མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ལྕེའི་སྟོབས་ཤུགས། ཆུ་སྦྲུལ་གྱི་གནམ་ལོ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྐྲན་འབིགས།

འབྱུང་ཁམས་ཆུ། ལོ་རྟགས་སྦྲུལ། ཟླ་བ་འབྲུག ཞག་པོ་སྤྲེལ་གྱིས་ཚེས་ལ་ཉེ་བའི་སྤྱི་ལོ་ཉིས་སྟོང་བཅུ་གསུམ་གྱི་གནམ་ལོ་འདི་ནི་རང་མི་རིགས་འདིའི་ཆབ་སྲིད་དར་རྒུད་ཀྱི་ལོ་རྒྱུས་ཁྲོད་ནས་ལྟོས་ན་ཆེས་གནད་འགག་རང་བཞིན་ཅན་གྱིི་ལོ་ཟླ་ཞིག་ལ་ཁེལ་ཡོད་པ་ཁྱེད་ཅག་གིས་དམིགས་འདུན་རྒོད་པོ་རྒྱང་ལ་བསྲིངས་ཏེ་བློ་རིག་སྒྲེན་པོ་ནང་ལ་སྐོར་བཞིན་བསམ་གཞིགས་རྣལ་བའི་དོ་སྣང་རེ་བྱས་ཨེ་མྱོང་ཞེས་དྲི་གཞི་ཞིག་གིས་མགོ་བསླངས་ཏེ་སྐབས་སུ་བབ་པའི་བརྗོད་འདོད་པ་འཆད་པར་བྱའོ།།

     འདི་ནས་རྩིས་པའི་མི་ལོ་ ༣༦༠ ཡར་སྔོན་སྟེ་ཆུ་སྦྲུལ་སྤྱི་ལོ་ ༡༦༥༣ ལོར་ ༧ གོང་ས་རྒྱལ་དབང་ལྔ་བ་མཆོག་གི་ཞབས་ཀྱི་པདྨོའི་སེན་རྡུལ་སྨད་ཕྱོགས་རྒྱ་ཡི་ཡུལ་ཁམས་ཆེན་པོར་བཀོད་ནས་རྒྱ་སོག་མན་གསུམ་གྱི་གདུལ་བྱ་དུང་ཕྱུར་མང་པོ་ཆོས་ཀྱི་སྨིན་གྲོལ་ལ་བཀོད་ཅིང་ཕན་ཚུན་འཁྲུག་རྩོད་དང་སྙོག་འཛིང་མེད་པར་ཞི་བདེའི་ལམ་ལ་དྲངས་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་ཕྱིར་རང་ཡུལ་ལ ཕེབས་པའི་ལོ་ཟླ་དེ་ཡིན་པ་མ་ཟད། རྒྱ་ནག་གོང་མ་ཧྲུན་ཀྲི་ཡིས་ ༧གོང་ས་མཆོག་ལ་བཛྲ་ངྷ་ར་ཞེས་པའི་གསེར་ཡིག་གི་མཚན་བསྟོད་ཕུལ་ཏེ་རྒྱལ་ཁབ་ཕན་ཚུན་བར་ལ་གསེར་ཟམ་ལྟ་བུའི་མཆོད་ཡོན་གྱི་འབྲེལ་བ་བཙུགས་པའི་ལོ་ཟླ་དེ་ཡང་རེད། 

               དེའི་བཞིན་དུ་འདི་ནས་རྩིས་པའི་ལོ་ངོ་ ༢༤༧ གྱི་ཡར་སྔོན་སྟེ་ཆུ་སྦྲུལ་སྤྱི་ལོ་ ༡༧༦༦ ལོར་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་མཆོག་གིས་མཛད་པའི་འཕྲིན་ལས་སྲིད་མཐར་བསྐྱངས་ཏེ། རྒྱ་བོད་ཧོར་གསུམ་གྱི་མི་མང་ཡོད་དོ་ཆོས་ཀྱི་མངའ་འོག་ཏུ་བཅུག་ཅིང་འཐབ་རྩོད་དང་མུ་གེ་སོགས་ཀྱི་སྡུག་བསྔལ་ལས་གྲོལ་ཏེ་མེས་པོ་དཔོན་ཞིང་གི་མཛའ་འབྲེལ་སླར་གསོ་མཛད་པའི་ལོ་ཟླ་དེ་ཡིན་མ་ཟད། རྒྱ་ནག་གོང་མ་ཁང་ཤི་ཡིས་པཎ་ཆེན་ཨར་ཏི་ནི་ཞེས་པའི་ལོ་རྒྱུས་ཀྱིས་སྲུབ་མི་ཐུབ་པའི་མཚན་འཕར་དང་གསེར་ཐམ་གྱི་འཇའ་ས་བཅས་གནང་པའི་ལོ་ཟླ་དེ་ཡང་རེད། 

        དེ་དང་དེའི་ཕྱིར་དུ། འཆར་ལ་ཉེ་བའི་ཆུ་སྦྲུལ་གྱི་གནམ་ལོ་འདི་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་སྙེགས་དང་འདས་སོང་དཔའ་བོ་རྣམས་ཀྱི་ཁ་ཆེམས།  འཛམ་གླིང་ཞི་བདེར་ཡོང་བའི་གཞི་མ་བཅས་ཀྱི་ཆེད་དུ་མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་གཞི་རྩ་ཡིན་པའི་བདེན་དོན་ལ་གཞུང་སྒེར་དང་ཚོགས་སྡེ་ཡོད་དོ་ཅོག་གིས་ལག་རྡང་གཅིག་སྦྲེལ་དང་ནུས་ཤུགས་གཅིག་འདོན་གྱི་སྒོ་ནས་ཁ་གདང་མཆེ་བ་གཙིགས་པའི་དུག་སྦྲུལ་ནག་པོ་མགོ་ལྔ་ལྟ་བུ་མི་ལོ་དྲུག་ཅུའི་རིང་ལ་བོད་མི་ས་ཡ་དྲུག་གི་ཁྲག་ཟུངས་འཇིབ་པའི་དམར་བོའི་སྲིད་ཇུས་ངན་པའི་སྐེ་རྩ་རེ་རེ་ནས་བཅད་དེ། མགོ་ནག་གདོང་དམར་བོད་ཀྱི་དཔའ་ངར་དང་གཉིས་ཕན་དབུ་མའི་ལམ་གྱི་བདེན་སྟོབས་ལ་བརྟེན་ནས་༧གོང་ས་ཞི་བདེའི་དེད་དཔོན་ཆེན་པོའི་ཞབས་ཀྱི་པདྨོ་རང་ཡུལ་ལ་དགའ་བ་འབུམ་ལྡན་དང་བཅས་གདན་འདྲེན་ཞུས་སྟེ། རྒྱ་ནག་པོའི་ཡུལ་ཁམས་ཐམས་ཅད་ལ་དམ་ཆོས་བདུད་རྩི་བསིལ་མའི་དངོས་གྲུབ་ཀྱི་གནང་བ་སྩོལ་བཞིན་མུན་ནག་གི་ཞིང་ཁམས་ན་འཚོ་བའི་དམངས་སེམས་དུང་ཕྱུར་མང་པོ་ཞི་བདེའི་ལམ་ལ་བཀོད་ཏེ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོ་བོའི་རིགས་ཞེན་གྱི་དཔའ་པོ་དཔའ་མོ་ཡོད་ཚད་གདུག་རྩུབ་དང་མནར་གཅོད་ཀྱི་བཙོན་འོག་ལས་གྲོལ་ཏེ། དགུང་གི་ཉི་ཟླ་ལྟ་བུ་རྒྱལ་བ་པཎ་ཆེན་རྣམ་གཉིས་རྩེ་ཕོ་བྲང་པོ་ཏ་ལའི་གསེར་ཁྲི་མཐོ་པོར་མངའ་གསོལ་ཞིང་། ས་སྟེང་གི་དམྱལ་བ་ལྟ་བུའི་སྡུག་བསྔལ་གྱི་མུན་པ་སྟུག་སའི་བོད་ཡུལ་དུ་རང་དབང་དང་འཚེ་བ་མེད་པའི་བདེ་སྐྱིད་ཀྱི་ཉི་མ་ཞིག་བསྐྲུན་རྒྱུ་ནི་དུས་རབས་ཀྱི་འཕེལ་འགྱུར་དང་རྒྱལ་སྤྱིའི་གནས་བབ། རྒྱ་ནག་གི་སྲིད་ཇུས། བོད་ནང་གི་གནས་སྟངས། ལོ་རྒྱུས་ཀྱི་སྔ་ཕྱི། རྟེན་འབྲེལ་གྱི་རྟགས་མཚན་སོགས་གང་ལ་བལྟས་ཀྱང་ཆུ་མོ་སྦྲུལ་གྱི་གནམ་ལོ་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱིས་ནམ་ཡང་ཡན་གར་དུ་གཏོང་མི་རུང་བའི་གོ་སྐབས་ཐེངས་གཅིག་ཡིན་པའོ།།

རྒྱུ་མཚན་དེའི་ཕྱིར་ན།  རང་རེའི་སྲིད་སྐྱོང་བ་གཙོ་བའི་ཞི་བདེ་དང་དྲང་བདེན་གྱི་རྒྱབ་དཔུང་འཚོ་བའི་འཛམ་གླིང་ཡུལ་ཕྱོགས་ཁག་གི་སྲིད་དོན་པ་དང་ཤེས་ཡོན་པ་མང་པོ་ཞིག་གིས་དོན་གྱི་ཕུགས་དང་གྲོས་ཀྱི་སྙིང་ནས་བཟུང་སྟེ་བླ་ན་མེད་པའི་ཕུགས་འདུན་གྱི་ལྗང་སྨྱུག་གསར་བ་ཞིག་འབུ་དགོས་ན།  འཇིགས་ཞུམ་བྲལ་བའི་བློ་སྤོབས་དང་དཔའ་ངར་གྱེན་དུ་འབར་བའི་མེ་ལྕེ་བཞིན་དགུང་དུ་འཕྱོ་དགོས་བ་ནང་བཞིན་ལྕགས་ནག་གི་གོང་བུ་བཞིན་དུ་མཁྲེགས་འཛིན་གྱི་ལྟ་བ་རྒོད་པའི དམར་ཕྱོགས་ཀྱི་སྲིད་ཇུས་ལ་གཡོ་འཁྱོམ་དང་སྒུལ་ཤུགས་གཏོང་ནུས་པའི་ལས་འགུལ་རབ་དང་རིམ་པར་བང་བསྒྲིགས་ནས་བཞག་ཡོད་པ་འདི་ཡང་ལོ་རྒྱུས་ཀྱི་གནད་འགག་འདི་ལྟ་བུ་ཞིག་ལ་ཁེལ་ཡོད་པ་ང་ཚོ་ཡུལ་གྱར་བ་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནད་འགག་ཅིག་རེད།

ལྷག་པར་དུ། ལ་རྒྱ་དང་སྙིོང་སྟོབས་ཀྱིས་བརྟས་ཤིང་སྤོབས་པ་དང་ཁོག་དཔུང་གིས་གཟེར་བའི་གཞིས་ལུས་ཀྱི་སྤུན་ཟླ་ཚོ། ཇི་ལྟར་ཐབས་རྡུགས་ཤིང་ངན་སྐྱུག་གི་ལྟོ་ཟས་ཟ་བར་མི་བྱེད་པའི་གངས་སེང་དཀར་མོའི་རང་གཤིས་ལ་ནམ་ཡང་བཙན་འཛུལ་དང་བཤུ་གཞོག་གི་མདུན་ནས་གཉའ་མི་སྒུར་བའི་གཡུ་རལ་སྔོན་པོའི་དཔའ་སྙིང་འབར་ཏེ། མི་ལོ་དྲུག་ཅུའི་རིང་ལ་བྱམས་བརྩེ་དང་བཟོད་སྲན་གྱིས་གབ་པའི་སྙིང་སྟོབས་གསོན་པོ། མི་ལོ་དྲུག་ཅུའི་རིང་ལ་གཞིས་བྱེས་ཡ་བྲལ་དུ་གྱུར་བའི་དྲན་གདུང་གིས་སྤར་བའི་མེ་ལྕེ་དམར་པོ། གློ་བུར་གློ་བུར་དུ་ཆེས་རླབས་ཆེ་བའི་མི་རིགས་འདིའི་འབྱུང་བའི་ཟུངས་ཁྲག་གི་གཏིང་རུམ་ན་འཕྱོ་ཞིང་། གློ་བུར་གློ་བུར་དུ་དཔའ་མཛངས་རྟུལ་ཕོད་པའི་མི་རིགས་འདིའི་རུས་པའི་རྐང་མར་གྱི་ཕུགས་གསེང་ནས་རྡོལ་ཏེ།  དགྲ་ནག་དུང་ཕྱུར་བཅུ་གསུམ་གྱི་སེམས་ཁོངས་ན་འཕྱོ་བའི་ཞེ་སྡང་གི་རྦ་རླབས་བསྲེགས་ཤིང་སྐམ་པར་བྱས་ཏེ། གདོད་ནས་ད་ལྟའི་བར་དུ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་བྱུང་མ་མྱོང་པའི་མེ་ཕུང་གི་རྡོ་རིང་གསོན་པོ་ཞིག་བཞེངས་པ་མ་ཟད། གོ་ལ་ཟླུམ་པོའི་གཞི་ཁྱིམ་དྲོན་མོ་འདིའི་ནང་དུ་ཞི་བདེ་དང་རང་དབང་བསུ་བའི་སྐྱ་རངས་མཁའ་མཐའ་ནས་གསལ་བར་བྱས་པའི་དུས་སྐབས་ཤིག་ལ་སླེབ་ཙ་ན། ང་ཚོ་བློ་ཕམ་དང་བག་འཁུམས་མེད་པར་རང་དབང་དང་བདེན་དོན་གྱི་འབོད་སྒྲ་དབྱངས་སུ་གྱེར་ནས། སྔར་ལས་ལྷག་པའི་འཐབ་རྩོད་ཀྱི་ནུས་པ་ཆེར་སྐྱེད་དང་སྤྱི་མཐུན་གྱི་བསོད་ནམས་ཆེར་བསགས་བྱ་དགོས་པ་མ་གཏོགས།  སྐད་ཆ་སྡུག་ས་ཞིག་ནས་བཤད་ན།  འདས་ཟིན་པའི་ལོ་རྒྱུས་ཁྲོད་ཀྱི་ཆུ་མོ་སྦྲུལ་གྱི་གནམ་ལོ་དག་ནི་བོད་ཁམས་འདིར་ཆེས་འཇིགས་སུ་རུང་བའི་རང་བྱུང་གི་ས་ཡོམ་དང་མི་སྡུག་པའི་ནད་ཡམས་སོགས་ཀྱིས་གནོད་འཚེ་དང་གོད་ཆག་རབ་དང་རིམ་པར་བྱུང་མྱོང་བ་མ་ཟད། ལྷག་པར་དུ། འདི་ནས་ཡར་ལ་རྩིས་པའི་ཆུ་མོ་སྦྲུལ་གྱི་གནམ་ལོ་སྟེ་སྤྱི་ལོ་ ༡༨༩༣ ལོ་ནི། བོད་ཡུལ་གྱི་རང་དབང་ཡོངས་སུ་བཅོམ་ཞིང་རིགས་མཐུན་གྱི་སྤུན་ཟླ་ས་ཡ་གཅིག་ལྷག་དམར་གསོད་བཏང་བའི་གཤེད་མིའི་གཏེ་བོ་སྟེ་དུག་ཅན་སྦྲུལ་མགོ་ལྔའི་ཐོག་མ་མོའོ་ཙེ་ཏུང་སྐྱེས་པའི་ལོ་ཟླ་དེ་ཡིན་པའང་ང་ཚོས་ཞོར་ལ་ཤེས་དགོས་པ་གལ་ཆེའོ།།

གང་ལྟར་ཀྱང་། མི་ལོ་དྲུག་ཅུའི་རིང་ལ་འཇིགས་ཞུམ་བྲལ་བའི་ཡབ་མེས་ཚོའི་དཔའ་ངར་དང་ཚེ་སྲོག་གིས་འཐབ་རྩོད་བྱས་པའི་བདེན་དོན་གྱི་འབོད་སྒྲ་རེ་རེ། ཕྱི་ལུས་ཀྱི་སྲོག་དབུགས་ཆད་ཀྱང་རྣམ་ནང་གཤིས་ཀྱི་མིག་ཟུང་བཙུམ་མ་ཐུབ་པའི་གཤེགས་ཟིན་པའི་དཔའ་བོ་ཚོའི་ཁ་ཆེམས་རེ་རེ།  ཡ་མ་བརླ་ཡི་མྱ་ངན་གྱི་གཡོ་གར་རེ་རེ་སྟེ་ངྷ་སའི་སྲིང་བར་ནས་ཁྲོམ་སྐོར་རེ་དང་། རང་མི་རང་སྟེང་ལ་བསྒྲགས་གཏམ་རེ་སྤེལ་བའི་དུས་ཐུང་གི་ཚོར་བ་ཙམ་གྱིས་ནམ་ཡང་ཚབ་མཚོན་བྱེད་མི་ཐུབ་པར་རང་དབང་གི་འཐབ་རྩོལ་དང་རྒྱལ་ཁབ་ཀྱི་རྩ་དོན།  མི་རིགས་ཀྱི་འགན་འཁྲི་སོགས་ནི་ཇི་འདྲའི་རླབས་ཆེ་བའི་ལས་འགན་ལྕི་མོ་ཞིག་ཡིན་པ་ནང་བཞིན། ཆུ་མོ་སྦྲུལ་གྱི་གནམ་ལོ་འདི་ལ། ང་ཚོ་ཚང་མས་ལ་རྒྱའི་སྙིང་སྟོབས་སྤོབས་པས་བཏེགས་ཤིང་མཐུན་སྒྲིལ་གྱི་དཔུང་བ་དམ་དུ་སྦྲེལ་བཞིན། རང་ས་རང་ལ་དབང་ཞིང་།  རང་དཔོན་རང་གིས་བྱེད་པའི་ཞི་བདེའི་རང་ཁྱིམ་ཞིག་མ་བསྐྲུན་པའི་བར་དུ་གཞོམ་ཞིག་བྲལ་བའི་མི་རིགས་འདིའི་སྙིང་ཁུང་གི་དམ་བཅའ་ནི་ནམ་ཡང་འཇིགས་མི་སྲིད་པའི་རྡོ་རྗེ་བྲག་རི་བཞིན་དུ་བརྟན་དགོས་པ་མ་ཟད། དགྲ་ནག་ཚང་གི་བཙན་འཛུལ་དང་དམར་གསོད་དྲག་པོའི་གདུག་རྩུབ་འོག་ནས་མི་རིགས་འདི་གསད་ཅིང་གཏུབ་སྟེ་བཙན་པོའི་རིགས་རྒྱུད་རྩ་ནས་གཅོད་པ་བསླ་སྟེ། ང་ཚོའི་ཕུགས་འདུན་དང་རང་དབང་ནམ་ཡང་འཕྲོག་མི་ཐུབ་པའི་ཡིད་ཆེས་དང་སྙིང་སྟོབས་ད་ལྟ་ནས་ང་ཚོའི་བླ་སྲོག་གི་རྒྱ་རུ་འདེབས་དགོས་སོ།།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 3

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    (ཡ་མ་བརླ་ཡི་མྱ་ངན་གྱི་གཡོ་གར་རེ་རེ་སྟེ་ངྷ་སའི་སྲིང་བར་ནས་ཁྲོམ་སྐོར་རེ་དང་། རང་མི་རང་སྟེང་ལ་བསྒྲགས་གཏམ་རེ་སྤེལ་བའི་དུས་ཐུང་གི་ཚོར་བ་ཙམ་གྱིས་ནམ་ཡང་ཚབ་མཚོན་བྱེད་མི་ཐུབ་པར་རང་དབང་གི་འཐབ་རྩོལ་དང་རྒྱལ་ཁབ་ཀྱི་རྩ་དོན།  མི་རིགས་ཀྱི་འགན་འཁྲི་སོགས་ནི་ཇི་འདྲའི་རླབས་ཆེ་བའི་ལས་འགན་ལྕི་མོ་ཞིག་ཡིན་པ་ནང་བཞིན།)ཙམལས་ཅི་ཞིག་ཇི་ལྟར་སྒྲུབ་པ་བྲིས་མེད་པས་ཉིངདགོས་མེད་པའི་རྩོམ་དུ་འདོད། དེས་ན་སུ་སུས་བོད་དོན་ལ། ལས དོན་ཅི་ཞིག ས་གནས་གང་དང་གང་དུ། ཇི་ལྟར་ཏེ། ག་འདྲ་བྱས་ནས་བསྒྲུབ་དགོས་ཚུལ་སྦ་གསང་མེད་པར། ཁ་གསལ་བོར་ཐད་ཀར་འབྲི་བར་རེ་བསྐུལ་ཞུའོ།།

    Reply
  2. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    ཆིལ་སྒྲིག་ཡོད་ན་མེ་ལྕེ་འབར་རིན་ཆོག་པ་ཞིག་མཐོང་སོང་།

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    ངོ་མ་རྩོམ་ཡིག་འདི་ནི་སྡེབ་སྦྱོར་དང་བརྡ་དག་གི་ཐད་ནས་ཆེས་ཕུལ་དུ་ཕྱིན་འདུག །ཡིན་ན་ཡང་རྩོམ་པ་པོ་རང་ཉིད་ཀྱིས་ཀླད་པའི་ནང་དུ་རྨོངས་དད་དང་བག་ཆགས་ངན་པ་མང་ཙམ་ཡོད་ཚོད་འདུག་པས་ཕྱིས་སུ་བཅོས་ཐབས་སུ་འབད་གལ་ཆེའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese