མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡཱ་སིན་ལགས་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཡུ་གུར་གྱི་རྩོམ་པ་པོ་ཡཱ་སིན་ལགས་རྒྱའི་བཙོན་འོག་ནས་འདས་གྲོངས་ཕྱིན་འདུག

རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་ཕིན་ཧུའུ་ཡིས་འཕྲུལ་སྒྲའི་(Twitter)སྟེང་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༥ ལོར་རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཡུ་གུར་རྩོམ་པ་པོ་ཡཱ་སིན་ལགས།  འདས་པའི་ལོ་གཅིག་གི་སྔོན་ནས་ཤིན་ཅང་ཧྲ་ཡཱ་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་རྩོམ་པ་པོ་ཁོང་བཙོན་ཁང་ནང་འདས་གྲོངས་ཕྱིན་པ་སྦེད་གསང་གིས་ཕྱིར་བསྒྲགས་བྱས་མི་འདུག  ད་ལྟའི་ཆར་རྩོམ་པ་པོ་ཁོང་བཙོན་ཁང་ནང་འདས་གྲོངས་ཕྱིན་པའི་རྒྱུ་རྐྱེན་དང་བཙོན་ཁང་དུ་མནར་གཅོད་ག་རེ་བཏང་ཡོད་མེད་སྐོར་གསལ་བོ་ཤེས་རྟོགས་བྱུང་ཐུབ་མེད་པ་རེད། 

ཡུ་གུར་རྩོམ་པ་པོ་ཡཱ་སིན་ལགས་རྒྱ་གཞུང་གིས་འཇུ་བཟུང་བྱས་རྗེས། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱིས་རྩོམ་པ་པོ་ཁོང་ནི་རྒྱ་གཞུང་གིས་དེང་སྐབས་རྩོམ་འབྲིའི་རང་དབང་དང་མི་རིགས་ཀྱི་སྐད་ཡིག་ཁེ་དབང་རྡོག་རོལ་གཏོང་བཞིན་པའི་དཔེ་མཚོན་གསལ་ཤོས་ཤིག་ཏུ་ངོས་འཛིན་ཐོག    ཨ་རིའི་སྨྱུག་ཚོགས་དང་དབྱིན་ཇིའི་སྨྱུག་ཚོགས། རྒྱའི་རང་དབང་སྨྱུག་ཚོགས་སོགས་ཀྱིས་རྩོམ་པ་པོ་ཁོང་ལ་མཚན་མཐོང་ཆེན་པོ་གནང་ཡོད་པ་མ་ཟད། ༢༠༠༩ ལོར་ཨ་རིའི་སྨྱུག་ཚོགས་ཀྱི་དབྱིན་ལཱན་ཡན་ལག་ཚོགས་པས་རྩོམ་པ་པོ་ཡཱ་སིན་ལགས་ལ་ ༼ཝ་སལ་སི་ཏོ་སི་རང་དབང་རྩོམ་རིག་གཟེངས་རྟགས(Vasil Situ Si Freedom to Write Award.)༽ ཕུལ་ཡོད་ལ།  རྒྱལ་སྤྱིའི་སྨྱུག་ཚོགས་ཁག་གིས་རྒྱ་གཞུང་གིས་རྩོམ་པ་པོ་ཁོང་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་རིམ་པར་གནང་ཡོད་པ་རེད། 

༢༠༠༤ ལོའི་ཕྱི་ཟླ་ ༥ ནང་རྩོམ་པ་པོ་ཡཱ་སིན་ལགས་ཀྱིས་ཡུ་གུར་གྱི་<<ཀི་ཧྲི་ཀཱ་ཨེར་རྩོམ་རིག>> དུས་དེབ་སྟེང་<ཕུག་རོན>ཞེས་པའི་སྒྲུང་རྩོམ་ཞིག་སྤེལ་ཏེ།  མིའི་རིགས་ཀྱིས་གཟེབ་དྲར་བཅུག་ཡོད་པའི་ཕུག་རོན་ལ་རང་དབང་མེད་པ་དང་། འཆི་ལམ་ཁོ་ན་སྙེག་དགོས་པའི་གནས་ལུགས་གསལ་འདོན་བྱས་ཡོད་སྟབས། ས་གནས་རྒྱ་གཞུང་གིས་ཁོང་གི་བརྩམས་སྒྲུང་དེས་ཁ་བྲལ་ངལ་སྐུལ་བྱས་ཡོད་པའི་ཉེས་མིང་བཏགས་ཏེ།  ༢༠༠༤ ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀི་ཧྲི་ས་ཁུལ་གྱི་རྒྱལ་སྲུང་ཉེན་རྟོག་པས་གསང་བའི་ཐོག་རྩོམ་པ་པོ་ཡཱ་སིན་དང་།  ཀི་ཧྲི་ཀཱ་ཨར་རྩོམ་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ་ཁའོ་ར་ཞི་ཧུའུ་སི་ཡཱན་(Korash Huseyin) གཉིས་འཇུ་བཟུང་བཙན་ཁྲིད་བྱས་པ་དང་། ༢༠༠༥ ལོའི་ཕྱི་ཟླ་ ༥ ནང་རྩོམ་པ་པོ་ཡཱ་སིན་ལ་ཁ་བྲལ་སྐུལ་སློང་བའི་ཉེས་མིང་འོག་ལོ་ ༡༠ དུས་བཀག་བཙོན་འཇུག་དང་། རྩོམ་སྒྲིག་པ་ཁའོ་ར་ཞི་ཧུའུ་སི་ཡཱན་ལ་ལོ་ ༣ དུས་བཀག་བཙོན་འཇུག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་བཞིན། ལོ་སྔོན་མའི་ཕྱི་ཟླ་ ༣ པའི་ནང་འཇར་མན་ལཱེབ་རྫིག་དཔེ་དེབ་འགྲེམས་ཚོང་(Leipzig Book Fair)དབུ་འབྱེད་སྐབས། འཇར་མན་གྱི་གནོད་ཐེབས་མི་རིགས་རོགས་སྐྱོར་མཐུན་ཚོགས་ཀྱི་ཨེ་ཤ་ཡའི་སྡེ་ཁག་གི་འགན་འཛིན་ཨོལ་རའེ་ཆི་ཌི་ལའོ་སི་(Ulrich Delius) ལགས་ཀྱིས། རྒྱ་གཞུང་གིས་ཉེ་ཆར་རྩོམ་པ་པོ་ ༥༤ ལྷག་བཙོན་འཇུག་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཆེ་ཤོས་ནི་བོད་དང་ཡུ་གུར། སོག་པོ་མི་རིགས་བཅས་ཀྱི་རྩོམ་པ་པོ་ཡིན་པ་བརྗོད་ཡོད།

ཡུ་གུར་རྩོམ་པ་པོ་ཡཱ་སིན་(Nurmuhemmet Yasin) ལགས་ནི།  ༡༩༧༤ ལོའི་ཕྱི་ཟླ་ ༣ ཚེས་ ༦ ཉིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀི་ཧྲི་ས་ཁུལ་པཱ་ཁྲུའུ་རུ་སྐྱེས་པ་དང་། ཁོང་ནི་རང་དབང་རྩོམ་འབྲི་བ་དང་སྙན་ངག་པ། གསར་འགོད་པ་བཅས་ཡིན་པ་དང་། སྨྱུག་མིང་ལ་ཨའོ་ཨར་ཁེ་ཞཱི་ཟེར་ཞིང་། ཁོང་གིས་སྙན་རྩོམ་དང་བརྩམས་སྒྲུང་སོགས་བརྩམས་ཆོས་ ༧༠༠ ལྷག་སྤེལ་མྱོང་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཤར་ཨེ་ཤི་ཡའི་མཁས་པ་མང་ཆེ་བ་མའོ་ཙེ་ཏུང་དང་། ཁོའི་ཉ་ལུ་དེ་ཚོའི་འོག་ནས་ཚེ་ཐར་གཏོང་ས་མ་རེད། ད་ག་རེ་བྱེད་དགོས་རེད། ཀུན་གྱིས་སོམས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese