མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་རྒན་པོའི་རྨི་ལམ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོ་ནི་འཛམ་གླིང་གོ་ལ་རིལ་མོ་འདིར་ཞི་བདེ་གཟེངས་རྟགས་དར་ནས་མི་ལོ་ ༡༡༠ འཁོར་ཞིང་། གངས་ཅན་ཁ་བའི་སྒང་ལ་ཞི་བདེ་གཟེངས་བསྟོད་ཐོབ་ནས་མི་ལོ་ ༢༢ འཁོར་བའི་ལོ་དེ་ཡིན། མི་ལོ་ཉེར་གཉིས་ལ་སོན་པའི་ཞི་བདེ་རྒན་པོའི་ཚ་བོ་ཚ་མོ་ཁ་བ་གངས་ཅན་པ་ཚོས་ཀྱང་། འདས་པའི་ལོ་རྒྱུས་ཀྱི་རླུང་འཚུབ་ཆེན་པོའི་ཁྲོད་ཐལ་རྡུལ་གྱིས་མིག་གི་འོད་མདངས་མ་ཡལ་ཞིང་། འཁྲུག་ཆ་དོད་པོའི་རྒྱུ་འབྱོར་གྱིས་གོམ་པའི་འདེགས་འགྲོས་མ་འཁྱོར་པར། སྡུག་པོའི་བཙོན་འོག་དང་བཙན་པོའི་རྐང་འོག་རེ་རེ་ནས་རང་དབང་དང་དམངས་གཙོའི་འབོད་སྒྲ་གྱེར་བཞིན། ཡུལ་མཐའ་འཁོབ་ཀྱི་ལུང་ཁུག་རེ་རེ་ནས་འཚེ་མེད་ཞི་བདེ་ཡི་སྙིང་སྟོབས་སྒོམ་བཞིན། འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་བདེ་སྐྱིད་བཙལ་ནས་ཡོང་བའི་ཞི་བདེ་རྒན་པོ་འདིའི་རྐང་རྗེས་དག་ཅིས་ཀྱང་གླེང་དགོས།

    མ་གཞི་ཆེ་མཐོང་ངོ་བསྟོད་ལ་དགའ་བ་འདི་འགྲོ་བ་མིའི་རིགས་སྤྱི་ལ་ཁྱབ་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཏུ་བགྲང་དཀའ་ཡང་། མིའི་རིགས་ཀྱིས་དབང་དུ་མཛད་པའི་གོ་ལ་རིལ་མོ་འདིའི་བར་སྣང་ཐམ་ཅད་ངོ་བསྟོད་སྒྲ་དབྱངས་ཀྱིས་ཁྱབ་ཡོད་ལ། ས་གཞི་ཡོངས་སུ་ཆེ་བསྟོད་གཟུགས་བཟོས་ཀྱིས་ཁེངས་ཡོད། ལ་ལ་ཞིག་དབང་ཤུགས་ཀྱི་དཔུང་པ་དང་བསྡེབས་ནས་འཛུམ་ཤིག་ཤིག་གིས་བླང་ཆོག་ལ། ལ་ལ་ཞིག་རྒྱུ་འབྱོར་གྱི་ཁྲི་སྟེང་བརྒྱུད་ནས་བདེ་འཇམ་འཇམ་ངང་ཕུལ་ཡོང་། ཐ་ན། མི་སྲོག་གཅོད་མཁན་ལ་དམག་མི་དཔའ་བོའི་གཟེངས་རྟགས་དང་། རྡུལ་མཚོན་སྒྲིག་མཁན་ལ་གསར་གཏོད་མཁས་པའི་གཟེངས་རྟགས་ཀྱང་ཕུལ་མྱོང་མོད། མི་སེར་དཀྱུས་མའི་དཀའ་སྡུག་གི་མིག་ཆུ་དང་འདྲེས་ཤིང་། མགོན་མེད་སྐྱབས་མེད་ཚོའི་ཁེར་རྐྱང་གི་གྲིབ་གཟུགས་དང་འགྲོགས་ཏེ། བཙོན་དུ་འཛུལ་མཁན་དང་བཀྲེས་ལྟོགས་མྱོང་མཁན་དེ། ད་ལྟའི་བར་མིའི་ལྷན་སྐྱེས་ཀྱི་བྱམས་བརྩེ་དང་བྲལ་མ་མྱོང་བའི་ཞི་བདེ་རྒན་པོ་འདི་གཅིག་པུ་ཡིན། 

    ཞི་བདེ་རྒན་པོ་འདི་ཁོ་ནས་ཧྥ་ཤི་སིའི་དྲག་དམག་དང་ན་ཙི་སྒེར་གཅོད་པའི་གདོང་ལྤགས་རལ་ཏེ་ཡུ་རུབ་གླིང་དུ་དམངས་གཙོའི་དབྱར་གཞུང་བསུས་ཤིང་། ཨུ་རུ་སུའི་དམར་ཤོག་རིང་ལུགས་ཀྱི་བཙན་རྫོང་གཏོར་ཏེ་ཨེ་ཤ་ཡའི་སྤྱི་གཙུག་ནས་དམངས་གཙོའི་མེ་ཁ་གསོས་མྱོང་ལ། ལྷོ་ཨ་ཧྥི་རི་ཀའི་མི་རིགས་དབྱེ་འབྱེད་ཀྱི་གྲལ་རིམ་ལྕགས་སྒྲོག་བཅད་དེ་འཛམ་གླིང་མི་ནག་གི་སྤོབས་པའི་དབུ་འཕངས་དགུང་དུ་གཏད་པར་མ་ཟད། ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་གི་དུད་སྤྲིན་འཇགས་སུ་བཅུག་ཅིང་། དྲག་དམག་སྒེར་གཅོད་འོག་གི་འབར་མའི་མི་མང་ལ་དམངས་གཙོའི་འོས་ཤོག་སྦྱིན་ཡོད། དེ་ལྟར་རྒད་པོ་འདིས་རྐང་རྗེས་བཞག་སར་དམངས་གཙོ་དང་རང་དབང་གི་དབྱངས་རྟ་འཁྲུང་བཞིན་ཡོད་ལ། རྒན་པོ་འདི་ཁོ་ནས་དེང་གི་འཛམ་གླིང་ལ་སྒེར་ཚིགས་ཤིག་དང་། འགྲོ་བ་མིའི་རིགས་ལ་ལ་སྒལ་ཚིགས་ཤིག་བསྐྲུན་ཡོད།   

            ཞི་བདེ་རྒན་པོ་འདིས་བོད་མི་ས་ཡ་དྲུག་གི་བདེན་པའི་གནས་ལུགས་ཁྱེར་ནས། ལོ་ངོ་ ༢༢ ལ་འཛམ་གླིང་རིལ་མོ་འདིར་དཔུང་རོགས་དང་མགོན་སྐྱབས་ཡོང་བའི་ཐལ་མོལ་སྦྱར་བཞིན་ཡོད་ལ། དྲང་བདེན་གྱི་སྨྱུ་གུ་བཟུང་སྟེ་ཁྲི་མུན་བཙོན་དུ་རྒྱ་མི་དུང་ཕྱུར་བཅུ་གསུམ་གྱི་བདེ་སྡུག་གླེང་བཞིན་ཡོད། ཡེ་མེན་དང་ལི་བྷི་ཡའི་མ་ཡུམ་ཚོའི་བརྩེ་སེམས་བསྣམས་ཏེ་དཀྱིལ་ཤར་ཡུལ་གྲུར་དམངས་གཙོའི་དཔྱིད་དཔལ་བསུ་བའི་སྟ་གོན་བྱས་ཡོད། འོན་ཀྱང་ཕྱོགས་རིས་མེད་པའི་རྒན་པོ་འདིས་རེ་སྨོན་གཏོང་སྔ་ཤོས་དང་རྨི་ལམ་འགྲུབ་ཁག་ཤོས་དེ་རི་ཁ་བ་ཅན་གྱི་མི་རིགས་འདི་ཆགས་ཡོད་ལ། དེ་བས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པར་ཁས་ཆེ་བའི་འུ་ཅག་གདོང་དམར་བ་རྣམས་ཀྱིས་ཀྱང་། ལས་དང་སྨོན་ལམ་མ་ལོག་པ་ཞིག་གནང་དགོས་པ་ནི་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་རི་བ་ཅན་གྱི་རྒན་པོ་དང་། རི་ཁ་བ་ཅན་ལ་སྨོན་ལམ་ཐེབས་པའི་ཞི་བདེ་རྒན་པོ་འདི་གཉིས་ཀྱིས་ཡུན་རིང་ཡིད་ལ་བརྣག་པའི་རྨི་ལམ་དེ་ཡིན། 

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese