མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་མྱུལ་དཔུང་རྟགས་དམར་པོ་ཅན།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རེབ་གོང་རོང་བོ་དགོན་ཆེན་གྱི་སྨོན་ལམ་ཆེན་མོའི་སྐབས་རྒྱ་གཞུང་གི་དོ་དམ་ཤུགས་ཆེན་བྱས་ཡོད་པ་དང་། མི་མང་ནང་དཔུང་རྟགས་དམར་པོ་ཅན་བསྐོ་བཞག་གིས་རང་ལུས་མེར་བསྲེགས་དང་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་ལྐོག་མྱུལ་བྱེད་དུ་བཅུག་ཡོད་འདུག

བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཟུང་རེབ་གོང་དུ་སྨོན་ལམ་ཆེན་མོ་འཚོགས་ཡོད་པ་དང་། ཉིན་འགའི་སྔོན་ནས་རེབ་གོང་ཁུལ་དུ་རྒྱ་དམག་ཕོན་ཆེན་འབྱོར་ཏེ། རོང་བོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དང་སྐོར་ལམ་ཁག མི་མང་འདུ་འཛོམ་བྱེད་སའི་སུམ་མདོ་དང་ཟམ་ཁ་སོགས་སུ། དམག་མི་མང་པོའི་ལག་ཏུ་དེང་དུས་ཀྱི་གོ་མཚོན་སྣ་ཚོགས་དང་། མེ་གསོད་ཡོ་ཆས་འདྲ་མིན་བཟུང་སྟེ་ཉིན་མཚན་གཉིས་ཀར་ལྟ་རྟོག་བྱེད་བཞིན་ཡོད་པ་དང་། སྲང་ལམ་ཁག་ཏུ་དམག་མིའི་རླངས་འཁོར་མང་པོ་སྐོར་བསྐྱོད་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་རང་ལུས་མེར་བསྲེགས་སྐོར་ཀྱི་དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་སྐད་ཤུགས་ཆེན་པོས་བསྒྲགས་ཏེ། ཆོས་མཇལ་བ་ཚོར་སུན་གསེར་དང་འཇིགས་སྣང་ཆེན་པོ་སྤྲད་ཡོད་འདུག  

གཞན། དེ་སྔོན་ལོ་གསར་མ་སླེབ་སྔོན་ཙམ་ནས། ས་གནས་ཀྱི་གུང་ཁྲན་ཏང་ཡོན་དང་། གཞུང་གི་སྐྱོབ་གསོ་རག་མཁན། དེ་མིན། སྡེ་བ་རེའི་མི་ ༣༠ ཙམ་རེ་ལ་རྒྱན་བརྒྱབ་སྟེ་དཔུང་རྟགས་དམར་བོ་འདོག་ཏུ་བཅུག་ཡོད་པ་དང་། དཔུང་རྟགས་དམར་བོ་འདོག་མཁན་དེ་དག་གི་ལས་འགན་སྐོར་གནས་ཚུལ་དེར་བཀོད་དོན། “ ཁོང་ཅག་གི་ལས་འགན་ནི། རྒྱ་གཞུང་གིས་འཆད་ཀྱིན་པའི་མི་རིགས་ཁ་བྲལ་དང་རང་སྲེག་བྱ་སྤྱོད། ཆབ་སྲིད་ཕྱོགས་གཏོགས་ཀྱི་སྐད་ཆ་འདྲ་མིན་ཐོས་ཚེ་ཡར་ཞུ་བྱ་དགོས་པ་སོགས་ཡིན་ན་ཡང་། རྒྱ་གཞུང་གིས་དཔུང་རྟགས་དམར་པོ་འདོག་མཁན་དག་ནི། རང་ཉིད་གང་དུ་སྡོད་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་གཙང་བཟོ་དང་། མེ་སྐྱོན་ལ་མཉམ་འཇོག སྤྱི་ཚོགས་ཀྱི་རྒྱུན་ལྡན་མ་ཡིན་པའི་ཉེས་གསོག་རིགས་ལ་ལྟ་རྟོག་བྱེད་བྱ་རྒྱུ་དེ་ཡིན་ཟེར” ཅེས་བཀོད་འདུག

མུ་མཐུད་བསྟན་དོན། “ ཚོང་ཁང་དང་ཟ་ཁང་ཡོད་དོ་ཅོག་ནས་མི་གཅིག་རེ་ཡིས་ངེས་པར་དུ་དཔུང་རྟགས་དམར་བོ་འདོགས་དགོས་ཤིང་། གལ་ཏེ་མ་བཏགས་ཚེ་མ་འོངས་པར་ཚོང་ཁང་ཟ་ཁང་རིགས་གཉེར་མི་ཆོག་པ་མ་ཟད། དེའི་སྟེང་དུ་ཉེས་ཁྲིམས་གཅོད་རྒྱུའི་འཇིགས་བསྐུལ་བྱེད་ཀྱིན་འདུག” ཅེས་དང་། “ དེ་ནི་རྒྱལ་ཁབ་ཀྱི་དམག་མི་མ་ཡིན་པའི་ལས་བྱེད་པ་དང་ལས་བསྐྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ། དེ་དག་གི་བུ་རབས་ཚ་རྒྱུད། ཐ་ན་མང་ཚོགས་ཁྲོད་དུའང་མང་བོ་བསྐོ་བཞག་བྱས་འདུག་པར་མ་ཟད། མི་དེ་དག་ལ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་འགན་འཁུར་ལེན་དུ་བཅུག་ཡོད་པ་རེད” ཅེས་བཀོད་འདུག

ད་ཐེངས་ཆོ་འཕྲུལ་སྨོན་ལམ་སྐབས་སུ་རྒྱ་གཞུང་གིས་ངན་ཇུས་འདྲ་མིན་དང་ཐབས་བརྒྱ་ཇུས་སྟོང་སྒོས་མི་མང་གི་འདུ་འཛོམ་ལ་བཀག་འགོག་བྱས་ཡོད། མ་ཟད་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་ཕ་ཡུལ་སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་དགོན་པ་ནས་ཡིན་པའི་གྲྭ་བཙུན་ ༢༥ རེབ་གོང་ལ་མཇལ་སྐོར་དུ་ཡོང་སྟེ། མགྲོན་དུ་སྡོད་སྐབས་ཉེན་རྟོག་པ་སྐོར་ཞིག་གིས་མགྲོན་ཁང་ལ་སྡོད་དུ་མ་བཅུག་པར་མཚན་གུང་ཆུ་ཚོད་ ༡༡ ཙམ་ལ་ཕྱིར་ཟི་ལིང་ལ་མི་ལོག་ཐབས་མེད་བྱུང་ཡོད་འདུག

གནས་ཚུལ་ནང་བཀོད་པར། རེབ་གོང་དུ་འདི་ལྟར་རྒྱ་གཞུང་གིས་དམ་དྲག་བྱེད་དགོས་དོན་ནི་སྨོན་ལམ་སྐབས་མི་མང་མང་པོ་འཛོམས་སྐབས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཡོང་བར་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། ལོ་སྔོན་མའི་གསུམ་བཅུའི་དུས་དྲན་མཇུག་ཏུ་རོང་བོ་དགོན་པའི་གྲྭ་འཇམ་དབྱང་དཔལ་ལྡན་ལགས་དང་། ཤ་རིང་ནས་ཡིན་པས་མི་སྐྱ་བསོད་ནམས་དར་རྒྱས་སོགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་བྱས་པ་སོགས་ལ་བརྟེན། ད་ལོ་སླར་ཡང་དོན་རྐྱེན་དེ་དག་ཡོང་སྲིད་པར་འཇིགས་སྣང་བྱས་པ་ཞིག་ཡིན་སྐོར་སོགས་བཀོད་འདུག

རེབ་གོང་ས་ཁུལ་དུ་དར་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རེབ་གོང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོས་རོང་བོ་ནང་སོ་ངག་དབང་བསོད་ནམས་དང་བཀའ་བགྲོས་མཛད་དེ། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོར་ཕྱི་ལོ་ ༡༧༣༢ ལོར་གསར་དུ་བཙུགས་ཏེ། ད་ལྟའི་བར་ལོ་ངོ་ཉིས་བརྒྱ་སུམ་ཅུ་ལྷག་རིང་མ་ཉམས་པར་རྒྱུན་མཐུད་པ་ཞིག་ཡིན་འདུག  

ཆོ་འཕྲུལ་ཟླ་བའི་ཚེས་ ༡༡ ནས་ ༡༦ བར་རོང་བོ་དགོན་ཆེན་གཙོས་དགོན་མ་ལག་གྱི་དགེ་འདུན་པ་སྟོང་ཕྲག་མང་པོ་འཚོགས་ཆེན་འདུ་ཁང་དུ་ཚོགས་ཏེ་སྨོན་གྱི་ཆོ་ག་སྒྲུབ་ཅིང་། ཚེས་ ༡༣ ཉིན་ཆོས་མཇལ་བ་རྣམས་ལ་རོང་བོ་དགོན་ཆེན་གྱི་ནང་རྟེན་ལ་མཇལ་ཁ་ཡོད་པ་དང་། ཚེས་ ༡༤ ཉིན་གོས་སྐུ་ཆེན་མོར་སེར་སྦྲེངས་དང་བཅས་ཏེ་གདན་འདྲེན་ཞུས་ཏེ་མཇལ་ཁ་གཏོང་བ། ཚེས་ ༡༥ ཉིན་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་གཟུགས་གདན་འདྲེན་གྱི་མཇལ་ཁ་གཏོང་བ། ཚེས་ ༡༦ ཉིན་དགྲ་འཆམ་གཏོང་རྒྱག་གིས་སྨོན་ལམ་ཆེན་མོར་འཚོགས་པ་སོགས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༢༢ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨

མཆན། 1

  1. ཀླུ་སྨྱོན། says:
    ལོ་ 13 སྔོན།

    དབུ་མའི་ལམ་སྟེང་ན།
    རྒྱ་དམག་ལོས་ཀྱང་ཡོད།
    བུ་དགོས་སྟུ་ཚ་བཟོད།
    དབུ་འདོད་རྒྱ་དམག་བཟོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese