མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེ་བསྟོད་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཌི་ཡཱ་ཝ་ཏི་མོ་ཌི་སྒྱུ་རྩལ་དང་ཤེས་ཡོན་ཐེབས་རྩ་ཁང་གི་འདི་ལོའི་ཆེ་བསྟོད་གཟེངས་རྟཊ་དེ་༧གོང་ས་མཆོག་ལ་ཕུལ་ཡོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཌི་ཡཱ་ཝ་ཏི་མོ་ཌི་སྒྱུ་རྩལ་དང་ཤེས་ཡོན་ཐེབས་རྩ་ཁང་གིས། ད་ལོའི་ཐེབས་རྩ་ཁང་འདིའི་ལོ་འཁོར་ཆེ་བསྟོད་གཟེངས་རྟགས་ (Dayawati Modi Award) ཞེས་པ་དེ་༧གོང་ས་མཆོག་ལ་ཕུལ་ཡོད་འདུག་ལ། དེ་ནི་༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེ་དང་བཟོད་བསྲན། འགྲོ་བ་མིའི་རིན་ཐང་། སྤྱི་ཚོགས་བདེ་དོན་སོགས་ཀྱི་ཐད་མཛད་རྗེས་བླ་མེད་བཞག་པར་ཆེ་བསྟོད་གནང་བ་ཞིག་ཡིན་འདུག

མཛད་སྒོའི་སྟེང་༧གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་གཟུགས་པོའི་གྲུབ་ཆའི་ཐོག་བུད་མེད་ཚོར་སྐྱེས་པ་ལས་ལྷག་པའི་བྱམས་བརྩེའི་ཚོར་ཤུགས་ལྡན་ཡོད་སྟབས། གཞུང་གི་མགོ་ཁྲིད་ནང་བུད་མེད་གང་མང་ཐོན་ཐུབ་ཚེ། སྤྱི་ཚོགས་ཀྱི་ཉེན་ཁ་ཆུང་དུ་འགྲོ་ངེས་ཡིན་སྐོར་དང་། རྒྱ་གར་བུད་མེད་ཚོའི་ངོས་ནས་ཁྱིམ་ཚང་དང་རྒྱལ་ཁབ་གཉིས་ཀྱི་འགན་ཡག་པོ་བླངས་ཏེ། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་ཧུར་བརྩོན་གནང་དགོས་སྐོར་གསུངས་ཡོད། རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་ཏེ། རྒྱ་གར་མང་ཚོགས་ཀྱིས་ལྐོག་ཟ་རུལ་སུངས་ཐོག་དོ་སྣང་ཆེ་ཙམ་བྱ་དགོས་པ་ལས། ལྐོག་ཟ་རུལ་སུངས་བྱེད་པ་དེ་མི་ཚེའི་ཆ་ཤས་ཤིག་རེད་བསམ་ན་ནོར་ཡོད་སྐོར་གྱི་བཀའ་སློབ་སོགས་བསྩལ་ཡོད་འདུག

གཟེངས་རྟགས་དེ་ནི་ཞིང་གཤེགས་དམ་པ་ལྕམ་རའེ་སྦ་ཧ་རྡུར་གུ་ཇར་མལ་མོ་ཌིའི་རྗེས་དྲན་ཆེད། ༡༩༩༤ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ད་བར་གཟེངས་རྟགས་འདི་ཡེ་ཤུ་བཙུན་མ་ (Mother Teresa) གཙོས་པའི་གྲགས་ཅན་མི་སྣ་ཁག་ཅིག་ལ་ཕུལ་ཡོད་འདུག

ཕྱི་ཚེས་༥ ནས་༧ཉིན་བར་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་སུ་ཆིབས་སྒྱུར་གནང་སྟེ།མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་༼གསང་འདུས་རིགས་ལྔའི་འགྲེལ་བ་༽དང་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་༼རིགས་ལྔའི་འགྲེལ་བ་༽བཅས་ཀྱི་བཀའ་ཁྲིད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 9

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་ཕུལ་ལོ།། ཁྱེད་རང་མེད་ན༌༌༌༌༌༌༌༌༌༌ང་ཚོ།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ནོར་བུའི་ནོར་ཉམས་ཆོད་ན་འདི་འདྲ་ཡིན།

    Reply
  3. མཚོ་མོ། says:
    ལོ་ 14 སྔོན།

    རྒྱ་གར་གྱིས་༧གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་འདི་ཕུལ་བ་ནི་ང་ཚོ་བོད་མི་མང་གི་གཟི་བརྗེད་དང་དགའ་འོས་པ་ཞིག་ལོས་ཡིན། ང་ཚོ་མི་ལྔ་བཅུའི་རིང་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་རང་དབང་ཐོག་རང་ཉིང་ཀྱིས་འཚོ་བ་སྐྱེལ་རྒྱུ་བྱང་བ་ནི་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་རེད། འདི་ལོར་རྒྱ་གར་གྱིས་ཆེ་བསྟོད་གཟེངས་རྟགས་༧གོང་ས་མཆོག་ལ་ཕུལ་བ་ནི་ཆེ་བསྟོད་གཅིག་རང་མིན་པའི་ང་ཚོ་ལ་རྒྱབ་སྐྱོར་ཡོད་པ་ཞིག་མཚོན་ཐུབ་ཀྱི་འདུག

    Reply
  4. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཞི་བདེའི་རྒྱལ་ཁབ་ཀྱི་མི་རིགས་ཤིག་གི་ཞི་བདེའི་དབུ་ཁྲིད་ཤིག་ལ་བཟང་རྟགས་གནང་པ་འདི་ནི་༧གོང་ས་མཆོག་ཞི་བདེའི་ལམ་བསྟོན་ཞིག་ཡིན་པ་དངོས་འཛིན་གནང་པ་རེད།

    Reply
  5. སྟག་རྩེ་དཔལ་ལྡན says:
    ལོ་ 14 སྔོན།

    རང་གི་མ་ཡུལ་ལྟ་བུ་ཞི་བདེའི་རྒྱལ་ཁབ་རྒྱ་གར་དབུས་གཞུང་དང་མི་དམངས་ཡོངས་ལ་ནམ་ཡིན་གུས་རྩི་བླ་མེད་གནང་མཁན་ངས་གོ་སྐབས་འདིར་བརྒྱུད་དེ་ཐུགས་རྗེ་ལེགས་གསོའི་ཚུལ་དུ་སེམས་ཀྱིས་ཡི་རངས་ཞུ་བ་དང་། ༧རྒྱལ་དབང་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་འདེབས།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ནའོ་བྷེལ་ཞི་བདེས་སྔར་ནས་མ་ཚིམས་པར། །ཨ་རིའི་གྲོས་ཚོགས་གསེར་གྱི་གཟེངས་རྟགས་བཞེས། །དེང་ཡང་རྒྱ་གར་ཆེ་བསྟོད་རྟགས་མ་འཕྲོགས། །ནམ་ཞིག་རྒྱ་ནག་གཟེངས་རྟགས་ལེན་རྒྱུ་ཡིན། །བདག་གི་བླ་མ་བདག་འཛིན་མཐར་ཕྱིན་ནམ། །མིན་ན་བདག་ཉིད་རྟག་ཏུ་རྒྱལ་འདི་མཚར། །

    Reply
  7. སྟག་རྩེ་དཔལ་ལྡན says:
    ལོ་ 14 སྔོན།

    རང་གི་མ་ཡུལ་ལྟ་བུ་ཞི་བདེའི་རྒྱལ་ཁབ་རྒྱ་གར་དབུས་གཞུང་དང་མི་དམངས་ཡོངས་ལ་ནམ་ཡིན་གུས་རྩི་བླ་མེད་གནང་མཁན་ངས་གོ་སྐབས་འདིར་བརྒྱུད་དེ་ཐུགས་རྗེ་ལེགས་གསོའི་ཚུལ་དུ་སེམས་ཀྱིས་ཡི་རངས་ཞུ་བ་དང་། ༧རྒྱལ་དབང་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་འདེབས།

    Reply
  8. བདེན་རྒྱལ། says:
    ལོ་ 14 སྔོན།

    ༸གོས་ས་མཆོག་ལ་ཆེ་བསྟོད་གཟིངས་རྟག་འབུལ་བ་ལ་དགའ་སྤྲོ་ཤིན་དུ་ཆེ། དེ་དང་ཆབ་ཅིག་༸གོང་ས་མཆོག་ནས་འཛམ་གླིང་སྤྱིའི་མགོན་སྐྱབས་ཆག་བཞིན་པ་རེད། ཡིན་ནའང་ང་ཚོ་བོད་མིའི་རྣམ་གྱི་སྤྱན་རས་གཟིགས་དངོས་ཡིན་པའི་ཡིད་ཆེས་དད་པ་གནང་བཞིན་པ་རེད། བློ་ཕམ་པ་ཞིག་ལ་དེང་སང་བོད་ནས་ཕེབས་མཁན་རྣམ་ལ་རྒྱང་མཇལ་མ་ཏོག་ཕྱག་དབང་ཙམ་ཡང་རག་གི་ཡོད་པ་མ་རེད། གསར་འབྱོར་ཁ་ཤས་བློ་ཕམ་པའི་ངང་ནས་བོད་ལ་ལོག་འགྲོ་ཡི་འདུག བོད་ནང་གནས་པའི་བོད་མི་རྣམ་དངོས་གནས་བསོད་བདེ་དམན་པ་རང་རེད། ཉེ་ཆར་གོང་ས་མཆོག་རྡ་སར་གཏོང་ལེན་ཚོགས་པའི་ནང་སྐུ་འགྲོན་དུ་ཕེབས་ནས་སྤྲང་ཕྲུག་ཚོ་དང་སྐུ་པར་ལྷན་དུ་བསྒྲོན་གནང་འདུག་སྤྲང་ཕྲུག་དེ་ཚོ་བསོད་བདེ་རང་རེད། འབྲེལ་ཡོད་རྣམ་པས་རྗེས་སུ་དགོངས་པ་ཞིག་བཞེས་གནང་ན་ཡག་པོ་འདུག ཕྱི་མིའི་མི་ངོ་ཀྱང་ཀྱང་སྲུང་ན་རྗེས་སུ་གང་འདྲ་ཆག་གི་རེད། ༧གོང་ས་༸སྐྱབས་མགོན་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བསྟན་པའི་སྨོན་ལམ་ཞུ།

    Reply
  9. གཉའ་འབྲོང་ཐུ་བུ། says:
    ལོ་ 14 སྔོན།

    བདག་ཅག་རྣམས་ཀྱི་དཔྲལ་བའི་མིག་༧ གོང་ས་སྐྱབས་མགོན་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བསྟན་པར་སྨོན།

    གསར་འགོད་པ་ལགས། རིགས་ལྔ་རེད་དམ། རིམ་ལྔ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese