མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ ༣ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་གསུམ་ནག་ཉེས་ཅི་ཡིན་གསལ་ཁ་མེད་པའི་ཐོག་འཛིན་བཟུང་བྱས་ཡོད་པར་མ་ཟད། ད་ལྟའི་ཆར་ཡང་རྟའུ་རྫོང་གི་སྐྱ་སེར་གཉིས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

ཕྱི་ཚེས་ ༡༥ ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་རང་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་རྗེས། ཕྱི་ཚེས་ ༢༠ ནས་ ༢༡ ཉིན་གཉིས་རིང་དགོན་པའི་སློབ་གྲྭའི་འགན་བཞེས་མཁན་གྲྭ་རྒྱལ་མཚན་ལགས་ནག་ཉེས་ཅི་ཡིན་གསལ་ཁ་མེད་པར་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་པ་དང་། གཞན་གྲྭ་ནོར་བུ་དང་གཞན་གཅིག་བཅས་གྲྭ་བ་གཉིས་ཀྱང་ནག་ཉེས་ཅི་ཡིན་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་པར་མ་ཟད། ཕྱི་ཚེས་ ༡༨ ནས་བཟུང་དགོན་པ་དང་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དགོན་གྲོང་གཉིས་ཀྱི་འགྲུལ་བཞུད་ལ་བཀག་སྡོམ་དང་། དཀར་མཛེས་བོད་རིགས་རང་སྐྱོལ་ཁུལ་གྱི་ཧྲུའུ་ཅི་ལི་ཏའོ་ཕིན་དགོན་པར་ཡོང་སྟེ་གྲྭ་བ་ཚོར། “ དགོན་པའི་གྲྭ་བ་ཚོ་ཡག་པོ་མ་བསྡད་ཚེ་དགོན་པ་སྒོ་བརྒྱབ་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་ཐ་དག་བཀག་སྡོམ་བྱ་རྒྱུ་ཡིན།” ཞེས་འཇིགས་སྐུལ།  རྫོང་གི་འབྲེལ་ཡོད་ལས་བྱེད་མི་སྣ་ཁག་ཅིག་དགོན་པར་ཡོང་སྟེ་དགོན་པའི་གནད་ཡོད་མི་སྣ་ཚོར་འདྲི་གཅོད་བྱས་ཏེ་དམ་དྲག་བྱས་ཡོད། ད་ལྟའི་ཆར་ཡང་རྟའུ་རྫོང་གཙོས་ཉེ་འཁོར་གྲོང་སྡེ་ཁག་ནང་ཁ་པར་དང་བརྒྱུད་ལམ་བཀག་ཏེ་འབྲེལ་བ་བྱ་མི་ཐུབ་པ་བཟོས་ཡོད་འདུག་ལ། བོད་མི་གཅིག་ཀྱང་དགོན་པར་མངགས་གཏོང་བྱེད་ཀྱིན་མེད་པའི་གནས་སྟངས་ཆགས་ཡོད་འདུག

 

གནས་ཚུལ་འདིའི་ཐད་ཁ་སང་ཕྱི་ཚེས་ ༢༢ ཉིན་འཇར་མན་གྱི་གྲོང་ཁྱེར་ཊོ་ཆི་ལན་ཌིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༥༠ ལྷག་གིས་ས་གནས་རྒྱ་ནག་གཞུང་ཚབ་ཀྱི་མདུན་ཐང་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པར་མ་ཟད། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་གཞོན་ནུ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་རྟའུ་ཉ་མཚོ་དགོན་གྲོང་གཉིས་ཀྱི་དམ་དྲག་མགྱོགས་མྱུར་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་ནས་བཟུང་བཞུགས་སྒར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་མཉམ་རུབ་ཐོག་རྒྱ་གཞུང་གིས་རྟའུ་ཉ་མཚོ་དགོན་པར་དམ་དྲག་གང་མགྱོགས་མཚམས་འཇོག་བྱ་དགོས་པའི་ལས་འགུལ་སྤེལ་ཡོད་ལ། ཕྱི་ཚེས་ ༢༠ ཉིན་བཞུགས་སྒར་ཉེ་འཁྲིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ ༣༠༠ ལྷག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཡང་སྒོས་གྲྭ་ཚེ་དབང་ནོར་བུ་དམ་པ་ཁོང་ལ་ཐུགས་སྨོན་གསོལ་འདེབས་དང་། རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་དྲུང་དུ་སྙན་ཤལ་ནང་མཛོད་དང་། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ། དགེ་འདུན་རེར་སྐུ་འགྱེད་སྒོར་ ༢༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་རྒྱ་ཆེན་ཞིག་ཚོགས་ཡོད། ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཞུགས་སྒར་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ ༡༡ ལྷག་གིས་༸དཔལ་རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཐོག་བསྔོ་སྨོན་མཆོད་འབུལ་དང་བདུན་ཚིགས་དང་པོ་སྲུང་གཙི་བྱས་ཡོད།  

 

གྲྭ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་ཕྱིན་སྟེ་བདུན་ཕྲག་གཅིག་གི་དུས་ཚིགས་ཐད་བཞུགས་སྒར་ཁོ་ན་མིན་པར།  རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་དང་སེ་ར་ཐེག་ཆེན་ཆོས་གླིང། སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་བྱང་རྩེ་གླིང་སློབ་གྲྭའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བའི་སློབ་ཕྲུག་བཅས་ཀྱི་བསྔོ་བ་སྨོན་ལམ་དང་བདུན་ཚིགས་དང་པོ་སྲུང་གཙི་བྱས་ཡོད་པ་དང་། ལྡི་ལི་ས་གནས་གཞོན་ནུ་དང་ས་གནས་བུད་མེད། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་དང་། ཕྱི་ཚེས་ ༡༦ ཉིན་ནས་བཟུང་ལྡི་ལི་བསམ་ཡས་གླིང་དུ་ཡོད་པའི་དགོན་པ་གཉིས་ཀྱི་མདུན་ཐང་དུ་མི་མང་འདུ་འཛོམས་ཐོག་མཆོད་འབུལ་སྨོན་ལམ་དང་བདུན་ཚིགས་སྲུང་བརྩི་བྱས་ཡོད་ལ།  གཞན་ཡང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཐའེ་ཝན་བོད་རིགས་ཚོགས་པས་གོ་སྒྲིག་འོག་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དབུས་བླ་སྤྲུལ་དགེ་བཤེས། ཐེ་ཝན་དུ་གནས་སྡོད་བོད་མི། བོད་དོན་ལ་རྒྱབ་སྐྱོར་བ་བཅས་ཀྱིས་ཐུགས་སྨོན་དང་གནང་ཡོད་པ་མ་ཟད། ཨ་རི་དང་ཧྤ་རན་སི། འཇར་མན། དབྱིན་ལན། སུད་སི། སྤེལ་རྗེམ། བཅས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོས་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བློས་གཏོང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད།

 

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 6

  1. དབང་འདུས། says:
    ལོ་ 15 སྔོན།

    ཁོང་རྣམ་པའི་བྱས་རྗེས་སྙིང་ལ་རྡོ་ལ་རི་མོ་ལྟར་བཅངས་ནས། ང་ཚོ་གསོན་ལུས་བོད་མི་ཚོས་ཞལ་འདོན་དང་། མཆོད་འབུལ། ཐུགས་སྨོན་བརྒྱ་གང་ཅི་གནང་རོགས།

    ང་ཚོས་ཁོང་ཚོར་ཕན་པའི་ལས་ཀ་སྒྲུབ་ཐུབ་པ་གཅིག་པོ་དེ་འདི་རང་ཡིན། འདི་ཡང་ང་ཚོས་མ་བྱས་ན། བོད་པའི་སྐྱེ་བ་ལེན་པའི་གོ་མ་ཆོད། བོད་རིགས་སྤུན་ཟླ་ཡིན་པའི་དགོས་དོན་མ་གྲུབ།

    Reply
  2. sangkye says:
    ལོ་ 15 སྔོན།

    ཁོང་གི་མི་ལུས་རིན་པོ་ཆེ་མྱུར་ཏུ་ཐོབས་པའི་སྨོན་ལམ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། རྡོ་རྗེ་འཆང་གི་གོ་འཕངས་མྱུར་ཐོབས་ཤོག

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་གཞུང་གི་བཙན་དབང་ལ་མྱུར་དུ་སྐྱོབ་དགོས་པ་ཧ་ཀྱང་གལ་ཆེན་རེད།  དམ་པ་ཁོང་སྐུ་གཤེགས་པ་ནས་བཟུང་ད་དུང་མུ་མཐུད་དྲག་གནོན་དང་འཛིན་བཟུང་བྱེད་ཀྱི་ཡིན་པ་རང་བཞིན་རེད།  ཉེ་སྔོན་རྔ་བ་ཀིརྟིའི་དགོན་པ་ནང་ཕུན་ཚོགས་ལགས་ཀྱི་སྐུ་ལུས་མེ་བསྲེགས་གནང་ནས་བཟུང་ད་བར་གནད་སྟངས་གང་འདྲ་ཞིག་བྱུང་ཡོད་པ་ཤེས་གསལ་རེད།   ཡིན་ཡང་ད་དུང་མུ་མཐུད་ད་བཟོད་སྲན་བྱས་ནས་བོད་མི་རིགས་ཀྱི་རང་བཞིན་མ་བླག་པ་བྱེད་གལ་ཆེན་པོ་རེད་དྲན་སོང་ཐུགས་རྗེ་ཆེ།  རྟེའུའི་མི་མང་རྣམས་རྒྱལ་གྱུར་ཅིག་དགེ་འདུན་པ་གསུམ་མྱུར་དུ་བཙན་ལས་ཐར་བའི་རེ་བ་ཡོད།

    Reply
  4. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    རང་ཉིད་རྟའུ་ལུང་པ་དང་སྤེལ་ཀོབ་གཞིས་ཆགས་སུ་རྒྱུས་ཡོད་མི་སྣ་ཞིག་ཡིན་པའི་ཆ་ནས་འདིར་ཡོད་པའི་གནས་ཚུལ་ར་འགའ་ཁ་གསལ་དུ་གཏོང་ཆོག་པར་ཞུ།

    ཚེས་ ༢༡ ཉིན་འཛིན་བཟུང་བྱས་པའི་རྒྱལ་མཚན་ནི་རྟའུ་ཉ་ལུ་ཞབ་གྲོང་སྡེ་ནས་རེད་འདུག་ལ། ཁོང་རྒྱ་ནག་ཁྲེན་ཏུ་རུ་ཉེ་འབྲེལ་ནད་པ་ཞིག་གི་ནད་གཡོག་ཏུ་ཡོད་སྐབས་བཟུང་ཡོད་འདུག
    གཞན་ནོར་བུ་ཟེར་བ་ནི་རྟའུ་ལུ་ལུ་གྲོང་སྡེ་ནས་ཡིན་པ་དང་རྒྱ་ནག་ཁྲེན་ཏུ་ནས་ཡར་གཡག་ལ་ཡོང་སའི་སུ་ཡང་ས་གནས་ན་ཚེས་ ༢༢ ཉིན་བཟུང་ཡོད་འདུག
    དེ་བཞིན་གཞན་གཅིག་གི་མིང་ཤེས་རྟོགས་མི་འདུག་མོད་རྟའུ་ནས་ཡར་བྲག་འགོ་ཕྱོགས་སུ་འགྲོ་སའི་ཁང་གསར་ཕྱོགས་ནས་ཡིན་པ་དང་ཚེས་ ༡༩ ཉིན་བཟུང་ཡོད་འདུག
    གཞན་དེང་སྐབས་ཉ་མཚོ་དགོན་མཐའ་འཁོར་དུ་དམག་གིས་བསྐོར་ཡོད་པ་དེ་རེ་ཞིག་ཕྱིར་འཐེན་བྱས་འདུག་ནའང་། རྫོང་རང་གི་ལམ་ཆེན་ཁག་ཏུ་དམག་སྐྱེལ་རླངས་འཁོར་དང་། འཐབ་འཁོར་tank་མང་པོ་འགྲོ་བསྐྱོད་ཀྱིས་དམ་དྲག་སྔར་བཞིན་འདུག
    དེ་བཞིན་སློབ་གྲྭ་ཁག་ཀྱང་ད་དུང་བདུན་ཕྲག་གཅིག་གི་རིང་ལ་སྒོ་རྒྱག་རྒྱུ་རེད་འདུག
    གཞན་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་མེ་རུ་སྤར་ནས་བདུན་གཅིག་གི་དུས་ཚིག་ཐད། སྦེལ་ཀོབ་ཁུལ་ཀྱི་ས་གནས་གཞོན་ནུ་བུད་མེད་ཀྱིས་སྔོ་སྨོན་དང་ལས་འགུལ་ཡང་སྤེལ་མ་སོང་། འོན་ཀྱང་། སྐུ་ཞབས་འཇིག་བྲལ་བསྟན་འཛིན་དང་བཀྲ་ཤིས་གཉིས་ནས་ས་གནས་བཞོན་ནུ་དང་བུད་མེད། དབུས་གང་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། ས་གནས་བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་ཚོགས་གཙོ་བཅས་གདན་ཞུས་ཀྱིས། “འདས་པའིལོ་རྒྱུས་ནང་བོད་དོན་དུ་སྲོག་མེ་རུ་སྤར་ནས་སྐུ་གྲོངས་བའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་། རྒྱལ་གཅེས་དཔའ་བོ་ཕུན་ཚོགས། རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་བཅས་ཀྱིས་སྐུ་སྲོག་མེ་རུ་སྤར་བའི་དགོས་འདུན་དང་སྐད་འབོད། སྐབས་དེ་དག་གི་བོད་ཕྱི་ནང་གི་གནས་སྟངས།” ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་བྱས་སོང་མོད། ས་གནས་གཞོན་ནུའི་ཚོགས་གཙོ་རྡོ་གླིང་དུ་གཞོན་ནུའི་ཚོགས་ཆེན་དུ་ཕྱིན་འདུག ཚོགས་གཞོན་གྱིས་ཁོ་རང་གི་ནང་ལ་སྒེར་ཀྱི་ཞབས་བསྟན་བྱེད་ཀྱིན་ཡོད་སྟབས་བགྲོ་གླེང་ཐོག་གཞོན་ནུའི་འཐུས་མི་ཞིག་བཏང་འདུག བུད་མེད་དང་མང་གཙོ་ཚོགས་པའི་ཚོགས་གཙོ་ཕེབས་འདུག དབུས་གངས་ལྗོངས་ནས་རྒྱུན་ལས་ཞིག་ཕེབ་འདུག
    གཞན་བདུན་ཚིག་དང་པོར་སྤེལ་ཀོབ་ཁུལ་དུ་མོན་གྷོ་ནས་རྟའུའི་གྲྭ་པ་གཉིས་ཀྱིས་སེ་རར་སོགས་སུ་སྔོ་སྨོན་སྐྱབས་འཇུག་སོང་།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཆོད་སེམས་དང་ལ་རྒྱ་རི་རབ་ལས་མཐོ། རྒྱ་མཚོ་ལས་ཟབ་པའི་འདས་པོ་མཆོག་ལ་ཁ་ཙམ་མིན་པར་བོད་རྒྱལ་ཁབ་འདི་ཉིད་ཀྱི་བདེ་དོན་དུ་གཅེས་པའི་ལུས་སྲོག་ལེགས་སྐྱེས་སུ་ཕུལ་གང་ཉིད། སླར་ཡང་བོད་གངས་ཅན་པའི་ཞིང་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་མི་ལུས་རིན་པོ་ཆེ་མྱུར་དུ་ཐོབ་པའི་དབྱིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་དཔང་པོ་མཛད་དུ་གསོལ། ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པ་ཡིས། །ལྷ་བས་ལྷག་པའི་ལུས་ཐོབ་ནས། །དེ་ཉིད་སངས་རྒྱས་མྱུར་ཐོབ་ཤོག

    Reply
  6. གཡག says:
    ལོ་ 15 སྔོན།

    དོན་ཁོ་ལགས། འདི་བཞིན་སྤེལ་གནང་བ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese