མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་ཐང་དུ་གས་གཏོར།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༤ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ཌོ་མོ་ཌེ་ཌོ་ཝེ་ Domodedove རྒྱལ་སྤྱིའི་གནམ་ཐང་དུ། དྲག་སྤྱོད་པ་ཞིག་གིས་གློ་བུར་དུ་རང་སྲོག་བློས་གཏོང་གིས་འགད་རྫས་གཡུགས་ཏེ་དབྱིན་ཇི་མི་སེར་གཉིས་ཚུད་པའི་མི་ ༣༥ བསད་པ་དང་། མི་ ༡༣༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག་ལ། དོན་རྐྱེན་དེའི་ཐད་ཡུལ་དེའི་ས་གནས་དཔོན་རིགས་ཤིག་གིས་གསར་འགོད་པར་ད་ལྟ་ཉེན་རྟོག་པས་དོགས་གཞི་ཡོད་པའི་མི་ ༣ ལ་འདྲི་རྩད་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད་འདུག ཨུ་རུ་སུའི་སྲིད་འཛིན་མེ་ཊི་ཝེ་ཊི་ཝེ་ Medvedev མཆོག་གིས་ཐེངས་འདིའི་དོན་རྐྱེན་དེ་ནི་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་ཞིག་ཆགས་ཡོད་སྟབས། ང་ཚོས་གང་མགྱོགས་གནམ་ཐང་གི་བདེ་འཇགས་དང་མང་ཚོགས་ཀྱི་འགྲུལ་བཞུད་ཐད་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བརྗོད་འདུག

དོན་རྐྱེན་དེར་ཨ་རིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཨོ་བྷ་མས་དོན་རྐྱེན་དེ་ནི་ཧ་ཅང་གདུག་རྩུབ་ཅན་ཞིག་རེད་ཅེས་བརྗོད་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་གྱིས་ཀྱང་དོན་རྐྱེན་དེ་ཧང་སང་དགོས་པ་ཞིག་རེད་ཅེས་ཁ་རྡུང་བཏང་འདུག ན་ནིང་ཕྱི་ཟླ་གསུམ་པར་ཡང་ཨུ་རུ་སུའི་རྒྱལ་སའི་ས་འོག་ལྕགས་ལམ་སྟེང་བུད་མེད་གཉིས་ཀྱིས་རང་སྲོག་བློས་གཏོང་གིས་འགད་རྫས་བཞག་ཏེ། མི་ ༤༠ ལ་སྲོག་སྐྱོན་དང་མི་ ༨༠ རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 3

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    རྒྱལ་སྤྱིའི་གསར་འགྱུར་ཚ་བོ་ཚ་བོ་དེ་རིགས་གསར་དུ་འདོན་རོགས་ཞུ་བཞིན་ཡོད།
    གསར་འགྱུར་འདི་ངས་བྷི་བྷི་སིའི་རྒྱུད་ལམ་ནས་ཀློག་ཙམ་བྱས་ཡིན།
    དེ་མིན་བོད་དུ་ཡོད་པའི་བོད་སྐད་རླུང་འཕྲིན་ཁང་ནས་རྟག་ཏུ་གྲྭ་རྒན་གྱི་ཁ་འདོན་ཀློག་པ་ནང་བཞིན་བརྗོད་བྱ་གཅིག་ལས་མེད་དེ་ནི་ང་ཚོས་ཤེས་གསལ་རེད།
    ཨ་རི་ལས་སོགས་ཕྱི་ཕྱོགས་སུ་ཡོད་པའི་བོད་སྐད་རླུང་འཕྲིན་ཁང་གི་ཡིག་ཐོག་གསར་འགྱུར་དེ་ཚོའང་ཤེས་བྱའི་གསར་ཤོག་ཀློག་པ་དང་ཁྱད་མེད།
    དེས་ན་དུས་བབས་ཁྱེད་ཀྱིས་དུས་ནས་དུས་སུ་གསར་འགྱུར་དང་ཡ་མཚན་་དངོས་བྱུང་གི་རིགས་བཀོད་ཐུབ་ན་བོད་སྐད་བོད་ཡིག་ལ་ཕན་ཐོགས་ཤིན་ཏུ་ནས་ཆེ།
    དེ་དོན་ཏུགས་འཇགས་བཅས་ཞུ།
    ཡིག་ནོར་ཅུང་ཙམ་ཡོད་པ་དེ་ཚོར་ཞེ་སྣང་མི་དགོས།
    གང་ཡང་བྱེད་ཀྱི་མ་རེད།
    འགའ་ཞིག་གིས་སྐྱོན་འདོན་བྱེད་མདོག་ཁ་བོ་རེད།
    དེ་ཚོར་རྣ་རྒྱབ་དྲི་བཞོན་་་་་་་་

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    གསར་འགྱུར་གི་རིགས་གང་འགྱོགས་འགྱོགས་དང་རྣམ་གྲངས་གང་མང་མང་བཏང་ཐུབ་ན་དགེ་མཚན་ཆེན་པོ་འདུག་རྗེས་སུ་གང་མང་མང་གཏང་གནང་ཡོང་བའི་འབོད་བསྐུལ་ཞུ་གི་ཡོད། འདི་འདྲའི་སྙིང་སྟོབས་ཆེན་པོ་མི་ཕུང་རང་བརླག་ངེས་པར་དུ་འདི་འདྲའི་རིགས་ལ་རྒྱལ་ཁབ་ཐམས་ཅད་ཀྱིས་མཉམ་རུབ་བྱེད་ནས་གོ་ལ་འདི་ཞི་བདེ་སྐྲུན་པ་ལ་ཐབས་བརྒྱ་ཇུས་སྟོང་གི་འབད་པ་དེ་ནི་ཐམས་ཅད་ཀྱི་ལས་འགན་ཆེས་སྒྲུབ་འོས་པ་ཞིག་ཏུ་སེམས་གལ་སྲིད་ཉེས་པ་མི་ཐེག་པའི་རིགས་མང་པོ་ཡོད་ན་གཞུང་གི་སྤྱི་སྡེ་ཚན་པ། དྲག་ཆས་ཚན་པ་ལྟ་བུའི་སྒོ་ཁར་འདི་འདྲ་བྱེད་ཐུབ་ན་དཔའ་བོ་ཡིན་གྱི། མི་སེར་ཉམས་ཆུང་རྣམས་འགྲོ་འོང་བྱེད་སར་འདི་ལྟ་བུའི་བྱ་སྤྱོད་སྤེལ་བ་དེ་ནི་སྙིང་རྗེ་དང་ཡ་ང་སྤུ་ཙམ་མེད་པའི་གདུག་སེམས་ཤིན་ཏུ་གནག་པོ་འདི་འདྲའི་མི་ངན་རྣམས་ཀྱིས་ད་དུང་ཇི་ལྟར་བྱེད་པར་འགྱུར་གི་རེད་ངེད་ཚོ་བཙན་བྱོལ་བ་ཐམས་ཅད་ཀྱི་བློ་རྩེ་གཅིག་ཏུ་བསྒྲིལ་ནས་ནན་བལྟ་དང་ཞིབ་གཤེར་ཚན་པས་གོང་ས་མཆོག་དང་རྒྱལ་དབང་ཀརྨ་པ་སོགས་ཀྱི་སྐུ་མདུན་དུ་ངེས་པར་དུ་མེལ་རྩེ་ནམ་ཡང་མི་ཀློད་པ་བྱེད་རྒྱུ་དེ་ནི་ཆེས་ཤིན་ཏུ་གལ་ཆེན་ཞིག་གི་བྱ་བ་ཡིན་པས་བདེ་སྲུངས་ཚན་པར་འདི་རྒྱུད་ནས་ཡང་བསྐྱར་གཟབ་ནན་གནང་རོག་ཞེས་ཞུ་གི་ཡོད། ཚེ་འདས་དེ་ཚོས་གཙོས་པའི་བར་དོའི་ཡིན་ཅན་ཚེ་ལས་འདས་ཚད་ཐམས་ཅད་རྣམ་གྲོལ་ཐར་པ་ཆེན་པོའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྐྱ་སེར་ཡོད་དོ་ཅོག་གི་བསྔོ་སྨོན་རེ་གསུང་གྲུབ་གནང་ཞེས་གསོལ་བ་འདེབས་ཀྱིན་ཡོད།།

    Reply
  3. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ཁྱོད་ཚོས་གསར་འགྱུར་གྱི་དུས་ཚོད་མགྱོགས་དགོས་ལ། དོན་དངོས་དང་ཁ་ཐག་ཉེ་དགོས། དེ་ལྟར་གྱུར་ན། ཡིག་ནོར་ཁ་ཤས་ཙམ་གྱིས་དུས་བབ་གཏན་དུ་འཇིག་མི་སྲིད་པ་ཡིན། དེ་ཡང་ཁྱོད་ཚོས་མཉམ་འཇོག་བྱ་དགོས་པ་ཞིག་ཡིན་པ་ཞར་དུ་ཤེས་པར་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese