མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒས་གསོ་ཁང་འདི་ཨ་མར་དྲན་རྟེན་དུ་བརྒྱབ་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ལུགས་ཟུང་བསམ་འགྲུབ་གླིང་རྒས་གསོ་ཁང་གི་འགན་འཛིན་བསྟན་འཛིན་དོན་གྲུབ་དང་། ཁོང་གི་བཟའ་ཟླ་རྒས་གསོ་ཁང་དེ་ཀའི་སྦྱིན་བདག་གཙོ་བོ་ཨི་ཌ་ལི་ནས་ཡིན་པ་བོད་མིང་ལ་བསྟན་འཛིན་ཚེ་ལྷ་གཉིས་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཐོག་མར་སོ་སོ་ངོ་སྤྲོད་དང་འབྲེལ་རྒས་གསོ་ཁང་འདི་ཐོག་མར་བཙུགས་པ་དང་། ད་ལྟའི་གནས་སྟངས་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས། 

ལན། ངའི་མིང་ལ་བསྟན་འཛིན་དོན་འགྲུབ་ཟེར་ཞིང་སྐྱེས་ཡུལ་གྲོ་མོ་ཡིན། ང་དགུ་ལོར་བོད་ནང་དུས་འགྱུར་བྱུང་རྗེས་ཨ་མ་ལགས་ཀྱིས་ཁྲིད་དེ་རྒྱ་གར་ལ་ཡོང་བ་ཡིན། སྐབས་དེར་ང་ལོ་བདུན་རེད། བཙན་བྱོལ་དུ་འབྱོར་རྗེས་སྒང་ཐོག་ནས་ལོ་ཁ་ཤས་བསྡད་པ་ཡིན། ༡༩༦༥ ལོར་མེལ་སོར་གཞིས་ཆགས་སུ་ཡོང་སྟེ་འཛིན་གྲྭ་ ༡༠ བར་སློབ་སྦྱོང་བྱས་པ་ཡིན།  ༡༩༧༦ ལོར་དམག་ཁོངས་སུ་ཞུགས་ཏེ་ལོ་ ༢༡ ཙམ་བསྡད་པ་ཡིན། ༡༩༩༩ ལོ་ནས་རྒས་གསོ་ཁང་འདིར་ལས་ཀ་མགོ་འཛུགས་བྱས་པ་ཡིན། རྒས་གསོ་ཁང་འདི་ཐོག་མར་ ༡༩༩༨ ལོར་བཙུགས་པ་རེད། སྐབས་དེར་འདིར་བགྲེས་སོང་ ༤༠ ཙམ་ཡོད། ༢༠༠༠ ལོར་ཁང་མིག་གསར་རྒྱག་བྱས་ཏེ། བགྲེས་སོང་ ༢༢ ཁ་སྣོན་བྱས་པ་རེད། སྤྱིར་བཏང་རྒས་གསོ་ཁང་འདི་བོད་གཞུང་ནང་སྲིད་ཀྱི་ཁྱབ་ཁོངས་ས་གནས་གཞིས་མགོའི་འོག་ཡོད་ཀྱང་། འགྲོ་སོང་སོགས་ཀྱི་ཐད་ནས་འགན་གཙོ་བོ་ཨི་ཌ་ལི་ནས་ཡིན་པའི་སྦྱིན་བདག་མོ་རང་གིས་འགན་བཞེས་བསྡད་ཡོད་པ་རེད། 

 

དྲི་བ། རྒས་གསོ་ཁང་འདིའི་སྒྲིག་གཞི་དང་ཉིན་རེའི་འགྲོ་སྟངས་གང་འདྲ་ཡོད་དམ།  

ལན། བགྲེས་སོང་ཚོར་གཉིད་ཞེ་དྲག་མེད་སྟབས་ཞོགས་པ་སྔ་བོ་ཆུ་ཚོད་ ༤ སྟེང་ཡར་བཞེངས་ཀྱི་ཡོད། ཆུ་ཚོད་ ༦ སྟེང་ཆུ་ཁོལ་རེ་འབུལ་གྱི་ཡོད། ཆུ་ཚོད་ ༧ སྟེང་ཞོགས་ཇ་རེད། ཆུ་ཚོད་ ༧ དང་ཕྱེད་ནས་ ༨ དང་ཕྱེད་བར་ཞོགས་པའི་ཞལ་འདོན་སྐྱོར་གྱི་ཡོད། ཆུ་ཚོད་ ༨ དང་ཕྱེད་ཀ་ནས་ལས་ཀ་དམིགས་བསལ་མེད་སྟབས། སེ་ར་སོགས་མཐའ་ཁོར་གྱི་དགོན་པ་ཁག་ལ་མཆོད་མཇལ་དུ་འགྲོ་བ་དང་། འགའ་རེ་ཡིས་རྒས་གསོ་ཁང་གི་ཁོར་ཡུག་ནང་སྔོ་ཚལ་འདེབས་ལས་བྱེད་ཀྱི་ཡོད། ཆུ་ཚོད་ ༡༠ ཐོག་གསོལ་ཇ་ཞིག་འབུལ་བཞིན་ཡོད། ཉིན་གུང་ཆུ་ཚོད་ ༡༢ ཐོག་གུང་ཟས་མཆོད་ཀྱི་ཡོད། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་ཡང་བསྐྱར་གསོལ་ཇ་ཞིག་འབུལ་བཞིན་ཡོད། ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀ་ནས་ ༤ དང་ཕྱེད་བར་ཞལ་འདོན་ཡོད། ཕྱི་དྲོའི་ཆུ་ཚོད་ ༦ སྟེང་དགོང་ཟས་རེད། དགོང་མོའི་ཆུ་ཚོད་ ༦ དང་ཕྱེད་ཀ་ཙམ་ལ་མི་གཞན་གྱིས་ཎི་དང་སྒྲོལ་མ་གསོག་སྒྲུབ་ཀྱི་འདོན་བཅོལ་བཞག་པ་ཁག་སྒྲུབ་ཀྱི་ཡོད། ཉིན་གཅིག་གི་ལས་རིམ་རྫོགས་རྗེས་གཟུགས་པོ་བདེ་བོ་ཡོད་མཁན་ཚོས་བརྙན་འཕྲིན་ལ་ལྟ་བཞིན་ཡོད། དགོང་མོའི་ཆུ་ཚོད་ ༡༠ སྔོན་ལ་ཉལ་དགོས་པ་རེད།

 

དྲི་བ། འདི་ཀའི་བགྲེས་སོང་ཚོར་སྨན་ཁང་དང་ཉལ་ཁང་གི་མཐུན་རྐྱེན་གང་འདྲ་ཡོད་པ་དང་། ཁོང་ཚོར་ཞབས་ཞུ་སྒྲུབ་མཁན་གྱི་ལས་བྱེད་ག་ཚོད་ཡོད་དམ།

ལན། ཉལ་ཁང་དང་ཞལ་ལག་མཆོད་ས་ཡག་པོ་ཡོད་པ་རེད། སྨན་བཅོས་ཐོག་ལས་ཀ་བྱེད་མཁན་མི་གཅིག་དང་། བགྲེས་སོང་ཚོ་ལ་ལྟ་རྟོག་རོགས་རམ་བྱེད་མཁན་བུ་མོ་ཞིག ཞལ་ལག་བཟོ་མཁན་མ་བྱན་གཉིས། གསང་སྤྱོད་འཁྲུད་ཁང་དང་། ཁོར་ཡུག་གཙང་བཟོ་བྱེད་མཁན་གཅིག ང་རང་གིས་སྤྱི་ཡོངས་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཁྱོན་བསྡོམས་ང་ཚོར་ལས་བྱེད་ ༥ ཙམ་ལས་མེད། འདིར་ལས་བྱེད་རག་རྒྱུ་དཀའ་ལས་ཁག་པོ་འདུག གང་ཡིན་ཟེར་ན། འདིའི་ནང་གི་མི་ཚང་རྒན་འཁོགས་ཡིན་པ་མ་ཟད། ནད་གཅོང་དང་སེམས་པ་ཐང་པོ་མེད་པ་སོགས་ཡིན་སྟབས། ཞབས་ཞུ་སྒྲུབ་མཁན་རག་གི་མི་འདུག དཀའ་ངལ་ཆེ་ཤོས་གང་རེད་ཟེར་ན། བགྲེས་སོང་ཁ་ཤས་སོ་སོའི་ནང་ནས་ཨུ་ཚུགས་བརྒྱབ་སྟེ་འདུག་རྒྱུ་མང་དྲགས་སྟབས། ལུས་ནད་གཅོང་དང་སེམས་པ་ཐང་བོ་མེད་པ་ཆགས་འདུག དེ་དག་ལ་གཉོར་སྐྱོང་བྱ་རྒྱུ་དཀའ་ལས་ཁག་ཤོས་རེད།

 

དྲི་བ། འདས་པའི་ལོ་མང་རིང་ཀྱག་ཀྱོག་གི་བགྲོད་ལམ་རིང་པོ་བརྒྱུད་མྱོང་མཁན་བོད་མི་རྒན་རབས་པ་མང་པོ་ཞིག་དང་མཉམ་གཤིབ་རྒྱུན་རིང་བྱས་པའི་ཉམས་མྱོང་ཁྲོད་ཁྱེད་ལ་བག་ཆགས་ཟབ་ཤོས་ག་རེ་བཞག་སོང་ངམ། 

ལན། ཉམས་མྱོང་ཟེར་ན་འདྲ། རྒན་འཁོགས་ཚོའི་སྟེང་ནས་ཡ་མཚན་དགོས་ས་དང་། མིའི་མི་ཚེ་ཟེར་བ་འདི་ལ་ངོས་འཛིན་མི་འདྲ་བ་སྣ་ཚོགས་ཤིག་སྐྱེས་སོང་། རྒན་འཁོགས་ཚོ་ལ་གཅིག་གྱུར་གྱི་སྣང་ཚུལ་ཞིག་ཡོད་པ་ནི། ལོ་ཅི་ཙམ་རྒས་ཀྱང་ཆུང་ཆུང་བྱིས་པའི་དུས་ཀྱི་བག་ཆགས་དེ་གསལ་བོར་བསྡད་འདུག སྔོན་མ་ཆབ་མདོ་ནས་ཡིན་པའི་བགྲེས་སོང་ཞིག་ཡོད། ཁོས་རྟག་པར་ཁྲོམ་སྲང་དང་རླངས་འཁོར་ལམ་ཁར་འགྲོ་རྒྱུར་དགའ་བོ་བྱེད་ཀྱི་འདུག རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། ཁོ་ཆུང་དུས་ཚོང་པ་ཞིག་རེད། ཆབ་མདོ་དང་ལྷ་ས། གྲོ་མོ་དང་བཀའ་སྦུག ཀ་ལི་ཀ་ཏ་བཅས་ནས་ཆུ་ཚོད་སོགས་ཀྱི་ཚོང་བརྒྱབ་འདུག རྒན་འཁོགས་ཚང་མ་ལོ་ག་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ཏེ། བསམ་བློ་བྱིས་པའི་དུས་སྐབས་ཆགས་ཡོང་གི་འདུག དེ་དང་མཉམ་དུ་སེམས་པ་གུ་དོག་ཆགས་ཏེ། ཕན་ཚུན་མི་འགྲིག་པ་ཆུང་ཚགས་བྱུང་ན་ཡང་བརྗེད་རྒྱུ་མེད་པར་སེམས་ལ་བཟུང་འདུག དཔེར་ན། ཕོར་བ་ཞིག་གི་ཆེད་དུ་ཁ་རྩོད་ཤོར་ན་ཡང་ལོ་བཞི་ལྔའི་རྗེས་སུ་ད་དུང་སེམས་ལ་ཉར་འདུག་ལ། ཅི་ཙམ་འགོར་ཡང་རྙོག་དྲ་ཕྲན་བུ་བྱུང་སྐབས་རེ་རེ་བཞིན་གླེང་ཡོང་གི་འདུག 

 

དྲི་བ། འདིར་ཡོད་པའི་བགྲེས་སོང་དག་གི་བྱེ་བྲག་གི་ལོ་རྒྱུས་གང་འདྲ་ཡིན་པ་དང་། ཁོང་ཚོ་རྒས་གསོ་ཁང་ལ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་གང་དག་ལ་ཐུག་འདུག 

ལན། ད་ལྟ་འདིར་བགྲེས་སོང་ ༥༠ ཡོད་ལ། དེ་དག་ཁྲོད་ཕོ་ ༣༡ དང་། མོ་ ༡༩ ཙམ་འདུག ཕོ་མང་ཆེ་བ་དམག་མི་རྒན་པ་གཉེན་སྒྲིག་མ་བྱས་པར་བཟའ་ཟླ་བུ་ཕྲུག་གཅིག་ཀྱང་མེད་མཁན་རེད། མོ་རྣམས་ཀྱང་ཁྱོ་ག་གྲོངས་ཟིན་པ་དང་། ཡང་ན་མི་ཚེ་གང་བོར་ཁྱོ་ག་མེད་པར་མོ་ཧྲང་ལ་ལྷག་བསྡད་པ་དེ་འདྲ་རེད། ཁྱོ་ཤུག་གཉིས་ཀ་འདིར་ཡོང་ཡོད་པ་ ༤ ཙམ་ཡོད། ཁོང་ཚོ་སོ་སོར་བུ་ཕྲུག་མེད་མཁན་རེད། དེ་དག་འདིར་ཁང་མིག་གཅིག་ནང་སྡོད་དུ་བཅུག་ཡོད། དེང་སྐབས་ཕྱི་རྒྱལ་ཁག་ལ་མང་པོ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་ཕ་མ་རྒས་གསོ་ཁང་ལ་བཅུག་སྟེ་སོ་སོ་ཕྱི་རྒྱལ་དུ་འགྲོ་ཐབས་བྱེད་མཁན་ཡོང་མི་སྲིད་པ་མ་རེད། ད་ལྟ་ནས་རེ་ཟུང་བསླེབས་སོང་། སོ་སོ་ཕྱི་རྒྱལ་དུ་འགྲོ་དགོས་པའི་དབང་གིས་ཕ་མ་རྒས་གསོ་ཁང་ལ་འཇུག་ཐབས་བྱེད་མཁན་དང་། སྔར་ནས་ཕྱི་རྒྱལ་དུ་ཕྱིན་ཡོད་མཁན་ཚོས་འདིར་འབྲེལ་བ་བྱས་ཏེ། ཕ་མ་རྒས་གསོ་ཁང་ལ་ལེན་རྒྱུར་ཐབས་ཤེས་བྱེད་མཁན་དེ་འདྲ་འདུག འདི་རིགས་གནས་ཚུལ་ཡག་རྟགས་མ་རེད།

 

དྲི་བ། ད་ལྟའི་ཆར་རྒས་གསོ་ཁང་འདིར་སྤྱིའི་འགྲོ་གྲོན་ག་ཚོད་ཡོད་པ་དང་། གྲོན་དངུལ་དེ་དག་ཇི་ལྟར་ཐབས་འཚོལ་གནང་གི་ཡོད་དམ།

ལན། རྒན་འཁོགས་དགོངས་ལོ་ ༦༥ ཟིན་ཡོད་པ་ཞིག་ཡིན་ན། གྲོང་སྡེ་སྤྱི་མིས་ས་གནས་མགོ་འཛིན་ལས་ཁུངས་ལ་སྙན་གསེང་ཞུ་དགོས་པ་དང་། གཞིས་མགོ་ཡིས་རྒས་གསོ་ཁང་ལ་བཀའ་ཕེབས་པ་ཡིན་ན་ཚུད་ཀྱི་ཡོད་པ་རེད། འགྲོ་སོང་ཐད་སྔོན་མ་ཉིས་སྟོང་བརྒྱད་དགུ་ལ་ལོ་རེར་ཧིན་སྒོར་འབུམ་དྲུག་རེ་ཙམ་རེད། ད་ཆར་ཟས་སོང་ཕར་བ་དང་བསྟུན་ཏེ་ལོ་རེར་སྒོར་འབུམ་བཅུ་ལྷག་འགྲོ་བཞིན་འདུག ཨི་ཌ་ལི་ནས་ཡིན་པའི་བསྟན་འཛིན་ཚེ་ལྷ་ལགས་ང་རང་གི་བཟའ་ཟླ་ཡིན་ལ། ད་ཆར་རྒས་གསོ་ཁང་འདིའི་སྦྱིན་བདག་གཙོ་བོ་ཡང་མོ་རང་ཡིན་པ་མ་ཟད། རྒས་གསོ་ཁང་འདི་ཐོག་མར་གསར་རྒྱག་གནང་མཁན་ཡང་མོ་རང་རེད། ད་བར་ལོ་ལྟར་ཧིན་སྒོར་འབུམ་དྲུག་རེ་གནང་གི་ཡོད། སྦྱིན་བདག་གཞན་རེ་ཟུང་གིས་ཀྱང་དངུལ་ཕྲན་བུ་རེ་སྤྲོད་ཀྱི་ཡོད། གལ་སྲིད་མ་འདང་བའི་གནས་ཚུལ་བྱུང་ན་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་གནང་གི་ཡོད་པ་རེད།

 

དེའི་རྗེས་མུ་མཐུད་རྒས་གསོ་ཁང་གི་འགན་འཛིན་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྐུ་ལྕམ་བསྟན་འཛིན་ཚེ་ལྷ་ལགས་སུ་བཅར་འདྲི་ཞུས།

དྲི་བ། ཐོག་མར་ཁྱེད་རང་གི་ལོ་རྒྱུས་ཉུང་བསྡུས་ཤིག་ངོ་སྤྲོད་གནོངས་དང་།  

ལན། ངའི་བོད་མིང་ལ་བསྟན་འཛིན་ཚེ་ལྷ་ཟེར་གྱི་ཡོད། བོད་མིང་འདི་ ༡༩༩༨ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ལ་གནང་བ་ཡིན། ང་རང་ཨི་ཌ་ལི་ནས་ཡིན་ཞིང་། འཛམ་གླིང་དམག་ཆེན་དང་པོའི་སྐབས་སྐྱེས་པའི་མི་རྙིང་པ་ཞིག་ཡིན། དམག་ཆེན་གཉིས་པའི་སྐབས་ང་རང་གི་ཕ་ལགས་འཇར་མན་ལ་དམག་འཁྲུག་རྒྱག་སྐབས་སྲོག་ཤོར་སོང་། སྦྱིར་ང་སྐྱེས་ས་གྲོང་གསེབ་ཡིན་ཡང་། ཕ་ལགས་འདས་རྗེས་ཨ་མས་ང་གྲོང་འཁྱེར་དུ་ཁྲིད་ཡོང་ནས་དྭ་ཕྲུག་ཁང་ཞིག་ལ་བཞག་པ་རེད། སྐབས་དེར་ཨ་མ་ལགས་ཀྱིས་དཀའ་ལས་བརྒྱབ་སྟེ་ངེད་གཉིས་ཀྱི་ཁ་གསོས་པ་རེད། དྭ་ཕྲུག་ཁང་དེ་ནས་སློབ་སྦྱོང་ཕྲན་བུ་བྱས་ཡོད་ཀྱང་། ཆ་རྐྱེན་གྱི་དཀའ་ངལ་འོག་མུ་མཐུད་སློབ་སྦྱོང་བྱས་མ་ཐུབ་པར་རྗེས་སུ་ང་རང་གིས་ཀྱང་ངལ་རྩོལ་བྱས་པ་ཡིན། རིམ་གྱིས་སྒེར་ངོས་ནས་ཚོང་རྒྱག་མགོ་བརྩམས་ཏེ་ས་ཆ་ཡག་པོ་ཞིག་ཏུ་དེབ་ཚོང་ཁང་ཞིག་གཉེར་ཐུབ་སོང་། སྐབས་དེར་ཚོང་ཧ་ཅང་ཡག་པོ་བྱུང་སོང་ལ། དངུལ་གང་འཚམ་བསོགས་ཐུབ་སོང་། རྗེས་སུ་ཨ་མ་ལགས་ལ་སྙུང་གཞི་ཞིག་ཕོག་སྟེ་ངས་མུ་མཐུད་ཚོང་ལས་གཉེར་མ་ཐུབ་པར་དེབ་ཚོང་ཁང་དེ་གཞན་ལ་བཙོང་སྟེ་ཨ་མ་ལགས་ལ་ནད་གཡོག་བྱས་པ་ཡིན། 

 

དྲི་བ། ཁྱེད་རང་ཐོག་མར་བོད་པ་ཚོར་འབྲེལ་འདྲིས་ཇི་ལྟར་བྱུང་བ་ཡིན་ནམ།

ལན། ཕྱི་ལོ་ ༡༩༩༤ ལོར་ང་རང་གི་གཟུགས་པོ་ཅུང་མི་བདེ་བ་ཆགས་སྐབས། བོད་པ་དང་འབྲེལ་བ་ཡོད་པའི་བསྐུ་མཉེ་ massage གཏོང་མཁན་བུ་མོ་ཞིག་དང་ཐུག་སྟེ་མོ་རང་གིས་བོད་པའི་སྐོར་ངོ་སྤྲོད་བྱས་སོང་། དུས་དེ་ནས་བཟུང་ང་རང་བོད་པའི་ཐོག་ལ་དོ་སྣང་བསླེབས་སོང་། ༡༩༩༦ ལོར་ང་རང་གི་ཨ་མ་ལགས་སྐུ་གྲོངས་སོང་། དེ་ནས་ང་རང་རྒྱ་གར་དུ་ཡོང་སྟེ་ཐེངས་དང་པོ་བོད་པའི་སྤྱི་ཚོགས་དང་འབྲེལ་འདྲིས་བྱུང་བ་ཡིན། སྐབས་དེར་ངས་བོད་པའི་སློབ་ཕྲུག་ ༡༤ ཙམ་ལ་སྦྱིན་བདག་བྱས་པ་ཡིན། ༡༩༩༨ ལོར་ང་ཐེངས་མ་གཉིས་པ་ཡོང་སྐབས། ཨ་མ་ལགས་ལ་དྲན་རྟེན་གྱི་ཆེད་དུ་རྒས་གསོ་ཁང་འདི་བརྒྱབ་པ་ཡིན། སྔོན་མ་རྒས་གསོ་ཁང་འདིའི་ཚབ་ཏུ་བྱ་གསོ་ཁང་ཞིག་ཡོད་ས་རེད། ༧གོང་ས་མཆོག་ཐེངས་ཤིག་འདིར་ཕེབས་ཏེ། ཕར་ཕྱོགས་སུ་ཉ་མང་པོ་ཞིག་ཚེ་ཐར་ལ་བཏང་ཡོད་པ་རེད། འོན་ཀྱང་འདི་ཕྱོགས་སུ་བྱ་གསོ་ཁང་བཙུགས་ཏེ། སྡིག་ལས་བྱས་ན་ཡག་པོ་མི་འདུག་གསུངས་ཏེ། བྱ་གསོ་ཁང་དེ་སྒོ་བརྒྱབ་ཅིང་ཤུལ་དུ་རྒས་གསོ་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་སྒྲིག་གཞིན་པའི་སྐབས་དང་འཁེལ་ཏེ། རྒས་གསོ་ཁང་འཛུགས་སྐྲུན་གྱི་སྦྱིན་བདག་ཆ་ཚང་ང་རང་གིས་འགན་ལེན་བྱས་པ་ཡིན།

 

དྲི་བ། རྒས་གསོ་ཁང་འདི་ཐོག་མར་འཛུགས་སྐྲུན་གྱི་མ་དངུལ་དང་། ད་ལྟ་མི་མཐུད་འཛིན་སྐྱོང་བྱེད་ཀྱིན་པའི་ལོ་རེའི་འགྲོ་སོང་གི་དངུལ་ཆ་ཚང་ཁྱེད་རང་སྒེར་ངོས་ནས་གཏོང་གི་ཡོད་དམ། ཡང་ན་ཁྱེད་རང་གིས་གཞན་ནས་རོགས་ཚོགས་འཚོལ་བཞིན་ཡོད། 

ལན། མགོ་མཇུག་བར་གསུམ་གྱི་འགྲོ་སོང་ཡོངས་རྫོགས་ང་རང་སྒེར་ངོས་ནས་གཏོང་གི་ཡོད། གྲོགས་མོ་རེ་ཟུང་གིས་ང་ལ་རོགས་པ་བྱ་དགོས་ཟེར་ནས་དངུལ་ཏོག་ཙམ་རེ་སྤྲད་སོང་། འོན་ཀྱང་ཁོང་ཚོ་ཡང་རྒྱུ་ཆེན་པོ་ཡོད་མཁན་དེ་འདྲ་མ་རེད། ལས་ཀ་བྱས་ཏེ་དཀའ་ལས་རྒྱག་མཁན་རེད། ༡༩༩༨ ལོར་རྒས་གསོ་ཁང་འདིའི་ཐོག་མའི་འཛུགས་སྐྲུན་ཐད་ཧིན་སྒོར་འབུམ་བཞི་བཅུ་ཞེ་ལྔ་ ༤༥༠༠༠༠༠ ཙམ་ཕྱིན་སོང་། དུས་དེ་ནས་བཟུང་ལོ་ལྟར་ཧིན་སྒོར་འབུམ་དྲུག་ ༦༠༠༠༠༠ རེ་འཆར་ཅན་གྱིས་གཏོང་གི་ཡོད། རོབ་རྩིས་བྱས་ན་རྒས་གསོ་ཁང་འདིའི་སྟེང་ལ་ད་བར་ཧིན་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་ ༡༡༠༠༠༠༠༠ ལྷག་བཏང་ཟིན། རྒས་གསོ་ཁང་འདི་ཡོངས་སུ་གྲུབ་སྟེ་དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས་པ་རེད། སྐབས་དེར་ངས་ཁོང་ལ། སྦྱིར་ང་རང་རྒྱུ་ཆེན་པོ་ཡོད་མཁན་ཞིག་མིན་ལ། ཡོད་པ་དེ་ཡང་དཀའ་ལས་བརྒྱབ་སྟེ་བསོགས་པ་ཡིན་སྟབས། བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་ན་བསམ་སྟེ། རྒས་གསོ་ཁང་འདིར་བདག་པོ་བརྒྱབ་པ་ཡིན། ཞེས་ཞུས་པ་ཡིན་ལ། དེའི་ཞོར་དུ་ང་ལ་བོད་པའི་མིང་ཞིག་གནང་རོགས་ཞུས་སྐབས། ༧གོང་ས་མཆོག་གིས་ང་ལ། བསྟན་འཛིན་ཚེ་ལྷ། ཞེས་བསྩལ་སོང་། ང་རང་དགའ་དྲགས་ཏེ་ཉིན་གང་བོར་ངུས་བསྡད་པ་ཡིན།

 

དྲི་བ། ཁྱེད་རང་བསྟན་འཛིན་དོན་གྲུབ་ལགས་དང་ཇི་ལྟར་གཉེན་སྒྲིག་བྱས་པ་ཡིན་ནམ།

ལན། ང་རང་རྒས་གསོ་ཁང་འདིིའི་སྦྱན་བདག་ཡིན་སྟབས། ང་འདིར་ཡོང་ཐེངས་རེར་བསྟན་འཛིན་དོན་འགྲུབ་ཀྱིས་སྣེ་ལེན་བྱེད་ཀྱི་ཡོད་པ་རེད་ལ། གཞན་ང་ལ་དོན་དག་ག་རེ་ཡོད་ཀྱང་ཁོང་གིས་རོགས་རམ་བྱེད་ཀྱི་ཡོད་པ་རེད།  ༢༠༠༣ ཁོ་རང་གི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་སོང་། སྤྱིར་བོད་པ་ཚོས་རྒན་འཁོགས་ཚོར་བྱམས་སྐྱོང་བྱེད་སྟངས་དང་། ཕ་མ་འདས་གྲོངས་སུ་ཕྱིན་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་སྒྲུབ་ཀྱི་ཡོད་པ་དེ་ཧ་ཅང་ཡག་པོ་ཞིག་ཏུ་མཐོང་སོང་། ལྷག་པར་དུ་བསྟན་འཛིན་དོན་གྲུབ་ལགས་ཀྱི་ཨ་མ་གྲོངས་སྐབས། ཁོ་རང་གིས་ལུས་ངག་ཡིད་གསུམ་གྱི་ཐོག་ནས་མྱ་ངན་དང་དགེ་སྦྱོར་མང་པོ་ཞིག་བྱས་པ་དེ་ལ་ང་རང་ཡིད་འགུལ་ཐེབས་སོང་། ང་རང་ལ་མཚོན་ན་ཡང་ཨ་མ་ལགས་གྲོངས་ཟིན་པ་རེད། ད་ཆར་ང་ལ་བཟའ་ཟླ་དང་ནང་མི་གཞན་ཡོད་པ་མ་རེད། ལོ་རྒན་འཁོགས་ཆགས་ཡོང་སྐབས་རྟེན་ས་ཁེན་ས་ཞིག་མེད་ན་ཡོང་གི་མ་རེད། བསྟན་འཛིན་དོན་གྲུབ་ཀྱི་གནས་སྟངས་ཀྱང་ང་དང་གཅིག་མཚུངས་རེད། དེར་བརྟེན། ངེད་གཉིས་ལོ་རྒན་འཁོགས་ཡིན་ཡང་ ༢༠༠༥ ལོར་གཉེན་སྒྲིག་བྱས་ཏེ་མཉམ་དུ་བསྡད་པ་ཡིན། ད་ལྟ་ཁོ་རང་ལོ་ ༥༨ དང་ང་ལོ་ ༧༤ ལ་བསླེབས་ཡོད། 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༠ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. ༅།ས་འབྲུག་དཀར་པོ། says:
    ལོ་ 14 སྔོན།

    ཆོས་སྲིད་གང་ཐད་ནས་བཤད་ན་ངོ་མ་རླབས་ཆེན་གྱི་ཕྱག་ལས་དང་མཛད་རྗེས་རེད།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་པ་རྒྱུ་ཆེན་ཚོས་ཀྱང་རྒྱུ་བེད་་སྤྱོད་འདི་ལྟར་གཏང་ཐུབ་ན་ཅི་མ་རུང་།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ང་ཚོ་བོད་མིའི་ཐུན་མིན་གྱི་ཡ་རམ་གོམས་གཤིས་སོགས་ལ་མཚོན་ནས་བཤད་ན
    རྒན་གསོ་ཁང་ཅི་ཙམ་ཡར་རྒྱས་སུ་སོང་བ་དེ་ཙམ་གྱི་ལྟས་ངན་པ་ཞིག་མངོན་ཡོང་གིན་ཡོད
    སྤྱིར་རྒན་པ་དག་གསོ་སྐྱོང་བྱས་པར་ཡི་རིང་ཡོད།
    འོན་ཀྱང་རྒན་གསོ་ཁང་ཡར་རྒྱས་དང་དེས་ནང་རྒན་པ་མང་རི་འགྲོ་བ་དེ།ཕྱི་ལུགས་ཀྱི་ལོ་༡༨་ཟིན་ནས་ཕ་མར་འབྲེལ་མེད་ལྟ་བུ་ཆགས་པ་དང་ཕ་མ་རྒན་ཁོག་ཆག་པ་དང་རྒན་གསོ་ཁང་མ་གཏོགས་སྐྱབས་བཅོལ་ས་མེད། དེར་བརྟན་ང་ཚོའི་རྒན་གསོ་ཁང་དག་ཅིང་ཡར་རྒྱས་སོང་བ་དེ་ཙམ་གྱི་གོམས་གཤིས་དེར་ཐག་ཉེ་རི་སླེབ་བཞིན་ཡོད།
    དེའི་ཕྱིར་ལྟས་ངན་རེད་ཟེར་གིན་ཡོད། ལྷག་དོན་དུ་སྒོར་གི་ཆད་དུ་ཕྱི་རྒྱལ་ལ་ཕྱིན་དེ་རང་ལ་དལ་འབྱོར་གྱི་རྟེན་བཟང་འདི་བསྐྲུན་མཁན་དང་ཆུང་སྤར་བ་གང་ནས་གསོ་སྐྱོང་གནང་པའི་རང་གི་ཕ་མ་དག་རྒན་ཁོག་ཆག་པ་དང་བཅའ་དངོས་ཕན་མེད་བཞིན་རྒན་གསོ་ཁང་ལ་གཡུག་རྐྱང་བྱས་ན། དེ་ནི་དྲིན་ཅན་ལ་དྲིན་ལོག་དང་གཡེང་ལ་རྡོ་ལོག་རང་རེད། སྒོར་གལ་ཆེན་ཅི་ཙམ་ཡིན་ཡང་རང་གི་ཕ་མ་ལས་ལྷག་དུ་འཛིན་མཁན་ཞིག་ཡོད་ན། དེའི་ཀླད་པའི་ནང་དུ་ཞོ་བླུགས་་མེད་ན་མ་གཏོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  4. ཁ་བ་ནག་པོ། says:
    ལོ་ 14 སྔོན།

    ཡ་མཚན་རེད། མིག་ཆུ་ཞིག་དབང་མེད་དུ་ཤོར་སོང་། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཅེས་པ་དེ་དཔེ་འདི་འདྲའི་སྟེང་ནས་ངོ་འཕྲོད་ཡོང་གི་འདུག དཔེ་ཆ་རྐྱང་རྐྱང་ལ་ལྟ་བ་ལས་སྤྱི་ཚོགས་ལ་ལྟ་རྒྱུ་འདི་སེམས་ལ་ཕན་ཐོགས་ཡོང་རྒྱུར་ཕན་པ་བླ་ལྷག་གིས་འདུག

    Reply
  5. བསེ་རུ། says:
    ལོ་ 14 སྔོན།

    མི་མཐུད། མུ་མཐུད།
    སྦྱུན་བདག སྦྱིན་བདག

    ད་དུང་གསར་འགྱུར་འདིའི་གཤམ་དུ།
    “ད་ལྟ་ཁོ་རང་ལོ་ ༥༨ དང་ང་ལོ་ ༧༤ ལ་བསླེབས་ཡོད། “ཅེས་འཁོད་འདུག་ཀྱང་།
    འདྲ་པར་ནང་དུ་བལྟས་ན། ད་ལྟ་ང་རང་ལོ་ 58 དང་། ཁོ་རང་ལོ་ 74 ལ་བསླེབས་ཡོད། ཅེས་ལབ་དགོས་འདུག་སྙམ་བྱུང་།
    འདི་ནི་གསར་འགོད་པས་འགོད་ནོར་ཤོར་བ་མིན་ནམ།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བསྟན་འཛིན་ཚེ་ལྷ་འཁོར་བཅས་ཀྱི་བསམ་དོན་ལྷུན་གྲུབ་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese