མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཇི་ལྟར་འཆད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༧༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་བོད་མི་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ངོས་ཐད་ནས་རྩ་དོན་རྩོད་མཁན་དང་། བོད་དོན་རྒྱལ་སྤྱིའི་སྡིངས་ཆར་སྐྱེལ་མཁན་ཞིག་ཆགས་ཡོད། གངས་ཅན་སྐྱིད་གཤོངས་འདི་ཡང་རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་ལྟ་ས་དང་ཉན་སའི་སྒེའུ་ཁུང་ཞིག་ཆགས་ཡོད། འདི་ལ་འགན་འཁྲི་ཡོད་པའི་ཐོག་ནས་ཞིབ་འདང་ཞིག་བརྒྱབ་ན། ད་ལྟའི་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་རྒྱ་གར་ནང་སྐྱེས་པ་རེད། དེ་བཞིན་དྲིལ་བསྒྲགས་དང་ནང་སྲིད། འཕྲོད་བསྟན། དཔལ་འབྱོར་བཀའ་བློན་སོགས་ཀྱང་བཙན་བྱོལ་ནང་སྐྱེས་ཤིང་འཚར་བ་རྐྱང་ཆགས་ཡོད། ཁོང་རྣམ་པས་བོད་ནང་གི་གནས་ཚུལ་མང་པོ་ཞིག་ལ་མཁྱེན་རྟོགས་གཏིང་ཟབ་མེད་པ་མ་ཟད། རྒྱ་ནག་གི་གཤིས་སྤྱོད་དང་ས་གནས་ཁག་གི་སྲིད་ཇུས། ཉིན་རེའི་འཚོ་བའི་ནང་གི་བོད་མི་དང་རྒྱ་མིའི་ཛ་དྲག་གི་འབྲེལ་འདྲིས་སོགས་དེ་བས་ཀྱང་ཀློག་གྱུར་ཡིན། 

        བཀའ་ཤག་གསར་པས་ལས་ཀ་མགོ་འཛུགས་གནང་བ་དང་མཉམ་དུ་བོད་དོན་དྲིལ་བསྒྲགས་སྐོར་སྐྱོད་ཀྱང་མགོ་འཛུགས་གནང་སོང་། བཀའ་ཤག་སྐབས་བཅུ་བཞི་པ་འདི་ཕྱི་རྒྱལ་ཁག་ཏུ་སྐྱོད་ཐེངས་མང་ཤོས་ཀྱི་བཀའ་ཤག་ཅིག་ཆགས་ཡོད། མགོ་སྲིད་སྐྱོང་ནས་མཇུག་སྤྱི་འཐུས་རྒྱུན་ལས་བར་བོད་དོན་དྲིལ་བསྒྲགས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་དུ་སྐོར་སྐྱོད་ལམ་ཁར་ཧབ་ཐོབ་དང་འགྲན་རྩོད་བྱས་ཡོད། འོན་ཀྱང་ཕྱི་རྒྱལ་གྱི་ཆབ་སྲིད་པ་དང་གསར་འགོད་པ་ཚོའི་མདུན་དུ། བོད་དོན་གང་ཞིག་ཇི་ལྟར་འཆད་ཀྱིན་ཡོད་ན། ཕར་འགྲོ་སོང་ལས་ལྷག་གི་ཚུར་ཡོང་འབབ་ཅི་ཞིག་བསྣམས་ཡོད་ན། བོད་པ་རང་གི་ལས་འགུལ་དང་མཛད་སྒོ་ཁག་ཏུ་གཏམ་བཤད་སྤེལ་སྐབས་ཀྱང་ཡར་དཀྲུག་མར་དཀྲུག་དང་ར་མགོ་ལུག་སྦྱར་མང་པོ་ཡོང་གི་ཡོད། མེར་བསྲེགས་ཀྱི་གྲངས་ཀ་སྐྱོར་འདོན་དང་འཛིན་བཟུང་བཙོན་འཇུག་གི་གསར་འགྱུར་བསྐྱར་ཀློག་གིས་བོད་དོན་དྲིལ་བསྒྲགས་ཡོང་ངམ།

        བོད་དོན་སྤྱི་བཤད་ནས་བྱེ་བྲག་ཏུ་བབས་ཏེ་བོད་ནང་གི་དགོན་པ་གང་གི་ཆོས་ལུགས་བྱེད་སྒོ་ཅི་ཞིག་དུས་ཚོད་ནམ་ཞིག་ལ་བཀག་སྡོམ་བྱས་སོང་བ་དང་། སློབ་གྲྭ་གང་ཞིག་ཏུ་ཤེས་ཡོན་སློབ་ཚན་ཅི་ཞིག་དུས་སྐབས་ནམ་ཞིག་ལ་བསྒྱུར་བཅོས་བཏང་བ། འབྲོག་ས་གང་ཞིག་གི་དུད་ཁྱིམ་ག་ཚོད་ཅིག་ཟླ་ཚེས་ནམ་ཞིག་ལ་ཀློང་དུ་ཕབ་སྟེ་གྲོང་རྡལ་བཟོས་པ། རོང་སྡེ་གང་ཞིག་གི་ཞིང་ས་ཅི་ཙམ་ནང་དུས་ཚོད་ནམ་ཞིག་ལ་ཤིང་ནག་འདེབས་འཛུགས་བྱས་ཟིན་པ། དེ་བཞིན། ཞིང་ཆེན་གང་ཞིག་གིས་དུས་ཚོད་ནམ་ཞིག་ལ་སྲིད་ཇུས་ཅི་ཞིག་སྤེལ་བ་དང་། ཁུལ་དང་རྫོང་གང་ཞིག་གི་མགོ་ཁྲིད་སུ་ཞིག་གིས་དུས་ཚོད་ནམ་ཞིག་ལ་ཁྲིམས་མེད་ལུགས་མེད་ཀྱི་བྱ་འགུལ་ཅི་ཞིག་སྤེལ་བ། ཤང་དང་ས་གནས་གང་ཞིག་ནས་དུས་ནམ་ཞིག་ལ་མང་ཚོགས་ག་ཚོད་ཀྱི་ལག་ནས་རྒྱུ་ནོར་འཕྲོག་སོང་བ་སོགས་བོད་དོན་དྲིལ་བསྒྲགས་ཡིན།  

        བོད་པའི་རང་ལུས་མེར་བསྲེགས་འདི་རྒྱལ་སྤྱིར་ཁྱབ་བསྒྲགས་འགྲོ་མ་ཐུབ་པ་དང་། བོད་པའི་ཛ་དྲག་གནས་སྟངས་ཐོག་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་དེ་ཙམ་མ་རག་པ་དེར་རྒྱུ་མཚན་མང་པོ་བགྲང་རྒྱུ་ཡོད་སྲིད་མོད། བོད་ནང་གི་གནས་ཚུལ་དུས་ཐོག་ཏུ་རྒྱལ་སྤྱིར་ཁྱབ་བསྒྲགས་མ་ཐུབ་པ་དང་། བོད་དོན་ཞུ་གཏུག་བྱེད་མཁན་ཚོས་བོད་ནང་གི་ས་ཁུལ་རེ་རེའི་གནས་ཚུལ་ཅི་བཞིན་མ་རྟོགས་པར་ནེ་ཙོས་མ་ཎི་བགྲང་བ་དང་། བྱི་ལས་སྒྲོལ་མ་འདོན་པ་ལྟ་བུའི་ལྡབ་ལྡིབ་དང་བསྐྱར་ཟློས་རེ་བྱེད་པ་ལས། རྒྱལ་སྤྱིའི་སྡིངས་ཆར་གསལ་གསལ་ཐང་ཐང་གི་བོད་དོན་རྣལ་མ་ཞིག་སྐྱེལ་མ་ཐུབ་པ་སོགས་ནི་མེར་བསྲེགས་ལ་བདག་པོ་མ་བྱུང་བ་དང་། བོད་དོན་ལ་རྒྱབ་སྐྱོར་མ་རག་པའི་རྒྱུ་མཚན་གཙོ་གྲས་ཞིག་ཆགས་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༥ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese