མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གནས་ཀྱི་མི་གཤིས་གྲུབ་མེད་སྟབས་ཤེས་ཡོན་པའི་འཐབ་རྩོད་བསླེབས་མ་ཐུབ་པ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

རང་དབང་གི་རྩོམ་པ་པོ་ས་རཱ་མཐོ་སློབ་ཀྱི་དགེ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་སུ། བོད་པའི་འཐབ་རྩོད་ཀྱི་གནས་བབ་དང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།

    དྲི་བ།  བོད་པའི་རྩ་དོན་འཐབ་རྩོད་གནང་ཕྱོགས་ཐོག་གདེང་འཇོག་དང་གཟིགས་ཚུལ་གང་འདྲ་ཡོད།

    ལན། སྔོན་མའི་ལོ་རྒྱུས་སྒང་ཨི་སི་རེལ་དང་རྒྱ་གར་སོགས་ཀྱིས།  རྒྱལ་ཁབ་གཞན་པར་འཐབ་རྩོད་རྒྱག་སྐབས་རིམ་པ་གསུམ་གྱི་ཐོག་ནས་བརྒྱབ་ཡོད་པ་རེད། གཅིག སྒང་ནས་སྡོད་མཁན་ཆབ་སྲིད་པ་དག་གིས་འཐབ་རྩོད་བརྒྱབ་ཡོད་པ་རེད།  གཉིས་པ། མི་མང་རང་བཞིན་གྱིས་འཐབ་རྩོད་བརྒྱབ་ཡོད་པ་རེད། གསུམ། བསམ་བློའི་སྣེ་འཁྲིད་མཁན་རིག་གནས་ཁོར་ཡུག་ནས་འཐབ་རྩོད་བརྒྱབ་ཡོད། འཐབ་རྩོད་ཀྱི་ངོ་བོ་དང་རྩ་བ་འཛིན་ས་དེ་ཆབ་སྲིད་ཆགས་ཡོད། རྒྱལ་ཁབ་ཞིག་ལ་གཞུང་བརྟན་པོ་ཞིག་དགོས་པ་དང་། དེ་ལ་ཆབ་སྲིད་འགྲོ་སྟངས་དང་གཞུང་གི་གྲུབ་སྟངས་ཡག་པོ་དགོས་པ། དེ་དག་ཚང་མ་ཆབ་སྲིད་པས་བསྒྲུབ་དགོས་པ་རེད། གཞུང་སྲ་བརྟན་ཡོད་མེད་དང་ཆབ་སྲིད་པ་གང་འདྲ་ཡོད་མེད་སྐོར་གཞུང་གིས་ཤེས་རྒྱུ་རེད། ང་དེ་ལ་རྒྱུས་ལོན་མེད། དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་དང་ངོ་རྒོལ་སྐད་འབོད་བྱེད་བཞིན་པ་རྣམས་ནི། འུ་ཐུག་པའི་མི་མང་རང་བཞིན་གྱི་འཐབ་རྩོད་རེད། དེའི་ནང་ཆབ་སྲིད་ཀྱི་གོ་གནས་ཆེན་པོ་ཅན་དང་། ཡོན་ཏན་པ་ཆེན་པོ་གཅིག་ཀྱང་བསླེབས་ཡོད་པ་མ་རེད། གྲྭ་བ་དང་། ཞིང་འབྲོག་མང་ཚོགས། ལས་བྱེད་པ་ཕལ་བ་རྐྱང་རེད། བཙན་བྱོལ་ལ་མཚོན་ན་མི་མང་གི་འཐབ་རྩོད་ནི་སྐད་རྒྱག་པ་དང་མར་མེ་ཁྲོམ་སྐོར་བྱ་རྒྱུ་ཙམ་རེད། དེ་དག་གི་བར་དུ་ཤེས་ཡོན་པའི་འཐབ་རྩོད་ལྷག་བསྡད་ཡོད་པ་རེད། བོད་ནང་ལ་མཚོན་ནའང་དེ་བཞིན་རེད། སྤྱིར་ལོ་རྒྱུས་དང་རིག་གནས་ཉམས་ཞིབ་བྱེད་བཞིན་ཡོད་པ་རེད་དེ།  ཡོན་ཏན་པ་ཞིག་གིས་རྒྱ་ནག་གི་ཆབ་སྲིད་གནོན་ཤུགས་ལ་མ་འཛེམས་པར་བོད་ཀྱི་ལོ་རྒྱུས་དྲང་མོར་བཤད་བཞག་མཁན་ཧ་ལམ་ཡོད་པ་མ་རེད།  སེམས་ཤུགས་ཡོད་ཀྱང་འཐབ་རྩོད་ནང་ནུས་བ་འཐོན་ཐུབ་ཀྱིན་ཡོད་པ་མ་རེད།  བཙན་བྱོལ་ལ་མཚོན་ན་ཡོན་ཏན་པ་ཚད་ལྡན་ཧ་ཅང་ཉུང་ཉུང་རེད། ཡོན་ཏན་པར་འབོད་པ་རྣམས་ནི་ཤེས་ཚད་ཕར་གཡུགས་ཏེ་སེམས་ཤུགས་ཀྱིས་བསླེབས་མཁན་རྐྱང་རེད།  སྤྱིར་སེམས་ཤུགས་ཀྱང་གལ་ཆེན་པོ་རེད། ཡིན་ནའང་། སྤྱི་ཚོགས་ལ་ཤེས་ཡོན་ཀྱིས་ཁ་ལོ་བསྒྱུར་མ་ཐུབ་པར་སེམས་ཤུགས་ཀྱིས་སྒྱུར་ཐབས་ཡོད་པ་མ་རེད། ཤེས་ཡོན་གྱིས་སྤྱི་ཚོགས་ཁ་ལོ་བསྒྱུར་བྱེད་ཀྱི་ནུས་པ་ང་ཚོར་མེད་སྟབས།  གཞི་རྩ་དེ་ན་འགག་བསྡད་ཡོད་པ་རེད།

     དྲི་བ། མི་རིགས་ཤིག་གི་འཐབ་རྩོད་ཁྲོད་ཤེས་ཡོན་གྱི་འཐབ་རྩོད་དེ་གལ་ཆེན་ཇི་ལྟར་ཆགས་ཡོད་དམ། 

   ལན། སྔོན་མ་ཡུ་རོབ་གླིང་དུ་རིག་རྩལ་བསྐྱར་དར་དང་། བློ་འབྱེད་ལས་འགུལ་སྤེལ་མཁན་རྣམས་ཀྱང་རྩོམ་རིག་པ་དང་སྒྱུ་རྩལ་བ་རྐྱང་རེད། དེ་ཚོས་སྤྱི་ཚོགས་ཀྱི་ཁ་ཁྲིད་དེ་སྤྱི་ཚོགས་ལ་བསྒྱུར་བཅོས་བཏང་རྗེས།  སྤྱི་ཚོགས་ཁྲོད་སྒྱུ་རྩལ་པར་ཆེས་མཐོ་བའི་སྡིངས་ཆ་ཞིག་རག་པ་རེད།  སྒྱུ་རྩལ་པ་དེ་དག་ཀྱང་ཆེད་ལས་སྦྱངས་ཏེ་ཆེད་ལས་ཤེས་ཡོན་གྱིས་མི་གཤིས་གྲུབ་སྡོད་མཁན་རྐྱང་རྐྱང་རེད། མི་གཞན་གྱིས་བསྒྱུར་ཆོག་ཆོག་ཅིག་མ་ཡིན་པར་ལངས་ཕྱོགས་བརྟན་པོ་ཡོད་པ་རེད། ཡིན་ནའང་།  འུ་ཚོར་དེ་འདྲ་ཡོད་པ་མ་རེད། མ་གཞི་ཤེས་ཚད་མེད་ན་བསམ་བློ་ཡོད་པ་མ་རེད། བསམ་བློ་མེད་ན་མི་གཤིས་གྲུབ་ཐུབ་ཀྱི་མ་རེད། མི་གཤིས་མེད་ན་གཞན་གྱིས་བསྒྱུར་ཆོག་ཆོག་ཅིག་ཡིན། ལྷག་པར་དུ་ཤེས་ལྡན་པ་རྣམས་ཁེ་ཕན་གྱི་རྗེས་སུ་རྒྱུག་འགྲོ་གི་རེད། དེ་འདྲའི་ཤེས་ཡོན་པའི་སྡེ་དེས་མི་རིགས་དཀའ་ངལ་ལ་འཕྲད་དུས་གདོང་ལེན་གྱི་ནུས་པ་ཡོད་པ་མ་རེད། གདོང་ལེན་གྱི་ནུས་པ་ཡོད་པ་ཞིག་ཆགས་དགོས་ན་ཡིན་གཅིག་མིན་གཅིག་ཆེད་ལས་སྦྱོང་དགོས་པ་རེད།  དཔེར་ན། ཆོས་ལུགས་ཀྱི་ངོས་ནས་བཤད་ན།  ལམ་རིམ་སྦྱངས་ནས་ལམ་རིམ་གྱི་ཚིག་དོན་ཤེས་རྗེས།  ཆོས་རྒྱུད་ལ་མ་སྐྱེས་པ་ལྟ་བུ་རེད། ཆོས་རྒྱུད་ལ་མ་སྐྱེས་ན་ལས་ཀ་འདྲ་མིན་སྒྲུབ་སྲིད་པ་རེད། དེར་བརྟེན། ཡོན་ཏན་པར་རིག་གནས་ཀྱི་མི་གཤིས་མེད་དུས་འཐབ་རྩོད་ཀྱི་ནུས་པ་ཅི་ཡང་ཡོད་པ་མ་རེད། 

    དྲི་བ།  བོད་མིའི་ཆབ་སྲིད་འཐབ་རྩོད་ཀྱི་གྲུབ་འབྲས་ཐོག་གཟིགས་ཚུལ་ག་རེ་ཡོད་དམ།

   ལན།  འདིར་གཞུང་གི་ཆབ་སྲིད་པ་དག་གིས་འཐབ་རྩོད་རྒྱག་སྟངས་ནི།  བོད་ནང་དང་མི་མང་གི་ངོ་རྒོལ་བྱུང་སྐབས། ནང་ཁུལ་ཚོགས་འདུ་རེ་ཚོགས་ཏེ་གྲོས་ཆོད་འཇོག་རྒྱུ་དེ་རེད།  གྲོས་ཆོད་དེ་དག་རྒྱལ་སྤྱིའི་སྒང་ངོས་ལེན་དང་ནུས་པ་ཆེན་པོ་འཐོན་གྱི་མེད་སྟབས།  རྒྱ་ནག་གིས་ལྷག་པར་དུ་ཡ་མེད་གཏོང་བཞིན་ཡོད་པ་རེད། འུ་ཚོར་དེ་ངོས་ལེན་བྱེད་སྤྱད་ཀྱི་ནུས་པས་འདང་གི་ཡོད་པ་མ་རེད། ནུས་པ་ཡོད་ན་ངོས་ལེན་རང་བཞིན་གྱིས་བྱེད་ཀྱི་རེད། ཆབ་སྲིད་པ་ཚོས་དེར་འདང་རྒྱག་གི་མེད་པར། སྙན་ཞུ་ཞིག་ཡར་ཕུལ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་མ་ཚུད་ན། མཉམ་འབྲེལ་རྒྱལ་ཚོགས་མ་འགྲིག་ཚུལ་བཤད་ནས་ཁ་རྡུང་ཙམ་བཏང་ནས་བསྡད་ཡོད་པ་རེད། དོན་གྱིས་འུ་ཚོས་སོ་སོར་སེམས་གསོ་ཙམ་བྱས་ཏེ་བསྡད་ཡོད་པ་རེད། ལོ་ངོ་ལྔ་བཅུའི་རིང་བརྒྱ་ཆ་བརྒྱ་ནུས་པ་ཐོན་ཡོད་པ་མ་རེད་ཅེས་བཤད་རྒྱུ་ཡོད་པ་མ་རེད།  ཡིན་ནའང་།  ང་ཚོར་དགོས་པའི་ནུས་པ་དེ་ཐོན་ཐུབ་ཡོད་པ་མ་རེད།  ང་ཚོས་ནམ་རྒྱུན་གླེང་གིན་པའི་རང་བཙན་དང་རང་སྐྱོང་།  ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ་སོགས་གང་ལའང་ནུས་པ་ཐོན་ཡོད་པ་མ་རེད།  ད་ལྟའི་བར་བོད་རྒྱ་འབྲེལ་མོལ་མང་པོ་བྱས་པ་རེད་དེ།  སྐད་ཆ་འདི་བཤད་དེ་གནད་དོན་འདི་སེལ་བ་ཡིན་ཞེས་པའི་གྲུབ་འབྲས་གང་ཡང་བྱུང་ཡོད་པ་མ་རེད།  ད་དུང་སྔོན་འགྲོའི་བརྒྱུད་རིམ་ཁྲོད་འཁོར་སྐྱོད་བྱས་བསྡད་ཡོད་པ་རེད། ང་ཚོས་བསམ་བློ་གཏོང་དགོས་ས་ནི་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་རྒྱུ་དེ་མ་རེད། བརྒྱུད་རིམ་ངེས་ཅན་དེ་བརྒྱུད་རྗེས་གྲུབ་འབྲས་ག་རེ་ཐོབ་མིན།  འབྲས་བུ་དེ་ལེན་པར་སོ་སོར་ནུས་པ་ག་རེ་སྐྱེད་བསྲིང་བྱ་དགོས་མིན་དེ་རེད།  བརྒྱུད་རིམ་ཁོ་ནར་བསམ་བློ་བཏང་བསྡད་ན་བརྒྱུད་རིམ་ལ་མཐའ་ཡོད་པ་མ་རེད། 

   དྲི་བ། བཙན་བྱོལ་སློབ་གྲྭ་ཁག་ནང་སོ་སོའི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱེད་ཐུབ་ཀྱི་མེད་པ་དེ་གཙོ་བོ་གང་ལ་ཐུག་ཡོད། 

   ལན།  བོད་ནང་སོ་སོའི་བོད་སྐད་གཙང་མ་བཤད་དགོས། རིག་གནས་གཙང་མ་ཉར་དགོས།  གནའ་དེང་གི་རིག་གནས་ཆ་ཚང་བོད་རང་གི་སྐད་ཡིག་ཐོག་ནས་བཤད་རྒྱུ་ཡིན་ཞེས་སྐད་རྒྱག་གི་ཡོད་པ་རེད།  ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཁོང་ཚོའི་རེ་བ་དེ་སྐོང་ཐུབ་རྒྱུ་ཕར་ཞོག  རེ་བ་དེ་དང་ལེ་བར་བརྒྱ་ཕྲག་གི་བར་ཐག་ཆོད་བསྡད་ཡོད་པ་རེད། ད་དུང་རྨང་གཞི་ཡག་པོ་ཞིག་ཀྱང་འཇོག་མ་ཐུབ་པར་ལྷག་བསྡད་ཡོད།  རྨང་གཞི་དེ་བརྟན་པོ་ཇི་ལྟར་འཇོག་དགོས་པའི་ཐད་སུས་ཀྱང་ལན་འདེབས་གནང་ཐུབ་ཀྱི་མེད་པའི་ཐོག གནད་དོན་བྱུང་སྐབས་དེའི་འགན་གཞུང་གིས་དགེ་རྒན་གྱི་མགོ་ལ་གཡུགས། དགེ་རྒན་གྱིས་སློབ་མའི་མགོར་གཡུགས། ཡང་བསྐྱར་གཞུང་གིས་ཕ་མའི་མགོ་ལ་གཡུགས། ཕ་མས་གཞུང་གི་མགོ་ལ་གཡུགས་ཏེ། སོ་སོའི་ནག་ཉེས་འདག་ཐབས་ཀྱིས་ཡར་གཡུགས་མར་གཡུགས་བྱས་སྡོད་པ་རེད། སྤྱིར་གནད་དོན་བྱུང་སྐབས་དགེ་རྒན། སློབ་ཕྲུག ཕ་མ། འཛིན་སྐྱོང་གང་ཡིན་ཡང་མཐའ་གཅིག་ཏུ་ནག་པོ་དང་། མཐའ་གཅིག་ཏུ་དཀར་པོ་རྐྱང་ཞིག་ཡོད་པ་མ་རེད།  གནད་དོན་ནི་རྒྱུ་རྐྱེན་མང་པོ་ཞིག་འདས་པ་ལས་བྱུང་བ་རེད།  ཚང་མས་ངོས་ན་སྐྱོན་ཡོད་པ་རེད། དེར་བརྟེན།  སོ་སོའི་ངོས་ན་གནད་དོན་ཅི་ཞིག་ལྷག་ཡོད་མེད་ལ་འདང་བརྒྱབ་སྟེ། གནད་དོན་ཇི་ལྟར་ཐག་གཅོད་བྱ་རྒྱུར་བསམ་བློ་གཏོང་གི་ཡོད་པ་མ་རེད།  བོད་ནང་འདས་གྲོངས་སུ་ཕྱིན་པ་དག་གི་ཞལ་ཆེམས་དང་གསོན་པོའི་རེ་བ་ཟེར་ན་རེད། འུ་ཚོས་ནམ་རྒྱུན་༸གོང་ས་མཆོག་གི་དགོངས་གཞི་སྒྲུབ་ཀྱི་ཡིན་བརྗོད་ཀྱི་ཡོད་པ་རེད། དངོས་གནས་དགོངས་གཞི་བསྒྲུབ་རྒྱུ་ཡིན་ན། བོད་ཡིག་གི་མཐོ་སློབ་ཁག་ཀྱང་ཆེད་ལས་ངོ་བོའི་ཐོག་འགྲོ་ཐུབ་པ་བྱེད་དགོས།  འདས་པའི་ལོ་ ༢༠ དང་ ༣༠ ནང་གནད་དོན་འཚོལ་མ་ཤེས་ནའང་། ལོ་ ༥༠ ནང་གནད་དོན་གང་ན་ཡོད་པ་དེ་བཙལ་ནས་རྙེད་དགོས་པ་རེད། རྒྱུ་རྐྱེན་གཙོ་བོ་ཆེད་ལས་མེད་པའི་གནད་དོན་ལ་ཐུག་བསྡད་ཡོད་པ་རེད། ཆེད་ལས་མེད་ན་མིའི་གོ་རྟོགས་ཀྱང་འཛིན་རིམ་བཅུ་གཉིས་ཀྱི་རྨང་གཞིའི་གོ་རྟོགས་ཙམ་མ་གཏོགས་ཡོད་པ་མ་རེད།

    དྲི་བ། ཆེད་ལས་དང་རིགས་གཅིག་རྐང་འཛིན་སྐྱེད་སྲིང་མ་ཐུབ་པའི་གནད་དོན་གང་ལ་ཐུག་ཡོད།  

   ལན།  འུ་ཚོས་གསོན་ཤུགས་གསར་བ་སྣོན་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད་དེ། ངས་བལྟས་ན་གསོན་ཤུགས་རྙིང་པ་རྣམས་ཀྱང་ཚར་གྱིན་འདུག  ཆེད་ལས་ཀྱི་ཐོག་ནས་གཅིག་ཀྱང་སྦྱོང་ཐུབ་ཀྱི་ཡོད་པ་མ་རེད། ༸གོང་ས་མཆོག་གིས་ཀྱང་ནམ་རྒྱུན་འུ་ཚོར་ཆེད་ལས་དགོས་པ་རེད། རིགས་གཅིག་རྐང་འཛིན་དགོས་པ་རེད་གསུང་གནང་གི་ཡོད་པ་རེད།  རིགས་གཅིག་རྐང་འཛིན་དང་ཆེད་ལས་མི་སྣར་སྒུག་བསྡད་ན་༸གོང་ས་མཆོག་གི་བྱིན་རླབས་ལ་བརྟེན་ནས་ཡོང་ཐུབ་པ་ཞིག་མ་རེད། དེ་ལ་ཕྱོགས་སོ་སོ་ནས་ཤུགས་རྒྱག་དགོས་པ་རེད། འཛིན་གྲྭ་བཅུ་གཉིས་ཀྱི་བར་དུ་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ་དགོས་པ་རེད། བོད་ཡིག་ལ་མཚོན་ནའང་།  ང་ཚོས་རྨང་རྟེན་ད་དུང་འཇོག་ཐུབ་ཀྱི་ཡོད་པ་མ་རེད། སཱ་ར་དང་ནོར་གླིང་། ཝ་ར་ནཱ་སི་སོགས་མཐོ་སློབ་ཁག་ཀྱང་། ཡང་བསྐྱར་རྨང་གཞི་འཇོག་ས་ཞིག་ཏུ་གྱུར་བསྡད་ཡོད་པ་རེད། དེ་ལྟར་གྱུར་ཚེ་མཐོ་སློབ་བཙུགས་པའི་དགོས་པ་མ་འགྲུབ་པ་རེད། མཐོ་སློབ་ནི་ཆེད་ལས་ཀྱི་ངོས་ནས་སྦྱོང་དགོས་པ་རེད། དཔེར་ན་ལོ་རྒྱུས་ལྟ་བུ་ཞིག་ལ་ཆ་མཚོན་ན། རྒྱལ་ཁབ་དང་སྲིད་གཞུང་གང་ཞིག་ཡིན་ཡང་། ཐོག་དང་པོ་ལོ་རྒྱུས་ཀྱིས་གྲུབ་པ་ཡིན་སྟབས། ལོ་རྒྱུས་ཀྱི་བདེན་དོན་དེ་ཐམས་ཅད་ཀྱི་མགོ་ན་ཡོད་པ་རེད། འུ་ཚོར་ལོ་རྒྱུས་ཀྱི་རྨང་གཞི་ཞན་པ་དང་། ལོ་རྒྱུས་ཀྱི་ནུས་པ་དང་ལྟ་གྲུབ། ལོ་རྒྱུས་ལ་ལྟ་སྟངས་རྣལ་མ་མེད་པ།  ལོ་རྒྱུས་ཀྱི་ནུས་པ་མ་ཤེས་པར་བརྟེན།  ལོ་རྒྱུས་ཟེར་བ་དེ་ཤེས་ཡོན་ཙམ་གྱི་ཚུལ་དུ་སྦྱོང་བཞིན་པ་མ་གཏོགས། ལོ་རྒྱུས་རིག་གནས་ཀྱིས་མི་གཤིས་སྐྱེད་སྲིང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་ལོ་རྒྱུས་ཆེད་ལས་སྦྱངས་ཏེ་ལྟ་གྲུབ་ཡོད་བསྡད་མཁན་ཞིག་ཡིན་ན། ལོ་རྒྱུས་ཀྱི་བདེན་དོན་ཆེད་སོ་སོའི་ཚེ་སྲོག་ཀྱང་གཏོང་ཐུབ་པའི་སྤོབས་པ་ཡོད་པ་རེད། ང་ཚོར་དེ་འདྲའི་སྤོབས་པ་མེད་སྟབས་མི་གཞན་ཞིག་གིས་ཁ་ལོ་བསྒྱུར་ཆོག་ཆོག་ཅིག་ཡོད་པ་རེད། བོད་ནང་ལ་མཚོན་ན་བོད་རང་གི་སྐད་ཡིག་ཐོག ལོ་རྒྱུས་དང་རྩོམ་རིག།  ཡིག་སྒྱུར། སྐད་བརྡ་རིག་པ་སོགས་ཆེད་ལས་འགའ་ཤས་ཤིག་ཡོད་པ་རེད། འདི་རུ་བོད་ཡིག་ཐོག་ཆེད་ལས་སྦྱོང་སའི་མཐོ་སློབ་གཅིག་ཀྱང་ཡོད་པ་མ་རེད།  མཐོ་སློབ་ཚོའི་ནང་དུ་ལོ་རྒྱུས། བརྡ་སྤྲོད། རྩོམ་རིགས་ཚང་མ་ཆ་སྙོམས་ཀྱིས་འཁྲིད་ཀྱི་ཡོད་སྟབས།  དགེ་རྒན་དང་སློབ་མ་གཉིས་ལ་དཀའ་ངལ་འཕྲད་ཀྱི་ཡོད།  དོན་གྱིས་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་དང་ཧ་ལམ་གཅིག་པ་ཆགས་བསྡད་ཡོད་པ་རེད།

  དྲི་བ། ཉེ་བའི་ལོ་འགའི་ནང་བོད་ནས་བཙན་བྱོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་འདུག དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད། 

  ལན། བོད་ནང་ནས་ཕྱི་ལོགས་སུ་ཡོང་མཁན་ཇེ་ཉུང་དུ་འགྲོ་བཞིན་པར་རྒྱུ་རྐྱེན་དུ་མ་ཞིག་ཡོད་པ་རེད། རྒྱ་གཞུང་གི་ངོས་ནས་ཀྱང་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་པ་རེད། གཙོ་བོ་ཕྱོགས་གཅིག་ནས་བོད་ནང་མི་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། དཔེར་ན། ང་ཚོའི་ན་ཚོད་གྲས་ལ་མིང་སྲིང་བརྒྱད་དགུ་བཅུ་གྲངས་ཡོད་མཁན་མང་པོ་ཡོད། ཁྱིམ་ཚང་གཅིག་ལ་མཚོན་ནའང་། གྲྭ་བ་བྱེད་མཁན་དང་། སློབ་གྲྭར་བསྐྱོད་མཁན།  ཁྱིམ་ལས་གཉེར་མཁན་སོགས་མིས་མ་འདང་བའི་དཀའ་ངལ་མེད་སྟབས།  ཁ་ཤས་བོད་ནང་དུ་བསྡད། ཁ་ཤས་བཙན་བྱོལ་དུ་ཡོང་ན་འགྲིག་གི་ཡོད་པ་རེད། ད་སྐབས་ཁྱིམ་ཚང་གཅིག་ལ་བྱིས་པ་གཉིས་རེ་མ་གཏོགས་ཡོད་པ་མ་རེད། དེ་ཕྱོགས་གཅིག་ནས་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ཟེར་བའི་གནོན་ཤུགས་དང་། གཉིས་ནས་ང་ཚོ་རང་ངོས་ཀྱི་གནད་དོན་ཞིག་ཀྱང་ཆགས་ཀྱི་ཡོད། བྱིས་པ་ཉུང་ན་ཁ་རྒྱབ་མ་སོས་པའི་དཀའ་ངལ་ཇེ་ཉུང་དུ་འགྲོ་སྟབས་ཕྲུ་གུ་སྐྱེ་རུ་འཇུག་གི་ཡོད་པ་མ་རེད། དེ་བཞིན། ད་ལྟའི་དུས་རབས་གསར་བའི་ནང་མིའི་རིན་ཐང་གི་ལྟ་སྟངས་ཀྱང་འགྱུར་འགྲོ་བཞིན་ཡོད་པ་རེད། མི་དང་མིའི་འཚོ་བ་ལེགས་པོ་བསྐྱལ་རྒྱུ་གཉིས་ལས་གང་ལ་རིན་ཐང་ཡོད་མེད་ངོས་འཛིན་སྟངས་ཐད། སྔོན་ཆད་འཚོ་བ་ཡག་པོ་སྐྱེལ་མ་ཐུབ་ཀྱང་མི་ལུས་རིན་པོ་ཆེར་ངོས་འཛིན་གྱི་ཐོག་ནས་ཕྲུ་གུ་མང་པོ་སྐྱེ་རུ་བཅུག་ཡོད། དེང་སང་མིའི་འཚོ་བ་ཡག་པོ་སྐྱེལ་མ་ཐུབ་ན། མི་ལ་རིན་ཐང་གང་ཡང་ཡོད་པ་མ་རེད། དེར་བརྟེན། ཕ་མ་ཚོ་རང་ངོས་ནས་ཀྱང་བྱིས་པ་མང་པོ་སྐྱེ་འཇུག་གི་མེད། 

    ཕྱོགས་གཞན་ཞིག་ནས། སྔོན་ཆད་བོད་ནང་གི་བོད་མི་ཚོར་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་ལོན་ཞེ་དྲག་ཡོད་པ་མ་རེད། དེང་སང་དྲ་རྒྱ་དར་བ་ནས་བཟུང་སྤྱི་ཚོགས་རྒྱུས་ལོན་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཏེ། གསལ་བོ་དང་མགྱོགས་པོ་ཁ་རུ་ཁ་ཐུག་ཤེས་རྟོགས་ཐུབ་ཀྱི་ཡོད། སྤྱིར་འདིར་ཡོང་མཁན་ཕལ་ཆེ་བས་ ༸གོང་ས་མཆོག་ལ་མཇལ་རྒྱུ་དང་། སློབ་སྦྱོང་ཞིག་རག་རྒྱུ།  སོ་སོའི་གཞུང་འདིར་ཡོད་སྟབས་དེར་ལས་ཀ་ཞིག་བསྒྲུབ་རྒྱུ་བཅས་དམིགས་ཡུལ་གཙོ་བོ་གསུམ་གྱི་ཐོག་ནས་ཡོང་གི་ཡོད།  འདིར་བསླེབས་ཏེ་༸གོང་ས་མཆོག་ལ་མཇལ་རྗེས་རེ་བ་དང་པོ་དེ་འགྲུབ་ཚར་བ་རེད། རེ་བ་གཉིས་པ་དེ་ཁུར་ནས་ཡོང་མཁན་རིགས་གཉིས་ཡོད་པ་ལས།  གྲྭ་སར་འགྲོ་མཁན་ཁག་ཅིག་ཡོད་པ་དེ་ཚོ་གྲྭ་སར་ཕྱིན་འགྲོ་གི་རེད། འདས་པའི་ལོ་ལྔ་བཅུའི་ནང་ལ་བོད་ནང་ཙམ་མ་ཡིན་པར་འཛམ་བུ་གླིང་ལ་སྤོབས་པ་བྱས་ཆོག་པའི་བཙན་བྱོལ་བོད་མིའི་བྱས་རྗེས་གཅིག་ཡོད་པ་ནི། གྲྭ་ས་ཁག་གི་བསླབ་པ་སློབ་གཉེར་རེད།  དངོས་གནས་འཛམ་བུ་གླིང་དུ་ནང་ཆོས་ཀྱི་ཕྱོགས་ནས་གཞན་ལ་མེད་ཅེས་བརྗོད་ཆོག་ཆོག་ཡོད་པ་རེད། དེར་བརྟེན། སྔོན་ཆད་བོད་ནང་ནས་གྲྭ་ས་ཁག་ཏུ་དཔེ་ཆ་ལྟ་རུ་ཡོང་མཁན་མང་པོ་ཡོད་པ་རེད། ད་ལྟ་བོད་ནང་མི་གྲངས་ཇེ་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་གྲྭ་བ་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། གདན་ས་ཁག་ཏུ་བོད་ནས་ཡོང་མཁན་གྲྭ་རྒྱུན་ཉུང་དུ་འགྲོ་བཞིན་ཡོད། དེ་བཞིན་སློབ་སྦྱོང་ཆེད་ཡོང་མཁན་རྣམས་ཀྱང་། འདིར་བོད་ཡིག་གི་ཕྱོགས་ནས་བོད་ནང་ལས་སྐྱོ་བ་ཡོད་པ་དང་། དབྱིན་ཡིག་གི་ཐོག་ནས་ཀྱང་སློབ་སྦྱོང་མཐའ་འཁྱོངས་པ་ཞིག་རག་ཐུབ་ཀྱི་མེད་སྟབས། རིམ་པས་སློབ་གྲྭར་ཡོང་མཁན་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།  ང་ཚོས་སོ་སོར་ཡག་བཤད་བརྒྱབ་ནས་དཀའ་ངལ་སེལ་ཐུབ་ཡོད་པ་མ་རེད།  འདི་དངོས་ཡོད་གནས་སྟངས་རང་ཆགས་ཡོད་པ་རེད།

    དྲི་བ། བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་ཕྱིར་བོད་ནང་དང་ཕྱི་རྒྱལ་ལུང་པ་ཁག་ཏུ་སྐྱོད་ཀྱིན་པའི་ཐད་གཟིགས་ཚུལ་གང་འདྲ་ཡོད། 

  ལན།  འདི་ནས་མར་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་ནི།  ཚང་མས་རྒྱ་གར་དམངས་གཙོ་མ་རེད། རྒྱ་གར་ནང་རང་དབང་མི་འདུག རྒྱ་གར་ལས་རྒྱ་ནག་འོག་ཕྱིན་ན་ཡག་པོ་འདུག་ཟེར་ནས་འགྲོ་མཁན་ཧ་ལམ་ཡོད་པ་མ་རེད། ཚང་མ་དཀའ་ངལ་ཞིག་འཕྲད་ནས་དེར་གདོང་ལེན་བྱེད་མ་ཐུབ་པར་ཕྱིར་ལོག་འགྲོ་ཡི་ཡོད་པ་རེད། མི་ག་འདྲ་ཞིག་ཡིན་ཡང་། ཐོག་དང་པོ་འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་རེད། སློབ་སྦྱོང་དང་སེམས་ཤུགས་ཀྱི་སྐད་ཆ་དེ་རིམ་པ་གཉིས་པ་དང་གསུམ་པ་རེད།  འཛམ་བུ་གླིང་སྤྱིའི་འཁོར་འགྲོས་དེ་འདྲ་ཆགས་བསྡད་ཡོད་པ་རེད། སྤྱིར་མང་ཚོགས་ཀྱི་ངོས་ནས་བཤད་ན། དེ་རིང་ཁང་གླ་སྤྲོད་མ་ཐུབ།  སང་ཉིན་གློག་རིན་སྤྲོད་མ་ཐུབ། གནངས་ཉིན་ཟ་རྒྱུར་དཀའ་ངལ་འཕྲད། གཞུང་ངོས་ནས་མཐུན་རྐྱེན་སྦྱོར་མ་ཐུབ། དེ་ལྟར་དཀའ་ངལ་གཅིག་ཐོག་གཉིས་བརྩེགས་སུ་ཡོང་བ་དང་། དཀའ་ངལ་དེ་དག་ཀྱང་ཉིན་གཅིག་དང་ཟླ་གཅིག་ཙམ་མིན་པར། ལོ་ནས་ལོ་བསྟུད་དེ་ཡོང་ན་དེ་ལ་སུས་ཀྱང་གདོང་ལེན་བྱ་ཐུབ་པ་ཁག་པོ་ཆགས་ཀྱི་ཡོད་པ་རེད། འདི་མི་ཚེའི་འཚོ་གནས་ལ་ཐུག་ཡོང་གི་ཡོད་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་སློབ་སྦྱོང་ཡིད་ལ་དྲན་མཁན་དཀོན་པོ་རེད། ཆབ་སྲིད་ཀྱི་སེམས་ཤུགས་སྐྱེ་ཐུབ་ཀྱི་མ་རེད། གོང་ན་སྡོད་མཁན་གྱི་ཆབ་སྲིད་པ་དང་ལས་ཁུངས་ཀྱི་མི་ཚང་མས་ནམ་རྒྱུན་སེམས་ཤུགས་ཀྱི་སྐད་ཆ་རྐྱང་འཆད་ཀྱི་རེད། གཅིག་ནས་སྲིད་གཞུང་གི་འགན་ཞིག་བླངས་ནས་བཤད་ཀྱི་ཡོད་པ་རེད། གཉིས་ནས། དེ་དག་བཤད་རྒྱུའི་ལས་ཀ་མ་གཏོགས་གཞན་ཡོད་པ་མ་རེད། ཁོ་ཚོར་དཀའ་ངལ་མེད་པར་གནས་སྟངས་ཆ་ཚང་འགྲིག་བསྡད་ཡོད་པ་རེད། ནམ་རྒྱུན་མང་ཚོགས་ལ་སེམས་ཤུགས་མི་འདུག  སྐད་རྒྱག་གི་ཡོང་མཁན་མི་འདུག་ཟེར་བ་ཙམ་ལས། མང་ཚོགས་ཅིའི་ཕྱིར་སེམས་ཤུགས་ཆག་སོང་བ་དང་སྐད་རྒྱག་ཏུ་མ་ཡོང་བ། ཁོ་ཚོར་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་ལ་བསམ་བློ་བཏང་སྟེ། དེ་སེལ་ཐུབ་ཀྱི་ཐབས་ཤེས་གནང་ཐུབ་ཀྱི་ཡོད་པ་མ་རེད། གནད་དོན་གཙོ་བོ་དེར་ཐུག་འདུག དཔེ་ཆུང་ས་ཞིག་ནས་བཤད་ན། ད་ལྟའི་བར་བཙན་བྱོལ་བ་རྣམས་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ཡང་ཡོངས་སུ་སེལ་ཐུབ་ཡོད་པ་མ་རེད།  གཞུང་གིས་སྒྲུབ་དགོས་པ་མང་པོ་ཞིག་སྒྲུབ་ཐུབ་ཀྱིན་མེད་པ་དང། མི་མང་པོར་དཀའ་ངལ་འཕྲད་ཡོང་དུས། རང་བཞིན་གྱིས་སོ་སོའི་སེམས་སུ། གཅིག་ནས་སློབ་སྦྱོང་བྱེད་མ་ཐུབ། གཉིས་ནས་འཐབ་རྩོད་ཀྱང་བྱེད་མ་ཐུབ། ང་འདིར་བསྡད་ན་ཅི་ཞིག་ལ་ཕན་ཐོགས་ཀྱི་འདུག་གམ་ཅེས་རང་ཉིད་ལ་ལྡོག་འདྲི་ཞིག་སླེབ་ཡོང་གི་ཡོད་པ་རེད།  རང་དོན་དང་གཞན་དོན་གང་ཡང་མ་འགྲུབ་པར་སྡོད་པ་ལས། ཕྱིར་བོད་ནང་ལོག་ན་མ་མཐར་ཡང་སོ་སོའི་ས་ཆ་སྲུང་ཐུབ་ཀྱི་རེད། བོད་ནང་ནས་སྐྱེས་མཁན་ཞིག་ལ་མཚོན་ན་སོ་སོའི་ཕ་ས་ཕ་ཡུལ་དེ་གཙོ་བོ་རེད། ང་རང་གིས་རྒྱུ་རྐྱེན་འདི་དག་ལ་བརྟེན་ཏེ་མི་མང་པོ་ཞིག་ཕྱིར་ལོག་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།   

 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༦༦ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 12

  1. ཁ་སྒང་རྡོར་རིན། says:
    ལོ་ 13 སྔོན།

    བསམ་གཞིགས་ཟབ་ས་ནས་བྱས་ཤིང་གནས་ལུགས་ངོ་གདོང་ན་འདུག བཀའ་དྲིན་ཆེ།

    Reply
  2. ཅང་མེད། says:
    ལོ་ 13 སྔོན།

    དགེ་རྒན་ཆེན་མོ་ལགས།
    བཀའ་དྲིན་ཞུ། ཐེང་འགའ་ཀློག་ཟིན་་་
    དངོས་ཡོད་གནས་ཚུལ་རེད།
    གཡས་ཟུར་གཡོན་ཟུར་མེད་པའི་སྐད་ཆ་ལ་གུས་འདུད་ཞུ།
    ངོ་བཤུས་ཞིག་བརྒྱབ་ཡོད་པའི་དགོངས་གནང་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རང་དབང་གི་རྩོམ་པ་པོ་ས་རཱ་མཐོ་སློབ་ཀྱི་དགེ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱི་དབུ་སྐྲའི་ཚོན་མདོག་འདི་དངོས་གནས་ཡིན་ནམ་མིན། ལགས། གསར་འགོད་པ་ཚེ་རིང་རྒྱལ་ལགས།

    Reply
  4. མཉམ་ཞུགས says:
    ལོ་ 13 སྔོན།

    རྒན་ལགས་ནས(མ་གཞི་ཤེས་ཚད་མེད་ན་བསམ་བློ་ཡོད་པ་མ་རེད། བསམ་བློ་མེད་ན་མི་གཤིས་གྲུབ་ཐུབ་ཀྱི་མ་རེད། མི་གཤིས་མེད་ན་གཞན་གྱིས་བསྒྱུར་ཆོག་ཆོག་ཅིག་ཡིན།)ཅེས་བཤད་སྟངས་ལ་བལྟོས་ན་སྐབས་འདིར་མི་གཤིས་ཟེར་བ་ལོ་རྒྱུས་དང་ཤེས་ཡོན་གྱིས་བསྐྲུན་པའི་མིའི་གཤིས་ཀའམ་རང་ཚུགས་གཏན་པོ་ཞིག་ལ་གོ་དགོས་པར་སེམས།འོན་ཀྱང་ལྐུག་པ་ཨུ་ཚུགས་ཀྱི་རང་ཚུགས་ནི་རྨོངས་དད་དང་གཅིག་པ་ཡིན་པས་ཤེས་ཡོན་གྱིས་བསྐྲུན་པའི་རང་ཚུགས་ཤིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།འོན་ཀྱང་འདི་ནི་ངའི་བསམ་ཚུལ་ཙམ་ལས་སྐབས་འདིའི་མི་གཤིས་ཀྱི་གོ་དོན་ངོ་མ་དེ་ཡིན་མིན་མི་ཤེས།

    Reply
  5. དེད་དཔོན། says:
    ལོ་ 13 སྔོན།

    སྔོན་མར་མི་འདི་ཐེངས་ཁ་ཤས་མཐོང་མྱོང་ཡང་།
    དེང་རབས་ཀྱི་ཀུན་སྤྱོད་མ་རབས་ཚོས་ཤན་ཞུགས་པའི་ཀླད་མེད་ཅོལ་ཆུང་ཞིག་རེད་འདུག་
    དྲན་ཡང་། དེ་རིང་ཁོའི་སྐད་ཆ་དེ་དག་གོ་དུས་དངོས་གནས་སེམས་འགུལ་ཐེབས་པ་ཞིག་བྱུང་། དངོས་གནས་དེང་རབས་ཀྱི་བསམ་བློ་བ་རེད་འདུག
    བོད་པ་ཚང་ལ་མི་འདི་འདྲ་བོ་ད་དུང་འགའ་ཤས་ཡོད་པའི་སྨོན་ལམ་འདེབས།

    Reply
  6. སྐྲན། says:
    ལོ་ 13 སྔོན།

    རྒན་ལགས་དང་གསར་འགོད་པ་རྣམ་པ་གཉིས་ལ་བཀའ་དྲིན་ཆེ། ངོ་མ་གནད་ལ་ཁེལ་བ་ཞིག་ཏུ་སེམས་སོ།། ཞར་ནས་ངོ་བཤུས་ཤིག་ཀྱང་ཁྱེར་སོང་བ་ཡིན་པས་དགོངས་འགལ་མེད་པ་ཞུ།

    Reply
  7. Athup says:
    ལོ་ 13 སྔོན།

    བསམ་བློ་མེད་ན་མི་གཤིས་གྲུབ་ཐུབ་ཀྱི་མ་རེད། དང། དེར་བརྟེན། ཡོན་ཏན་པར་རིག་གནས་ཀྱི་མི་གཤིས་མེད་དུས་འཐབ་རྩོད་ཀྱི་ནུས་པ་ཅི་ཡང་ཡོད་པ་མ་རེད། བཅས་ཀྱི་ནང་མི་གཤིས་ཀྱི་གོ་དོན་གང་ཡིན་པ་མཁྱེན་ལྡན་པ་སུ་རུང་ནས་གསལ་བཤད་ཡོང་བ་ཞུ།

    Reply
  8. ལུང་རྟོགས། says:
    ལོ་ 13 སྔོན།

    གནས་ལུག་ཡོད་པའི་སྐད་ཆ་ཟེར་ན་འདི་འདྲ་རེད། ཧ་ཅང་བློ་ལ་འགྲོ་སོང་། ཤེས་ཡོན་པ་ཁོང་ལྟ་བུ་གང་མང་ཡོད་ན་བོད་མིའི་རྒྱན་ཆ་རེད།

    Reply
  9. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་འཚམས་པའི་བསམ་ཚུལ་དང་འདྲི་བ་ཡག་པོ་བྱུང་འདུག་བློ་སྒོ་འབྱེད་པའི་བསམ་བློ་བ་ཞིག་རེད་འདུག

    Reply
  10. ཟླ་བ་བསོད་ནམས། says:
    ལོ་ 13 སྔོན།

    སྤྲེལ་ནག་པའི་དཔྱོད་ཤེས་འདིས་བདག་གི་མགུ་ཁེངས་སོང་། དངོས་ནས་མགུ་ཁེངས་སོང་། ༼རྒྱལ་ཁབ་དང་སྲིད་གཞུང་གང་ཞིག་ཡིན་ཡང་། ཐོག་དང་པོ་ལོ་རྒྱུས་ཀྱིས་གྲུབ་པ་ཡིན་སྟབས། ལོ་རྒྱུས་ཀྱི་བདེན་དོན་དེ་ཐམས་ཅད་ཀྱི་མགོ་ན་ཡོད་པ་རེད། འུ་ཚོར་ལོ་རྒྱུས་ཀྱི་རྨང་གཞི་ཞན་པ་དང་། ལོ་རྒྱུས་ཀྱི་ནུས་པ་དང་ལྟ་གྲུབ། ལོ་རྒྱུས་ལ་ལྟ་སྟངས་རྣལ་མ་མེད་པ། ལོ་རྒྱུས་ཀྱི་ནུས་པ་མ་ཤེས་པར་བརྟེན། ལོ་རྒྱུས་ཟེར་བ་དེ་ཤེས་ཡོན་ཙམ་གྱི་ཚུལ་དུ་སྦྱོང་བཞིན་པ་མ་གཏོགས། ལོ་རྒྱུས་རིག་གནས་ཀྱིས་མི་གཤིས་སྐྱེད་སྲིང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་ལོ་རྒྱུས་ཆེད་ལས་སྦྱངས་ཏེ་ལྟ་གྲུབ་ཡོད་བསྡད་མཁན་ཞིག་ཡིན་ན། ལོ་རྒྱུས་ཀྱི་བདེན་དོན་ཆེད་སོ་སོའི་ཚེ་སྲོག་ཀྱང་གཏོང་ཐུབ་པའི་སྤོབས་པ་ཡོད་པ་རེད། ང་ཚོར་དེ་འདྲའི་སྤོབས་པ་མེད་སྟབས་མི་གཞན་ཞིག་གིས་ཁ་ལོ་བསྒྱུར་ཆོག་ཆོག་ཅིག་ཡོད་པ་རེད།༽ཇུགས་རྗེ་ཆེ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་ འདིར་བོད་ཡིག་གི་ཕྱོགས་ནས་བོད་ནང་ལས་སྐྱོ་བ་ཡོད་པ་དང་། དབྱིན་ཡིག་གི་ཐོག་ནས་ཀྱང་སློབ་སྦྱོང་མཐའ་འཁྱོངས་པ་ཞིག་རག་ཐུབ་ཀྱི་མེད་སྟབས། རིམ་པས་སློབ་གྲྭར་ཡོང་མཁན་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། ་་་་་་ཟེར།

    Reply
  12. གནས་ཚང་། says:
    ལོ་ 13 སྔོན།

    ཇི་སྐད་དུ། མཁས་གང་ཤེས་བྱ་དེ་ཁོ་ན། ཇི་བཞིན་རྟོགས་པ་ཡིན་པར་འདོད། བྱེ་བྲག་སྦྱངས་པའི་དོན་ཤེས་པ། དེ་ཡང་དེ་ལའང་མཁས་ཞེས་བྱ། དྲང་པོར་ཞུས་ན། རྒན་ཁོང་ལྟ་བུའི་ཟབ་ཚད་དང་མཁྱེན་རྒྱ་ཅན་ཞིག་བྲོས་བྱོལ་སྤྱི་ཚོགས་ནང་དུ་ཡོད་ཚོད་མི་འདུག་པས། ཚང་མ་ལོས་ཁོང་གི་གསུང་ལ་སློབ་སྦྱོང་ཡག་པོ་ཞིག་གནང་བར་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese