མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་སྐུ་ཕྱྭ་ཐུགས་ཁུར་ཆེ་བཞེས་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་གངས་སྐྱིད་ཕྱི་ལྷག་པ་ཚེ་རིང་ཚོགས་ཁང་ནང་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ། ཟླ་འདིའི་ཟླ་མཇུག་ཏུ་དྷ་སའི་འཕྲལ་སེལ་ལས་ཁུངས་རྡོ་གདན་དུ་གནས་སྤོར་གྱིས་དངོས་གཞིའི་ལས་ཀ་མགོ་རྩོམ་རྒྱུ་ཡིན་པ་བསྒྲགས་སོང་།

ཁ་སང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཐུབ་བསྟན་རིན་པོ་ཆེ་དང་བླ་མ་ངག་དབང་ནོར་བུ། དགེ་བཤེས་ཕུར་བུ་བསམ་གཏན་གསུམ་ལྷན་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ། དཔལ་དུས་ཀྱི་འཁོར་ལོ་བཀའ་དབང་གནང་རྒྱུར་ཟླ་ ༢ ཙམ་མ་གཏོགས་ལྷག་མེད་པར་བརྟེན།  ཟླ་འདིའི་ཟླ་མཇུག་ལ་དྷ་རམ་ས་ལའི་འཕྲལ་སེལ་ལས་ཁུངས་དེ་རྡོ་རྗེ་གདན་ལ་གནས་སྤོར་བྱས་ཏེ། ཕྱི་ཟླ་ ༡༡ ཚེས་ ༢ ལ་ལས་ཁུངས་དབུ་འབྱེད་ཀྱིས་ས་གནས་ས་ཐོག་གཏན་འཇགས་ཀྱི་ཐོག་ནས།  གསུང་ཆོས་ར་བའི་སྡོད་གུར་དང་མང་ཚོགས་ཀྱི་སྡོད་གུར་ཕུབ་པ་སོགས་དངོས་གཞིའི་ལས་ཀ་རྣམས་མགོ་བརྩམ་རྒྱུ་ཡིན་པ་གསལ་བསྒྲགས་དང་། དེ་བཞིན། ཟླ་འདིའི་ཕྱི་ཚེས་  ༡༥ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་ཁྲོལ་ཐོག རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་དཔལ་ལྡན་ཆོས་རིག་བཀའ་བློན་དང་། དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་དྲུང་ཆེ་ལྷན་རྒྱས། གཞན་ཡང་སྡེ་ཚན་ཁག་གི་དྲུང་ཆེ་རྣམ་པ་ལྷན་རྒྱས་བཅས་དབུ་བཞུགས་ཐོག  དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་སྡེ་ཚན་གཙོ་བོ་གསུམ་གྱི་སྐུ་ཚབ་བཅས་ཚང་འཛོམས་ཐོག་ཚོགས་འདུ་ཐེངས་དྲུག་པ་ཚོགས་ཏེ། འདས་པའི་ཚོགས་འདུ་ཐེངས་ལྔའི་རིང་ལ་ག་རེ་གནང་ཡོད་མེད་དག་ཐེར་གནང་ཡོད་སྐོར་ངོ་སྤྲོད་གནང་བྱུང་།   

 

གསར་འགོད་ལྷན་ཚོགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། ཁོང་ཉིད་ཨ་རི་ཎ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་འདས་པོ་དམ་པ་དེ་ཉིད་ཀྱི་སྐུ་ཚབ་ཀྱི་ཐོག་ནས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཁྲོད་བདམས་པ་ཞིག་ཡིན་པ་གསལ་བཤད་དང་སྦྲགས། ད་ལྟ་གདན་ས་ཁག་ཡོངས་ལ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་མང་པོ་ཞིག་ལ་མི་ཚེ་གཏན་གྱི་འདུན་མ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕངས་བར་བཀའ་དྲིན་སྐྱོང་བཞིན་པའི་སྐྱབས་གནས་བླ་ན་མེད་པ་དེ་༸གོང་ས་མཆོག་ཆགས་ཡོད་པས།    ད་ལྟའི་དུས་ཚོད་འདིར་བཀའ་དྲིན་རྗེས་དྲན་ཆེད་དུས་འཁོར་དབང་ཆེན་ཞུ་རྒྱུ་ཡིན་ཞེས་འདས་པོ་དམ་པ་དེ་ཉིད་ཀྱི་དགོངས་བཞེས་གནང་བ་ལྟར། དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་ཀྱང་སྦྱིན་བདག་གཙོ་བོ་འདས་པོ་དམ་པ་ཁོང་ཉིད་ཡིན་ཞེས་བཀའ་ཕེབས་པ་ནང་བཞིན་སྦྱིན་བདག་གཙོ་བོའི་ཐོག་ནས་གནང་གི་ཡོད་སྟབས།  རྒྱལ་བའི་མཆོད་སྤྲིན་དུ་འགྱུར་ཐུབ་པའི་ཆེད་དུ་གནས་རྩ་ཆེན་པོ་དེར་དམར་ཟས་སྤོངས་བ་དང་། ཆང་རག་གི་རིགས་མི་སྤྱོད་བ་བྱ་རྒྱུ་དེ་འདས་པོ་དམ་པ་དེ་ཉིད་ཀྱི་དགོངས་གཞི་ཡིན་པར་བརྟེན། ད་ལོ་དུས་དབང་ལ་ཕེབས་མཁན་ཚང་མའི་ཐུགས་སྣང་ཆེན་པོ་གནང་དགོས་པའི་འབོད་སྐུལ་དང་། དེ་བཞིན། སྡོད་ཁང་གུར་སོ་སོའི་ནང་ལ་ཡིན་ནའང་། དཔའ་འབྱོར་བསྡུ་སྒྲིག་ཐོག་རྙོག་དྲ་དང་། ལྷག་པར་དུ་དཔལ་འབྱོར་ཡར་ཐོན་ཅན་གྱི་ཕྱིའི་ཡུལ་གྲུ་ཁག་ནས་སླེབ་མཁན་ཚོ་ཡིན་ནའང་། དམར་ཟས་དང་ཆང་རག་བཞེས་པའི་གནས་ཚུལ་བྱུང་བ་ཡིན་ན། ས་གནས་ཉེན་རྟོག་པ་དང་འབྲེལ་བའི་ཐོག་ནས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྟངས་འཛིན་ནན་མོ་ཞུ་རྒྱུ་ཡིན་སྐོར་བརྗོད་སོང་། དེ་བཞིན། ཁོང་གིས་ “ ང་ཚོའི་སྒྲུབ་བྱའི་དོན་ཚན་དང་པོ་དང་གལ་ཆེ་ཤོས་དེ་ནི་༸གོང་ས་མཆོག་གི་སྐུ་ཕྱྭ་རེད། ད་ལྟ་ཆོས་ཞུ་བར་ཕེབས་མཁན་ཚང་མའི་སྙིང་གི་ནོར་བུ་དེའང་དེ་ཡིན་པར་བརྟེན།  རྒྱ་གར་ཉེན་རྟོག་པ་དང་བདེ་འཇགས་སྲུང་སྐྱོབ་གནང་མཁན་མི་སྣ་ཁོ་ནའི་འགན་མ་ཡིན་པར། ཆོས་ཞུ་བ་ཡོངས་ཀྱི་ངོས་ནས་ཀྱང་འགྲོ་འདུག་སྤྱོད་གསུམ་གང་ཅིའི་ཐད་ནས་སྒྲིག་སྲོལ་སྲུང་བརྩི་བྱ་རྒྱུ་གལ་ཆེ་ཤོས་སུ་བརྩིས་ཏེ།  ༸གོང་ས་མཆོག་གི་སྐུ་བྱར་ཐུགས་ཁུར་ཆེ་བཞེས་གནང་རོགས” ཞེས་འབོད་སྐུལ་ཞུས་སོང་།

 

དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མོན་རྟ་དབང་དགོན་པའི་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་ཀྱང་ཐེངས་འདིའི་དུས་དབང་སྐབས། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་ཐུན་མོང་ནས་༸གོང་ས་མཆོག་ལ་བསྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་ཡིན་པ་དང་། སྐབས་དེ་དང་བསྟུན་ཏེ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་ཁག་ཚང་མའི་དབུ་ཁྲིད་རྣམ་པ་དང་། རྗེས་འཇུག་གྲྭ་བཙུན་སྔགས་གསུམ་ཐུན་མོང་གིས་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུ་འཆར་ཡོད་སྟབས། དེའི་ཐད་ཆོས་རྒྱུད་ཁག་གི་དབུ་ཁྲིད་རྣམ་པ་སྐུ་མདུན་ལ་བཅར་རྒྱུ་དང་། ཆོས་སྡེ་ཁག་ཚང་མས་མཐུན་འགྱུར་ག་རེ་གནང་དགོས་མིན་སོགས་མ་འོངས་པར་རིམ་པས་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མར་གསལ་བསྒྲགས་གང་གནང་དུས་ཐོག་ཕྱག་ལས་གནང་ཐུབ་རྒྱུར་དགོངས་པ་བཞེས་དགོས་པའི་པའི་འབོད་སྐུལ་དང་སྦྲགས། ཐེངས་འདིར་བསྟན་བཞུགས་དང་ཆེ་བསྟོད་གཟེངས་རྟགས་འབུལ་འཆར་སྐོར་ལ། “རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཁྲོད་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དེ་ཧ་ཅང་ཉུང་ཉུང་མ་གཏོགས་ཡོང་གི་ཡོད་པ་མ་རེད། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཕྲིན་ལས་ཀྱི་ཐོག་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ བཀའ་དྲིན་བསྐྱངས་ཡོད་པར་བརྟེན། ང་ཚོ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཚང་མས་དམ་ཚིག་དད་པ་གཅིག་སྒྲིལ་གྱི་ཐོག་ནས་བསྟན་བཞུགས་དང་ཆེ་བསྟོད་གཟེངས་རྟགས་ཕུལ་དགོས་པར་མ་ཟད།  དེ་དང་འབྲེལ་བའི་ཐོག་ནས་རུས་མེད་ཀྱི་སྨོན་ལམ་ཞུ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

 

གཞན་ཡང་། གསར་འགོད་པའི་དུས་དབང་གོ་སྒྲིག་ཐད་དཀའ་ངལ་ཆེ་ཤོས་ག་རེ་ཆགས་ཀྱི་ཡོད་མེད་དང་། དཀའ་ངལ་དེ་དག་སེལ་ཐབས་སུ་ཐབས་ཤེས་ག་རེ་གནང་གི་ཡོད་མེད་དྲིས་པར།  དུས་དབང་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དགེ་བཤེས་ཕུར་བུ་བསམ་འགྲུབ་ལགས་ཀྱིས་ལན་འདེབས་གནང་དོན། ཆོས་ཞུ་མང་ཚོགས་རྣམས་ལ་གོ་སྒྲིག་དང་ཕྱོགས་གང་ཅིའི་ཐད་མཐུན་འགྱུར་གནང་རྒྱུ་དེ་དཀའ་ངལ་ཆེ་ཤོས་ཆགས་ཀྱི་ཡོད་སྟབས། ང་ཚོས་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་པའི་ཐོག་ནས། ༸གོང་ས་མཆོག་གི་གསུང་ཆོས་དེ་ཆོས་ཞུ་བ་ཚང་མས་ཞི་བདེ་བག་ཕེབས་ཀྱི་ཐོག་ནས་གསན་བསམ་ཡོང་ཐབས་ལ། གསུངས་ཆོས་ར་བའི་ཁོར་ཡུག་དང་། འཕྲོད་བསྟེན་སོགས་ཀྱི་ཐོག་ལ་ཤུགས་སྣོན་རྒྱག་གི་ཡོད། དེར་བརྟེན། ང་རང་ཚོ་ཚང་མའི་སྒྲུབ་བྱ་དམིགས་ཡུལ་གཅིག་ཡིན་པར་བརྟེན། དེ་འདྲའི་དཀའ་ངལ་སེལ་ཐབས་ཐད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་ཆ་ཤས་བླངས་ཏེ།  ཐེངས་འདིའི་དུས་འཁོར་དབང་ཆེན་གྲ་འགྲིག་པོ་དང་ཕུན་སུམ་ཚོགས་པོ་ཞིག་ཡོང་ཐབས་དང་།   གཙོ་ཆེ་ཤོས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལ་འགྲོ་བ་ཞིག་དང་བསྟན་པ་ཆབ་སྲིད་ལ་ཕན་ཐོག་པ་ཞིག  དེ་བཞིན། འབྲེལ་ཡོད་ཚང་མར་མཚན་མཐོང་ལ་རྒྱ་དང་རྒྱ་ཆེའི་མི་མང་ཡིན་ནའང་རྗེས་སུ་ཡི་རེངས་ཀྱིས་དགའ་བ་སྒོམ་པའི་རྒྱུ་རུ་འགྱུར་བ་ཞིག་ཡོང་རྒྱུར་སྒོ་ཀུན་ནས་འབད་བརྩོན་བྱ་དགོས་པ་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་། 

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༧ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 5

  1. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བདེན་པ་རེད། ང་ཚོ་གངས་ཅན་པ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟབུ་ནི། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིན་པ་སྨོས་མེད་རེད། དེར་བརྟེན་ང་ཚོ་ནང་པ་སྤྱི་དང་ཡང་སྒོས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཁོང་གི་སྐུ་ཕྱྭའི་ཆེད་དུ་ཐུགས་འགན་བཞེས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
    ཞོར་དུ་གསར་འགོད་པར་ཞུ་རྒྱུར།
    གསར་འགྱུར་ནང་ཡིག་ནོར་མང་པོ་འདུག་པས་རྗེས་སུ་དག་ཆར་གཟབ་གཟབ་གནོངས་རོགས། ཐུགས་རྗེ་ཆེ།

    Reply
  2. རིན་འཕེལ། says:
    ལོ་ 15 སྔོན།

    དུས་འཁཽར་དབང་ཆེན་གྱི་སྐབས་དང་བསྟུན་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་ཚོགས་པའི་ངོས་ནས་གཞི་བརྒྱ་ཆེ་བའི་ལས་རིགས་འདྲ་མིན་སྤེལ་གལ་ཆེ། དཔེར་ན། ༡ གཞུང་དང་གཞུང་འབྲེལ་མ་ཡིན་པ་སུ་ཡིན་རུང་ཡིག་ཆ་འགྲེམ་སྤེལ་ག་རེ་དགོས་ན་བོད་ཡིག་ཐོག་ནས་བཀྲམ་རྒྱུ། ༢ དུས་དབང་སྐབས་ཀྱི་ཚོང་ཁང་དང་ཟ་ཁང་ཚང་མའི་སྒོ་བྱང་བོད་ཐོག་ནས་འབྲི་རྒྱུ། ༣ བོད་ནང་ཁུར་ལ་ཁྲོམ་གཞུང་དང་ཇ་ཁང་ཚོང་ཁང་སོགས་ནས་ར་མ་ལུག་གི་སྐད་བཤད་མཁན་ཡོད་ན་་ཉེས་ཆད་ལེན་རྒྱུ། ༤ ལམ་ཆེན་གྱི་བཞི་མདོ་སོགས་ལ་སྐད་ཡིག་སྲུང་སྐྱོབས་ཚོགས་པའི་ངེས་སྟོན་པ་རེ་བསྡད་ནས་ལམ་སྟོན་སོགས་གནང་རྒྱུ་བཅས་ལས་འགུལ་སྣ་ཚོགས་སྤེལ་ན་སྙམ།

    Reply
  3. ཁ་བའི་བུ། says:
    ལོ་ 15 སྔོན།

    དུས་དབང་གྲ་སྒྲིགས་གནང་མཁན་དགེ་བཤེས་ཕུར་བུ་བསམ་གྲུབ་ལགས་སུ་ཉམས་མྱོང་དང་། ལྷག་བསམ། སེམས་ཤུགས་སོགས་སྒོ་གང་ཕྱིར་ཤེས་མཁན་དང་འཇོན་མཁན་ཞིག་ཡིན་དུས་དུས་དབང་གོ་སྒྲིགས་ཚགས་ཚུད་ཡོང་བའི་ཡིད་ཆེས་ཡོད།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    ཁྱེད་རྣམ་པའི་བྱ་དོན་ཐམས་ཅད་ཡིད་བསམ་ལྟར་འགྲུབ་ཐུབ་པ་དང་ལྷག་པར་དུ་༸གོང་ས་མཆོག་གིས་རླབས་ཆེན་གྱི་མཛད་པ་རྣམས་ཡར་ངོས་ཟླ་ལྟར་དུ་འཕེལ་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།

    Reply
  5. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    འཕགས་མཆོག་ཐུགས་རྗེ་ཆེན་པོ་༧རྒྱལ་བ་ཐམས་ཅད་མཁྱེན་པ་སྐུ་ཚེ་བསྐལ་བ་བརྒྱ་རུ་བརྟན་ཅིང་ཐུགས་ཀྱི་དགོངས་པ་འཛམ་གླིང་སྤྱི་དང་བྱེ་བྲག་བསིལ་ལྡན་ཁ་བ་བོད་གངས་ཅན་གྱི་ལྗོངས་སུ་རང་དབང་ཞི་བདེའི་དཔལ་ཡོན་མྱུར་དུ་འཆར་བའི་སྨོན་ལམ་ཞུ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese