མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱ་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ནང་ལྷ་ས་ལྷོ་ཁ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག བོད་མི་བསོད་ནམས་བག་གྲོ་དང་བཀྲ་ཤིས་སྟོབས་རྒྱལ་གཉིས་ལ་ལོ་ ༡༥ ནས་ ༥ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཁོང་གཉིས་ལ་ཁྲིམས་ཐག་གཅོད་དོན་ནི། ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་དེ་ནི། བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ཡིན་པར་དམིགས་ཏེ། དེར་ཡོད་མང་ཚོགས་ལ་དམིགས་གསལ་ཆབ་སྲིད་ཀྱི་སློབ་གསོ་སྤྲད་དེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་ལ། ༢༠༠༩ ལོའི་ལོ་དཀྱིལ་ཙམ་ལ་གློ་བུར་དུ་ས་གནས་སྤྱི་བདེ་ཚན་པས་བོད་མི་བཀྲ་ཤིས་སྟོབས་རྒྱལ་དང་། བསོད་ནམས་བག་གྲོ་གཉིས་ལ་ཆབ་སྲིད་ཀྱི་དོགས་གཞི་ཡོད་ཚུལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག ལོ་གཅིག་རིང་ཁོང་གཉིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༡༠ བའི་ནང་གློ་བུར་དུ་ནང་མི་སོགས་ལ་བརྡ་ལེན་གང་ཡང་མེད་པའི་ཐོག་ནས་ལྷོ་ཁ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་བཀལ་ཏེ། བསོད་ནམས་བག་གྲོ་ལ་ལོ་ ༡༥ དང་བཀྲ་ཤིས་སྟོབས་རྒྱལ་ལ་ལོ་ ༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ལྷ་ས་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གནས་སྤོར་བྱས་ཡོད་འདུག  

རང་ལོ་ ༣༠ ཡིན་པའི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱང་མཚོ་སྣ་རྫོང་སྦྱོར་ར་ཞང་ཁོངས་ཀྱི་སྒེར་གཉེར་ཚོང་པ་ཞིག་ཡིན་འདུག་ཅིང་། བསོད་ནམས་བག་གྲོ་ལགས་ནི། ༡༩༦༥ ལོར་མཚོ་སྣ་རྫོང་སྦྱོར་ར་ཞང་ཁོངས་སུ་སྐྱེས་ཤིང་། ས་གནས་སློབ་འབྲིང་ཐོན་རྗེས་གུང་ཁྲན་ཏང་ནང་ཞུགས་པའི་ཏང་མི་ཞིག་ཀྱང་ཡིན་འདུག་པ་མ་ཟད། སྒེར་གྱི་ཚོང་གཉེར་བྱས་ཏེ་སྤྱི་ཚོགས་སྟེང་མང་ཚོགས་སྐྱོ་བོའི་རིགས་ལ་སྨན་བཅོས་སོགས་ཀྱི་རོགས་སྐྱོར་དང་དགོན་པ་ཞིག་གསོ། ས་གནས་ཀྱི་སློབ་མ་སྐྱོ་བོའི་རིགས་ལ་སློབ་ཡོན་དང་ཟས་གོས་སོགས་ཀྱི་རོགས་སྐྱོར་བྱེད་མཁན་གྱི་ཚོང་པ་ཆེན་པོ་ཞིག་ཡིན་འདུག་ལ། དེ་སྔ་ཁོང་ལ་འབྲེལ་ཡོད་ཚན་པས་སྔོན་ཐོན་ཞབས་ཞུ་བའི་བྱ་དགའ་ཡང་ཕུལ་མྱོང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. རིགས་བཟང says:
    ལོ་ 15 སྔོན།

    ཨ་ཁ་ཁ་་་་་་ཨོཾ་མཎི་པདྨེ་ཧུཾཿ། ཨོཾ་མཎི་པདྨེ་ཧུཾཿ། ཨོཾ་མཎི་པདྨེ་ཧུཾཿ།
    ཡང་མནར་གཅོད་ཚད་མ་གཏོང་རྒྱུ་རེད་ཡ། བོད་མིའི་ལས་དབང་འདི་བཤད་ཤེས་ཀྱིན་མི་འདུག

    Reply
  2. ནད་པ says:
    ལོ་ 15 སྔོན།

    བོད་མི་རིགས་ལ་ཤ་ཚ་མཁན་དང་། བོད་ཀྱི་རིག་གནས་ལ་དགའ་ཞེན་ཅན། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་བསྟན་ཆོས་ལུགས། བོད་ཀྱི་ན་གཞོན་ཚོའི་སློབ་གསོ། བོད་པའི་སྤྱི་ཚོགས་བཅས་ཕྱོགས་སར་བྱས་རྗེས་རིམ་བཞིན་འཇོག་མཁན་གྱི་མི་སྣ་ཅན་ཚོ་རྒྱ་འདྲེ་གདུག་རྩུབ་ཅན་འདིས་རྩ་མེད་བཏང་དང་གཏོང་བཞིན་ཡོད།

    ལས་ལ་བརྩོན་བཞིན་དཔའ་ངར་ལྡན་པའི་སྙིང་དང་མཆོད་སེམས་དེ་ཇི་སྲིད་གངས་ཅན་ལྗོངས་དང་ཁ་བ་གངས་ཅན་པ་ཚོ་མ་སྟོང་གིས་བར་དུ་དེ་སྲིད་དུ་གནས་དགོས་ལ་མུ་མཐུད་གནས་ཏེ་རྩོད་ངེས་རེད།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨ་ཁ། དགའ་བཞིན་དགའ་བཞིན་ངང་ནས། སྐྱོ་དགོས་འདུག་ཀྱང་། ཡང་བསྐྱར་དགའ་བའི་དུས་ཤིག་ངེས་པར་ཤར་ངེས་རེད་ཨ། ཚང་མས་རིགས་པ་འགྲིམས་ལ། སེམས་ཤུགས་མ་ཆགས།

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ང་ནི་ངོ་མར་བོད་ནང་ལ་ཡོད་པའི་བོད་རིགས་དང་དམིགས་བསལ་བོད་རང་སྐྱོངས་ལྗོངས་ནང་དུ་གནས་པའི་བོད་རིགས་རྣམས་ལ་སྙིང་རྗེ་གིན་ གང་ལགས་ཟེར་ན་ནག་ཉེས་ཆུང་ཆུང་བྱེད་ན་ཡང་བཙོན་ཆད་ལོ་ཡུན་རིང་པོ་བཀལ་གྱིན་འདུག་ ད་དུང་ཧ་ལས་པའི་དམ་དྲགས་ཆེན་པོ་བྱེད་གིན་འདུག་ ངོ་མ་བོད་ཡོངས་བཙོན་ཁང་བཞིན་དུ་འགྱུར་གྲབ་འདུག་ ཡང་དེ་སྔོན་ཚོང་པ་རྡོ་རྗེ་བཀྲིས་ལགས་ལ་ཚེ་བཙོན་བཀལ་བ་དང་༢༠༠༨ ལོའི་ཡར་ལངས་སྐབས་སུ་ཚུད་པའི་བོད་རིགས་རྣམས་ལ་བཙོན་ཆད་ལོ་ཡུན་ཇི་འདྲ་རིང་པོ་བཀལ་འདུག་གམ་ ཕྱོགས་གཅིག་ནས་བསམ་ན་བོད་རང་སྐྱོངས་ཕྱི་ན་ཡོད་པའི་བོད་རིགས་རྣམས་སྲིད་བྱུས་གུ་ཡང་བ་དང་ཐ་ན་ཁྲིམས་ཁང་ནང་ནས་བཙོན་ཆད་ལོ་ཡུན་ཡིན་ན་ཡང་ཐུང་བ་བཀལ་གྱིན་ཡོད་ རྒྱ་ནག་གིས་བོད་ཀྱི་ས་ཁུལ་གཉིས་ལ་དེ་འདྲའི་དབྱེ་བ་ཆེན་པོ་འབྱེད་དོན་ཅི་ཡིན་ནམ་

    Reply
  5. ས་འཚམས་མེདཔའི་ཁ says:
    ལོ་ 15 སྔོན།

    ཁོང་གཉིས་ཀྱིམཛདརྗེས་ལ་བསྔགས་དང་སྡུག་སེམས་མཉམ་སྐྱེདཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese