མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མེ་ལ་སྲེག་དོན་ཅི་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་བཀའ་ཤག་ཚོཊ་ཁང་དུ་བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱོཊ་སྒྲིག་ཞུས་པའི་བོད་མིའི་རང་སྲེག་སྐོར་གྱི་དབྱིན་དེབ་ཅིག་དབུ་འབྱེད་
དང་སྦྲགས་གཏམ་བཤད་གནང་སོང་།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གསར་དུ་ཕྱོགས་སྒྲིག་དཔར་སྐྲུན་ཞུས་པའི་དབྱིན་ཡིག་དཔེ་དེབ་རྒྱབ་ཤ་དཀར་པོ་ (why Tibet is burning?) ༼བོད་མེ་ལ་སྲེག་དོན་ཅི༽ཞེས་པ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་བསྐྱངས་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་གནང་པ་ལྟར་ན། དེབ་དེའི་ནང་དོན་གཙོ་བོ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་བཤད་དང་། ལྷག་པར་དུ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༡༠༠ ཙམ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ། བོད་མིའི་སྒྲིག་འཛུགས་ཀྱིས་ཉེན་ཚབས་ཆེ་བའི་ལས་འགུལ་མི་སྤེལ་རྒྱུར་འབོད་སྐུལ་རིམ་པར་ཞུས་ཀྱང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེཊ་འཛིན་སྲིད་བྱུས་དེས་བོད་ནང་རང་ལུས་མེར་བསྲེགས་སྔར་ལས་ཤུགས་ཆེ་རུ་བཏང་བ། བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་འབོད་སྒྲ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་སོགས་ཡིན་ཞིང་། འདས་པའི་ལོ་ ༦༠ རིང་རྒྱ་གཞུང་གིས་བོད་ནང་ཆབ་སྲིད་བཙན་གནོན་དང་རིག་གཞུང་རྩ་གཏོར། སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་བཤུ་གཞོག ཁོར་ཡུག་གཏོར་བཤིག་སོགས་བྱས་པར་བརྟེན་ཏེ་བོད་མི་ཚོས་ཨུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་སོགས་བཀོད་ཡོད་འདུག  

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དཔེ་དེབ་དེ་དབུ་འབྱེད་དང་འབྲེལ། དབྱིན་ཡིག་གི་དཔེ་དེབ་དེ་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་སྐྲུན་ཞུ་དགོས་དོན་སྐོར་ལ། འདས་པའི་ལོ་ངོ་གཉིས་ཙམ་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་གཞུང་གིས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་བ་དེ་དག ཕྱི་ལོགས་སུ་སྡོད་པའི་བོད་མི་ཚོ་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱས་པར་སྐྱོན་འཛུགས་བྱེད་ཀྱི་ཡོད། རྒྱ་གཞུང་གིས་འཁྱོག་བཤད་ཇི་ལྟར་བྱས་ཀྱང་རྒྱལ་སྤྱིའི་སྟེང་བོད་པ་ཚོར་བདེན་པ་ཡོད་པ་ཧ་ཅང་གསལ་པོ་ཆགས་ཏེ། ད་བར་རྒྱལ་ཁབ་ཁག་གི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་མང་པོ་བཞག་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་ཁབ་ཁག་གི་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་བོད་ནང་བོད་མིས་རང་ལུས་མེར་བསྲེགས་བསྟུད་མར་གཏོང་བཞིན་པའི་རྒྱུ་རྐྱེན་གཙོ་བོ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལས་བྱུང་བར་གཅིག་གྱུར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་གསུངས་བྱུང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་གསུངས་རྒྱུར། ཉེ་ཆར་ཡུ་རོབ་གྲོས་ཚོགས་ཚོགས་གཞོན་གྱིས་ཡུ་རོབ་རྒྱ་ནག་སྐུ་ཚབ་ཀྱིས་བོད་མིའི་རང་སྲེག་སྐོར་ལ་འཁྱོག་བཤད་བྱས་པར་མཐའ་གཅིག་ཏུ་སྐྱོན་བརྗོད་བྱས་ཡོད་ཚུལ་གསལ་དང་། ད་བར་རྒྱ་གཞུང་གིས་བརྙན་འཕྲིན་བརྒྱུད་བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ་འཁྱོག་བཤད་སྣ་ཚོགས་བྱས་ཡོད་པ་མ་ཟད། ལྷག་པར་དུ་ཡུ་རོབ་རྒྱ་ནག་སྐུ་ཚབ་དང་རྒྱ་ནག་གི་རྩོམ་པ་པོ་ཞིག་གིས་རྒྱ་ནག་གི་ཚགས་ཤོག་ཅིག་ཏུ། རྒྱ་གཞུང་གིས་འཛམ་གླིང་གི་གནད་ཡོད་མི་སྣ་མང་པོ་ཞིག་གདན་ཞུ་དང་། གསར་འགོད་གསལ་བསྒྲགས་བརྒྱ་ཕྲག་ལྷག་སྤེལ་སྐོར་བཤད་དེ། བོད་མིའི་རང་ལུས་མེར་བསྲེགས་ཀྱི་འགན་དང་ནོར་འཁྲུལ་ཆ་ཚང་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་ཚོར་ཡོད་པའི་ངན་ཁག་དཀྲི་བ། ཡུ་རོབ་གྲོས་ཚོགས་ཚོགས་གཞོན་གྱིས་རྒྱ་གཞུང་ལ་རང་སྲེག་གནད་དོན་ཐད་ཁ་གསལ་བརྡ་ལན་ཞིག་སྤྲོད་ཐུབ་པ་དེ་བོད་མི་ཚོར་བདེན་པ་ཡོད་པས་ཡིན་པ་དང་། བོད་མིའི་རང་སྲེག་བདེན་པ་བདེན་ཐོག་ཏུ་འཁྱོལ་ཆེད་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་ཡིག་དང་རྒྱ་ཡིག་ནང་དཔེ་དེབ་དཔར་སྐྲུན་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་བོད་ཀྱི་བདེན་པ་གསལ་པོ་ཡོང་ཐབས་དང་རྒྱ་གཞུང་གིས་དབྱིན་ཡིག་དྲིལ་བསྒྲགས་རྫུན་མའི་མཐིལ་བརྟོལ་ཆེད་ཐེངས་འདིའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དཔར་འགྲེམས་བྱས་པ་ཞིག་ཡིན་སྟབས། དེབ་དེ་བརྒྱུད་ནས་མ་འོངས་པར་བོད་དོན་སྐོར་སྔར་ལས་ཤེས་རྟོགས་ཡོང་བར་མཐུན་རྐྱེན་དུ་འགྲོ་བའི་རེ་བ་ཡོད་ཚུལ་སོཊ་གསུངས་བྱུང་།

ཚོགས་འདུའི་མཇུག་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོས་ཉམས་ཞིབ་པ་དང་། གསར་འགོད་པའི་བར་དཔེ་དེབ་དེའི་བརྗོད་དོན་ཐད་དྲི་བ་དྲིས་ལན་གནང་ཡོད།

གསར་འགོད་པ། དཔལ་ལྡན།   

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གསར་དུ་ཕྱོགས་སྒྲིག་དཔར་སྐྲུན་ཞུས་པའི་དབྱིན་ཡིག་དཔེ་དེབ་རྒྱབ་ཤ་དཀར་པོ་ (why Tibet is burning?) ༼བོད་མེ་ལ་སྲེག་དོན་ཅི༽ཞེས་པ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་བསྐྱངས་སོང་། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese