མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བུད་མེད་ཀྱིས་སྣེ་འཁྲིད་པའི་ཞི་བའི་གོམ་བགྲོད་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གཉིས་པ་དེ་བོད་ཀྱི་བུད་མེད་ཀྱི་སྣེ་འཁྲིད་འོག་ལྡི་ལི་རཱམ་ལེ་ལཱ་མེལ་ཏཱན་ཐང་ཆེན་ནས་ཇཱན་ཏར་མན་ཏར་བར་ཞི་བའི་གོམ་བགྲོད་དང་མར་མེ་ཁྲོམ་སྐོར་གནང་ཡོད།

དེ་རིང་ཕྱི་ཚེས་ ༢༠ ཉིན་ཞོགས་པའི་ཆུ་ཚོད་ ༩ ། ༣༠ སྟེང་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ཐོག་རྒྱལ་ས་ལྡི་ལིར་གོ་སྒྲིག་གནང་བཞིན་པའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་དེ་རྒྱ་བལ་འབྲུག་གསུམ་ནས་ཆེད་དུ་ཕེབས་པའི་བུད་མེད་ཀྱི་སྣེ་འཁྲིད་འོག  སྤྱི་འཐུས་རྣམ་པ་དང་ས་གནས་འབྲེལ་ཡོད་ལས་བྱེད། སེར་སྐྱ་མི་མང་ ༣༠༠༠ ལྷག་འདུ་འཛོམས་ཀྱིས་ལྡི་ལི་རཱམ་ལེ་ལཱ་མེལ་ཏཱན་ཐང་ཆེན་ནས་ཇཱན་ཏར་མན་ཏར་བར་གོམ་བགྲོད་དང་སྐད་འབོད་ཁྲོམ་སྐོར་གནང་སོང་བར་མ་ཟད། ལས་འགུལ་ཐོག་ལྡི་ལི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་བྷེ་རྗི་པེ་མངའ་སྡེའི་ཚོགས་གཙོ་སྐུ་ཞབས་མཱ་ཧེ་ཤི་ཅེ་ཌལ་མཆོག  རྒྱ་གར་རྒྱལ་ཡོངས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་རྗེ་བྷེ་ཤཱ་མཱ་མཆོག་བཅས་གཙོས། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་ཁྲིམས་རྩོད་པ། མཁས་དབང་། སྤྱི་ཚོགས་ཞབས་ཞུ་བ། ཆོས་ལུགས་ཀྱི་དབུ་ཁྲིད་བཅས་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གནད་ཡོད་མི་སྣ་   ༡༧ ལྷག་མཉམ་ཞུགས་ཀྱིས་གཏམ་བཤད་གནང་སོང་ལ། དེར་ཡོད་མི་མང་གིས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོད་རྣམས་དང་ས་གནས་མི་མང་ལ་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་བཅས་གནང་སོང་། 
 

དེ་རིང་གི་ལས་འགུལ་དེ་བོད་ཀྱི་བུད་མེད་ཀྱི་སྣེ་འཁྲིད་པའི་ལས་འགུལ་ཞིག་ཆགས་ཡོད་སྟབས།  གསར་འགོད་པས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་དེ་རིང་གི་ལས་འགུལ་ཏེ་བུད་མེད་ཀྱིས་སྣེ་འཁྲིད་དགོས་དོན་དང་། ལས་འགུལ་ནང་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཁག་ག་ཚོད་ཀྱི་ཚོགས་མི་ཞུགས་ཡོད་མེད་དྲིས་པར་ཁོང་གིས། “ ད་རེས་ཀྱི་ལས་འགུལ་དེ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་མཉམ་རུབ་ཐོག་ལས་འགུལ་སྤེལ་གྱིན་ཡོད་པ་ལྟར། དེ་རིང་བུད་མེད་ཀྱི་སྣེ་འཁྲིད་དེ་ལས་འགུལ་སྤེལ་གྱི་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ། ད་ལྟའི་བར་རྒྱ་ནག་གཞུང་གིས་དྲག་གནོན་འོག་བོད་ནང་བོད་མི་དགུ་ཡིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་སྟངས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཁྱེན་རྟོགས་ཡོང་ཆེད་དང་། རྒྱ་ནག་གཞུང་ངོས་ནས་བོད་ནང་གི་དངོས་ཡོད་སྟངས་ལ་ཉམས་ཞིབ་ཀྱིས་མགྱོགས་མྱུར་དྲག་གནོན་མཚམས་འཇོག་བྱ་རྒྱུ་དང་འབྲེལ་མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་ཡོང་བའི་རེ་སྐུལ་བྱ་ཆེད་ཡིན། ང་ཚོ་བུད་མེད་ཚོ་ཡང་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་འབངས་མི་ཞིག་ཆགས་ཡོད་སྟབས། སྲིད་བྱུས་གང་འདྲ་བཟུང་མིན་ལ་མ་ལྟོས་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་འདིར་གཟིགས་ཏེ། བུད་མེད་ལྷན་ཚོགས་ཀྱིས་ས་གནས་ ༣༡ ལྷག་གི་མི་སྣ་མཉམ་ཞུགས་གནང་ཡོད། དེ་ཡང་གཙོ་བོ་བོད་ཀྱི་འཐབ་རྩོད་དེ་སེར་མོ་བ་དང་སྐྱེས་པ་ཚོ་ཁོ་ནའི་ལས་འགུལ་ཞིག་མ་ཡིན་པར། ང་ཚོའི་འཐབ་རྩོད་དེ་སེར་སྐྱ་དབྱེར་མེད་དང་ཕོ་མོ་དབྱེར་མེད་ཀྱི་འཐབ་རྩོད་ཅིག་ཡིན་པའི་རྣམ་པ་སྟོན་ཆེད་བུད་མེད་ཀྱི་སྣེ་ཁྲིད་དེ་ལས་འགུལ་སྤེལ་བ་རེད།  “ ཅེས་བརྗོད་བྱུང་།

ཡང་ཁོང་གིས། “ང་ཚོའི་བུད་མེད་ཚོའི་ངོས་ནས་ཀྱང་རེ་བ་གཙོ་བོ། ང་ཚོའི་ངོས་ནས་དེ་རིང་གི་ལས་འགུལ་སྣེ་འཁྲིད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ༸གོང་ས་མཆོག་གིས་ད་ལྟའི་བར་འཛམ་གླིང་ཞི་བདེ་དང་བོད་དོན་བདེན་མཐའ་སེལ་བའི་བཀའ་སློབ་རིམ་པ་བསྩལ་ཡོད་པ་ལྟར། འཛམ་གླིང་གི་དབུ་ཁྲིད་དང་མི་མང་གི་ངོས་ནས་ཀྱང་མ་འོངས་པར་འཛམ་གླིང་ནང་ཞི་བདེ་ཡོང་ཆེད།  རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་གཏོར་བཅོམ་གཏོང་བཞིན་པའི་ཐད་ལ་འབོད་སྐུལ་དང་གནོན་ཤུགས་སྤྲོད་དགོས་པ་རེད་ལ། རང་ལུས་མེར་བསྲེགས་བཏང་བའི་བོད་མི་ཚོས་རེ་འདོད་ལྟར་༸གོང་ས་མཆོག་བོད་ནང་ཕེབས་ཐབས་སུ་རྒྱབ་སྐྱོར་དང་འབོད་སྐུལ་དགོས་པ་རེད། “ ཅེས་བརྗོད་བྱུང་།

ལྡི་ལི་ནས་གསར་འགོད་པ་དོན་གོ  

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. སྟག་ཚང་རིག་རྒོད་། says:
    ལོ་ 15 སྔོན།

    བུ་མེད་ཚོ་ངོ་མ་རྟོག་སད་ཀྱི་ངོ་བོར་འགྱུར་བའི་རེ་བ་འདུག
    ངས་ནམ་ཡིན་རུང་བོད་མེད་ཚོར་ཡར་ལངས་དགོར་པའི་རེ་འདུན་ཞུ་ཡི་ཡོད་པ་མ་ཟད་དཀོོག་ལ་ཡང་སྨོན་ལམ་འདེབས་ཀྱི་ཡོད་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྐབས་སྐྱེས་པ་ཕོ་ལས་བུད་མེད་མོ་རྣམས་ནུས་པ་ཆེ་བ་ཡོད།

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    བོད་མི་རིགས་ཟེར་པ་འདི་འདྲ་ལེ་ཡིན་ངོ་མ་དགའ་འོས་པ་ཞིག་འདི་འདྲའི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་བྱས་པ་ནི་རང་ཐང་གཞན་ན་མེད་ཞིག་རེད།   གང་ལྟར་འདི་ལྟར་ལས་འགུལ་རིན་ཐང་ཆེ་ཤོས་སུ་བརྩི་ཆོག་བོད་མིའི་དཀའ་སྡུག་སེལ་མ་ཐུབས་ན་ཡང་རང་སེམས་ལ་དགའ་སྣང་ཞིག་སྐྱེ་ངེས་རེད།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ད་ལོའི་བཀའ་ཤག་གསར་པ་དང་། སྤྱི་འཐུས་གསར་པས་རྙིང་པ་ཚོ་དང་མི་འདྲ་བའི་བོད་ཀྱི་གནད་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་བ་འདི་ནི་ཆེའི་མཆོག་ཏུ་བཀུར་འོས་པ་དང་ལས་དོན་དེ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ། ཤིན་ཏུ་རྒྱལ་ལོ། རྟག་ཏུ་རྒྱལ་ལོ།

    Reply
  5. རང་དབང་རྒྱལ། says:
    ལོ་ 15 སྔོན།

    རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་དུ་སྡོད་མཁན་བོད་ཀྱི་བུད་མེད་སྤྱི་དང་། ལྷག་པར་དུ། ནུབ་ཕྱོགས་སུ་ཡོད་པའི་བོད་པའི་བུ་མོ་རྣམས་ཀྱིས་ལས་འགན་གཙོ་བོ་ནི། རིགས་རྒྱུད་མང་པོ་ཞིག་སྤེལ་ཐུབ་པ་བྱ་རྒྱུ་དེ། ད་ལྟ་དང་མ་འོངས་པའི་བོད་མི་རིགས་ཀྱི་སྟོབས་ཤུགས་ཤིག་ལ་མངོན་སུམ་གྱིས་ཆགས་འགྲོ་བས་ན། དེ་ལུགས་བཞིན་དགོངས་བཞེས་ཡོང་བར་ཞུ།
    དེ་མིན་རིགས་རྒྱུད་གཅིག་ལས་ལྷག་ཅིག་མ་སྤེལ་བར་སྐད་འབོད་ཀྱི་རྣམ་འགྱུར་ལ་དོན་སྙིང་ཆེན་པོ་མི་འདུག་སྙམ། འདིའི་སྐོར་ལ་ཉམས་མྱོང་མེད་པས་ན། གཅིག་བྱས་ན། ང་ནོར་ཡོད་སྲིད་ཀི་རེད།
    ཞོར་དུ་དུས་ཐོག་ཏུ་གསར་འགྱུར་གཏོང་མཁན་ལ་ཁ་དྲོ་ཡིན།

    Reply
  6. ཟླ་བ་བསྟན་འཛིན says:
    ལོ་ 15 སྔོན།

    ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ་ལ་གདུང་སེམས་མཉམ་སྐྱེད་དང་ལས་འགུལ་འདི་ལྟར་སྤེལ་བ་ལ་སྙིང་ཁོེངས་རུས་པའི་སྟིང་ནས་ཐུགས་རྗེ་ཞུ།
    ཐར་གཅིག་ཏུ་རྒྱ་མི་དམར་པོ་གཞུང་ལ་ངོ་རྒོལ་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ་ལ་གདུང་སེམས་སྐྱེད་ཡོད། ད་དུང་ཡང་མུ་མཐུད་ནས་ལས་འགུལ་འདྲ་མིན་སྤེལ་གྱི་ཡིན་
    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  7. ཆོས་སྒྲོན། says:
    ལོ་ 15 སྔོན།

    ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་རྔ༌པ་ཀིརྟི་དགོན་པའི་གྲྭ་འཇིགས་མེད་ཆོས་འཕེལ་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཀིརྟི་དགོན་གྲྭ་ཕུན་ཚོགས་འཛིན་བཟུང་བྱས་ཡོད་འདུག

    Reply
  8. ཆོས་སྒྲོན། says:
    ལོ་ 15 སྔོན།

    ᪠ᨕ᩶་᪱ᨑ་᫄ᨕ᫥་᫞ᨕᩏ᫥་᫡ᨕᨵ་་་་་་་་་་་་་་་་་་་་་་མགྱོགས་ནས་མྱུར་དུ་ལོང་ཤོག་་་་་་་་་་་་་་་་་་བཀའ་སྤྱི་གཉིས་ནས་སྣེ་འཁྲིད་གནང་བའི་ལས་འགུལ་ནང་མཉམ་ཞུགས་གནང་རོགས། འདས་པའའི་ལོ་རྒྱུས་ནང་བྱུང་མ་མྱོངས་བའི་ད་ལན་གྱིས་ལས་འགུལ་ཆེན་མོ། ཉིན་གཅིག་དུས་གཅིག་ལ་འཛམ་གླིང་རྒྱལ་ཁབ་དྲུག་བཅུའི་ནང་བོད་མི་དང་བོད་དོན་རྒྱབ་བསྐྱོར་པ་མི་འབུམ་གཉིས་ལྷག་གིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་ནས་རྒྱ་ནག་གཞུང་གིས་རང་མཚུང་གཏོལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese