མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷིང་འཇཊ་ཆགས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཞོགས་པར་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྷོ་ཕྱོགས་བོད་མིའི་སྤྱི་ཁྱབ་པ་ཀརྨ་སེང་གེ་ལགས་སུ
། དེ་སྔའི་ལྷོ་ཕྱོགས་ཁུལ་གྱི་རྙོག་དྲ་དེ་གང་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས་གཅིག་ནས་ཀཱ་ན་ཊ་ཀ་གཞུང་གི་འགན་སྲུང་དང་། གཉིས་ནས་ཉིན་འགའི་གོང་ནང་སྲིད་བཀའ་བློན་མཆོག་གཞིས་ཆགས་ཁག་ཚང་མར་ཆེད་ཕེབས་དང་འབྲེལ་ཡོད་མངའ་སྡེ་གཞུང་གི་མི་སྣ་དང་ཉེན་རྟོག་པ་ཚོར་འབྲེལ་བ་བྱས་ཏེ། ད་ཆར་གཞིས་ཆགས་ཁག་ལྷིང་འཇགས་ཆགས་ཡོད་པ་དང་། བྷིང་ལོར་དང་མེ་སོར་སོགས་ཀྱི་མཐོ་རིམ་སློབ་མ་ཚོ་ཡང་ཕྱིར་ལོག་སྟེ་འཛིན་གྲྭར་སྐྱོད་མགོ་བརྩམས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པས་བྷང་ལོར་དང་མེ་སོར་སོགས་ཀྱི་བོད་རིགས་མཐོ་རིམ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་སོ་སོར་ཁ་པར་བརྒྱུད་ད་ཆར་སློབ་ཕྲུག་རྣམས་འཚང་འཛོམས་བྱུང་ཡོད་མེད་དང་། གནས་ཚུལ་གཞན་ལྷག་ཡོད་མེད་ཐད་སྐད་ཆ་དྲིས་སྐབས། ད་ཆར་སློབ་ཕྲུག་རྣམས་ཕྱིར་ལོག་སྟེ་རྒྱུན་ལྡན་ལྟར་སོ་སོའི་འཛིན་གྲྭར་ཕེབས་བཞིན་ཡོད་སྐོར་བརྗོད་བྱུང་ལ། བྷང་ལོར་མཐོ་རིམ་སློབ་མའི་ས་གནས་གཞོན་ནུའི་ཚོགས་གཙོ་ཨ་ཆོས་ལགས་ཀྱིས་ “ད་ཆར་གནས་ཚུལ་ལྷིང་འཇགས་ཆགས་ཏེ་སློབ་ཕྲུག་རྣམས་སོ་སོའི་འཛིན་གྲྭར་སྐྱོད་ཀྱི་ཡོད། ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བྷང་ལོར་བོད་ཁྱིམ་སྡོད་ཁང་(Youth Hostel) བཅས་ཀྱིས་མཐོ་སློབ་སོ་སོར་འབྲེལ་བ་བྱས་ཏེ། ཉེ་སྔོན་གློ་བུར་ཐོག་རྒྱག་ལ་སློབ་ཕྲུག་རྣམས་ཉེན་གཡོལ་དུ་འགྲོ་དགོས་བྱུང་ཡོད་སྟབས། སློབ་གྲྭར་འབྱོར་ཐོ་འགོད་ཐུབ་མེད་པ་རྣམས་ལ་འབྱོར་ཐོ་རག་ཐབས་བྱེད་ཀྱི་ཡོད། སློབ་ཕྲུག་ཕལ་ཆེ་བར་འབྱོར་ཐོ་རག་སོང་”ཞེས་བརྗོད་བྱུང་། ཉིན་རེའི་སློབ་ཞུགས་འབྱོར་ཐོ་མང་པོ་སྟོང་པར་ལྷག་ཚེ་ཡིག་རྒྱུགས་གཏོང་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་འདུག

ཡང་བྷང་ལོར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་རྒན་དོན་འགྲུབ་ལགས་ཀྱིས་བརྗོད་པ་ལྟར་ན། ཉེ་ཆར་བོད་རིགས་དང་མཐོ་རིམ་སློབ་མ་ཚོར་ཞེད་སྣང་ཆེན་པོ་ཞིག་བྱུང་སྟེ་ཕྱོགས་སོ་སོར་ཉེན་གཡོལ་དུ་ཕྱིན་ཡོད་ཀྱང་། དེའི་རྗེས་རྒྱ་གར་དབུས་དང་མངའ་སྡེ། གྲོང་ཁྱེར་གཞུང་བཅས་ཀྱིས་འགན་སྲུང་གང་ལེགས་བྱས་པ་དང་། ཁ་ཆེ་གནད་ཡོད་མི་སྣ་ཚོ་དང་ཚོགས་འདུ་ཐེངས་གསུམ་ཙམ་ཚོགས་ཏེ། ཁ་ཆེ་གནད་ཡོད་མི་སྣ་ཚོས་འབར་མའི་གནད་དོན་དེ་གཞན་ཞིག་ཡིན་པ་དང་། ཨ་སམ་ནང་གི་དཀའ་རྙོག་ནི་ས་གནས་གྲངས་ཉུང་མི་རིགས་ཤིག་དང་ས་གནས་ཁ་ཆེ་བ་དག་གི་འཁྲུག་རྩོད་ཅིག་ཡིན་པ་ལས། ཆོས་ལུགས་ཀྱི་རྩོད་རྙོག་ཅིག་མིན་པ། ལྷག་པར་དུ་རྒྱ་གར་ནང་གི་ཁ་ཆེ་བ་ཚོས་གནད་དོན་དེས་རྐྱེན་པས་གཞན་ལ་དྲག་རྒོལ་བྱ་འཆར་ཡོད་སྐོར་བཤད་པ་ནི་དཀྲོག་གཏམ་ཡིན་པ། ཀཱ་ན་ཊ་ཀའི་ནང་གི་བྱང་ཤར་ཁུལ་གྱི་མི་དང་བོད་པ་ཚོར་དཀའ་ངལ་ཅི་ཞིག་འཕྲད་ཀྱང་ཁོ་ཚོར་འབྲེལ་བ་བྱ་རོགས་ཞེས་སོགས་བརྗོད་ཡོད་འདུག

ཉེ་སྔོན་མེ་སོར་གྲོང་ཁྱེར་ནང་བོད་རིགས་གཞོན་སྐྱེ་བསྟན་འཛིན་དར་རྒྱས་ལ་ངོ་ཐག་མ་ཆོད་པའི་མི་གཉིས་ཀྱིས་གྲིས་བཙུགས་ཏེ་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་གནད་དོན་ཐད་གསར་འགོད་པས་བསྐྱར་དུ་རྒྱུས་ལོན་བྱས་པར། ད་ཆར་བསྟན་འཛིན་དར་རྒྱས་ལགས་ཀྱི་གཟུགས་པོའི་གནས་སྟངས་ཡག་པོ་ཆགས་ཡོད་པ་དང་། མི་འགྱངས་པར་ཕྱིར་སྦེལ་ཀོབ་ཏུ་ལོག་འཆར་ཡོད་འདུག ད་སྔ་ཁོང་ལ་གྲི་རྒྱག་མཁན་མི་གཉིས་པོ་དེ་སུ་ཡིན་ཁ་གསལ་བྱུང་མི་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese