མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གི་ཆག་འཇིག

བོད་ཀྱི་དུས་བབ།
༢༠༡༡/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་རྒྱལ་ས་དང་ཉེ་བའི་བྱང་ཁུལ་དུ་ཕྱི་ཚེས་ ༩ དང་ ༡༠ བཅས་ལ་བསྟུད་མུར་རིམ་པ་ ༧་༢ ཅན་གྱི་ས་འགུལ་བྱུང་ཞིང་། ལྷག་པར་དུ་ཕྱི་ཚེས་ ༡༡ ཉིན་བསྐྱར་དུ་ཉི་ཧོང་བྱང་ཤར་མཚོ་ངོགས་སུ་ས་འགུལ་རིམ་པ་ ༨་༩ ཅན་ཞིག་བརྒྱབ་རྗེས། རྒྱ་མཚོ་ཆེན་པོ་གཡོ་འཁྱོམ་གྱིས་མཚོ་འགྲམ་ཁུལ་གྱི་གྲོང་ཁྱེར་ནང་མཚོ་རླབས་འཕྱུར་ཏེ། འཛུགས་སྐྲུན་དང་ཁང་ཁྱིམ། ལམ་དང་ཟམ་པ། རླངས་འཁོར་དང་གྲུ་གཟིངས་ཁྲི་སྟོང་མང་པོ་རྨེག་མེད་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།

ཉི་ཧོང་རྒྱལ་ས་ཊོ་ཀེ་ཡོ་ (Tokyo) གྲོང་ཁྱེར་ནང་གི་བཟོ་གྲྭ་དང་རྡོ་སྣུམ་ལས་སྣོན་ཁང་གཅིག་བཅས་སུ་མེ་སྐྱོན་ཚབས་ཆེན་བྱུང་རྗེས་རིམ་བཞིན། ཕྱི་ཚེས་ ༡༨ ཉིན་བསྐྱར་དུ་ས་འགུལ་བྱུང་བ་དེས་ཧྥུ་ཀུ་ཤེ་མ (Fukushima) ས་ཁུལ་གྱི་རྡུལ་ཕྲན་རྟེན་གཞི་ཞིག་གི་ཚན་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་རིམ་བཞིན་གས་འཐོར་བྱུང་སྟེ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། རྟེན་གཞི་དེའི་ནང་གི་གྲང་གློག་འཕྲུལ་ཆས་སོགས་འཕྲུལ་ཆས་མང་པོར་གནོད་སྐྱོན་བྱུང་ཡོད་འདུག

ཉི་ཧོང་གཞུང་གཙོས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་ཐེངས་འདིའི་རྡུལ་ཕྲན་རྟེན་གཞིར་གས་འཐོར་བྱུང་བ་དེས་མིའི་རིགས་ཀྱི་འཕྲོད་བསྟེན་ལ་གནོད་འཚབ་ཐེབས་རྒྱུ་ཡིན་པའི་བློ་ཚབས་བྱེད་ཀྱི་ཡོད་པར་མ་ཟད། ཉི་ཧོང་སྲིད་བློན་གྱིས་རྡུལ་ཕྲན་གས་འཐོར་ས་ཁུལ་ཉེ་འཁོར་སྤྱི་ལེ་ ༢༠ ནང་ཁུལ་གྱི་མང་ཚོགས་རྣམས་འཕྲལ་དུ་ས་གནས་གཞན་ལ་གནས་སྤོར་བྱ་རྒྱུ་དང་།  སྤྱི་ལེ་ ༢༠ ནས་ ༣༠ བར་གྱི་ཡུལ་མི་རྣམས་ཀྱིས་སྒོ་དང་སྒེའུ་ཁུང་བརྒྱབ་ཏེ་རང་ཁྱིམ་དུ་སྡོད་རྒྱུ་བཅས་མང་ཚོགས་ལ་འབོད་སྐུལ་ཞུས་འདུག  དེ་ནི་རྡུལ་ཕྲན་དུག་རྫས་རང་བཞིན་གྱི་འོད་རླབས་ཕྱི་རུ་ཤོར་བ་དང་། ད་དུང་མུ་མཐུད་འཆོར་ཉེན་ཡོད་པ་དེས་ས་གནས་མི་མང་གི་འཕྲོད་བསྟེན་ལ་གནོད་འཚེ་ཕོག་ངེས་ཡིན་པས་རེད།

རྡུལ་ཕྲན་རྟེན་གཞིའི་ཚན་པ་གསུམ་པར་གས་འཐོར་བྱུང་སྟེ་ཡང་རླུང་ཕྱིར་ཁྱབ་སའི་ས་ཁུལ་དེ་ནས་སྤྱི་ལེ་༤༠ཡི་མཚམས་ནས་ནག་རླངས་ཚོར་ཐུབ་ཀྱི་ཡོད་པའི་གནས་ཚུལ་བཀོད་འདུག རྡུལ་ཕྲན་རྟེན་གཞི་གས་གཏོར་བྱུང་བའི་རྒྱུ་རྐྱེན་ནི། ཐོག་མར་ས་འགུལ་ཆུ་འཁྱོམ་ཤུགས་ཆེར་བྱུང་བ་དེས་རྡུལ་ཕྲན་རྟེན་གཞིའི་ནང་གི་གྲང་གློག་གི་འཕྲུལ་ཆས་རིགས་ལ་གཏོར་སྐྱོན་བྱུང་བར་བརྟེན། རྡུལ་ཕྲན་ལྡོག་འགྱུར་ཡོ་ཆས་རིགས་ཚ་བོ་ཆགས་ཏེ་མེ་སྐྱོན་དང་གས་འཐོར་བྱུང་བ་ཞིག་ཡིན་འདུག
ཉི་ཧོང་སྲིད་བློན་གྱིས་ཐེངས་འདིའི་ས་འགུལ་དང་མཚོ་རླབས། རྡུལ་ཕྲན་རྟེན་གཞི་བཅས་ཀྱིས་ཉི་ཧོང་ལ་གཏོར་སྐྱོན་གནོད་འཚབ་ཐེབས་པ་དེ་ནི། འཛམ་གླིང་དམག་ཆེན་གཉིས་པ་ནས་ད་ལྟའི་བར་གྱི་གོད་ཆག་ཚབས་ཆེས་ཤོས་ཤིག་རེད་ཅེས་ཉི་ཧོང་རྒྱལ་ཡོངས་བརྙན་འཕྲིན་དུ་བརྗོད་ཡོད་འདུག
ཐེངས་འདིའི་ཉི་ཧོང་གི་ས་འགུལ་མཚོ་རླབས་ཁྲོད་གཞུང་གིས་བརྗོད་པ་ལྟར་ན་སྲོག་སྐྱོན་བྱུང་པའི་གྲངས་ཚད་ ༡༠༠༠༠ ལྷག་ཡིན་འདུག ཐེངས་འདིར་གཏོར་སྐྱོན་ཤུགས་ཆེ་ཤོས་ནི་མེ་ན་མེ་སན་རེ་ཀུ (Minamisanriku) ཞེས་པའི་གྲོང་ཁྱེར་དུ་བྱུང་ཡོད་ཅིང་། གྲོང་ཁྱེར་དེ་ཡོངས་སུ་བསྣུབ་ཏེ་མི་དང་རྒྱུ་དངོས་གཏོར་སྐྱོན་གྱི་ཐད་ད་དུང་གནས་ཚུལ་ཁ་གསལ་གང་ཡང་རྒྱུས་ལོན་བྱེད་ཐུབ་མེད་པ་དང་། ས་འགུལ་མཚོ་རླབས་ཀྱི་གནོད་འཚེ་ཐེབས་པའི་གྲོང་སེབ་དང་ས་གནས་མང་པོ་ཞིག་གི་གནས་སྟངས་ཅི་འདྲ་ཆགས་ཡོད་མེད་ད་ལྟའི་ཆར་ཤེས་རྟོགས་ཐུབ་མི་འདུག
ཐེངས་འདིའི་རྒྱ་མཚོ་གཡོ་འཁྱོམ་གྱི་རླབས་ཤུགས་དེ་ཉི་ཧོང་བྱང་ཕྱོགས་ཀྱི་གྲོང་ཁྱེར་བཅུ་ལྷག་ནང་བསླེབས་ཡོད་པ་མ་ཟད། ཞི་བདེ་རྒྱ་མཚོའི་མཚོ་འབྲེལ་ས་ཁུལ་ཧྥི་ལི་ཕིན་དང་ཧིན་རྡུ་ནི་ཤི་ཡ། ཐེ་ཝན། ལྷོ་ཀོ་རི་ཡ། ར་ཤི་ཡ། དེ་བཞིན་ཨ་རི་སོགས་སུ་ཡང་ཤུགས་རྐྱེན་ཐེབས་ཡོད་འདུག

ཉི་ཧོང་གཞུང་གིས་མྱུར་སྐྱོབ་ཉེན་རྟོག་དམག་མི་སྟོང་ཕྲག་མང་པོ་གནོད་ཐེབས་ས་ཁུལ་ཁག་ལ་བཏང་ཡོད་ཅིང་། ཨ་རི་དང་དབྱིན་ཇི། རྒྱལ་ཚོགས་བཅས་གཙོས་འཛམ་གླིང་གི་སྲིད་གཞུང་དང་ཚོགས་སྡེ་མང་པོས་ཉི་ཧོང་གཞུང་དང་གནོད་ཐེབས་ས་ཁུལ་ཁག་ལ་ཕྱོགས་གང་ཅིའི་ཐད་རོགས་སྐྱོར་མཐུན་རྐྱེན་སྦྱོར་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས། 

 

 
 
 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 4

  1. འབྲུག says:
    ལོ་ 15 སྔོན།

    ཡུལ་མི་རྣམས་ནི་ངོ་མ་སྙིངརྗེ་བ་ཞིག་འདུག ལྷ་བླ་མ་སོགས་ལ་གསོལ་བ་འདེབས་དེ་མ་གཏོགས ང་ཚོ་ལ་ཐབས་ཤེས་གང་ཡང་མིན་འདུག

    Reply
  2. མངའ་རིས་བུ། says:
    ལོ་ 15 སྔོན།

    BBCཁ་སེང་གི་བར་དུ་མི་གྲངས་༤༣༡༤་ཙམ་གྲོངས་ཚུལ་དང་༨༠༠༠་ལྷག་བོར་སྟོར་བྱུང་ཚུལ་ལས་མི་གྲངས་༡༠༠༠༠་འཆི་བའི་གནས་ཚུལ་མཐོང་མ་བྱུང་དེ་ལྟའི་གནས་ཚུལ་གང་ནས་ཐོབ་པ་ཡིན་ནམ།
    མ་གཞི་ནས་ང་ཚོ་བོད་མི་རིགས་འདི་འགོབ་ཆེ་ཙམ་ཡོད།
    གནས་ཚུལ་ཤོད་དུས་དྲང་བདེན་ཞིག་ཡོང་ཐབས་ལ་འབད་དགོས།
    དེ་མིན་ཡིད་མི་ཆེས་པའི་རྒྱུ་རུ་འགྱུར་རོ།

    Reply
  3. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ང་ཚོས་ཀྱང་གཞན་དག་བཞིན་ཆེད་ལས་ཀྱི་ཐ་སྙད་སྣ་མང་དག་གང་ཐུབ་ཐུབ་ཀྱིས་གོ་སྐབས་ནམ་བྱུང་ལ་གཅིག་གྱུར་གྱི་ཆེད་དུ་ཤུགས་སྣོན་རོགས།
    དཔེར་ན་ཐེངས་འདིའི་འཇར་པན海嘯གོད་ཆག་ལ་རྒྱུན་བཀོལ་མིང་མཛོད་དུ་མཚོ་འཁྱོམ་ཞེས་འགྲེལ་བཤད་བཅས་བཀོད་པ་དང་། དེ་བཞིན་核能電廠啦རྒྱ་བོད་ཚིག་མཛོད་དང་མིང་མཛོད་ལྟར་ན་ཉིང་ནུས་གློག་ཁང་ངམ་ཉིང་རྡུལ་གློག་ཁང་ཞེས་སུ་མངོན་པ་སོགས་གང་ཅིར་གཅིག་གྱུར་གྱི་ཆེད་དུ་འབད་བརྩོན་གནང་རོགས། དེ་བཞིན་དེ་རིང་ཚེས་བཅུ་དྲུག་ཉིན་གྱི་མི་ཤི་གྲངས་དེ་ད་ལྟ་རང་གི་ཐད་གཏོང་གནས་འཕྲིན་ལྟར་ན་བཞི་སྟོང་ལྷག་རེད་འདུག ལར་གསར་འགོད་པ་དེ་ཚོ་ཤི་གྲངས་མར་བར་དགའ་བ་ཡོད་པ་འདྲ། ན་ཉིན་ཡུལ་ཤུལ་གྱི་སྐབས་སུ་ཡང་ཨུ་ཚུགས་བརྒྱབ་ནས་ཤི་གྲངས་སྤོར་བཞིན་འདུག གང་ལྟར་འཇར་པན་གྱི་ཤི་གྲངས་འཕར་བཞིན་འདུག

    Reply
  4. རྒྱལ་བསྟན། says:
    ལོ་ 15 སྔོན།

    གནོད་འཚེ་དེ་འདྲ་སུ་ལ་ཡང་མི་ཡོང་བར་ཤོག་ཞེས་སྨོན་ལམ་འདེབས་རྒྱུ་ལས་བྱེད་ཐབས་གང་ཡང་མི་འདུག

    ངེད་ཚོ་བཙན་འབྱོར་བ་མིན་ན་ཆེ་ཆུང་མ་གཏོགས་རོགས་རམ་བྱེད་ཐུབ་ངེས།
    འབྱུང་འཁྲུགས་གནོད་འཚེ་ཡོངས་སུ་ཞི་བར་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese