མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་བརྟན་ལྷིང་ལ་ཤུགས་སྣོན།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བུའི་ཉིན་ཅཱ་ཆིན་ལིན་གྱིས་པེ་ཅིན་དུ་ཚོགས་འདུ་ཞིག་བསྡུས་ཏེ། བོད་ཁུལ་བརྟན་ལྷིང་ལས་དོན་ལ་ཤུགས་སྣོན་དགོས་སྐོར་བརྗོད་འདུག

རྒྱ་གཞུང་གི་ཚོགས་ཆེན་གཉིས་འཚོགས་ལ་ཉེ་བའི་སྐབས་དང་བསྟུན་ནས། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་གཞུང་དབུས་དམར་ཤོག་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཅཱ་ཆིན་ལིན་གྱི་མགོ་འཛིན་འོག པེ་ཅིན་དུ་བོད་ཁུལ་བརྟན་ལྷིང་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེར་རྒྱ་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་མཱ་ཁའེ་དང་། རྒྱ་གཞུང་དབུས་ཉེན་རྟོག་སྡེ་ཁག་གི་འགན་འཛིན་ལིས་ཅན་ཀྲུའུ། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཏུའུ་ཆིན་ལིན་སོགས་རྒྱ་གཞུང་དབུས་དམར་ཤོག་དཔོན་རིགས་ཁག་དང་། དེ་བཞིན། བོད་ཁུལ་ཞིང་ལྗོངས་ལྔའི་འབྲེལ་ཡོད་དཔོན་རིགས་དག་མཉམ་ཞུགས་བྱས་ཡོད་འདུག  

ཚོགས་ཐོག་ཏུ་ཅཱ་ཆིན་ལིན་གྱིས་འདས་པའི་ལོ་གཅིག་རིང་བོད་ཁུལ་ཞིང་ལྗོངས་ལྔའི་ནང་། རྒྱ་གཞུང་དམར་ཤོག་དཔོན་རིགས་ཀྱི་སྣེ་ཁྲིད་འོག་འབྲེལ་ཡོད་སྡེ་ཁག་གིས་དངོས་ཤུགས་བརྒྱུད་གསུམ་ནས། རྒྱ་གཞུང་གི་བོད་ཀྱི་ལས་དོན་ཚོགས་འདུ་ཐེངས་ལྔ་པའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ། ལོ་ལྔ་ཚན་བཅུ་གཉིས་པའི་ལས་གཞི་མགོ་འཛུགས་ལེགས་པོ་བྱུང་ཡོད་པ་དེ་ཡིས། རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས་ལ་ནོར་འཁྲུལ་མེད་པ་བདེན་དཔང་བྱས་ཡོད་སྐོར་དང་། ད་ལོའི་ལོ་མཇུག་ལ་རྒྱ་གཞུང་དམར་ཤོག་ཚོགས་ཆེན་ ༡༨ པ་ཚོགས་བཞིན་ཡོད་སྟབས། བོད་ཁུལ་ཞིང་ལྗོངས་ལྔའི་བརྟན་ལྷིང་ལས་དོན་ལེགས་པོ་སྒྲུབ་རྒྱུ་དེ་ནི། རྒྱ་ནག་རྒྱལ་ཁབ་དང་དམར་ཤོག་པའི་སྤྱིའི་གནས་བབ་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་སྐོར་བརྗོད་འདུག

ད་དུང་། ཅཱ་ཆིན་ལིན་གྱིས་མཚོ་སྔོན་ཞིང་ཆེན་བོད་ཁུལ་དུ་ཁ་གཏད་རོགས་སྐྱོར་འཛུགས་རྒྱུ་ནི་རྒྱ་གཞུང་གི་སྲིད་ཇུས་གཏན་འབེབས་གལ་ཆེན་ཞིག་ཡིན་པ་དང་། འདས་པའི་ལོ་ ༡༥ རིང་བོད་ལྗོངས་ཁ་གཏད་རོགས་སྐྱོར་བཙུགས་པའི་ཉམས་མྱོང་དང་མཚོ་སྔོན་ཞིང་ཆེན་གྱི་གནས་སྟངས་གཉིས་མཉམ་འབྲེལ་ཐོག  ཁ་གཏད་རོགས་སྐྱོར་འཆར་གཞི་གཏན་འབེབས་ཀྱིས་ནུས་པ་ལྡན་པའི་བྱེད་ཐབས་སྤྱད་དེ་མཚོ་སྔོན་རོགས་སྐྱོར་ལས་གཞི་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། དེ་བཞིན། སི་ཁྲོན་དང་ཡུན་ནན། ཀན་སུའུ་བཅས་ཞིང་ཆེན་ཁག་གི་བོད་ཁུལ་དུའང་ཁ་གཏད་རོགས་སྐྱོར་ལས་གཞི་རྒྱ་ཆེ་རུ་གཏོང་དགོས་པ་དམིགས་འདོན་བྱས་ཡོད་པ་མ་ཟད། ཅཱ་ཆིན་ལིན་གྱིས་ “ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ནི། བོད་ཁུལ་ཞིང་ལྗོངས་ལྔ་འཕུར་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཐབས་ཀྱི་གཞི་རྩའི་སྲུང་བྱ་ཡིན་ལ། རྒྱ་དམར་དབུས་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་གཞི་རྩའི་འཐབ་རྩོད་བྱེད་ཕྱོགས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་གི་ལས་གཞི་ཁག་ལེགས་འགྲུབ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཐད་ཀྱི་ལས་དོན་གཙུག་འཛིན། དམིགས་གཞི་ལྡན་པའི་ཐོག་ནས་བོད་དོན་ཕྱི་འབྲེལ་དྲིལ་བསྒྲགས་ལས་དོན་ལ་ཤུགས་བསྣན་ཏེ།  བོད་ཁུལ་ཞིང་ལྗོངས་ལྔ་བརྟན་ལྷིང་འཕེལ་རྒྱས་ཀྱི་ལས་གཞིར་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཁོར་ཡུག་ཡག་པོ་བསྐྲུན་དགོས།” ཞེས་བརྗོད་འདུག

དེ་བཞིན། ཚོགས་འདུ་དེའི་ཐོག་རྒྱ་གཞུང་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་ལིས་ཡོན་ཁྲའོ་ཡིས་ཀྱང་།  འབྲེལ་ཡོད་ལས་བྱེད་ཚོས་བོད་སྐྱོར་ལས་དོན་རྒྱུན་སྐྱོང་ཡོང་བར་མུ་མཐུད་ཤུགས་སྣོན་དགོས་པ་དང་། བོད་སྐྱོར་ལས་བྱེད་འདེམས་སྒྲིག་ཐད་ཆ་རྐྱེན་ནན་མོ་བཏོན་ཏེ་ལས་བྱེད་ཀྱི་རྒྱུས་སྤུས་མཐོར་འདེགས་དང་། ལས་བྱེད་རྣམས་བོད་དུ་མ་བསྐྱོད་སྔོན་ལ་ཟབ་སྦྱོང་ལེགས་པོ་སྤྲད་དེ་སྤྱི་ཚོགས་དོ་དམ་དང་། གནད་དོན་དབྱེ་ཞིབ། དཀའ་རྙོག་ལ་གདོང་ལེན་གྱི་ནུས་པ་འཐོར་འདེགས་གཏོང་དགོས་ལ། དེ་བཞིན། བོད་ཁུལ་ལས་བྱེད་དཔུང་སྡེ་འཛུགས་སྐྲུན་དང་། གཞི་རིམ་ཞིང་གྲོང་ཁག་ནང་དམར་ཤོག་ལས་བྱེད་པའི་ཤོག་ཁག་འཛུགས་སྐྲུན་བཅས་བྱས་ཏེ་བོད་ཁུལ་བརྟན་ལྷིང་ཡོང་རྒྱུ་ཁག་ཐེག་བྱེད་དགོས་སྐོར་བརྗོད་འདུག 

ཆབ་སྲིད་དབྱེ་ཞིབ་པ་དག་གིས། ཉེ་སྔའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་རྣམ་འགྱུར་དེ་ནི། སླེབས་ལ་ཉེ་བའི་བོད་མིའི་སྒེར་ལངས་གསུམ་བཅུ་དུས་དྲན་སྐབས་བོད་ནང་སྔར་ལས་ལྷག་པའི་ཡར་ལངས་དོན་རྐྱེན་འབྱུང་རྒྱུར་དོགས་སློང་དང་། འདི་ལོའི་ལོ་མཇུག་ལ་ཚོགས་གཏན་ཁེལ་པའི་རྒྱ་གཞུང་དམར་ཤོག་སྐབས་ ༡༨ པའི་ཚོགས་འདུའི་སྐབས། སྤྱི་ཚོགས་ཁྲོད་རྙོག་ཟིང་འབྱུང་རྒྱུར་བློ་འཚབ་སྐྱེས་བཞིན་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༣ སྔོན་ལ།
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

༢༠༢༦/༠༩/༡༦
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

༢༠༢༦/༠༩/༡༦
Front Slider

བསྟན་བདག་བླ་ཆེན་རྣམ་པས་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན་ཁག

༢༠༢༦/༠༩/༡༥
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དྲང་བདེན་དང་འདྲ་མཉམ་མེད་པར་བོད་ཁུལ་ཞིང་ལྗོངས་ལྔ་བརྟན་ལྷིང་འཕེལ་རྒྱས་ཨེ། ཧ་ཧ། ཧུ་ཧུ།

    Reply
  2. ཤིང་ལོ། says:
    ལོ་ 15 སྔོན།

    བརྟན་བརླིངས་བྱེད་དགོས་ན། བོད་མི་རེ་རེའི་སེམས་ཀྱི་བརྟན་བརླིངས་ལ་འགན་འཁུར་དང་། ཉམས་ཞིབ་བྱེད་དགོས། དམར་གསོད་དང་། དྲག་དཔུང་གིས་ནམ་ཡང་བརྟན་བརླིང་བཟོ་མི་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese