མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་མི་ ༧ བསད་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་མཚན་མོར་ཡུ་གུར་ངོ་རྒོལ་བ་དང་རྒྱ་དམག་བར་འཁྲུག་འཛིང་ཤོར་ཏེ། ཡུར་གུར་བ་མི་ ༧ དམར་གསོད་དང་ཉེན་རྟོག་པ་མི་ ༡ རྐྱེན་འདས་སུ་བཏང་འདུག

ཕྱི་ཚེས་ ༢༨ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༡ ཙམ་ལ། ཤིན་ཅང་ཕིས་ཧྲན་རྫོང་དུ་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་དང་ཡུ་གུར་ངོ་རྒོལ་བའི་བར་འཁྲུག་འཛིང་ཤོར་ཏེ། ཡུ་གུར་ངོ་རྒོལ་བ་མི་ ༧ དམར་གསོད་དང་། མི་ ༤ ལ་རྨས་སྐྱོན་དང་མི་ ༤ འཛིན་བཟུང་བྱས་ཡོད་པ་དང་། འཁྲུག་འཛིང་སྐབས་ཉེན་རྟོག་པ་མི་ ༡ རྐྱེན་འདས་དང་མི་ ༡ ལ་རྨས་སྐྱོན་བཅས་ཕོག་ཡོད་འདུག 

ཕྱི་ཚེས་ ༢༩ ཉིན་རྒྱ་གཞུང་གིས་དྲ་རྒྱའི་གནས་ཚུལ་སྤེལ་ཏེ། འཁྲུག་འཛིང་དོན་རྐྱེན་དེ་ནི་ཤིན་ཅང་ཕིས་ཧྲན་རྫོང་དུ་གསང་ཡུབ་བྱས་ཡོད་པའི་དྲག་སྤྱོད་ཤོག་ཁག་ཅིག་གིས་མི་གཏའ་མར་འཇུ་བཟུང་བྱས་པའི་གནས་ཚུལ་གྱི་རྐྱེན་པས།  ཉེན་རྟོག་པས་གཏའ་མར་བཟུང་བའི་མི་དེ་དག་སྐྱོབ་ཆེད་ཕན་ཚུན་བར་དམར་འཛིང་དོན་རྐྱེན་བྱུང་བ་ཞིག་ཡིན་པ་དང་། གཏའ་མར་བཟུང་བའི་མི་ ༢ སྐྱོབ་ཐུབ་ཡོད་སྐོར་བསྒྲགས་འདུག   ཡིན་ནའང་།  གཏའ་མར་བཟུང་བའི་མི་དེ་གཉིས་ཀྱི་མིང་དང་། ས་གནས་ཡུ་གུར་བ་ཡིན་མིན་སོགས་གསལ་ཁ་བཏོན་མི་འདུག  རྒྱལ་སྤྱིའི་དྲག་སྤྱོད་པའི་ཁ་གཏད་ཉམས་ཞིབ་པ་དག་གིས་ས་ཁུལ་དེར་རྩ་འཛུགས་ལྡན་པའི་དྲག་སྤྱོད་རིང་ལུགས་ཀྱི་ཤོག་ཁག་ཡོད་མི་སྲིད་པའི་ངོས་འཛིན་བྱས་ཡོད་པ་རེད།

འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཡིས་གསར་ལམ་ཁག་ཏུ།  “ཉེ་ཆར་རྒྱ་གཞུང་གིས་ས་ཁུལ་དེར་དྲག་གནོན་གྱི་སྲིད་ཇུས་གསར་བ་ཞིག་ལག་བསྟར་བྱེད་མགོ་བརྩམས་ཏེ། ཡུ་གུར་བ་མང་པོ་འཇུ་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་པ་མ་ཟད།  རྒྱ་གཞུང་ཉེན་རྟོག་པས་གནས་ཚུལ་དེའི་ཐད་ས་གནས་མང་ཚོགས་ལ་གསལ་བཤད་གང་ཡང་བྱས་མི་འདུག ” ཅེས་བརྗོད་དེ། ད་སྐབས་རྒྱ་གཞུང་གིས་ཡུ་གུར་མི་མང་གི་ཐོག་ལ་ཕྱོགས་ཡོངས་ནས་མངོན་སེམས་འཛེམས་མེད་ཐོག་དྲག་གནོན་སྲིད་ཇུས་སྤེལ་ཤུགས་ཆེ་རུ་བཏང་བར་བརྟེན།  ས་གནས་ཡུ་གུར་མི་མང་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ། ཕན་ཚུན་རྒོལ་འཛིང་གི་ཐབས་ལམ་འདི་འདྲ་ལ་བརྟེན་ནས་ངོ་རྒོལ་གྱི་རྣམ་འགྱུར་མི་སྟོན་མཐུ་མེད་གྱི་གནས་སྟངས་འོག་ལྷུང་ཡོད་པ་དང་། ཐེངས་འདིའི་འཁྲུག་འཛིང་དོན་རྐྱེན་ཡང་རྒྱ་གཞུང་གི་དྲག་གནོན་མ་བཟོད་པར། ས་གནས་མི་མང་དང་དྲག་ཆས་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་བ་ཞིག་ཡིན་པ་གསལ་བརྗོད་བྱས་ཡོད་པ་རེད།

ཉེ་ཆར་སྟོན་པ་ཡུ་ཤིའི་འཁྲུངས་སྐར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་ཝུ་རུ་མུའུ་ཆི་གྲོང་ཁྱེར་དང་། ཤིན་ཅང་ལྷོ་ཕྱོགས་ཨ་ཁི་སུའུ་ས་ཁུལ་དུ་ཁྲིམས་མཐུན་མིན་པའི་ཆོས་ལུགས་དངོས་རྫས་རིགས་བསྔོག་བཤེར་བཀག་སྡོམ་བྱེད་དགོས་པའི་ལས་འགུལ་ཞིག་སྤེལ་ཡོད་འདུག   ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་གྱི་ཞོགས་པར་ཨ་ཁི་སུའུ་ས་ཁུལ་གྱི་ཧྲ་ཡ་རྫོང་ཡཱན་ཐ་ཁི་སུ་ཧེར་ཞིང་དུ་དྲག་ཆས་ཉེན་རྟོག་པ་ ༦༠ ལྷག་ཡོང་སྟེ། ས་གནས་ཡུ་གུར་ཁྱིམ་ཚང་ ༢༠༠  ལྷག་གི་ནང་ལ་སྔོག་གཤེར་འདྲི་གཅོད་བྱས་ཡོད་པ་དང་། སྐབས་དེར་ཁྱིམ་ཚང་མང་པོའི་ནང་ཡུ་གུར་བའི་དབུ་ཁྲིད་ལྕམ་རེ་བྷེ་ཡ་དང་ཨ་རིའི་སྲིད་འཛིན་ལྷན་བཞུགས་ཀྱི་འདྲ་པར་སོགས་ཐོན་པ་ལ་བརྟེན་ནས། ཡུ་གུར་བ་མི་ ༢༠ ལྷག་ལ་ཁྲིམས་མཐུན་མིན་པའི་ཆོས་ལུགས་དངོས་རྫས་བསྡུ་ཉར་བྱས་ཉེས་མིང་འོག་འཇུ་བཟུང་དང་། མི་མང་པོར་གཅར་རྡུང་འཇིགས་སྐུལ་སོགས་བྱས་ཡོད་འདུག 

ཐེངས་འདིའི་འཁྲུག་འཛིང་དོན་རྐྱེན་དེ་ནི་ཤིན་ཅང་ཕིས་ཧྲན་རྫོང་གི་ལྷོ་ཁུལ་དུ་བྱུང་ཡོད་པ་དང་། ས་ཁུལ་དེ་ནི་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་འགའི་མཐའ་འབྲེལ་ཆགས་ཡོད་ལ།  ཤིན་ཅང་ཊ་ཁི་ལ་མ་ཀན་(Taklamakan)བྱེ་ཐང་ཆེན་མོའི་བརྒལ་སའི་འགག་སྒོ་ལྟ་བུ་ཡིན།  ས་གནས་མི་མང་ཕལ་ཆེ་བ་ནི་མུའུ་སི་ལམ་(Muslim)ཡིན་པ་རེད། འདས་པའི་ལོ་མང་རིང་ས་ཁུལ་འདིར་སྔ་རྗེས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་བྱུང་ཡོད་ལ།  དམག་མི་དང་ས་གནས་མང་ཚོགས་བར་འཁྲུག་འཛིང་ཡང་ཐེངས་མང་ཤོར་མྱོང་འདུག  

ནམ་རྒྱུན་རྒྱ་གཞུང་གིས་ཤིན་ཅང་ནང་བདེ་འཇགས་མེད་པའི་གནས་སྟངས་དེ་ནི། ཁ་བྲལ་བའི་སྟོབས་ཤུགས་དང་ཆོས་ལུགས་ཐལ་སྤྱོད་པའི་སྟོབས་ཤུགས། དྲག་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་གསུམ་གྱིས་ཡིན་ཚུལ་རྒྱལ་སྤྱིའི་སྒང་དྲིལ་བསྒྲགས་བྱེད་བཞིན་པ་མ་ཟད།   ཤིན་ཅང་ནང་དམག་དཔུང་གི་རྟེན་གཞི་རྒྱ་སྐྱེད་བྱས་ཏེ།   དམག་ཤུགས་ཀྱི་དྲག་གནོན་སྲིད་ཇུས་ཁོ་ནར་བརྟེན་ནས་ཡུ་གུར་མི་མང་ལ་དབང་སྒྱུར་བཙན་གནོན་བྱེད་བཞིན་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

 
 
 
 
 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་ནང་བོད་པས་༸གོང་མཆོག་གི་སྐུ་དཔར་ཉར་མི་ཆོག་པ་དང་། དེ་ནས་ཀརྨ་པའི་སྐུ་པར་འཇོག་མི་ཆོག་བཟོས་པ་དང་། དེང་སང་ལྕམ་རེ་བྷེ་དང་ཨ་རིའི་སྲིད་འ།ིན་འདྲ་པར་སྒང་ལ་སླེབས་ཡོད་ན་རྒྱ་ནག་ནང་མའོའི་དཔར་ཉར་མི་ཆོག་དུས་ཚོད་དེ་ག་དུས་ཤར་ཐུབ་བམ།

    སྐབས་དེར་ཁྱིམ་ཚང་མང་པོའི་ནང་ཡུ་གུར་བའི་དབུ་ཁྲིད་ལྕམ་རེ་བྷེ་ཡ་དང་ཨ་རིའི་སྲིད་འཛིན་ལྷན་བཞུགས་ཀྱི་འདྲ་པར་སོགས་ཐོན་པ་ལ་བརྟེན་ནས། ཡུ་གུར་བ་མི་ ༢༠ ལྷག་ལ་ཁྲིམས་མཐུན་མིན་པའི་ཆོས་ལུགས་དངོས་རྫས་བསྡུ་ཉར་བྱས་ཉེས་མིང་འོག་འཇུ་བཟུང་དང་། མི་མང་པོར་གཅར་རྡུང་འཇིགས་སྐུལ་སོགས་བྱས་ཡོད་འདུག ཟེར་ན།

    བོད་ནང་བོད་པས་༸གོང་མཆོག་གི་སྐུ་དཔར་ཉར་མི་ཆོག་པ་དང་། དེ་ནས་ཀརྨ་པའི་སྐུ་པར་འཇོག་མི་ཆོག་བཟོས་པ་དང་། དེང་སང་ལྕམ་རེ་བྷེ་དང་ཨ་རིའི་སྲིད་འཛིན་འདྲ་པར་སྒང་ལ་སླེབས་ཡོད་ན་རྒྱ་ནག་ནང་མའོའི་དཔར་ཉར་མི་ཆོག་དུས་ཚོད་དེ་ག་དུས་ཤར་ཐུབ་བམ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    ཡུ་གུར་མི་དམངས་ལ། གདུང་སེམས་མཉམ་སྐྱེད་ཡོད། ཁྱེད་རྣམས་ཀྱིས་ཞི་དྲགས་གི་ལས་འགུལ་ཅི་ཞིག་སྤེལ་ན་དེ་འོས་པ་ཡིན།སུས་ཀྱང་ཁྱེད་ཀྱི་ཡོད་ཚད་འཕྲོག་བཅོམ་བྱེད་དུས། ཞི་བའི་སྐད་ཆ་ལ་མ་ཉན་ན། འུ་ཐུག་ཐབས་ཟད་ཀྱི་དྲགས་པོའི་ཡ་ལན་སློག་ན། ཁྱེད་ལ་འཇིགས་སྐུལ་ཞེས་འབོད་མི་རུང་། མི་སྒེར་དང་ཚོགས་སྡེ་ཡང་ན་རྒྱལ་ཁབ། སུ་ཞིག་ཡིན་རུང་རང་ཉིད་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་པའི་དབང་ཚད་ཡོད།
    འཇིགས་སྐུལ་རིང་ལུགས་དངོས་དེ་ཁྱེད་ཀྱི་ཡོད་ཚད། འཕྲོག་བཞིན་པ་དེ་ཡིན། མི་སྒེར་ཞིག་དང་ཡང་ན་ཚོགས་ཁག གཞུང་བཅས་སུ་ཡིན་རུང་གཞན་ལ་བརྩན་གནོན་གཏོང་མཁན་ཚང་མ་རྒྱལ་སྤྱིའི་ཁྲིམས་འགལ་གྱི་འཇིགས་སྐུལ་ངོ་མ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese