མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇིའི་རྒྱལ་སྲས་གཉེན་སྒྲིག

བོད་ཀྱི་དུས་བབ།
༢༠༡༡/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པའི་དབྱིན་ཡུལ་གྱི་ཆུ་ཚོད་ ༡༠ སྐར་མ་བཅོ་ལྔའི་སྟེང་། དབྱིན་ཇའི་རྒྱལ་སྲས་ཝེལ་ལེམ་ (William ) ལགས་དང་། ལྕམ་སྐུ་ཀཱ་ཊེ་( Kate Middleton )ལགས་རྣམ་གཉིས་དབྱིན་ཇའི་རྒྱལ་ས་ལོན་ཌོན་གྱི་ཝེ་སི་ཝི་མེན་སིཏར་ (Westminster Abbey) ཞེས་པའི་ཡེ་ཤུ་ལྷ་ཁང་དུ་གཉེན་སྒྲིག་བྱས་ཡོད།

གཉེན་སྟོན་མཛད་སྒོ་དེའི་སྟེང་འཛམ་གླིང་ཡུལ་གྲུ་གང་ས་ནས་གནད་ཡོད་སྐུ་མགྲོན་ ༡༩༠༠ ལྷག་ཕེབས་ཡོད་པའི་ཁྲོད། ཨོ་སི་ཊི་ལི་ཡའི་སྲིད་བློན་དང་དབྱིན་ཇའི་སྲིད་བློན་སོགས་གཙོས་རྒྱལ་ཁབ་འདྲ་མིན་གྱི་མཐོ་རིམ་དཔོན་རིགས་ ༥༠ ཙམ་ཕེབས་ཡོད་མ་ཟད། འཛམ་གླིང་གི་རྒྱལ་བོའི་རིགས་རྒྱུད་ཀྱི་མི་སྣ་མང་པོ་ཞིག་ཀྱང་ཆེད་དུ་མགྲོན་འབོད་བྱས་ཡོད་འདུག

གཉེན་སྟོན་གྱི་ཉིན་འདིར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྲོང་ཁྱེར་ནང་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་དྲུག་འབུམ་ ༦༠༠༠༠༠ ལྷག་འདུ་འཛོམས་བྱུང་ཡོད་ཅིང་། ཕྱི་མི་མང་པོར་མགྲོན་ཁང་མ་རག་སྟབས་གྲོང་ཁྱེར་གྱི་སྲང་ལམ་ཀུན་དུ་གུར་བརྒྱབ་ཏེ་བསྡད་ཡོད་འདུག གཉེན་སྒྲིག་དངོས་གཞིའི་སྐབས་སུ་ལོན་ཌོན་གྲོང་ཁྱེར་ཡོངས་སུ་ལྟད་མོ་བས་ཁེངས་ཏེ། གཉེན་སྒྲིག་མཛད་སྒོ་བསྡུ་སའི་ལྷ་ཁང་དང་རྒྱལ་ཁང་ཕྱི་ནང་། དེ་བཞིན་གཞུང་ལམ་གང་སར་བརྙན་ལེན་དང་དཔར་ལེན་འཕྲུལ་ཆས་བཙུགས་ཏེ་ཐད་གཏོང་རྒྱང་སྲིང་བྱས་ཡོད། སྲང་ལམ་གཡས་གཡོན་དུ་སྤྲོ་སྐྱིད་ཁང་ ༥༠༠༠ ལྷག་གོ་སྒྲིག་བྱས་ཡོད་འདུག

དབྱིན་ཇིའི་རྒྱལ་སྲས་མཆོག་གི་གཉེན་སྒྲིག་མཛད་སྒོ་དེར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ཚང་མས་གདེང་འཇོག་ཚད་མཐོན་པོ་བྱས་ཡོད་ཅིང་། ཉིན་འགའི་སྔོན་ནས་གསར་འགོད་པ་གསུམ་སྟོང་ལྷག་ལོན་ཌོན་ལ་འབྱོར་ཡོད་འདུག དབྱིན་ཡུལ་གྱི་བྷེ་བྷེ་སི་ BBC གསར་ཁང་དང་། ཨ་རིའི་སི་ཨན་ཨན་ CNN གསར་ཁང་སོགས་ཀྱིས་ཉིན་གང་བོར་ཐད་གཏོང་བྱས་ཏེ། འཛམ་གླིང་གི་མི་གྲངས་ཐེར་འབུམ་གཉིས་ ༢༠༠༠༠༠༠༠༠༠ ལྷག་གིས་བརྙན་འཕྲིན་བརྒྱུད་གཉེན་སྟོན་མཛད་སྒོར་གསན་གཟིགས་བྱས་ཡོད་འདུག

དབྱིན་ཇིའི་རྒྱལ་སྲས་ཝེལ་ལེམ་གྱི་བཟའ་ཟླ་ཀཱ་ཌེ་ནི་འབྱོར་ལྡན་ཁྱིམ་ཚང་ཞིག་ནས་ཡིན་པ་དང་། ཁོང་གཉིས་ལོ་ ༡༠ ཙམ་གྱི་ཡར་སྔོན་ནས་ཕན་ཚུན་བར་བརྩེ་བ་ཆགས་ཏེ་དགའ་རོགས་ཀྱི་འབྲེལ་བ་ཡོད་ཅིང་། མཚམས་རེ་རེར་ཁོང་གཉིས་བར་དགའ་བ་ཕྲན་བུ་རེ་བྱུང་སྟེ་དགའ་རོགས་ཀྱི་འབྲེལ་བ་བཅད་དེ། བློས་ཐུབ་ཀྱི་གྲོགས་པོ་བྱས་ཏེ་བསྡད་པའི་གནས་ཚུལ་ཡང་ཡོད་མོད། དུས་ཡུན་ཐུང་ངུའི་རྗེས་སུ་བསྐྱར་དུ་གྲོགས་པོའི་ས་མཚམས་ལས་བརྒལ་ཏེ། དགའ་རོགས་ཆགས་པ་སོགས་ཀྱི་གཏམ་རྒྱུད་སྙིང་རྗེ་བོ་རེ་ཡང་ཡོད།  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 4

  1. སྣང་གསལ། says:
    ལོ་ 15 སྔོན།

    རྣམས་གཉིས་འཇིགས་རྟན་མཐུན་འཇུག་གིས་མཛད་བཟང་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་དང་མི་ཚེ་་མཐའ་ཁྱོལ་ཡོང་བའི་སྨོན་ལམ་བཅས་།
    མི་དམངས་ལ་བྱམས་རྐྱོངས་མང་ཙམ་གནང་རོག་།།

    Reply
  2. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    བག་མེད་ལོངས་སྤྱོད་ཟེར་བ་འདི་མིན་ཅི་ཡིན། འོན་ཀྱང་ང་ལ་འདི་ལྟ་བུའི་ནུས་པ་ཞིག་ཡོད་ཚེ་ངས་ཀྱང་དེ་ལྟར་བྱེད་མི་སྲིད་པ་མིན།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དོགས་འདྲི་འགའ།
    འདི་ལ་རྒྱས་སྤྲོས་ཟེར་རམ། བག་མེད་རྒྱས་སྤྲོས་ལ་གཏོགས་སམ། འདི་ལ་གཟི་བརྗིད་ཟེར་རམ། མི་དམངས་ཟིལ་གྱིས་གནོན་པའི་གཟི་བརྗིད་རེད་དམ། འདི་ལ་བདེ་སྐྱིད་ཟེར་རམ། རྒྱལ་འབངས་འདྲ་མཉམ་གྱི་རང་དབང་བདེ་སྐྱིད་མཚོན་བྱེད་ཅིག་ཡིན་ནམ། འདི་དག་ལ་འགྲན་སེམས་དང་ཕྲག་དོག་བྱེད་མཁན་མང་ངམ། ཡང་ན་ཡི་རངས་དང་ཡིད་སྨོན་བྱེད་མཁན་མང། ཁྱོད་ཅག་གི་ཚོར་བ་ངོ་མ་དེ་ཅི་ཡིན། འདིའི་དགེ་སྐྱོན་ཅང་ཚོར་ཐུབ་བམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གཉེན་སྒྲིག་གིས་ཨིན་ཡུལ་ནས་མི་རིགས་གསར་པར་ཞི་བདེ་གསར་པ་ཞིག་སྤེལ་ཐུབ་པའི་རེ་སྨོན་དང་། ཁོང་གཉིས་འཆམ་མཐུན་སྐུ་ཚེ་ཡུན་གནས་ཡོང་བའི་སྨོན་ལམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese