མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བརྙན་འཕྲིན་ལ་ལྟ་སྟངས།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་གཟའ་མིག་དམར་ཉིན་ནས་བཟུང་མདོ་སྨད་རེབ་གོང་ས་ཁུལ་གྱི་དགོན་པ་དང་གྲོང་སྡེ་ཁག་གི་རླུང་འཕྲིན་དང་བརྙན་འཕྲིན་བརྡ་རྟགས་བསྡུ་ལེན་སྡེར་མ་ཡོངས་རྫོགས་གཞུང་བཞེས་གཏོང་བཞིན་ཡོད་འདུག



སུད་སིར་གནས་བཞུགས་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་བཟུང་མདོ་སྨད་རེབ་གོང་ས་ཁུལ་གྱི་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་མང་པོ་ཞིག་ས་གནས་ཁག་ཏུ་ཆེད་སྐྱོད་ཀྱིས། དགོན་པ་དང་གྲོང་སྡེ་ཁག་གི་མི་ཚང་སོ་སོའི་ཁང་སྟེང་དུ་བཞག་ཡོད་པའི་སྒེར་གྱི་རླུང་འཕྲིན་དང་བརྙན་འཕྲིན་འཁོར་སྐར་བརྡ་རྟགས་བསྡུ་ལེན་སྡེར་མ་ཡོངས་རྫོགས་གཞུང་བཞེས་གཏོང་མགོ་བཙུགས་ཡོད་འདུག

 

རྒྱ་གཞུང་གིས་དགོན་པ་ཁག་གི་སྡེར་མ་གཞུང་བཞེས་བཏང་བའི་ཚབ་ཏུ། གྲྭ་ཤག་རེར་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་པའི་བརྡ་རྟགས་བསྡུ་ལེན་སྡེར་མ་ཆུང་བ་མཚོན་མདོག་དཀར་པོ་སྟེང་དུ་རྒྱ་ཡིག་དམར་པོ་བྲིས་ཡོད་པ་རེ་དང་། ཐོས་རྫས་རྙིང་པའི་གྲས་ཀྱི་མཚོན་ལྡན་བརྙན་འཕྲིན་ཆེ་ཆུང་ ༢༡ ཅན་རེ་རིན་མེད་ཐོག་སྤྲོད་བཞིན་ཡོད་འདུག་ཅིང་། གྲོང་པའི་ཁྱིམ་ཚང་ཁག་ལ་བརྡ་རྟགས་བསྡུ་ལེན་སྡེར་མ་ཆུང་བ་རེ་ལས་བརྙན་འཕྲིན་སྤྲད་མི་འདུག



རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ས་གནས་དགོན་པ་དང་གྲོང་སྡེ་ཁག་ལ་དངོས་སུ་བསྐྱོད་དེ་ལས་གཞི་དེ་ལག་བསྟར་བྱེད་ཀྱིན་ཡོད་འདུག་ཅིང་། མང་ཚོགས་ཚོས་དེ་སྔོན་གྱི་བརྡ་རྟགས་བསྡུ་ལེན་སྡེར་མ་རྙིང་པ་དག་དུས་ལྟར་སྲིད་གཞུང་ལ་རྩིས་སྤྲོད་མ་བྱས་ཚེ་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་དང་། གལ་སྲིད་མ་འོངས་པར་གྲྭ་བ་སུ་ཞིག་གིས་རང་འདོད་ལྟར། ལྐོག་ནས་བརྡ་རྟགས་བསྡུ་ལེན་སྡེར་མ་རྙིང་པ་བེད་སྤྱོད་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཚེ་རྒྱ་སྒོར་ ༥༠༠༠ གི་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཀྱིན་ཡོད་འདུག  

 

དེ་བཞིན། རོང་པོ་དགོན་ཆེན་ནང་གི་དེ་སྔའི་སྒེར་གྱི་བརྙན་འཕྲིན་སྐུད་ལམ་དག་ཀྱང་བཅད་དེ་ཚབ་ཏུ་གཞུང་གི་སྐུད་ལམ་གསར་པ་འཐེན་བཞིན་ཡོད་པ་དང་། སྐུད་ལམ་གསར་པ་དེ་དང་མཉམ་དུ་སྒམ་ཆུང་གྲུ་བཞི་རེ་བཞག་ཡོད་ཅིང་། སྐམ་ཆུང་དེ་དང་ཁྱིམ་སྤྱོད་ཁ་པར་གཉིས་ཕན་ཚུན་མཐུད་ཡོད་སྟབས། དགོན་པའི་གྲྭ་བ་ཚོས་སྒམ་ཆུང་དེའི་ནང་དུ་ལྐོག་ཉན་འཕྲུལ་ཆས་ཡོད་པར་དོགས་པ་བྱེད་ཀྱིན་ཡོད་འདུག སྒྲིག་ཁྲིམས་དེ་ལག་བསྟར་བྱེད་མཁན་ས་གནས་སོ་སོའི་ཤང་སྲིད་གཞུང་ཡིན་པ་དང་། བརྡ་རྟགས་བསྡུ་ལེན་སྡེར་མ་དང་བརྙན་འཕྲིན་སྤྲོད་མཁན་རླུང་འཕྲིན་ཁང་ཁག་ཡིན་འདུག  

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist