མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཇམ་དཔལ་ཡེ་ཤེས་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དེ་རིང་ཞོགས་པའི་ཆུ་ཚོད་ ༧། ༣༠ ཐོག་རཱམ་མན་ནོ་ཧར་ལོ་ཧའེ་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

ད་ལྟ་རང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༧། ༣༠ ཐོག་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་རཱམ་མན་ནོ་ཧར་ལོ་ཧའེ་སྟེ་ (Ram Manohar Lohia Hospital) སྨན་ཁང་དུ་སྐུ་གྲོངས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་བསྲེགས་བཏང་རྗེས། རྒྱལ་ས་ལྡི་ལིའི་སྨན་ཁང་རཱམ་མན་ནོ་ཧར་ལོ་ཧའེ་ནང་འཁྱེར་ཏེ་མྱུར་སྐྱོབ་བྱས་ཡོད་ཀྱང་།  ཆུ་ཚོད་ ༤༣ རིང་ལ་མ་གཏོགས་སྐུ་འཚོ་བཞུགས་གནང་ཐུབ་མི་འདུག

རྒྱལ་གཅེས་པ་ཁོང་འདས་གྲོངས་སུ་གྱུར་མ་ཐག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། ཁོང་ནི་ཕྱི་ལོ་ ༢༠༡༡ ནས་ད་ལྟའི་བར་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་གསུམ་པ་ཆགས་ཡོད་ལ། ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ བར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་ ༣༣ བྱུང་ཡོད་པ་ལས། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་ཤོར་མཁན་ ༢༣ པ་དེ་ཆགས་ཡོད་ཅེས་སོགས་བཀོད་འདུག

བསྒྲགས་གཏམ་ནང་མུ་མཐུད་དུ་བཀོད་དོན་ “སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་བོད་མི་ཤི་གསོན་གཉིས་ཀྱི་རེ་འདུན་འགྲུབ་ཆེད་དང་། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས། མཉམ་འབྲེལ་རྒྱལ་ཚོགས་དང་། རང་དབང་དང་དྲང་བདེན། མང་གཙོ་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་ནས་བོད་ཀྱི་གནད་དོན་དེ་ཞག་འགྱངས་ཉིན་ཕུད་བྱས་ནས་མི་འཇོག་པར། འཕྲལ་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་དང་། རྒྱལ་སྤྱིའི་ལྷན་ཚོགས་ཁག་གིས་བོད་མིའི་རེ་འདུན་རྣམས་ལག་བསྟར་དོན་འཁྱོལ་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན” ཞེས་བཀོད་འདུག

 

མཆན། 23

  1. ཡུལ་གྱར་གྱི་མཚེར་ས says:
    ལོ་ 10 སྔོན།

    ལ་རྒྱ་དང་སྙིང་སྟོབས་ལྡན་པའི་མི་བུ་འདི་དག་རིམ་བཞིན་བདེན་དོན་གྱི་ཆེད་དུ་ལྔ་ལམ་དུ་བཞུད་ན་གངས་ཅན་པའི་བདེ་དོན་སུས་རྩོད། མ་འོངས་པའི་ངེད་ཅག་གི་མདུན་ལམ་སུས་བསུ། ཁྱེད་ཅག་བཤེགས་པ་གཟི་བརྗིད་ཡིན་ཡང་གངས་ཅན་པའི་དཀའ་སྡུག་ད་དུང་སངས་མེད་པས་ཁྱེད་ཅག་ཕེབས་པ་སྔ་དྲགས་སོང་། ཁྱེད་ཅག་བཞུད་པ་ལས་གཏན་དུ་བཞུགས་ན་དགེ་མཚན་ཆེ། ཁྱེད་ཅག་ཕེབས་པ་ངོ་མ་སྔ་དྲགས་སོང་། རྒྱལ་བཅེས་དཔའ་བོ་དང་དཔའ་མོ་ཕྱི་ནང་གང་དུ་ཡོད་ཀྱང་བྱ་བ་མཇུག་སྐྱོང་ཕྱིར་མི་ཕེབས་པར་ཅིས་ཀྱང་བཞུགས་རོགས་ཞེས་སོར་བཅུ་ཐར་མོ་སྙིང་ཁར་སྦྱར་ནས་ཞུ། བོད་རྒྱལ་ལོ། འདས་གསོན་གྱི་དཔའ་བོ་དང་དཔའ་མོ་རྣམས་རྒྱལ་ལོ།

    Reply
  2. མི་ཉག་དུང་བརྡ། says:
    ལོ་ 10 སྔོན།

    ས་ཡ་དྲུག་གི་ཡིག་དྲུག་དབྱངས་རྟ་དེ་གྱེར་ནས།།
    བསྟན་སྲུང་མགོན་པོས་འཕྲིན་ལས་གཡེང་མེད་དུ་བསྒྲུབ་ནས།།
    ལྷ་དང་ལྷ་མོས་སྙིང་རྗེའི་ཕྱག་ཟུང་དེ་བརྐྱང་ནས།།
    གང་ཉིད་དག་པའི་ཞིང་གི་བཀོད་པ་རུ་འདྲེན་ཆོག །

    Reply
  3. སྐྲན་ says:
    ལོ་ 10 སྔོན།

    ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།

    Reply
  4. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 10 སྔོན།

    ད་དུང་ངས་ཁྱེད་ཀྱི་ཞལ་ཆེམས་ཡིད་ལ་བཟུང་ཡོད།

    Reply
  5. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 10 སྔོན།

    དཔའ་བོ་ཁྱེད་ང་ཚོའི་ཆེད་དུ་བཞུད་སོང་ཡང་ང་ཁྱེད་ཀྱི་མདུན་ན་ངུ་བཞིན་ཡོད། སྡར་མ་ངས་ནུས་པ་ནི་དེ་ཙམ་རེད། དཀོན་མཆོག་གིས་གཟིགས།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 10 སྔོན།

    ངས་ཁྱོད་ཀྱིས་ཆད་དུ་མ་ཎི་ལོ་གྲངས་མ་འདི་འཕུལ་ནས་དག་པའི་ཞིང་དུ་སྐྱེ་བ་ལས་སྡུག་བསྔལ་གྱི་འཇིག་རྟེན་ཁམས་ལ་མི་སྐྱེ་བའི་སེམས་གཏིང་ནས་སྨོན་ལམ་ཡོད།
    ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།

    Reply
  7. སྙིང་མིག says:
    ལོ་ 10 སྔོན།

    འཇིག་རྟེན་འདི་ཡི་སྣང་བ་ནུབ་མ་ཐག།

    ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་དེས།།

    ཐུགས་རྗེའི་བསིལ་འོད་བདུད་རྩི་བར་མེད་དུ།།

    སྙིང་གི་དུམ་བུ་ཁྱེད་ལ་ཐོབ་པར་སྨོན།།

    Reply
  8. རང་རྟོན། says:
    ལོ་ 10 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  9. ནེ་ཤོད་གྲུ་ཁ། says:
    ལོ་ 10 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། རྒྱལ་གཅེས་པ་ཁོང་སླར་ཡང་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེ་བར་སྨོན།

    Reply
  10. ངས་པོ་རྒྱལ་མཚན། says:
    ལོ་ 10 སྔོན།

    ནམ་ཡང་བརྗེད་ཐབས་མེད་པའི་ངེས་དོན་གྱི་དཔའ་བོ་མཆོག་དག་པའི་ཞིང་དུ་སྐྱེ་བར་སྨོན། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ།

    ལྷད་མེད་སྤོབས་སེམས་བརྟས་པའི་དགོངས་པའི་རྩལ།།
    ཐ་དག་རྫོགས་པའི་གངས་ཅན་དཔའ་བོ་མཆོག།།
    མཐོ་སྒང་འཛིན་པའི་འཕྲལ་ཕུགས་བདེ་བའི་སླད།།
    ཞུ་མེད་ཐུགས་ཀྱི་གཅེས་སྲོག་གཏའ་མར་བཞག།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 10 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
    ཚད་མེད་ཡོན་ཏན་མ་ལས་དྲངས།

    གདོང་དམར་བོད་ཀྱི་བདེ་སྡུག་སྙིང་དུ་བཅངས། །
    རང་རིགས་སྤུན་ཟླའི་རང་དབང་བདེ་སྐྱིད་སླད། །
    རང་གི་ཤ་ཁྲག་གདོས་བཅས་མེ་རུ་བསྒྲོན། །
    འགྲན་མེད་གངས་ཅན་དཔའ་བོ་དཔའ་མོ་ཀུན། །
    བདེ་ལྡན་དག་པའི་ཞིང་དུ་སྐྱེ་བར་སྨོན། །

    དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  12. འབྲོག་པ་རྣལ་མ། says:
    ལོ་ 10 སྔོན།

    ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ། དུས་གསུམ་བསགས་པའི་དགེ་བ་དང་། གདོད་ནས་ཡོད་པའི་དགེ་འདིས། རང་དབང་ཡོད་པའི་ལུང་པ་ཞིག་ཏུ་སྐྱེ་བར་ཤོག

    Reply
  13. ཤིང་ལོ། says:
    ལོ་ 10 སྔོན།

    སུ་ཡང་འཆི་དགོས་འཆི་ཚུལ་མི་འདྲ་ཞིང་།།
    ཤི་ན་གཟི་བརྗིད་ཡོད་ཚུལ་གཏན་མི་འདྲ།།
    མི་ཡི་རིན་ཐང་ནང་གི་བསམ་བློ་ཡིས།།
    ཕྱེས་དུས་འདི་འདྲ་ཡིན་པའང་ངོ་མཚར་རྨད།།

    Reply
  14. བན་ཆུང་། says:
    ལོ་ 10 སྔོན།

    དཔའ་བོ་ལགས་འཇམ་དཔལ་ཡེ་ཤིས། ཡལ་དུ་མེད་པའི་ཁྱེད་ཀྱི་སྙིང་སྟོབས་དང་ལ་རྒྱ་དུས་གཏན་ཏུ་ང་ཚོ་དང་མཉམ་དུ་གནས་ངེས་ཡིན་ལ། ཁྱེད་ཀྱི་མཛད་རྗེས་ལ་ང་ཚོས་གུས་བཀུར་ཞུ་ཡི་ཡོད་ལ། ཞིང་གཤེགས་དཔའ་བོ་དང་དཔའ་མོ་རྣམ་པའི་སྙིང་སྟོབས་དང་ལ་རྒྱ་ང་ཚོ་བོད་རིགས་ཚོའི་སེམས་ནང་གཏན་པོར་བཟུང་བཞིན་ཡོད། བདེ་མོ་བྱོས། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ །ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།

    Reply
  15. བན་ཆུང་། says:
    ལོ་ 10 སྔོན།

    དཔའ་བོ་ལགས་འཇམ་དཔལ་ཡེ་ཤིས།

    Reply
  16. བྱིས་པ། says:
    ལོ་ 10 སྔོན།

    བཟོད་དཀའི་ན་ཟུག་མི་རིགས་སླད་དུ་སྲན།
    འཕང་པའི་སྲོག་དབང་ཀུན་ལ་སྐྱེས་སུ་ཕུལ།
    ཁྱེད་ཀྱི་སྐུ་ལས་མཆེད་པའི་མེ་ལྕེ་དེས།
    བྲང་གི་དབུས་ཀྱི་སྙིང་ལ་སྟོབས་བརྒྱ་སྩལ།

    བདེན་པ་རྒྱལ་ངེས། ཀུནད་ཀྱང་བདེ་ངེས།

    Reply
  17. སྦྲ་དཔལ་ལྡན། says:
    ལོ་ 10 སྔོན།

    ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ། སླར་ཡང་རང་རེའི་བོད་གངས་ཅན་ཡུལ་དུ་མྱུར་ཏུ་སྐྱེས་པར་ཤོག་

    Reply
  18. གཡུ་རལ་བཀྲ་རྒྱམ། says:
    ལོ་ 10 སྔོན།

    འཇམ་དཔལ་ཡེ་ཤེས་ཀྱི་རལ་གྲིའི་མེ་རི་སྦར་སོང་།
    མི་རིགས་ཤིག་གི་ཆེད་དུ་འབར་སོང་།
    དུས་གཏན་ཏུ་འབར་སོང་།
    ལ་རྒྱ་དང་འབོད་སྒྲའི་ཁྲོད་ནས་འབར་སོང་།
    མི་རིགས་ཀྱི་བདེ་སྡུག་ཁུར་ནས་བཞུད་སོང་།
    གཏན་ཏུ་བཞུད་སོང་།
    བདེ་མོ་བྱོས།
    ཨོཾམཎིཔདྨེཧཱུྃ།
    ཡིག་འབྲུ་དྲུག་འདི་ཁྱོད་ཀྱི་རྫོང་བ་ཡིན།
    བདེ་མོ་བྱོས།
    དུས་གཏན་ཏུ་བདེ་མོ་བྱོས།

    Reply
  19. ཤག་སྒང་པ། says:
    ལོ་ 10 སྔོན།

    འདི་ཕྱིའི་༸སྐྱབས་གནས་དམ་པས་ཁྱེད་ཉིད་འདྲེན་ངེས་ཡིན་པས་བདེ་བར་ཕེབས་ཤིག

    ང་ཚོ་ཡིད་གཟབ་ཀྱིས་དཔའ་བོ་ཁྱེད་ཀྱི་ཞལ་ཆེམས་བཞིན་གཅིག་ཏུ་བསྒྲིག་ཆོག

    བདེན་པ་ཉིད་རྒྱལ་གྱུར་ཅིག

    མྱ་ངན་གུས་ཕྱག་ཞུས།

    Reply
  20. གངས་ཆབ། says:
    ལོ་ 10 སྔོན།

    རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་མི་རིགས་དང་རྩ་དོན་གྱི་ཆེད་དུ་གཟི་བརྗིད་ལྡན་པའི་ངང་རང་ལུས་མཆོད་འབུལ་གནང་བར་སྙིང་དབུས་ནས་གུས་འདུད་ཞུ་རྒྱུ་ཡིན།
    ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།

    Reply
  21. བསོད་ནམས་རྒྱ་མཚོ། says:
    ལོ་ 10 སྔོན།

    དཔའ་བོ་འཇམ་དཔལ་ཡེ་ཤེས། ཁོང་གིས་རང་སྲོག་བཏང་བའི་དགོས་མཐའ་དག་མྱུར་དུ་འགྲུབ་པར་ཤོག འདི་ནས་ཤི་འཕོས་མ་ཐག་ནས་བདེ་བ་ཅན་ལ་སྐྱེ་བར་ཤོག། ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ངན་སོང་ངན་འགྲོའི་འཇིག་པ་མཐའ་དག་དང་གྲོལ་གྱུར་ཅིག། སྤྱན་རས་གཟིགས་ཀྱིས་འཇམ་དཔལ་ཡེ་ཤེས་ལམ་སྣ་འདྲེན་མཛོད་ཅིག།  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ  ཨོཾ་མ་ཎི་པདྨེ་ཧུཾཿ

    Reply
  22. གཟུ་གནས་བློ་ལྡན། says:
    ལོ་ 10 སྔོན།

    ངོ་མཚར་ཆེའོ། །བཏང་བ་ཡང་གཟི་བརྗིད་ཆེ། གཤེགས་པ་ཡང་གཟི་བརྗིད་ཆེའོ།

    Reply
  23. gyurmey says:
    ལོ་ 10 སྔོན།

    ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།ཨོཾམཎིཔདྨེཧཱུྃ།སླར་ཡང་བོད་མི་རིགས་ཀྱི་རིས་སུ་ཕེབས་པའི་སྨོན་འདུན་ཞུ།

    Reply

Leave a Reply to གཟུ་གནས་བློ་ལྡན། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist