མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་ཁང་གི་གོམ་སྟབས་གསར་པ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ས་གནས་ཁྲིམས་ཞིབ་ཁང་གཉིས་སུ་ཁྲིམས་ཞིབ་པ་གཉིས་དང་ཁྲིམས་དྲུང་གཉིས་ཐད་བསྐོ་བྱ་རྒྱུ་ཡིན་ཟེར།

ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ས་གནས་ཁྲིམས་ཞིབ་ཁང་གཉིས་སུ་ཁྲིམས་ཞིབ་པ་གཉིས་དང་ཁྲིམས་དྲུང་གཉིས་ཐད་བསྐོ་བྱ་འཆར་ཡོད་ཚུལ་བཀོད་འདུག ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་ལྟར་ན། ས་གནས་ཁྲིམས་ཞིབ་པའི་ས་མིག་དྲུང་འཕར་དང་། ཁྲིམས་དྲུང་གི་ས་མིག་དྲུང་གཞོན་ཡིན་ཡང་། ཐེངས་འདིར་གནས་རིམ་རེ་མར་ཕབ་འདུག་པ་དང་། ཟུང་དྲུང་དང་དྲུང་ལས་གནས་རིམ་ཐོག་འདེམས་རྒྱུགས་བླངས་ཏེ། དེ་དག་གི་ཐོབ་ཐང་ས་མིག་གཞིར་བཟུང་གནས་རིམ་གོང་མའི་ཐོབ་ཐང་སྤྲོད་རྒྱུ་ཡིན་འདུག འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཁྲིམས་ལུགས་དབང་འཛིན་གྱི་གོམ་སྟབས་གསར་པ་ཞིག་ཡིན་པ་མ་ཟད། མ་འོངས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཞིབ་པ་མ་རག་པའི་དཀའ་ངལ་སེལ་བའི་ཐབས་ལམ་ཉག་གཅིག་ཀྱང་ཆགས་ཡོད་རབས་བཤད།

 

རྩད་ཞིབ་བྱས་པ་ལྟར་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་བཙུགས་ནས་ད་བར་མི་ལོ་ ༢༠ ལྷག་ཕྱིན་པའི་རིང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་བཅས་སྔ་རྗེས་རིམ་པའི་ཁྲོད་བཅའ་ཁྲིམས་ནང་གསལ་གྱི་འོས་ཆོས་ཚང་མཁན་དང་། ཁྲིམས་ལུགས་རིག་པར་སྦྱངས་པ་ཐོན་མཁན་གཅིག་ཀྱང་བྱུང་མི་འདུག

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་རྣམ་པའི་འོས་ཆོས་སྐོར་ལ། “ཁྲིམས་ཁང་ཞིག་ནང་ལོ་ ༥ རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་ཁུར་བྱས་མྱོང་བའམ།  ཡང་ན་ཉུང་མཐར་ལོ་༡༠ རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན” ཞེས་བཀོད་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ། བཅའ་ཁྲིམས་ནང་ཆ་རྐྱེན་དེ་ལོ་ ༡༠ རིང་ཕྱི་སྣུར་བྱས་ཡོད་ནའང་མུ་མཐུད་ཁྲིམས་ཞིབ་པ་རག་མིན་གྱི་དཀའ་ངལ་འོག སྤྱི་འཐུས་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་ཡང་ཡང་གནང་མཐར་ལོ་ ༣༠ བར་འཕར་འགྱངས་བྱ་དགོས་བྱུང་ཡོད།

 

ཕྱི་ལོ་ ༢༠༠༡ ལོར་ཌེ་ར་ཌུན་དང་། ༢༠༠༢ ལོར་སྦེལ་ཀོབ་ས་གནས་ཁྲིམས་ཞིབ་ཁང་གཉིས་གསར་འཛུགས་གནང་ཡོད་ཀྱང་། ད་བར་དེ་དག་གི་ས་གནས་ཁྲིམས་ཞིབ་པ་གཞུང་ཞབས་གནས་སྤོས་བྱས་པ་གཅིག་མ་གཏོག གཞན་ཚང་མ་ཆོད་གན་ཐོག་ནས་བསྐོ་གཞག་བྱས་ཡོད་ལ། ཆོད་གན་ཞེས་པ་ནི་ས་མིག་ཡོད་པ་ཞིག་ལ་ལས་བྱེད་བསྐོ་མ་ཐུབ་པར་འཕྲལ་སེལ་གྱི་བྱེད་ཐབས་བཙལ་བ་ཞིག་ཡིན་ཞིང་། ཆོད་གན་ཐོག་མང་མཐའ་ལོ་ ༤ ལས་ལྷག་བསྐོ་གཞག་བྱེད་ཆོག་གི་མེད་པ་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞིའི་ནང་གསལ་ཡོད་སྟབས། གོང་གསལ་ཆོད་གན་ལས་བྱེད་དེ་དག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་ཡོང་བའི་འོས་ཆོས་ཚང་མེད།

 

དེ་སྔ་གཞིས་ཆགས་ཁག་ཏུ་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཞེས་ས་གནས་མགོ་འཛིན་ཚོར་ཁྲིམས་ལུགས་དབང་འཛིན་གྱི་འགན་དབང་གཅིག་ལྕོགས་སུ་བསྐུར་ཡོད་པ་དང་། འཛིན་སྐྱོང་དང་ཁྲིམས་འཛིན་གྱི་འགན་དབང་མི་གཅིག་ལ་བསྐུར་བའི་བྱེད་ཐབས་འདི་རིགས་ལྟ་གྲུབ་དང་ལག་ལེན་གང་ལའང་མཐུན་གྱི་མེད་པ་མ་ཟད། ༧གོང་ས་མཆོག་གིས་ཀྱང་དེའི་སྐོར་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་ཡོངས་གྲགས་སུ་བསྩལ་ཡོད།

 

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར་གྲོས་ཚོགས་ཚོགས་དུས་ ༣ པའི་སྟེང་ལ་དྭགས་དང་ར་སྦང་ལ་གཉིས་སུ་ས་གནས་ཁྲིམས་ཞིབ་ཁང་གཉིས་གསར་འཛུགས་ཀྱི་སྔོན་རྩིས་ལ་ཆོག་མཆན་སྤྲད་ཡོད་པ་དང་། ས་གནས་ཁྲིམས་ཞིབ་ཁང་གཉིས་དབུ་འཛུགས་བྱུང་ཚེ། བལ་ཡུལ་ཕུད། རྒྱ་གར་ནང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཡོངས་རྫོགས་ཕྱིར་བསྡུ་བྱས་ཏེ།  ད་ཡོད་ས་གནས་ཁྲིམས་ཞིབ་ཁང་བཞིས་རྒྱ་གར་ནང་གི་བོད་མི་འདུས་སྡོད་ཁུལ་ཡོངས་སུ་ཁྱབ་ཐུབ་པ་བྱ་འཆར་ཡོད་འདུག

འདེམས་རྒྱུགས་ཀྱི་ཆ་རྐྱེན་ནང་བཀོད་པ་ལྟར་ན། ཁྲིམས་ལུགས་རིག་པའི་སློབ་ཐོན་ལག་ཁྱེར་ LLB ཡོད་མཁན་ལ་ཨང་ཀི་ ༥ རེ་དང་། ཁྲིམས་ཞིབ་ཁང་གང་རུང་དུ་ལས་ཀའི་ཉམས་མྱོང་ལོ་ ༢ ཡན་ཡོད་མཁན་ནམ། ཁྲིམས་རྩོད་པའི་སྦྱོང་བརྡར་དང་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་ཨང་ཀི་ ༥ རེ་འཕར་མ་སྤྲོད་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་རིགས་རྒྱུགས་འཕྲོད་བྱུང་ན་དེ་སྔའི་ཞབས་ལོ་རྩིས་འགྲོ་གཏོང་རྒྱུའི་གཏན་འབེབས་གནང་འདུག་པ་དང་། འཚང་རྒྱུགས་སྙན་ཞུ་འབུལ་རྒྱུའི་དུས་བཀག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་བར་བཅད་འདུག།

 གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༨ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༩ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 6

  1. མི་རྒོད། says:
    ལོ་ 14 སྔོན།

    ལྟས་ངན་རང་རེད། ཐ་ད་དུང་མང་གཙོ་ཤེས་མེད་ལེ་ད། རྡ་སའི་མང་གཙོ་ཚོགས་པར་སློབ་གྲྭ་རྒྱུག་ ཨ་ནི་ཀླད་པ་རུལ་ནད་གསོས་ནས་མང་གཙོ་གོ་ལེ་ད། མང་གཙོ་འདི་ལྟ་བུ་ཞིག་གནང་ནས་ཧ་མ་གོ་ན་ཐབས་ཤེས་དེ་ད་ལྟ་བའི་སྐབས་སུ་བཟང་ཤོས་རེད། རེད་རེད་མང་གཙོ་ཞེས་པ་འདི་་་་་་་་

    Reply
  2. དཀོན་མཆོག says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་མཆོག་གིས་བྲིས་པའི་གསར་འགྱུར་ལ་ཁྱད་ཆོས་མ་འདྲ་བ་ཞིག་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ས་གནས་གཞིས་འགོ་ཁག་གིས་ད་བར་ས་གནས་ཁྲིམས་ཞིབ་པའི་ལས་ཀའང་གཅིག་ལྕོགས་སུ་འཁུར་བ་དེ་ནི་བོད་པ་ཚང་གི་ཡང་དག་པའི་དམངས་གཙོ་རེད་དམ། བོད་པའི་ཐུན་མོང་མ་ཡིན་པའི་དམིངས་གཙོ་འདི་ལ་ཟེར་བ་རེད་དམ།

    Reply
  3. ལྷ་གཡག་དཀར་པོ། says:
    ལོ་ 14 སྔོན།

    གསར་འགྱུར་གཏིང་ཟབ་པོ་ཞིག་དང་ཚགས་དོམ་པོ་ཞིག་བྲིས་འདུག ཡིན་ནའང་ཆེས་མཐོའི་ཁྲིམས་ཞིབ་ཁང་བཙུགས་ཏེ་ལོ་ངོ་ཉི་ཤུ་ཕྱིན་པའི་རིང་འོས་ཆོས་ཚང་བའི་ཁྲིམས་ཞིབ་པ་གཅིག་ཀྱང་བསྐོ་ཐུབ་མེད་པ་ག་རེ་རེད། ང་ལ་དྲི་བ་ཞིག་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འདས་པའི་ཁྲིམས་ཞིབ་པ་རྣམས་ཁྲིམས་འགལ་ཐོག་བསྐོས་ཡོད་པ་རེད་དམ།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    ༄་། བོད་མིའི་བཀའ་ཁྲི་མཆོག་ལ་བཀྲིན་བླ་མེད་དུ་ཆེ་ཞུ།
    ང་ཚོ་མ་འོང་ཕུགས་བསམ་གྱིས་གོམ་པ་རིམ་བཞིན་སྤོ་དགོས་པ་བརྟེན་འདི་འདྲ་ཞིག་དགོས་གལ་ཆེ་ལ་དེ་ལ་མཁས་ཁྱད་ལྡན་པའི་ཤེས་ཡོན་པ་ཡང་ཡོད་དགོས། ཧ་ཅང་དགའ་ད་དངོས་གནས་ངས་བཀའ་བློན་གདམ་ཀ་ནོར་མེད་པ་འཚོར་ཡོང་གི་འདུག། ད་དུང་ཆེད་ལས་པ་དང་། གསར་གཞོན་སློབ་ཕྲུག་གྲངས་མང་ཞིག་ཡོང་བཞིན་པའི་ལམ་ལ་ཐོམ་ཐོམ་དང་ འདེང་ཚོད་ཞན་རྟགས་འདུག་པས་བོད་མིའི་༧ མི་རྗེ་བཀའ་བློན་རྣམས་ནས་དགོངས་དབྱིངས་སུ་མངལ་བ་མཁྱེན་མཁྱེན་ཞེས་སྙན་བསུན་ཞུ་བ་ལགས་སོ།།

    Reply
  5. བདུད་འདུལ་ཐོག་རྒོད། says:
    ལོ་ 14 སྔོན།

    བཅོས།

    ལས་མེད་ལས་ཁུངས་ཟེར་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལས་གཞན་དུ་འཇོག་རྒྱུ་མེད་པ་རེད། དངོས་གནས་དྲང་གནས་ད་བར་ཅི་བྱས་ཀྱི་ལས་སྡོམ་ཞིག་བོད་མི་མང་ལ་སྟོན་དགོས་པ་ཡིན་ན། ཤོག་གྲངས་མང་ཆེ་བ་ལས་བྱེད་པར་གླ་ཆ་ག་ཚོད་སྤྲད་མིན་གྱིས་ཁེངས་རྒྱུ་ཡིན་པ་ས་རིས་ཐང་གསལ་རེད་འདུག་པས། ལར་ནས་འགུལ་བསྐྱོད་རྒྱག་ན་དངོས་གནས་ཅིག་རྒྱབ་ན་ཡག་གི་རེད། དེ་མིན་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ཟེར་བ་སོགས་ནི་མཛད་སྒོ་སོགས་སུ་བཤམས་རྒྱུའི་འདྲ་སྐུ་འདྲ་བོ་ཅིག་མི་འདུག་གེ ཧཧཧཧཧ

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    ང་རང་ཡར་མར་འགྲོ་དུས་བྷེལ་ཀོབ་ཀྱི་ས་གནས་ཁྲིམས་ཁང་སྟོང་པ་དམར་པོ་དེ་མཐོང་རིམ་བཞིན་དྲི་བ་མང་པོ་ཞིག་ཡོང་གིན་འདུག

    བོད་མི་རྣམས་རང་བཞིན་གྱི་བཟང་སྤྱོད་ལྡན་པ་ཞིག་ཡིན་ནམ། ཡང་ན་རྗེས་ལུས་ཅན་ཞིག

    གང་ལྟར་ཁང་སྟོང་སྲུང་བའི་མང་གཙོའི་སྒྲིག་འཛུགས་ཀྱི་གོ་གནས་ཆེན་པོ་དེ་སུ་ལ་ཐོབ་ན་དེ་ནི་རླུང་རྟ་རྒྱུག་པ་རེད།

    ཉིན་གང་ལས་ཀ་མེད་ནས་ཉོབ་ཀྱང་སྲིད་༌༌༌༌༌༌༌༌༌སྐྱིད་ཉལ༌༌༌༌༌

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese