཙོའི་འགྲོ་སྲོལ་སྤྱི་ལ་ཕོག་ཐུག་བཟོས་ན། མི་དེའི་ཀུན་སློང་དང་མང་ཚོགས་ལ་གོ་བརྡ་ཡོང་ཐབས་ལ་གླེང་མོལ་བྱེད་མ་ཆོག་ཡོང་སྲིད་ཀྱི་མ་རེད།

    ༼དབུ་མའི་ལམ་གྱི་གོ་དོན་ནི་བོད་ཕྱི་ནང་གི་མི་དམངས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད་པ༽ཞེས་པའི་ནང་གི༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི༽གང་རེད་དམ། དེ་ནི༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ཀྱིས་ཐག་བཅད་ཟིན་པའི་ལམ་ལུགས་དང་སྲིད་འཛིན་མ་ལག་རེད་ལ། དེ་ལས་ཀྱང་ཆོལ་གསུམ་ཕར་དཀྲུགས་ཚུར་དཀྲུགས་ཀྱི་ལས་ཀ་སྟེ། གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་མདོ་སྨད་ཀྱི་སྤྱི་འཐུས་གདམ་པ་ནི༼དབུས་མའི་ལམ༽དང་འགལ་བའི་བྱེད་བབས་ཤིག་མ་ཡིན་ནམ།

    Reply
  46. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    སྡེར་མ་ཆུང་ཆུང་ཞིག་གི་ནང་ལ་སིལ་ཏོག་སྣ་མིན་སྣ་ཚོགས་དང་སྔོ་ཚལ་སོགས་མཉམ་བསྲེས་བྱས་ནས་མདུན་དུ་བཞག་པས་གང་ཟ་དགོས་བའང་ཤེས་མ་སོང་། ལག་པ་འཆང་ན་མི་ཤེས་མོད་མིག་གཡེང་བྱས་ན་ལོས་ཞིམ་འདོད་ནི་འགའ་འདུག། དེ་རིང་དེ་ཙམ་ཡིན།

    Reply
  47. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    དྲང་པོ་ཞུས་ན་བཀའ་ཁྲི་སྤྱི་འཐུས་ཚང་མ་འགྲིག་ཐག་ཆོད་འདུག་ཟེར་རྒྱུ་ལས།
    དེ་ཚོ་འགྲིག་གི་འདུག་དང་་མི་འདུག་བཤད་རྒྱུ་དེ་ད་ནི་ཕྱི་ཚར་འདུག་བསམ་ཞིང་།
    ཁོང་ཚོ་ལ་རང་གཞུང་གི་རྐུབ་སྟེགས་སྟེང་ནས།
    མ་འོངས་བའི་བྱ་བ་བོད་མི་རིགས་ཀྱི་སྣེ་ཁྲིད་པ་ཡིན་པ་ཤེས་པར་གྱིས་ཤིག་ཟེར་རྒྱུ་ལས་མེད།
    སྔོན་འགྲོས་འོས་གཞི་འདིས་རག་ཙམ་ཐག་བཅད་ཟིན་པ་དང་།
    ད་ང་ཚོས་ཁོང་རྣམས་ལ་རེ་བ་དང་ཡིད་ཆེས་བྱས་ནས།
    རེ་བསྐུལ་ཡོད་ན་ད་ཞུ་རན་འདུག

    Reply
  48. མི་རབས་གསར་པ་ says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་ བསམ་དོན་འགྲུབ་པའི་རེ་བ་ཡོད་
    བཀའ་སྤྱི་ཚད་ཡོ་བ་ལ་དང་ར་ཉིད་ནས་མགོ་བརྩམས་དགོས་

    Reply
  49. ཤིང་རྟ། says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས་ལགས། ཁྱོད་ཀྱིས་བཤད་ཚད་རྒྱུ་མཚན་མ་མཐོང་ཡང་།
    《ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་སེར་མོ་བ་ཞིག་དང་། ཆོལ་ཁའི་སྤྱི་འཐུས་ལ་སྐྱ་བོ་ཞིག་བྱུང་ན་གནས་བབ་དང་མཐུན་ཞིང་ཕན་ཐོགས་ཧ་ཅང་ཆེ་》ཞེས་པའི་ཚིག་དེར། རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ངས་སྔོན་མ་ནས་དེ་ལྟར་དྲན་མྱོང་།

    Reply
  50. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    གནས་ཚང་ལ་ཞུ་རྒྱུར། བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚང་མར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོབ་ཐང་ཡོད་པར་མ་ཟད། བཅའ་ཁྲིམས་ཀྱིས་སྤྲད་པའི་ཐོབ་ཐང་ཡོད་ལ་སྨྲ་བརྗོད་ཀྱི་རང་དབང་གི་ཐོབ་ཐང་ཡང་ཡོད། དེ་དག་ང་ཚོས་བདེ་སྐྱིད་ཀྱི་གཞི་མ་ཞིག་ཏུ་བརྩིས་ཏེ་གུས་བཀུར་བྱེད་དགོས་པ་ལས་གཏོར་བཤིག་ཏུ་བཏང་ན་མི་འགྲིག མི་གཅིག་གིས་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་གཞིའི་གོ་སྐབས་ལེན་མི་ཆོག་ཅེས་བཅའ་ཁྲིམས་ཀྱི་འོས་བསྡུའི་སྒྲིག་གཞིའི་ནང་དུ་བཀོད་མེད། སྒྲིག་གཞིའི་ནང་དུ་བཀའ་ཁྲི་དང་སྤྱི་འཐུས་འོས་བསྡུ་སྐབས་སུ་༼དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག༽་ཞེས་བཀོད་ཡོད་པ་ལས་སྔོན་འགྲོའི་འོས་གཞིར་ཞུགས་ཆོག་པར་བསྟན་ཡོད། ང་ཚོར་ཁྲིམས་ཀྱིས་སྐྱོང་བའི་དམངས་གཙོའི་གཞུང་ཞིག་དགོས་ན་དེ་དག་དང་མི་འགལ་བར་བརྩི་སྲུང་བྱེད་དགོས། ཁྱེད་ཀྱིས་ལུང་འདྲེན་བྱས་པའི་ཚིག་དེ་དག་གིས་ཚོགས་གཙོ་སྤེན་པ་ཚེ་རིང་བཀའ་ཁྲིའི་འོས་གཞིར་ལང་རྒྱུ་ཡིན་པའི་གསལ་བསྒྲགས་ཡིན་པ་ལས་སྤྱི་འཐུས་འོས་གཞིར་ལང་རྒྱུ་མིན་པའི་སྐད་ཆ་མ་ཡིན་པ་བླུན་པོ་ཕྱུགས་རྫིས་ཀྱང་རྟོགས་སླ་བའི་ཕྱིར། ཚོགས་གཞོན་རྒྱ་རི་སྒྲོལ་མ་སྔོན་འགྲོའི་འོས་གཞི་གཉིས་ཆར་ལང་མི་ཆོག་པར་བོད་ཀྱི་བཅའ་ཁྲིམས་དང་མི་དམངས་ཀྱིས་བཀག་སྡོམ་བྱས་པའི་ཚིག་ཞིག་ཁྱོད་ཀྱིས་འདྲེན་དགོས་པ་ལས་གང་ཡང་འདྲེན་རྒྱུ་མེད་དོ། ། གཞན་ཡང་། དབུ་མའི་ལམ་གྱི་ཚིག་དོན་གཅིག་ཀྱང་གོ་རྟོགས་མེད་བཞིན་དུ་དེ་ལ་འགྲེལ་བཤད་ཀྱི་ཁུར་བོ་དང་དུ་ལེན་པ་ནི་ངལ་བའི་རྒྱུ་ཡིན་ཏེ། དབུ་མའི་ལམ་གྱི་གོ་དོན་ནི་བོད་ཕྱི་ནང་གི་མི་དམངས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད་པ་ལ་དགོངས་པ་མ་བཞེས་པར་བབ་བཤད་ཙམ་དུ་སྡོད་པའི་རི་བོང་གནམ་ལྡིང་གིས་ས་རྒྱ་མི་ཆོད་དོ། །

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese