མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་འགན་འཛིན་གསར་བསྐོ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་དྲུང་ཆེ་ལས་གནས་ཐོག ཉེ་སྔོན་གསར་འཛུགས་གནང་བའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་གཅིག་ལྕོགས་བསྐོ་བཞག་གནང་འདུག 

ཟླ་འདིའི་ཕྱི་ཚེས་ ༡ ཉིན་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་དང་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོ་ཐུབ་བསྟན་བསམ་འཕེལ་ལགས། བཀའ་ཤག་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༤ ཉིན་འཁོད་རྩ་འཛིན་བཀོད་ཁྱབ་ཀྱི་དགོངས་དོན་ལྟར། དྲུང་ཆེ་ལས་གནས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་གནང་བའི་འགན་འཛིན་དུ་གཅིག་ལྕོགས་བསྐོ་བཞག་གནང་འདུག 

དེ་རིང་ཕྱི་དྲོ་འདི་ག་གསར་འགོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱི་དྲུང་དུ་བཅར་ཏེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ལས་གཞི་དངོས་སུ་མགོ་འཛུགས་བྱས་ཡོད་མེད་དང་། ལས་འཆར་གོ་སྒྲིག་དང་ཉམས་ཞིབ་པ་འདེམས་སྒྲིག་གནང་སྟངས་ག་འདྲ་ཡིན་མིན་སྐོར་བཀའ་དྲིས་ཞུས་པར། ཁོང་གིས “ད་ལྟའི་ཆར་ལས་གཞི་གོ་སྒྲིག་དང་ལས་བྱེད་འདེམས་སྒྲིག་སོགས་གཞི་ནས་མགོ་འཛུགས་བྱ་དགོས་པ་ཆགས་ཡོད་པ་རེད། ང་ཚོ་ནི་གོང་གི་ལས་འཆར་དག་ལག་བསྟར་གནང་མཁན་གྱི་ལས་བྱེད་རེད། ང་ལ་དེའི་ཐད་གསལ་བཤད་གནང་རྒྱུ་གང་ཡང་མེད། ལས་འཆར་གོ་སྒྲིག་དང་ལས་བྱེད་འདེམས་སྒྲིག་ཚང་མ་བཀའ་བློན་ཁྲི་པ་མཆོག་ཕྱིར་ཕེབས་རྗེས་བཀའ་ཤག་གི་ངོས་གནང་གི་རེད།” ཅེས་གསུངས་སོང་།

ཉེ་བའི་ཟླ་གཉིས་ཀྱི་སྔོན་ལ་འདི་ག་གསར་ཁང་གི་ངོས་ནས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་གནང་སྐབས། བཀའ་ཁྲི་མཆོག་གིས་  “སྲིད་བྱུས་ཉམས་ཞིབ་ཁང་ཟེར་བ་དེ་ནི། ལས་ཁུངས་ཤིག་བཙུགས་ཏེ་དེས་ང་ཚོའི་འཛིན་སྐྱོང་འདི་ལོ་ ༥ དང་ ༥༠ ནང་ལ་ག་འདྲ་ཆགས་མིན་དང་། རྒྱ་བོད་བར་གྱི་གནས་སྟངས་ག་འདྲ་ཆགས་མིན། རྒྱ་གར་ནང་བོད་པ་ག་འདྲ་ཆགས་མིན། དེ་བཞིན་ཨ་རི་དང་ནུབ་ཕྱོགས། ཨེ་ཤ་ཡ་བཅས་ཀྱི་ནང་བོད་པ་ག་རེ་ཆགས་ཡིན་སོགས་སྤྱི་ཡོངས་ནས་བོད་པའི་གནད་དོན་ཐད་ཉམས་གནང་དགོས་པ་རེད། འཛིན་སྐྱོང་གིས་ཉིན་རེའི་ལས་དོན་ཐག་གཅོད་གནང་བཞིན་འགྲོ་དགོས་སྟབས། ཕུགས་རྒྱང་རིང་པོར་ལྟ་ཐུབ་མཁན་གྱི་ལས་ཁུངས་ཤིག་ཟུར་དུ་འཛུགས་རྒྱུ་དེ་གལ་ཆེན་པོ་རེད།” ཅེས་གསུངས་ཏེ། ཟླ་བ་གཉིས་གསུམ་ནང་ལ་ལས་གཞི་དེ་མགོ་འཛུགས་གནང་སྟེ། ཉམས་ཞིབ་པ་ལྔ་དྲུག་ཅིག་བསྐོ་བཞག་གིས་གནད་དོན་རྒྱ་ཆེ་སར་ཞིབ་འཇུག་དང་།   མཁས་པའི་བགྲོ་གླེང་སོགས་ཀྱི་ཁོར་ཡུག་བསྐྲུན་ཏེ་བོད་ནང་གི་ཁོར་ཡུག་དང་ཆུ།  འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གངས་སྐྱིད་དང་ངྷ་རམ་ས་ལའི་དཀྱིལ་འཁོར་འདིའི་ནང་བགྲོ་གླེང་གི་མཐོ་རླབས་ཤིག་བསྐྲུན་རྒྱུ་ཡིན་སྐོར་དང་། དམིགས་བསལ་ཤེས་ཡོན་པ་དག་ལ་བདག་པོ་བརྒྱབ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་སའི་གོ་སྐབས་བསྐྲུན་རྒྱུ་ཡིན་སྐོར་གསུང་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 2

  1. བཀྲ་ཤིས། says:
    ལོ་ 11 སྔོན།

    བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྲིད་སྐྱོང་པ་མཆིག་གིས་འདི་ལྟའི་ཉམས་ཞིབ་སྡེ་ཁག་ཅིག་བཙུགས་པར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ཁོང་ཉིད་ཀྱིས་ “ཕུགས་རྒྱང་རིང་པོར་ལྟ་ཐུབ་མཁན་གྱི་ལས་ཁུངས་ཤིག་ཟུར་དུ་འཛུགས་རྒྱུ་དེ་གལ་ཆེན་པོ་རེད།” ཅེས་གསུངས་པ་འི་གནས་ལུགས་ལྡན་པའི་སྐད་ཆ་ངོ་མ་ཞིག་རེད།་

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་གནང་བར་དགའ་བསུ་ཞུ། དམིགས་རེ་བཞིན་ལས་དོན་ལེགས་སྒྲུབ་ཐུབ་པའི་རེ་བ་ཡོད། རོགས་རམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist