མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇམ་དབྱངས་ནོར་བུའི་སྐྱོན་འདོགས་ལ་ཞིབ་འཇུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་ནོར་བུའི་སྐྱོན་འདོགས་ཀྱི་གཏམ་གླེང་ལ་ཞིབ་འཇུག་རོབ་ཙམ་བྱས་པ།

                                                དབང་ཕྱུག་ཚེ་རིང་གིས་བརྩམས། བསྟན་འཛིན་ཤེས་རབ་ཀྱིས་བསྒྱུར།

འཇམ་དབྱངས་ནོར་བུས་ཉེ་ལམ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ང་ཕོད་འཇིགས་མེད་ལགས་ལས་གནས་ནས་བུད་དོན་ཐད་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ལྷན་དང་དབུ་བཞུགས་མགོ་ཁྲིད་རྣམ་པ་ཚོའི་ཐོག་སྐྱོན་འདོགས་འདྲ་མིན་མང་པོ་ཞིག་བྱས་འདུག  འདིའི་སྐོར་དངོས་འབྲེལ་བདེན་པ་ཡིན་མིན་ཞིབ་འཇུག་གིས་ཚིག་ཁ་ཤས་མ་བྲིས་མཐུ་མེད་བྱུང་། ཕྲན་རང་ལ་འཇིགས་མེད་ལགས་ལས་གནས་ནས་བུད་དོན་ཇི་ཡིན་སྐོར་དོ་སྣང་དེ་ཙམ་མ་བྱུང་ཡང་། འཇམ་ནོར་གྱིས་དེ་ནི་པེ་ཅིང་གི་གནོན་ཤུགས་འོག་སྲིད་སྐྱོང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ལྷན་ནས་བྱུས་གཞི་གཏིང་སྟེ་བྱུང་བ་ཞིག་རེད་ཅེས་ཟེར་བ་ནི་ཁུངས་མེད་ཀྱི་གཏམ་འཆལ་ཞིག་ཏུ་སྣང་ཡང་། དེ་འདྲའི་སྐྱོན་འདོགས་བྱེད་མཁན་འཇམ་ནོར་ཙམ་དུ་མ་ཟད། གཙོ་ཆེ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཞིག་གིས་ཀྱང་དེ་མཚུངས་སྐྱོན་འཛུགས་བྱས་འདུག  དེར་བརྟེན་འགན་འཁུར་ཡོད་པའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་ཚོགས་གཙོ་རྣམ་གཉིས་ནས་དེ་དག་ལ་ལན་འདེབས་འཐུས་ཚང་གནང་འདུག་པར་དགའ་པོ་བྱུང་།

གོམ་པ་གཉིས་པ་གང་འདྲ་ཞིག་སྤོ་མིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁོང་ལ་རག་ལས་ཡོད། ང་རང་སྒེར་གྱི་ངོས་ནས་བློ་མི་བདེ་བ་བྱུང་གཞི་ནི། འཇམ་ནོར་གྱི་རྩོམ་ཡིག་ཀློག་མཁན་གྱི་བོད་མི་གཞན་ལྟར་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་(CTA)སི་ཀྲི་ཨེ་ཞེས་བོད་སྐད་ནང་དབུས་བོད་མིའི་སྒྲིག་འཛུགས་ཞེས་པ་དང་། བཀའ་བློན་ཁྲི་པའི་མཚན་ཡང་སྲིད་སྐྱོང་ཞེས་པར་མཚན་བསྒྱུར་གཏན་འབེབས་གནང་བ་དེ་དག་པེ་ཅིང་གཞུང་གི་གནོན་ཤུགས་འོག་གནང་དགོས་བྱུང་བ་ཞིག་དང་། རྒྱ་གཞུང་དགའ་པོ་ཡོང་བའི་ཆེད་དུ་གནང་བ་ཞིག་རེད་ཅེས་སྐྱོན་འདོགས་བྱས་པ་དེར་བློ་གཡེང་ཆེན་པོ་བྱུང་། སྐད་ཆ་འདི་དག་ལ་བདེན་པའི་ཆ་རྩ་བ་ནས་མེད་པར་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོར་སྐུར་འདེབས་ཞུས་པ་ཞིག་རེད།

འཇམ་ནོར་ཁོ་པས་ཤེས་གསལ་ལྟར་བསྒྱུར་བཅོས་འདི་དག་ནི་འདས་པའི་ལོ་གཅིག་གི་གོང་དུ་༸གོང་ས་མཆོག་ཉིད་ནས་གང་ཉིད་ཆབ་སྲིད་ཀྱི་ཐུགས་འགན་ནས་རྒན་ཡོལ་ཆ་ཚང་བཞེས་གནང་སྟེ་སྲིད་དབང་ཡོང་རྫོགས་མང་མོས་འོས་སྡུའི་ལམ་ནས་འདེམས་ཐོན་བྱུང་བ་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེང་གེར་སྐུ་དབང་རྩིས་སྤྲོད་གནང་སྐབས་གསལ་བསྒྲགས་གནང་ཡོད་པ་རེད། སྐབས་དེར་༸གོ་ས་མཆོག་གིས་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་མི་སྣ་བཅས་ཚང་མར་བསྒྱུར་བཅོས་དེ་ལྟར་གནང་དགོས་པའི་དགོས་པ་དང་རྒྱུ་མཚན་གསལ་བཤད་ཞིབ་རྒྱས་གནང་ཡོད། དེ་རྗེས་འདི་ལོའི་དབྱར་ཀ་ཨི་ཀྲ་ལིར་ཆིབས་སྒྱུར་སྐབས་དང་། ལ་དྭགས་སུ་བཀའ་སློབ་གསུང་བཤད་ཀྱི་སྐབས་སུ་སླར་ཡང་འདི་སྐོར་བསྐྱར་ནན་འགྲེལ་བཤད་ཤིན་ཏུ་རྒྱས་པོ་གནང་ཡོད། དེ་སྐབས་བཀའ་གནང་དོན། མི་ཁ་ཤས་ཀྱིས་༸རྒྱལ་བ་རིན་པོ་ཆེས་བོད་དོན་གློད་གཏོང་གི་འདུག་ཅེས་གཞི་མེད་ཀྱི་སྐྱོན་འདོགས་བྱེད་ཀྱི་འདུག་པར་བརྟེན། དེ་རིང་དོན་ཚན་འདིའི་ཐོག་བསྐྱར་དུ་གསལ་བཤད་གནང་དགོས་བྱུང་ཞེས་བཀའ་ཕེབས།

རྒྱུ་མཚན་དེ་ལ་བརྟེན་ནས་འཇམ་ནོར་ཡང་བོད་རིགས་སྤུན་ཟླ་ཞིག་ཡིན་པར་བརྟེན་ངས་རེ་བསྐུལ་བྱ་རྒྱུར། ཁྱེད་ཀྱིས་ཆེད་མངགས་བྱས་པ་ཡིན་རུང་མིན་རུང་སླད་ནོར་འཁྲུལ་གྱི་ལས་ཀ་དེ་རིགས་ནམ་ཡང་མ་བྱེད་རོགས་ཞེས་འབོད་སྐུལ་བྱ་རྒྱུ་ཡིན། རང་ཉིད་ཕྱོགས་རྐྱང་པའི་འདོད་པ་གཞིར་བཟུང་གནས་ཚུལ་ཕྱོགས་བསྒྲིགས་ཀྱིས་ཁྱབ་སྤེལ་བྱེད་པ་འདིས་མི་རབས་གསར་པའི་ན་གཞོན་ཚོའི་བསམ་བློའི་ནང་གནོད་ཚབས་ཆེན་པོ་བཟོ་གི་འདུག  ལར་ནས་༸གོང་ས་མཆོག་གིས་གོང་གསལ་བསྒྱུར་བཅོས་གཉིས་བཏང་གནང་བའི་སྐོར་རྒྱུ་མཚན་གསལ་བཤད་གནང་བ་དེ་དག་གང་དང་གང་བཀོད་གནང་ཡོད་པ་དེ་ཚོའི་ཐོག་བསམ་བློ་བཏང་ནས་ནང་དོན་གོ་བ་ལོན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། བཀའ་སློབ་ཕེབས་དོན་ལ། སི་ཏི་ཨེ་ཞེས་པའི་མཚན་བྱང་དེ་ཉིད་འདེམས་གནང་དགོས་དོན་གཙོ་བོ་ནི་ཕྱི་ལོ་༡༩༥༩ ལོའི་དབྱར་ཀར་༸གོང་ས་མཆོག་དང་རྒྱ་གར་གྱི་སྲིད་བློན་པཎྜིཏ་ནེཧེ་རུ་རྣམ་གཉིས་མ་སུ་རིར་མཇལ་འཕྲད་སྐབས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་བེད་སྤྱོད་གནང་ན་འགྲིག་མིན་གསུངས་པ་དེ་ལ་ཐུག་ཡོད། ༸གོང་ས་མཆོག་གིས་དེ་འདྲའི་འཆར་གཞི་ཡོད་ཚུལ་སྐོར་ནེཧེ་རུ་ལ་གསུང་སྐབས་ནེཧེ་རུས་ལམ་འཕྲལ་འཆར་གཞི་དེར་རྒྱ་གར་གཞུང་གིས་ངོས་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་ཐག་ཆོད་པོའི་སྒོ་ནས་བཀག་འགོག་གནང་ཡོད། དེར་བརྟེན་སི་ཀྲི་ཨེ་ཞེས་པའི་མིང་དེ་གཏན་འབེབས་གནང་དགོས་བྱུང་བ་རེད།

སྲིད་སྐྱོང་ཞེས་པའི་མིང་ཚིག་དེ་ཉིད་བོད་རིགས་ཚང་མར་རྒྱལ་རབས་ལོ་རྒྱུས་ཀྱི་ཆ་ནས་གནད་འགག་དང་དོན་སྙིང་གཏིང་ཟབ་ལྡན་ཡོད། མིང་དེ་ཉིད་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་བར་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་སྐབས་བེད་སྤྱོད་བྱས་ཡོད། སྔོན་དུས་༸རྒྱལ་དབང་སྐུ་ཕྲེང་གཅིག་སྐུ་གཤེགས་ཀྱིས་ཆུང་སྲིད་གསར་པ་སྐུ་ན་མ་སོན་གྱི་བར་བརྒལ་དུས་ཡུན་དེའི་རིང་བོད་ཀྱི་ལུགས་གཉིིས་ཀྱི་ཐུགས་འགན་བཞེས་མཁན་༸རྒྱལ་ཚབ་གཅིག་བོད་ལྗོངས་ཚོགས་འདུ་ཆེན་མོ་བསྐོང་ཚོགས་ཀྱིས་འདེམས་བསྐོ་ཞུ་བ་དེའི་མཚན་ལ་སྲིད་སྐྱོང་ཡང་ཞུ་སྲོལ་ཡོད། དེ་གཞིར་བཟུང་བློ་བཟང་སེང་གེ་སི་ཀྲི་ཨེ་ཡི་བཀའ་ཁྲི་གསར་པར་འདེམས་ཐོན་བྱུང་བའི་འགན་བཞེས་དམ་འབུལ་མཛད་སྒོའི་སྐབས་༸གོང་ས་མཆོག་གི་གསུང་བཤད་གནང་སྐབས་གང་ཉིད་ཀྱིས་མཚན་གནས་འདི་ལོ་དྲུག་བཅུའི་གོང་དུ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཚུར་བཞེས་གནང་བ་དང་། དེ་རིང་བཀྲ་ཤིས་དགའ་སྟོན་གྱི་ཉིན་འདིར་བློ་བཟང་སེང་གེ་ལ་ཕར་རྩིས་འབུལ་གནང་རྒྱུར་དགའ་ཚོར་ཆེན་པོ་བྱུང་། ཞེས་གསུངས་ཡོད། དེར་བརྟེན། རྒྱ་ཆེའི་བོད་རིགས་མི་མང་རྣམས་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་ཡོངས་ལ་སྲིད་སྐྱོང་ཞེས་པའི་མིང་ཚིག་འདི་ལ་རྒྱལ་རབས་ལོ་རྒྱུས་ཀྱི་གནད་འགག་ཆེན་པོ་ཡོད་པ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསལ་འདེབས་ཞུ་རྒྱུ་ཡིན། །

མ་རྩོམ་གྱི་དྲ་ཐག https://sites.google.com/site/tibetanpoliticalreview/letters-to-the-editor/somefact-checkingofjamyangnorbu%E2%80%99sallegations

 

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 24

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    རེད་ད། ཏང་ཕྲུག་གིས་ཚོད་དཔག་བྱེད་དུས་དཔྱོད་ཤེས་ཀྱི་རིག་པ་སྐྱག་རྐུབ་ནང་ལ་གཏད་དེས་ཚོད་དཔག་བྱེད་ཀྱི་རེད། དེ་དུས་ཁོས་ཏང་དང་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་རིག་དགྲ་ཟླར་བཟུངས་ནས་ཡི་གེ་བྲིས་ཤེས་ལ་མི་ཤེས་ལ་གཅིག་བྲིས་ནས་ཁ་བརྡུང་གཏོང་ཨེ་ཐུབ་བལྟ་ཡི་རེད། འོན་ཀྱང་བོད་བཙན་པོའི་མི་རིགས་ཀྱིས་ཁོ་ལ་ནམ་ཡང་མགོ་བོ་མི་བསྒུར་ཙང་ཁོ་པ་ཅི་བྱ་མི་ཤེས་པར་ངན་སྨྲས་དང་དམོད་ངན་ཡོད་ཚད་དྲངས་ནས་ངུ་འབོད་བྱེད་ཀྱི་རེད་དོ། བལྟོས་ཨཱ།

    Reply
  2. འཇམ་གཅེས ། says:
    ལོ་ 12 སྔོན།

    ངས་ཚོད་དཔག་བྱས་མྱོང་བ་བཞིན་མི་ངན་ཁ་ཤས་ཀྱིས་རང་མདོག་དངོས་སུ་མངོན་ཡོང་གི་འདུག ། ཡིན་ཡང་སྙིང་རྗེའི་ཡུལ་ལས་མ་འདས་་་ཨ་་ཁ་ཁ་ཁ་ཁ་་་་་་་་ཁ་ཐབ་མེད་པར་ཁ་རུ་ཚ་་་ཟེར་སྲོལ་དེ་ཅི་མ་བདེན་་་་་་་་

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    འདྲེ་ནི་འདྲེ་རང་རེད། ཚན་མོར་རྒྱུ་བའི་འབྱུང་པོའི་ཚོགས་རྣམས་མ་གཏོག་མཐོང་གི་མེད་པ་འདྲ། མི་ས་འོག་ཏུ་སོང་ཟིན་ཡང་འཕྱ་དམོད་གྱིས་ནད་རྙིང་རོ་ལངས་རྒྱགས་རྩིས་ཡོད་པ་འདྲ། དེ་ནི་གཞན་གང་ཡང་མིན་པར་ལོ་ངོ་བཅུ་ཕྲག་གི་ཡར་སྔོན་དུ་འཇུ་ཆེན་གྱིས་ཟམ་གདོང་བླར་རྒན་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ཚན་ལ་ལེའུ་གཉིས་མར་བར་ཆད་བྱེད་རྩིས་བྱས་པ་དེས་ནད་མི་འཁྱོག་པར་འཇུ་ཆེན་ས་འོག་ཏུ་སོང་ཟིན་ཡང་འཁོན་འཛིན་གྱིས་ནད་རོ་སློང་འདོད་ལས་ཅི་ཡང་མ་རེད་དོ།

    Reply
  4. འདྲེ། says:
    ལོ་ 12 སྔོན།

    ངོ་དེབ་སྟེང་གི་གླེང་སློང་ཚ་ཤོས་ཀྱི་སྐད་ཆ་ཞིག

    ༼ རྒྱ་མིའི་སོ་པ་ལས་ཀྱང་སྡུག་པ་ཞིག

    སྔོན་བྱུང་བ་འདས་པའི་དུས་ན། ཡུལ་གསེར་ལྗོངས་བླ་རུང་གི་ཡུལ་ཏུ་གཏོགས་པའི་ས་ཆར་སྐྱེས་བ་བང་ཚུལ་ཞེས་འབོད་པ། གྲྭ་བའི་གཟུགས་ལ་ཐོས་བསམ་གྱི་ཡོན་ཏན་དང་དམ་སྡོམ་སྤྱོད་པ་བྲལ་བ་ཞིག་ཡོད་པ་དེ། འཕགས་ཡུལ་ཆོས་ཀྱི་ཞིང་སར་བྲོས་བྱོལ་དུ་སླེབས་མ་ཐག སེམས་ཤུགས་ཆེན་པོས་སློབ་སྦྱོང་ཚད་ལྡན་ཞིག་བྱ་དགོས་ལས་དམིགས་ཡུལ་གཞན་མེད་སྟབས། སྣེ་ལེན་ཁང་ནས་བཟུང་རང་ཉིད་ཀྱི་ལོ་རྒྱུས་དྲང་པོར་ཞུས་ཡོད་ནའང། བར་སྐབས་ཤིག་ནས། ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་ཕོག་གཟན་དང་བཙན་བྱོལ་ནང་གི་རྙོག་དྲ་ཐམས་ཅད་ཀྱི་མགོ་ཁུངས་ཆུ་སྒང་ཞེས་རང་འདོད་དུ་བཏགས་པ་ངོ་ལོག་ཕྱོགས་ལྷུང་སྡེ་ཁག་གི་མགོ་གཙོ་འཇུ་ཆེན་ཐུབ་བསྟན་དང་འཕྲད། མགོ་གཙོས་ཐབས་མཁས་ཆེན་པོས་བང་ཚུལ་ཁམས་པ་བཟོ་ཆེད་ཇུས་བཏིངས་ཤིང། ཇུས་བཏིངས་བ་དང་ཇུས་གཞིར་ཚུད་པའི་བརྒྱུད་རིམ་ཡོད་ཚད་བང་ཚུལ་རྦད་དེ་ནག་འཐོམས་མེར་ཆགས་ཡོད།

    འོན་ཀྱང། རྒྱ་མིར་ལག་འབྲེལ་ཅན་རྟ་སྲས་ཚུལ་ཁྲིམས་དང། དོལ་གསོ་བླ་གཟུགས་རེ་ཤོས་སོགས་ཀྱི་མཐུ་ལ་བརྟེན་ཞིང། འཇུ་ཆེན་གྱི་ཐུགས་རྗེ་གྲིབ་བསིལ་འོག བང་ཚུལ་གྱི་གཡོ་འཕྲུལ་སྣ་ཚོགས་ལམ་དུ་སོང་སྟེ་བང་ཆེན་གསར་ཁང་བཙུགས་ཤིང། དོན་དངོས་པོར་ཕྱོགས་ཁག་ཅིག་གི་དམིགས་ཡུལ་དྲིལ་བསྒྲགས་གཙོ་བོ་ཡིན་པའི་བང་ཆེན་གསར་ཤོག་སྟེང་དབུ་མའི་ལམ་དང་དེ་འཛིན་གང་ཟག་དང་བཅས་པར་ཟུར་ཟ། མིང་འདྲ་མིན་སྣ་ཚོགས་ཐོག་སྐྱེ་ཆེན་དམ་པ་རྣམས་ལ་མཚན་སྨོད་སྐུར་འདེབས་ཚད་ལས་བརྒལ་བ་བྱས་སྟབས། བཀོད་མངགས་ལས་དོན་སྒྲུབ་པ་རྣམས་མགོ་གཙོ་ཚོའི་ཐུགས་སུ་སོང་བ་མ་ཚད། ཁོང་མུ་མཐུད་སྤྱི་འཐུས་ལ་འདེམས་བཞིན་པ་རེད།

    ཁོང་ཆུ་སྒང་རྙིང་པའི་ཨབ་ཕྲུག་ཁྱི་གུ་རྔ་མ་མེད་པ་ཞིག་ཡིན་ནའང། ཁོས་དེ་རྩ་ནས་མ་ཚོར་བར་ད་དུང་འཆར་གཞི་ལྡན་པའི་སྒོ་ནས་རང་བཙན་བཤད་ཁུལ་དང། དབུ་མར་རྒོལ་འཛིངས་ཀྱིས་མདོ་དོན་རང་ཕྱོགས་ལ་ཁེ་ཕན་སྒྲུབ་ཆེད་ཀྱི་ལས་དོན་གཉེར་བ་དང། བཙན་བྱོལ་ནང་གི་ཁེ་ཕན་ཡོད་ཚད་ཟ་སེམས་དམ་འཛིན་བྱེད་བཞིན་པ་རྣམས་ཕྱོགས་གཏོགས་ཀྱིས་ཁོང་ལ་མཐའི་དམིགས་ཡུལ་ཚོར་དུ་བཅུགས་ཡོད།

    རྒྱུ་མཚན་དེས། ༧གོང་ས་མཆོག་ངོས་ལེན་མེད་པ་དང། དེའི་དགོངས་གཞི་ངོས་ལེན་མེད་པ། ༧ཟམ་གདོང་རིན་པོ་ཆེར་ཁྱད་གསོད། དབུ་མའི་ལམ་ལས་འགུལ་ཁང་མེད་ན་འགྲིགས་རབ་སོགས་བསམ་ཚུལ་སྣ་ཚོགས་ཕྱོགས་གཅིག་གི་མི་མང་ནང་ཡང་ཡང་ཁྱབ་བསྒྲགས་བྱ་བཞིན་ཡོད། ཁྱབ་བསྒྲགས་དེའི་དབང་གིས་མི་མང་དེ་ཚོར་ཕྱོགས་གཅིག་གི་བཤད་སྟངས་མ་གཏོགས་མཐོང་ཐོས་ཡོང་གི་མེད་སྟབས། ག་དུས་ཡིན་ནའང། འོས་ཤོག་རག་རྒྱུ་ལ་དཀའ་ངལ་གང་ཡང་ཡོང་གི་མེད། ཁོང་གྲོས་ཚོགས་ནང་སླེབས་པ་ཙམ་གྱིས་ཆོལ་ཁའི་བར་གྱི་འགལ་ཟླ་ཡོད་ཡོད་པ་ཡིན་ཞིང། དགའ་ཤར་སོག་པ་ཁམས་ཚན་གྱི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཡང་ནས་བསྐྱར་དུ་ཡིག་ཐོག་ནས་ལོ་རྒྱུས་རྫུན་བཟོར་དགག་གཞག་བྱས་པ་མ་ཚད། ཁོང་གིས་རྫུན་བཟོ་དང་སྙོག་ལས་བྱས་པའི་འཁྲབ་སྟངས་ཡོངས་རྫོགས་ཁུངས་སྐྱེལ་དང་བཅས་ཏེ་ཐེར་འདོན་གནང་ནས། ཚིག་གི་ཤུགས་ན་ཆུ་སྒང་རྙིང་པའི་ལག་ཆར་མི་འགྲོ་བ་དང། ལམ་ནོར་ལྡོག་ཤེས་བྱེད་རྒྱུར་བསླབས་བྱ་རྒྱབ་འདུག ཡིན་ནའང། ཁོས་ད་དུང་མུ་མཐུད་རྒྱ་མིའི་སོ་པ་ལས་ཀྱང་སྡུག་པའི་ནང་རུལ་ནང་གཏོར་གྱི་ལས་དོན་དེ་དག་མཚམས་བཞག་ཡོད་པ་མ་རེད།། ནམ་ཞིག་ཁོ་མི་ཚད་ལྡན་ཞིག་བྱ་རྩིས་ཡོད་དམ།། ༽

    Reply
  5. བསྟན་ཆོས། says:
    ལོ་ 12 སྔོན།

    འཇམ་ནོར་ལ་མ་བབ་ནི་ཞིག་རེད། ལྷག་དོན་ཤེས་མདོག་གིས་རྫུན་བསྒྲོག་བྱེད་པ་ནི་མཁས་པའི་ལས་ཀ་ལ་ཡིན། འཇམ་ནོར་ཀྱི་དེ་ཉིད་ཇེ་གསལ་རེད།

    Reply
  6. འཇམ་གཅེས ། says:
    ལོ་ 12 སྔོན།

    དྲ་གྲོགས་ལྷན་རྒྱས། ངས་སོ་སོར་རང་ཉིད་མི་ཡག་པོ་ཡིན་པ་དང་། ངས་གང་བཤད་བདེན་གཏམ་དང་། གཞན་གྱི་གང་བཤད་སྐྱག་རྫུན་རེད་བཅས་དུས་ནམ་ཡང་བཤད་མ་མྱོང་ལ། དུས་ནམ་ཡང་བཤད་མི་སྲིད། ངས་གང་བཤད་པ་དེ་དག་སོ་སོས་བདེན་རྫུན་དབྱེར་འགྱེད་མི་དགོས་པ་ཁྱེད་ཚོས་གནང་བའི་རེ་བ་ཡོད། ལུང་རིག་གི་རྒྱུ་མཚན་མང་པོ་མི་དགོས་པར་ཁོང་ཚོས་བྲིས་པས་མཆན་ཉོག་རྩོམ་ཉོག་དག་ལ་སྤྱན་གཤེར་རེ་གནང་ནས་ཐུགས་བསམ་རེ་གཞེས་དང་གསལ་གསལ་ཐིང་ཐིང་རེད་དྲན། ཁོང་ཚོས་དུས་རྟག་ཏུ་རང་གཞུང་གི་སྲིད་ཇུས་དང་། བྱས་པ་ཅན་གྱི་མི་སྣར། མཐའ་ན་༸གོང་ས་ཡིད་བཞིན་ནོ་བུ་མཆོག་ལ་ཡང་མང་རང་དབང་དང་། སྨ་བརྗོད་དབང་ལོག་དུ་འགྲེལ་སྟེ་དངོས་ཤུག་ཅི་རིགས་ནས་ཟུར་ཟ་དང་ངན་སྨྲས་གང་དང་གང་བཟོ་གྱི་འདུག་མིན་གཟིགས་དང་། གཟུར་གནས་བློ་ལྡན་གྱི་སྐྱེ་བོ་རེ་འགའི་དྲང་བདེན་དང་གནས་ལུགས་ཡོད་པའི་བཀའ་མོ་རེ་གནང་བ་མཐོང་ཚེ་ཁོང་ཚོས་སྙིང་གར་གྲའི་གཙག་པ་ལྟར་ན་ཟུག་ལོངས་ཀྱི་ཡོད་པ་རེད། དེ་མིན་གཞུང་དང་༸གོང་ས་ཡིད་བཞིན་ནོར་བུའི་གཙོས། བཀའ་དྲིན་ཅན་གྱི་མི་སྣར་སྐྱོན་འཛུགས་དང་ཟུར་ཟ་བྱེད་མཁན་ཞིག་མཐོང་ཚེ། ལམ་སེང་སྐད་སྒྲ་མཐོན་པོ་སྒོ་ནས་བསྟོད་གླུ་བཏང་བཞིན་པ་ཁྱེད་ཚོས་ལོས་མཁྱེན། ངས་དེ་རིང་དྲ་ལམ་ཐོག་བྲིས་པས་མཆན་འདི་དང་། སྔོན་མ་གང་བྲིས་པ་དེ་དག་འཁོན་འཛིན་དང་། ལྷག་པར་དུ་སྒེར་ནད་དང་། ཆོས་ཆོལ་རིགས་རུས་སོགས་ཀྱི་ཕྱོགས་ཞེན་གང་ཡང་མེད་པ་དང་། མི་རེ་ཟུང་ཀྱི་འདོད་ཚུལ་ལྟར་མི་ཁར་བསྔོག་འདོད་གཏན་ནས་མིན་ཞེས་ལས་འབྲས་དཔང་པོར་རུ་འཇོག་ངེས་ཡིན། གང་ཞུས་དེ་དག་བོད་སྤྱི་པའི་རྩ་དོན་ལ་ཕན་འབྲས་ཡོད་མིན་ཇི་ལྟར་ཡང་བསམ་བློའི་འཁྱེར་སོ་དང་ལྷག་བསམ་ལ་ཞེན་ཆ་དང་། མ་དག་པ་མེད་པར་རང་གིས་རང་ལ་ཡིད་ཆེས་དང་སྤོབས་པ་ཡོད།
    ཡང་དགོས་པ་ཅན་དུ་ཡོད་ཚད་ཁ་ལ་འཁྱེར་ནས་ངན་ཇུས་ཀྱི་དྲི་ཙམ་ཡང་མེད་པ་ཡང་རང་གི་རང་ལ་ཡིད་ཆེས་ཡོད།།
    སྐབས་རེ་དྲ་ལམ་འདིའི་ནང་དུ་ཡོང་མི་འདོད་པའི་ཚོར་སྣང་རེ་ངང་གི་ཡོང་ཀྱི་འདུག །ཡིན་ཡང་རང་གང་ཤར་གྱི་དབྱེན་དཀྲུགས་དང་གནས་ལུགས་བདེན་པའི་གནས་གང་ཡོང་ལོག་ལམ་དུ་བསྒྱུར་འདོད་ཀྱི་སྦྱོར་ངན་རེ་མཐོང་དུས་རང་གར་འདུག་ན་ལས་འབྲས་དང་། མི་རིགས་ཀྱིས་འགན་འཁུར་མི་འདོད་པའི་ཐལ་ཤལ་ཅན་གྱི་མི་བུའི་གྲས་སུ་འགྲོ་བར་དོག་ནས་མཆན་འབུ་རེ་འབྲི་བཞིན་ཡོད། མཆན་བུ་དེ་དག་གི་ནང་དུ་ཚིག་བེད་སྐྱོད་སྟངས་དང་སོགས་དྲ་བའི་སྒྲིག་གཞི་དང་འགལ་བ་ཡང་ཡོད་སྲིད་ཀྱང་། མཆན་འདེབས་ཡུལ་རྩོམ་ཉོག་དང་་མི་ངན་དག་གི་བྱ་སྤྱོད་མཐོང་དུས་སྙན་པོ་ལེགས་པོ་ཞིག་ཡོང་ཐབས་ངོ་མ་མི་འདུག །

    Reply
  7. འཇམ་གཅེས ། says:
    ལོ་ 12 སྔོན།

    རེད་རེད་གསར་བྱུང་ཐམ་ཅད་ལྷ་ཡི་དངོས་གྲུབ་དང་། །རྙིང་སྲོལ་ཐམ་ཅད་བདུད་ཀྱི་ཆོ་འཁྲུལ་ལྟ་མཁན་བོང་རྒན་ཤོག་ཁག་གཅིག་གི་འདས་པའི་ལོ་ཤས་ནས་དྲ་ལམ་གང་སར་ཁྱི་སྨྱོན་རྒྱུག་རྒྱུག་བྱས་ནས་བསྡད་ཡོད་པ་ཤེས་ཀྱིན་ཡོད། དོན་དངོས་མི་འདི་དག་གི་བྱ་སྤྱོད་ལ་བརྟེན་ནས་མི་རིགས་ཀྱིས་བདེ་སྡུག་སེམས་སུ་བཅངས་མཁན་དང་། བོད་སྤྱི་ཡི་འགན་འཁུར་ནས་ཕྱག་ལས་གནང་མཁན་༸གོང་ས་ཡིད་བཞིན་ནོར་བུ་གཙོས་གནད་ཡོད་མི་སྣ་དག་ནས་གསུང་ཤོར་དགོས་པ་བཟོས་པ་ཡང་ཉུང་ཉུང་ག་ལ་ཡིན། ད་དུང་ལོག་བཤད་དང་ཧམ་བཤད་ཁོ་ནིའི་ལམ་ནས་བོད་མིའི་སྤྱི་ཚོགས་ཁ་ལོ་བསྒྱུར་འདོད་ཀྱི་ངན་སེམས་འདིའི་རྒྱ་ལྗོངས་སུ་ག་རེ་ཡོད་མིན་དཔྱད་དགོས་པ་ལས་རྩོམ་ཡིག་དང་མཆན་བུ་གང་ཡོད་དྲ་ནང་དུ་སྤུངས་གང་ཐུབ་བྱས་ནས་བསྡད་པ་ཡིན་ན་འཇུག་འབྲས་ངན་པ་ཞིག་འོང་མི་སྲིད་པ་གཏན་ནས་མིན་པས་ངས་དྲ་བདག་སོ་སོར་ལ་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་ཞུ་རྒྱུར།

    སྤྱིར་སྨྲ་བརྗོད་རང་དབང་དང་། མང་གཙོས་རང་དབང་། ཡང་དགོས་པ་ཅན་དུ་མང་གཙོའི་ཀ་ཆེན་བཞི་པར་རུ་གྲགས་པའི་བརྒྱུད་ལམ་ནི་གལ་ཆེན་ཡིན་མིན་ངས་གསལ་བཤད་དགོས་གལ་མི་འདུག །ཡིན་ཡང་ད་ལྟའི་ང་ཚོས་སྤྱི་ཚོགས་འདིའི་ནང་དུ་གོ་སྐབས་འདྲ་མིན་བརྒྱུད་ནས་ཕྱི་སྣང་ནང་འཁྲིད་དང་། འཆར་སྣ་རླུང་འཁྲིད་བཟོ་མཁན་མེད་བཅས་སུ་གང་གི་ཐག་གཅོད་མི་ཐུབ། རྒྱུ་མཚན་དེའི་ཕྱིར་ཁྱེདཅག་གིས་གཉེར་བཞིན་པའི་དྲ་ལམ་དག་ནི་ཁོང་ཚོས་རང་སྣང་གང་ཤར་གྱི་ཞབས་བྲོ་འཁྲབ་སའི་སྡིང་ཆ་ཞིག་ཏུ་མི་འགྱུར་བ་དང་། བརྒྱུད་ལམ་འདིའི་ནང་ནས་བོད་སྤྱི་ཡི་རྩ་དོན་ལ་གནོད་གཞི་འབྱུང་ཚེ་དྲ་བདག་སོ་སོ་ལ་འགན་ག་ཚོད་ཡོད་མིན་དུས་རྟག་ཏུ་སེམས་སུ་བཅངས་རོགས་བཅས་རེ་བསྐུལ་ཡིན།།

    Reply
  8. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཧ་ཧ། ཏང་ཕྲུག་སྐྱག་ཟན་འདིས་ད་དུང་གུང་ཁྲན་ཏང་ཡོན་ལ་བསྟོད་གླུ་ལེན་རྒྱུ་ཡིན་ཟེར་གྱི་འདུག་ག། བྱས་ཙང་མི་རིགས་ཀྱི་བླ་བཙོང་དང་རྒྱལ་བཙོང་པ་འདི་ཚོས་ནམ་ཞར་ཞར་ལ་ཏཱ་ལའི་བླ་མ་དང་བོད་ལྗོངས་ཁ་བྲལ་ལོག་སྤྱོད་ཤོག་ཁག་ཟེར་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་རྒྱུ་ལ་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པ་རེད། ༼གལ་སྲིད་དགོས་གལ་བྱུང་ན་མི་ཡི་རྣམ་དཔྱོད་ལྡན་མཁན་དག་ལ་འགྲེལ་བརྗོད་ཡིན་ན་ཅིག།༽ ཧ་ཧ། མི་ཡི་རྣམ་དཔྱོད་ཕར་ཟད་ཁྱི་དང་ཕག་པས་ཀྱང་ཉན་གྱི་མ་རེད་དོ། གལ་ཏེ་ཉན་མཁན་ཡོད་ན་ཁྱི་དང་ཕག་པའི་ཁོངས་སུ་གཏོགས་པའི་མི་རིགས་ཀྱི་བླ་བཙོང་བ་དང་རྒྱལ་བཙོང་བ་དེ་ཚོ་ཡིན་རྒྱུ་རེད། དེ་ཚོ་ནི་ཏང་མཇེ་འཇིབ་མཁན་དང་ཚེ་བརྟན་སྒྲོལ་མའི་སྟུ་བལྡགས་མཁན་གྱི་གྲས་རེད་དོ། ཧ་ཧ་ཧི་ཧི།

    Reply
  9. འཇམ་གཅེས ། says:
    ལོ་ 12 སྔོན།

    བྱས་ཙང་བོང་རྒན་ཁྱོད་རང་ག་དུས་ཡིན་ན་འདི་འདྲ་རེད། རང་མགོ་བརྡོའི་བརྡུང་ནས་འདུག་མཁན་ཞིག་རེད། རང་རློམ་ཆེ་བའི་དབང་གི་་་ཆོས་སྲིད་གང་ལ་ཡང་ཇུས་གཏོགས་དགོས་སྣང་ཤར་ནས་་ཡོད་ཚད་རིལ་རིལ་བཟོ་མཁན་ཞིག་ཡིན་པ་ངས་སྔོན་མ་ནས་ཤེས་ཀྱིན་ཡོད། དོན་དངོས་ཆོས་དང་ཆབ་སྲིད་གང་ཡང་མི་ཤེས་པའི་གཉིས་མེད་ཀྱི་དབུ་ཕོང་སྒྲེན་མོ་ལག་སྟོང་ཅན་ཁྱོད་རང་མི་ཤེས་ན་ཁ་ཁར་འདུག་དང་སུ་གང་གི་བཙང་དབང་གི་དད་མཁན་ཡོད་པ་མ་རེད། གང་ལྟར་གཞུང་མང་གཉིས་གཉིས་ཀྱིས་བཟོ་གསོལ་ཞུ་དགོས་པའི་འབྱུང་རྩ་ངོ་མ་དེ་ངོས་ཟིན་པ་བྱོས་ཤིག །ངས་གཞིས་བྱེས་བོད་མི་སུ་འདྲ་ཞིག་ཡིན་རུང་དཔོན་གནས་གོ་ས་གང་འདྲ་ཐོབ་པ་ཡིན་ན་དེ་ལ་འཚམས་འདྲི་ཞུ་ངེས་ཡིན། དེ་ཡང་ང་རང་གི་མངོན་འདོད་དང་ཐོང་ཐང་ཡིན། དགོས་པ་དང་རྒྱུ་མཚན་རེ་རེ་བཞིན་མི་ངན་ཁྱོད་དང་ཀྱིས་ཕྱོགས་གཏོགས་པ་དག་ལ་འགྲེལ་བཤད་དགོས་གལ་མི་ཆེ། གལ་སྲིད་དགོས་གལ་བྱུང་ན་མི་ཡི་རྣམ་དཔྱོད་ལྡན་མཁན་དག་ལ་རྒྱུ་མཚན་དང་་ལྡན་པའི་སྒོ་ནས་ཞུ་ངེས་ཡིན། །

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཧ་ཧ། མི་བྱས་པས་བོང་བུའི་བཟོ་འདྲ་ཞིག་འདུག།
    བྱས་ཙང་སྟོན་པའི་བདག་པོ་སྟོན་པ་བཅོམས་ལྡན་འདས་རང་ཉིད་སྐྱེ་འཆི་ལ་རང་དབང་ཡོད་ཀྱང་གདུལ་བྱ་མི་རྟག་པ་ལ་ངེས་ཤེས་བརྙེས་པའི་ཆེད་དུ་རྩ་མཆོག་དྲུང་དུ་དགོངས་པ་མྱ་ངན་ལ་འདས་ཚུལ་བསྟན་པའི་བྱུང་རབས་དེ་ཚོ་འགྲེལ་བཤད་ཇི་ལྟར་རྒྱགས་རྩིས་ཡོད།
    དེས་ན་བོད་མི་རིགས་ཀྱིས་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་བྱེད་པའི་༧གོང་ས་མཆོག་གི་ཐུགས་ལ་ཉེ་རིང་མི་མངའ་ན་ཐུགས་ཕམ་མཛད་ཚུལ་བསྟན་ནས་བཀའ་སློབ་ལམ་སྟོན་དེས་འཇུག་ལྡོག་གི་བྱ་བར་འཇུག་དགོས་པ་ཞིག་གསུངས་པ་ལས། བཀའ་སློབ་དུམ་ཚན་དེ་འཁྱེར་ནས་མི་དམངས་ནང་ཁུལ་དུ་དབྱེན་སྦྱོར་བྱེད་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་རྩ་བ་ནས་མ་རེད།
    མ་གཞི་ནས་ཏང་ཕྲུག་སྐྱག་ཟན་ཁྱོད་༧གོང་ས་མཆོག་དང་གཞུང་དམངས་ལ་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་མཁན་ཁྱོད་༧གོང་ས་མཆོག་གི་བཀའ་སློབ་གཅིག་གཅིག་གཉིས་གཉིས་ཟེར་རྒྱུ་ངོ་མི་ཚའམ།
    མ་ཟད་༧གོང་ས་མཆོག་ཐུགས་ཕམ་བྱུང་བ་དེ་གཞུང་དམངས་གཉིས་ཀས་ལྷ་དགོངས་དྭངས་བའི་བཟོད་གསོལ་ཞུས་ཚར་བ་རེད། འོན་ཀྱང་ཏང་ཕྲུག་སྐྱག་ཟན་ཁྱོད་བཀའ་སློབ་དུམ་ཚན་དེ་ཁ་གཡར་ནས་ཡང་སྐྱར་བོད་མི་ནང་ཁུལ་ལ་ཁ་བརྡུང་གཏོང་བའི་ལམ་ལུགས་ཀྱི་དབང་ཚད་སུས་སྤྲད་སོང་།
    ངོ་ཚ་ཁྲེལ་གཞུང་མེད་མཁན་ཁྱོད་མིན་ན་སུ་རེད། ཧ་ཧ། དུས་བབས་ཚང་གིས་ཚད་བཀག་གནང་ཡུལ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀོད་མངགས་ནན་པོ་དེ་ཐབས་བརྒྱུ་ཇུས་སྟོང་གིས་བོད་མི་ནང་ཁུལ་ལ་དབྱེན་སྦྱོར་ལས་རྩོམ་མཁན་ཁྱོོད་འདྲ་བ་དེ་ཚོ་བཀག་འགོག་གནང་གི་རེད་དོ། ཧ་ཧ་་་ཧི་ཧི།

    Reply
  11. འཇམ་གཅེས ། says:
    ལོ་ 12 སྔོན།

    སྤྱིར་བཏང་གོང་གཤམ་གསལ་མཆན་དེ་ཚོས་ནང་དུ་གཏམ་ཨ་ཕའི་བཤད་རྒྱུར་ཨ་མའི་བཤད། ཁྱི་བདག་པོའི་བཀག་རྒྱུར་འགྲོན་པོའི་བཀག་ཟེར་སྲོལ་ལྟར། ཧམ་པ་རི་བོ་ཙམ་ཞིག་བཤད་ནས་བདེན་པ་གཡག་ཙམ་ཞིག་ཐོབ་རེ་བཅངས་བ་མ་ཡིན་ན་གང་ཡིན། ངས་འདོད་ཚུལ་ངོམ་ནི་༸གོང་ས་མཆོག་དང་རང་གཞུང་གི་མཛད་གཙོ་དང་། རང་གཞུང་གི་སྲིད་ཇུས་ལ་སྐྱེ་བོ་སུ་འདྲ་ཞིག་གི་གཞི་མེད་སྐྱོན་འཛུགས་དང་། སྐུར་འདེབས་དང་། གཞི་མེད་སྒྲོ་འདོགས། དགོས་མེད་འུར་བཤད། དེ་བཞིན་ཡོད་ཚད་ཁའི་རྒྱན་ཆར་རུ་སྤྲས་ཏེ་སྐབས་འདྲ་མིན་འཚོལ་ནས་ངན་གོམས་རིང་ལུགས་སུ་ལང་ཤོར་ཕྱིན་པའི་མི་ངན་དག་ས་ཕྱོགས་གང་ན་སུ་ཡོད་པ་དེ་དག་འབུར་འཇོམས་བཟོ་འདོད་དེ་ནི་ངས་འདོད་མོས་དང་དགའ་ཞེན་ཆེ་ཤོས་ཡིན། ད་དུང་ཁྱེད་ཚོས་ཤེས་དགོས་པ་ཞིག་ལ། དེ་སྔར་ད་བར་དུ་རྒྱ་ནག་གཞུང་དང་དེ་མིན་བོད་རིགས་དམར་ཤོག་ལས་མི་སུ་གང་གི་༸གོང་ས་མཆོག་ལ་གཞི་མེད་ངན་སྨྲས་དང་། སྐུར་འདེབས། སྒྲོ་འདོགས། དེ་བཞིན་སྐྱོན་འཛུགས་གང་འདྲ་མིན་སྣ་ཚོགས་བྱས་ཡོད་ཀྱང་ཐུགས་ཕམ་གྱི་གནས་སུ་བརྫངས་ཐུབ་མེད། རང་རེའི་བཙན་བྱོའི་ནང་གི་མཁས་རློམ་པ་དང་རང་མཐོང་ཅན་རེ་འགའི་དེ་ལྟར་ནུས་ཀྱིན་ཡོད་པ་ངས་ཁྱེད་ཚོར་གསལ་བཤད་དགོས་གལ་འདུག་གམ། དུ་དང་ཁྱོད་ཀྱིས་ལོག་བཤད་འདིར་གང་ཡིན་པས་ཁུལ་ཡིན། ཐུགས་ཕམ་ཚུལ་བསྟན་པ་ཟེར་ན་ཅི་རེད། ཐུགས་མ་ཕམ་ཡང་ཕམ་འདོད་འཁྲབ་ནས་མི་མང་མགོ་བསྐོར་བཏང་བ་ཡིན་ནམ། ཁྱོད་ལོག་བཤད་དེའི་དོན་ངོ་མ་གང་དུ་སླེབས་སོང་། དྲིན་ང་རིམ་བཞིན་བཞིན་འཐུལ་གྱི་མི་འདུག་གམ། ཧ་ཧ་ཧཧ་་་་གང་ལྟར་ཁྱོད་ཀྱིས་ངོས་འཛིན་ཁྱོད་ཀྱིས་འདོད་མོས་ལོས་ཡིན། ཡིན་ཡང་གཞིས་བྱེས་མི་མང་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་བ་ངོས་འཛིན་གྱིན་ཡོད་པ་ལས་ཚུལ་སྟོན་པ་དང་འཁྲབ་པ་ཞིག་ལ་ངོས་འཛིན་བྱས་མེད། དེ་བཞིན་གཞུང་སྒེར་ཚོགས་པ་དག་གི་གསལ་བསྒྲགས་དང་བགྲོག་གླེང་སྣ་ཚོགས་གནང་བ་དེ་ཁྱོད་མགོ་བོ་དོང་ནང་བཅུགས་ནས་མ་ཚོར་བ་ཡིན་ནམ་་་་་མཁྱེན་ཡང་དྲ་གྲོགས་རྣམ་པར་གཟིགས་དང་་་་ཁོས་ག་རེ་བཤད་འདུག །དེ་སྔར་༸གོང་མཆོག་ནས་དོལ་རྒྱལ་བཀག་འགོག་གནང་སྐབས་ཡང་མི་ངན་རེ་འགའི་ལོག་འགྲེལ་དེ་འདྲ་བཟོས་པ་རེད། དྲང་ངེས་དང་ཚུལ་སྟོན་པ་སོགས་ལ་ཁ་གཡར་ནས་་་རང་སྣང་གང་ཤར་འགྲེལ་བཤད་བཟོས་པའི་་རྐྱེན་གྱིས་༸གོ་ས་མཆོག་གི་མཐའ་ད་དུང་ཡང་དེའི་བསྐོར་ཞལ་ཞེ་གཉིང་མེད་ཡིན་བསྐོེ་ཡང་ཡང་གསུང་དགོས་པ་བཟོས་པ་རེད། དེ་ལ་དྭགས་དང་ཨེ་ཊ་ལི་བཀའ་སློབ་དག་ལ་མི་མང་ནས་དངོས་དོན་ཇི་བཞིན་རྟོགས་ཡོད་ཀྱང་། ཡང་མི་ངན་འདི་དག་གི་ཚུལ་སྟོན་པའི་གྲས་སུ་བརྫངས་གང་ཐུབ་བཟོ་བཞིན་འདི་གང་ཡིན་ནམ་་་་་དུས་བབ་གསར་ཁང་གི་ལོག་འགྲེལ་གང་འདོད་གནང་མཁན་འདི་ཚོར་ཚད་བཀག་མེད་པ་གང་ཡིན་ནམ་་་་་་་་་་་་

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཧ་ཧ། རེད་ཡ་ཏང་ཡོན། ༧རྒྱལ་བ་རིན་པོ་ཆེས་ལ་དྭགས་དང་ཨི་ཊ་ལིར་བཀའ་སློབ་བསྩལ་དུས་ང་ཚོས་སྨྱོ་ཆུ་བཏུང་ནས་བསྡད་མེད་ལ་རིག་པ་གྲུང་རིག་རིག་གིས་རྣ་བ་གཏད་ནས་ཉན་པ་ཡིན་ལ་ཁྱོད་ལས་ང་ཚོས་མང་བ་ཤེས་ཀྱི་ཡོད། འོན་ཀྱང་ཁོང་ཐུགས་ཕམ་མཛད་ཚུལ་བསྟན་གཞི་གཙོ་བོ་བོད་གཞུང་ཞེས་པའི་ཐ་སྙད་དེ་སྒྲིག་འཛུགས་ལ་རྗེ་བསྒྱུར་བྱས་པ་དེར་འགའ་རེས་༧རྒྱལ་བ་རིན་པོ་ཆེས་བོད་གཞུང་མེད་པ་བཟོས་སོང་ཟེར་སྡུག་སྐད་རྒྱབས་པ་དེར་ཁོང་ཐུགས་ཕམ་མཛད་ཚུལ་བསྟན་པ་ཞིག་ལས་བོད་རང་བཙན་གྱི་ལྟ་གྲུབ་འཁྱེར་ནས་ཁོང་གི་དགོངས་གཞི་ལམ་དབུ་མར་མཚན་སྨོད་ཞུས་སོང་ཟེར་ནམ་ཡང་གསུང་གི་མི་འདུག། མ་གཞི་ནས་༧རྒྱལ་བའི་ཐུགས་ལ་ཉེ་རིང་མི་མངའ་ན་བཀའ་སློབ་དེ་ཚོ་ལམ་སྟོན་ཆེད་གསུངས་པ་ཞིག་ལས།བཀའ་སློབ་དུམ་ཚན་ཁ་ལ་འཁྱེར་ནས་ཉམས་ཆུང་མི་དམངས་ནང་ཁུལ་འགལ་ཟླ་སློང་བྱེད་དང་ཕན་ཚུན་སྡིག་སྨོད་བྱེད་རེས་ཆེད་གསུངས་པ་ཞིག་རྩ་བ་ནས་མ་རེད་ལ། ནམ་ཡང་ཁོང་གི་དགོངས་གཞི་དང་ལྡོག་ཕྱོགས་རེད་ལ་དད་དམ་ལ་རྨ་ཁ་བཟོ་བྱེད་ཞིག་ལགས་ན་ཁྱོད་ཀྱི་དེ་ལྟར་མི་ཤེས་པ་ནི་སྨྱོ་ཆུ་ཁྱོད་ཀྱིས་བཏུང་བ་མིན་ན་ཅི་རེད།
    ད་དུང་རང་གཞུང་དང་༧རྒྱལ་བ་རིན་པོ་ཆེ་དང་མཛད་གཙོ་རྣམས་པར་ངན་སྨྲས་བཟོ་ཆོག་ན་ཟེར་ན་ཅི་ཟེར་ལེ་རེད། ངན་སྨྲས་བཟོ་མཁན་ངོ་མ་དེ་ཏཱ་ལའི་སྐྱེ་ཕྲེང་༡༤ པ་དང་ཁ་བྲལ་རིང་ལུགས་པར་ཁྱོད་ཤི་ང་གསོན་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་དུས་ཁྱོད་ཀྱིས་བསྟོད་གླུ་བླངས་སོང་ང་། ངན་སྨྲས་ཁྱོད་ལས་ཚབས་ཆེན་སུས་ཞུས་སོང་། རང་མདོག་མ་སྟོན་ཏང་ཕྲུག་ཁྱོད།
    ད་དུང་རྣག་ཐོག་གཙག་འཁེལ་ཡིན་ན་ཅིག། ཡི་གེ་དེ་ཡང་དག་པོ་ཅིག་བྲིས་མི་ཤེས་པར་རྣག་ཐོག་གཙག་འཁེལ་ཞིག་ག་པར་ག་པར། རྨི་ལམ་མ་གཏོང་ལོ།
    ཧ་ཧ། ལོག་སྤྱོད་ཤོག་ཁག་ང་ཚོས་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་མགྲིན་པ་གཟེངས་སུ་བཏེག་ནས་ཏང་དང་་ཏང་ཕྲུག་ཁྱོད་ཚོར་ནམ་ཡང་མགོ་བསྒུར་གྱི་མ་རེད་དོ།

    Reply
  13. འཇམ་གཅེས ། says:
    ལོ་ 12 སྔོན།

    སྤྱིར་ལོ་སྤྱོད་པ་ཕྱོགས་གཏོགས་དང་བཅས་པར་ཡ་ལན་བཟོ་འདོད་གང་ཡང་མི་འདུག །རྒྱུ་མཚན་གང་ཡིན་ཞེ་ན། ག་དུས་ཡིན་ཡང་འདྲེ་ཤར་སྒོ་དང་ཀླུད་སྒོའི་དཔེར་ལས་མ་འདས། ད་དུང་ཡོད་ཚད་ཁ་ལ་འཁྱེར་བཞིན་མི་མང་མགོ་བོ་འཁོར་ཐབས་སུ་བརྩོན་པ་ཡང་ཉུང་ཉུང་ག་ལ་ཡིན། མདོར་བསྡུས་ནས་བཤད་ན་༸གོང་ས་མཆོག་གིས་སྔ་་ཕྱིར་མང་པོ་དང་་་ཡང་དགོས་པར་ཅན་དུ་2012ལོར་ལ་དྭགས་དང་ཨི་ཕྲ་གླིང་སོགས་སུ་ཐུགས་ཕམ་པོའི་སྒོ་ནས་བཀའ་སློབ་དེ་ཚོ་ཁྱེད་ཚོའི་སྨྱོ་ཆུ་མཐུང་ནས་བསྡད་མེད་ན་ཤེས་དགོས་པ་ལས། ངས་རེ་རེ་བཞིན་གསལ་བཤད་བཟོ་འདོད་གང་ཡང་མེད། ཁྱེད་ཚོས་ནམ་རྒྱུན་བསྡུག་སྐད་འདོན་བཞིན་པའི་གནད་དོན་གཙོ་བོ་ཞིག་ནི་ཆོས་ལུགས་དང་དེའི་དད་མདུན་ཁ་གཡར་ནས་ནང་ཁུལ་དཀྲུགས་གང་ཐུབ་དང་། མི་མང་མགོ་བོ་བསྐོར་འདོད་ཀྱི་སྟོང་བསམ་དེ་བསམ་བློ་ནར་སྨིན་མཁན་ཚང་མའི་ཤེས་ཀྱི་རེད། ད་དུང་མངའ་རིས་འཕྲིན་ལས་ཅན་གྱི་གང་བཤད་འདུག་་་་་ཆོས་ལུགས་བྱེ་ག་གེ་མོའི་དབང་བསྒྱུར་དགོས་པ་དང་ཆོལ་ཁའི་འཐེན་འཁྱེར་བཟོ་མཁན་སུ་རེད་་་གལ་སྲིད་དེ་འདྲའི་མི་ཞིག་ཡིན་ན་ཁྱོད་རང་དང་ལོག་སྤྱོད་རི་ཁག་སོགས་ལས་དེ་མིན་དེང་སོང་༸གོང་ས་ཆེན་པོ་སྐུ་འཚོལ་གནས་རིང་དུ་ཆེས་ཉུང་ངུ་རེད། སྤྱིར་བོད་དོན་འདི་གླེང་དགོས་ཚེ་ཕྱོགས་གང་ཐད་ནས་༸གོང་ས་ཆེན་པོ་མཆོག་དང་འབྲེལ་བ་རང་ཤུགས་ཀྱིས་ཆགས་ཀྱིན་ཡོད་པ་རེད་་་དེ་ལ་ཁྱེད་རང་ལ་མི་འདོད་པའི་སྡུག་བསྔལ་ཡོད་ན་ཡང་ཐབས་ཤེས་གང་ཡང་ཡོད་པ་མ་རེད། མང་གཙོ་ཁེ་དབང་ཡིན་ཟེར་ནས་གཞི་མེད་སྐྱོན་འཛུགས་བཟོ་མཁན་དག་ལ་གསལ་་གསལ་ཐིང་ཐིང་ལབ་པ་ཡིན་་་སུ་ལ་ཕོག་རུང་རྣག་ཐོག་གཙགས་འཁེལ་ཡིན། དོན་དངོས་ཁྱེད་ཚོས་ཆོས་ལུགས་ལ་རྒོལ་བཞིན་རང་གཞུང་གིས་སྲིད་ཇུས་དང་དེའི་ལམ་སྟོན་གནང་མཁན་༸གོང་ས་མཆོག་དང་མཛད་གཙོ་རྣམས་པར་གཞི་མེད་ངན་སྨྲས་བཟོ་ཆོག་ན་ངས་གནས་ལུགས་བཤད་མི་ཆོག་པ་གང་ཡིན་ནམ། ངས་ཁྱེད་ཚོར་ལ་བརྗོད་བཞིན་པ་ནི། ངོ་ཚ་ཁྲེལ་གཞུང་མེད་པ་དང་། རང་དབང་ཁ་ལ་འཁྱེར་བཞིན། ལ་རྒྱལ་ཁ་ལ་འཁྱེར་བཞིན། རང་བཙན་ཁ་ལ་འཁྱེར་བཞིན། མདོར་ན་ཡོད་ཚད་ཁ་ལ་འཁྱེར་བཞིན་ནང་ཁུལ་དཀྲུགས་ཤིང་གང་གི་གཡོ་སྒྱུར་ལ་རྣག་ཐོག་གཙགས་འཁེལ་བྱས་པ་ཙམ་ལས་་་་མང་གཙོའི་ཁེ་དབང་ལ་དོགས་ཕོག་གང་ཡང་བཏང་མེད་ལ་གཏོང་འདོད་ཀྱང་དེ་ལས་མེད། གོ་ཤེས་ན་དེ་ག་རང་ཡིན།

    Reply
  14. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    གང་ལྟར་བོད་མི་རིགས་འདི་ཉིད་ད་ལྟ་ཆབ་སྲིད་ཀྱི་བཙན་བྱོལ་དང་། ཆབ་སྲིད་ཀྱི་དྲག་གནོན་འོག་གནས་བཞིན་པ་ལས་ཐར་ཐབས་དང་། བདེ་འཁོད་ཡོང་ཐབས་ཁོ་ན་ལ་ཐབས་ལམ་གང་ཡོད་དང་། འབད་བརྩོན་གང་ནུས་བྱེད་པའི་དུས་ཡིན་པ་ལས་ཆོས་ལུགས་རེ་ཟུང་གི་བདག་དབང་རྩོད་རེས། བླ་ཆེན་མི་ཆེན་རེ་ཟུང་གི་ངོ་སྲུང་དང་དབང་སྒྱུར་བྱེད་པའི་དུས་ཤིག་མིན་པ་ཤེས་དགོས། ཆབ་སྲིད་ཀྱི་ལྟ་གྲུབ་དང་ཐབས་ལམ་མཐུན་མིན་ཐད་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་ཀྱང་། ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་གྱིས་སྐྱོན་བརྗོད་དང་ངན་སྨྲས་བྱེད་པ་ནི་མཐའ་བཤལ་པའི་བྱ་སྤྱོད་ལས་མ་འདས་སོ།

    Reply
  15. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཡང་ཏང་ཡོན་ཁོ་སླེབས་ནས་དམངས་གཙོ་ལ་ཁྲིམས་ལུགས་དང་འགྲོ་སྟངས། བཟང་སྤྱོད། འགན་འཁུར་སོགས་ཡོད་ཟེར།
    ཧ་ཧ། གུང་ཁྲན་ཏང་ལ་དམངས་གཙོ་དང་ཁྲིམས་ལུགས་བཟང་སྤྱོད་སོགས་ཡོད་པ་ངོ་མཚར་ཆེ། འོ་ན་གུང་ཁྲན་ཏང་གི་དམངས་གཙོའི་བརྒྱུད་རིམ་དང་ཁྲིམས་ལུགས་ཀྱི་འགྲོ་སྟངས། འགྲོ་བ་མིའི་རང་བཞིན་གྱི་བཟང་སྤྱོད་དང་སྤྱི་ཚོགས་ཀྱི་འགན་འཁུར་དེ་ཚོ་འགྲེལ་བཤད་ཡག་པོ་ཅིག་མེད་ན་ཁྱོད་ཀྱི་དམངས་གཙོ་དང་ཁྲིམས་ལུགས། བཟང་སྤྱོད། འགན་འཁུར་སོགས་ནི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་མོ་མིན་ན་ཅི་རེད།
    འོ་ན་དམངས་གཙོ་དང་སྨྲ་བརྗོད་རང་དབང་༧གོང་ས་མཆོག་གི་གནང་ཡོད་པ་རེད་མེད་པ་རེད། གལ་ཏེ་གནང་ཡོད་ན་སོ་སའི་བསམ་ཚུལ་བཤད་མི་ཆོག་པའི་རྒྱུ་མཚན་ཅི་རེད།
    གོང་ནས་བཀའ་བཏང་ཆོག་པ་དང་འོག་ནས་མི་དམངས་རང་བཞིན་གྱི་བསམ་ཚུལ་བཤད་མི་ཆོག་པ་དེ་ཡུལ་ལུང་སུའི་དམངས་གཙོའི་འགྲོ་སྟངས་རེད།
    འཇམ་ནོར་ལ་སོགས་པ་རང་བཙན་ལྟ་གྲུབ་པ་ཚོས་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལས་འགལ་བའི་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་གང་དུ་ཞུས་འདུག། དེ་ཚོ་རེ་རེ་བཞིན་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་ལས་འགལ་སྟངས་འགལ་ལུགས་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་དང་བཅས་གསལ་བཤད་མ་བྱས་པར་འོལ་ཚོད་ཀྱིས་ཟུར་ཟ་ཟེར་བ་དེ་ཚོ་གནས་ལུགས་དང་རྒྱུ་མཚན་རང་བཞིན་ལྡན་པའི་སྐད་ཆ་ཞིག་མ་རེད།
    དད་པ་བྱས་དང་མི་བྱས་ཟེར་བ་དེ་དད་མོས་རང་དབང་གཙང་མ་རེད་མ་གཏོག་དེ་ནི་བོད་མི་རིགས་ཀྱི་ཆབ་སྲིད་ནང་ལ་བཙན་གྱིས་དྲུད་ཡོང་ན་མ་འགྲིགས་པ་རེད། བྱས་ཙང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་ཟེར་བ་འདི་ཚོ་དད་ཞེན་གྱི་དབང་གིས་བྱུང་བ་ཞིག་མ་རེད་པས། དེས་ན་ཁྱོད་ཀྱིས་དད་ཞེན་ཁ་ལ་འཁྱེར་ནས་༧རྒྱལ་བ་རིན་པོ་ཆེས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཆ་ཚང་མི་དམངས་ལ་གནང་བཞག་པ་འདི་བསྡུ་གསོག་རྒྱགས་དགོས་པའི་དམིགས་ཡུལ་དེ་གུང་ཁྲན་གཅིག་བསྡུས་རིང་ལུགས་རྒྱ་བསྐྱེད་གཏོང་ཆེད་དམིགས་པ་ཞིག་མིན་ན་ཅི་རེད།
    རྒྱུ་མཚན་ཁྱོད་ཀྱིས་དུས་བབས་དང་ཁ་བརྡ་སོགས་ཀྱི་དྲ་ལམ་ཁག་ནང་བརྡ་དག་གང་ལ་ཡང་བལྟ་བཟོ་གཏད་བཟོ་མེད་པའི་མཆན་སྙང་མ་ཛར་ཛར་དེ་ཚོའི་ནང་ལ་ཕྱིར་མིག་ཅིག་བལྟོས་དང་། ཚེ་བརྟན་སྒྲོལ་མའི་རྐུབ་རྗེས་བརྙེགས་ནས་ཏང་ལ་བསྟོད་གླུ་ལེན་རྒྱུ་དང་དར་དམར་ལ་དགའ་ཞེན་བླ་མེད་ཅིག་ཡོད་པ་མ་ཟད། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པ་དང་ཁ་བྲལ་རིང་ལུགས་པར་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱེད་རྒྱུ་དམ་བཅའ་བརྟན་པོར་བཟུངས་ཡོད་པའི་བསྒྲགས་གཏམ་གནམ་ས་ཁེངས་པ་ཞིག་སྤེལ་དུས་རྗེས་སུ་ཡིད་རངས་ཀྱིས་བསྟོད་གླུ་ལེན་མཁན་ཁྱོད་མ་རེད་པས། བྱས་ཙང་ཏཱ་ལའི་བླ་མར་བཅངས་པའི་བརྩེ་གདུང་དང་དད་ཞེན་ག་ཚོད་ཅིག་ཡོད་མེད་གསལ་གསལ་ཐིང་ཐིང་ཆགས་ཚར་བ་རེད། དེས་ན་ཁྱོད་ཀྱིས་གནས་ལུགས་དང་རྒྱུ་མཚན་ཡང་དག་བསྟོན་རྒྱུ་མེད་པའི་མཚན་སྨོད་དང་ཟུར་ཟ་ཟེར་བ་དེ་ཚོ་ཁ་ལ་འཁྱེར་གང་ཐུབ་ཀྱི་མི་དམངས་རང་བཞིན་གྱི་སེམས་ཁམས་དཀྲུགས་མ་ཡོང་རོགས། མི་དམངས་རང་བཞིན་གྱིས་༧རྒྱལ་བ་རིན་པོ་ཆེར་བཅངས་པའི་དད་དམ་ལ་གཡོ་བ་མེད་ན་ཁྱོད་ཚོད་དོན་མེད་བླ་སློབ་ཀྱི་དམ་ཚིག་དང་དབུ་འཁྲིད་ཀྱི་འདུ་ཤེས་ལ་རྨ་མ་བཟོ་རོགས། གལ་སྲིད་འཇམ་ནོར་སོགས་ཀྱིས་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་ཡོད་ན་གང་དུ་ཞུས་འདུག། རྒྱུ་མཚན་ག་རེ་བྱས་ནས་ཞུས་འདུག། གང་གི་དོན་དུ་ཞུས་འདུག། དེ་ཡང་ཆོས་ལུགས་ཀྱི་དད་པ་བསྲེས་ལྷད་མེད་པ། དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ལུགས་གང་དུ་འགལ་འདུག། དེ་ཚོ་ཞིབ་ཕྲ་དྲ་ཐོག་ཏུ་བཀོད་ནས་དཔྱད་པ་བྱས་ཆོག་གི་རེད། དེ་མིན་ཟུར་ཟ་དང་མཚན་སྨད་ཟེར་བ་གཅིག་པུས་གནས་ལུགས་དང་རྒྱུ་མཚན་མི་ལྡན་པའི་སྐད་ཆ་ལས་གང་ཡང་མ་མཆིས་སོ།

    Reply
  16. འཇམ་གཅེས ། says:
    ལོ་ 12 སྔོན།

    དེང་སང་དྲ་ལམ་ཁག་ཏུ་དམངས་གཙོ་ཁ་ལ་ཁྱེར་ནས་དོན་དུ་ཕན་ལས་གནོད་ཆེ་བ་ཆོས་ལུགས་དང་ཁོལ་ཁའི་འཐེན་ཁྱེར་གྱི་དུག་རོ་རྙིང་པ་རྣམས་སློང་རྐྱེན་དང་མ་ཟད་སྨོན་ལོགས་དམ་གཟུགས་ཅན་གཟུགས་མེད་ཀྱི་དམ་སྲི་ཚོགས་པ་ལྟ་ཅི་བོད་རིགས་བྱིང་ནང་ཁུལ་ལས་ངན་བསོད་ཟད་བོད་པ་འགའ་ཡིས་བཀའ་དྲིན་ཁྱད་གསོད་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་རྒྱུ་མཚན་གང་ཡང་མེད་པར་མཚན་རྨད་ཞུ་བ་སོགས་ལས་ངན་གྱི་ཚབས་ཆེན་འདི་རྣམས་བློས་མ་བཟོད་ནས་ཡིན།

    Reply
  17. འཇམ་གཅེས ། says:
    ལོ་ 12 སྔོན།

    མི་ངན་འདི་དག་ནི་དུས་རྟག་ཏུ་སྨྲ་བརྗོད་རང་དབང་དང་མང་གཙོའི་ཁེ་དབང་ལོག་ལམ་དུ་འགྲེལ་ནས་བོད་མིའི་ནང་ཁུལ་དུ་མི་མཐུན་པ་བྱེད་མཁན་ངོོ་མ་དེ་ཡིན།

    ད་དུང་༸གོང་ས་མཆོག་དང་རང་གཞུང་གི་མཛད་གཙོ་རྣམས་པ་ཚོར་དུས་རྟག་ཏུ་དངོས་ཤུག་བརྒྱུད་གསུམ་ནས་གཞི་མེད་སྐྱོན་འཛུགས་དང་ཟུར་ཟ་བཟོ་མཁན་དག་ཡིན་པས་རང་གར་འཇོག་མིན་དོ་བདག་སོ་སོས་དབང་ཚད་ཡིན་པའི་ཆ་ནས་ངས་ཁ་བརྡུང་གཏང་དགོས་མིན་དེ་ཡང་ང་རང་གིས་དབང་ཚད་ཡིན་པར་འདོད་ཀྱིན་ཡོད། དེ་མིན་དོ་བདག་རང་གི་དབང་ཚད་ལས་ང་ལ་བསམ་ཚུལ་གང་ཡང་མེད།

    མང་གཙོས་འགྲོ་སྟངས་ལ་རློམས་མཁན་སྐྱེ་བོ་རེ་འགའི་འདི་ལྟར་ཟེར། རང་དབང་མང་གཙོའི་ལུང་པ་དང་། མང་གཙོའི་སྤྱི་ཚོགས་ནང་དུ་བསམ་ཚུལ་འདོན་དབང་ཡོད་པ་དང་་་་མང་གཙོའི་ཁེ་དབང་ཡིན་རབས་སོགས་ཟེར་ནས་ཡིད་རངས་རངས་དང་སེམས་འགུར་འགུར་བཟོ་ཀྱིན་འདུག་པས་ངས་ཁྱེད་ཚོ་ལ་བསམ་ཚུལ་ཐུང་ཙམ་བཤད་འདོད། ཁྱེད་ཚོས་འདོད་འདོད་བཞིན་པའི་མང་གཙོ་ཟེར་ཡག་དེར་ཁྲིམས་ལུགས་དང་། འགྲོ་སྟངས། བཟང་སྤྱོད། འགན་འཁུར་སོགས་ཡང་མི་དགོས་པར ཡོད་ཁ་སྟོང་ཚིག་སྟོང་ཁོ་ནའི་ལམ་དུ་བསྐྱོད་ཆོག་པའི་ལྟ་གྲུབ་ཞིག་དང་ཆབ་སྲིད་ཀྱི་ངོ་བོ་ཞིག་ཡིན་ནམ། དེ་ལྟར་ཡིན་ན་ཁྱོད་ཚོར་བདེན་པ་ལོས་ཡིན། དེ་མིན་མང་གཙོའི་ཁེ་དབང་ཁ་ལ་འཁྱེར་ནས་རང་སྣང་གང་ཤར་ཐོག་ནང་ཁུལ་དཀྲུགས་ཤིང་དང་། དགྲ་བོའི་མངོན་འདོད་ལ་དངོས་ཤུགས་བརྒྱུད་གསུང་ནས་བརྩོན་མཁན་དག་ལ་གོ་སྐབས་སྤྲོད་དོན་གང་ཡིན་སོ་སོས་བསམ་བློ་ཐོངས་ཤིག །

    Reply
  18. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    འཇམ་ནོར་ཕྱོགས་གཏོགས་ཟེར་བའི་ཚིག་གང་ལབ་པ་རེད། ཁོང་ནི་བོད་མི་རིགས་ལ་ལྷག་བསམ་ལྷད་མེད་པའི་མཁས་དབང་ཞིག་རེད། ཁོང་གི་ཕྱོགས་གཏོགས་ཟེར་བ་ནི་སླར་ཡང་བོད་མི་ཁ་ཐོར་གཏོང་བའི་བྱ་ངན་ཞིག་ལས་གང་ཡང་མིན། མ་གཞི་ང་ཚོ་བཙན་བྱོལ་ནང་ཁ་ཐོར་གཏོང་མཁན་རབ་དང་རིམ་པ་བྱུང་ཡོད། ཆོས་ལུགས་རེ་ཟུང་གི་རྙོགས་གཞི་བོད་མི་རིགས་ཀྱི་མཐུན་འབྲེལ་ལ་གནོད་སྐྱོན་བྱུང་བ་ཉུང་ཉུང་ཞིག་གཏན་ནས་མིན། ད་དུང་ཁ་ཐོར་བཟོས་ནས་ཡང་འཇམ་ནོར་ཕྱོགས་གཏོགས་ལ་ཆོས་དང་ཟང་ཟིང་འབྲེལ་བ་བཅད་རྒྱུ་རེད་ཟེར་བ་ཞིག་གོ་ཚོད་རེད། ཧ་ཧ་ཧ་ཆོས་ལུགས་ཆབ་སྲིད་ལ་སྲེ་དྲག་པས་འདི་དང་འདི་འདྲ་བ་རེད།

    Reply
  19. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    གང་ལྟར་གཡས་བཤད་གཡོན་བཤད་གང་བྱས་ཀྱང་བོད་མི་རིགས་ལ་ཕན་པ་ཞིག་ཡོད་ན་སྨྲ་མཁན་ལ་ཁྱད་པར་གང་ཡོད།དེ་བཞིན་བོད་མི་རིགས་ལ་གནོད་པའི་བྱ་བ་དང་སྐད་ཆ་གང་ཡིན་རུང་བྱ་མཁན་དང་སྨྲ་མཁན་ལ་ཁྱད་པར་མེད། ད་ལྟའི་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་ཉིད་མང་གཙོ་ལྟ་གྲུབ་ཅན་ཡིན་ཟེར་བ་ནི་དོ་དུ་གནས་ཡོད་མེད་གཟིགས་དང་། གཞུང་ལ་སྐྱོན་བརྗོད་དང་༧གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལ་བསམ་ཚུལ་བཤད་པ་ཙམ་གྱིས། རྒྱ་མིས་སོ་པ་དང་། དོལ་རྒྱལ་ཚོགས་པ་སོགས་རེད་ཟེར་ནས་ཁ་བརྡུང་དང་ངན་ལབ་བྱེད་པ་ནི་ཧ་ཅང་མི་འོས་པ་རེད། ནང་ལ་ཐུག་དུས་སྟག ཕྱི་ལ་ཐུག་དུས་ཝ་ཟེར་བ་དེ་བདེན་པ་རེད་འདུག

    Reply
  20. བཙན་ནག་པས། says:
    ལོ་ 12 སྔོན།

    འཇམ་དབྱངས་ནོར་བུ་ཡིན་ནའང་རེད། བློ་བཟང་རྒྱལ་མཚན་ཡིན་ནའང་རེད། བྱམས་པ་ཕུན་ཚོགས་ཡིན་ནའང་རེད། ཁོང་ཚོ་ཚང་མའི་ཁྲག་རྩའི་ནང་ལྷོག་ལྷོག་ཏུ་འཁོལ་བཞིན་པ་ནི་བོད་མི་རིགས་ཀྱི་ཁྲག་དམར་པོ་ཡིན། དེར་བརྟེན་ཁོང་རྣམས་པའི་ཐུགས་ལ་ཡང་བོད་མི་རིགས་ཀྱི་ལས་དབང་དཀའ་སྡུག་བསམ་མཁན་རྐྱང་རེད་བསམ། འོན་ཀྱང་རྒྱ་རྒན་གང་འདྲ་ཞིག་ཡིན་ཀྱང་ང་ཚོའི་ཕ་མེས་ཀྱི་མགོ་བོ་རྡུང་མཁན་གྱིས་དགྲ་བོ་ལག་དམར་བའམ་ལག་དམར་བའི་རིགས་རྒྱུད་རེད།

    Reply
  21. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཧ་ཧ། འཇམ་ནོར་འདི་ལྷ་ཆོས་རིང་ལུགས་ཀྱི་བསྟན་དགྲ་ཞིག་ཡིན་པ་འདྲ། འོན་ཀྱང་ཡ་མཚན་པ་ཞིག་ལ་བོད་མི་རིགས་ཀྱི་བླ་བཙོང་བ་བློ་བཟང་རྒྱལ་མཚན་སོགས་འགའ་རེ་གཞིས་ལུས་མི་དམངས་ཀྱི་གཤེད་མར་གྱུར་མ་ཐག། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་རྒྱུར་དམ་བཅའ་བརྟན་པོར་བཟུངས་ཡོད་པའི་བསྒྲགས་གཏམ་གནམ་ས་ཁེངས་པ་ཞིག་སྤེལ་ཡོད་ཀྱང་ལན་འདེབས་ཚིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། མ་ཟད་ལ་རེས་བསྟོད་གླུ་ལེན་མཁན་གྱི་གྲས་སུ་ཡོད་པའི་ཏང་ཕྲུག་འདི་ཚོས་ཏཱ་ལའི་བླ་མ་ལ་བཅངས་པའི་དད་པ་དང་གུས་བརྩི་ག་ཚོད་ཡོད་མེད་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་ལ། ད་དུང་གཏམ་བརྗོད་ཟློས་གར་འཁྲབ་རྒྱུར་བྱང་ཆུབ་པའི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་འཁྱབ་ནན་པོ་འདིས་ཕྱི་སྡོད་བོད་རིགས་སྤུན་ཟླའི་བསམ་བློ་མེས་རྒྱལ་ལ་ཁ་ཕྱོགས་པའི་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་དོན་ལེགས་གྲུབ་ཡོང་བ་བྱེད་རྒྱུ་དེ་དམིགས་འབེན་ལ་བཟུངས་ནས་ནང་ཁུལ་འགལ་འདུ་མེད་ས་ཞིག་ནས་འགལ་ཟླ་བཟོ་ཡི་ཡོད་པ་རེད། འགལ་འདུ་འདི་ཡང་ནས་སྐྱར་དུ་སློང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ཡང་འདི་རང་རེད།
    བྱས་ཙང་མི་སུམ་བཅུ་ལ་བསམ་བློ་གཅིག་དང་མཛོ་སུམ་བཅུ་ལ་ར་ཅོ་གཉིས་ཡོང་ཐབས་ཁོ་རང་ཡོད་པ་མ་རེད།
    བྱས་ཙང་བོད་མི་རིགས་འདི་རྡོག་རྡོག་གཅིག་ཡིན་དགོས་པའི་ཁ་བོ་ནམ་མཁའ་ལས་ཆེ་བ་གདངས་སྟངས་འདི་དོན་ལ་གནས་ཡོད་ན་ནང་ཁུལ་མི་མཐུན་པ་ཆུང་ཙག་རིགས་འགལ་ཟླ་ཆེན་པོ་མ་བཟོ་རོགས། གལ་ཏེ་བོད་མི་རིགས་འདི་ཁ་འཐོར་དགུ་འཐོར་ལ་གཏོང་འདོད་ཡོད་ན་མི་མཐུན་ཆུང་ཙག་རིགས་ཚང་མ་འགལ་འདུ་རྣོ་ངར་རང་བཞིན་ཅན་དུ་བསྒྱུར་ནས་མི་རིགས་ཀྱི་སེམས་ཁམས་ཐུག་པ་དཀྲུག་དཀྲུག་དཀྲུགས་རོགས་བགྱིས། དེ་ནས་ཁྱོད་ཚོའི་བསམ་པ་རྫོགས་ངེས་ལ་དམིགས་འབེན་ཡང་འགྲུབ་ངེས་སོ།

    Reply
  22. ཐུབ་བསྟན། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་དང་གཞུང་ལ་ཁ་རྡུང་ཁོ་ན་གཏོང་བ་ནི་དམར་པོའི་སྲིད་གཞུང་གི་འདོད་ལོ་ཆེད་གཉེར་གྱིས་བསྒྲུབས་པ་དང་གཉིས་སུ་མེད། མི་ངན་འདི་ཚོ་ནི་འཇམ་ནོར་དང་དེའི་རྗེས་འབྲང་ཐ་ན་རང་གཞུང་གི་སྤྱི་འཐུས་ནང་ན་ཡང་། རིག་ན་གད་མོ་དགོད་མཁན་མ་རིག་རྐུན་མ་རྐུ་མཁན་ཟེར་བའི་དཔེ་ལྟར་དབུ་མའི་ལམ་བུ་དེས་ཁོང་མི་འཁྱོལ་རབས་སྣ་ཚོགས་ཤིག་བཤད་མཁན་གང་བསྡད་ཡོད། དེ་དག་ལ་ཐབས་ལམ་གསར་གང་དགའ་ཅི་དྲག་གི་སྐོར་དྲིས་དེ་སྣ་གཅིག་སྟོན་རྒྱུ་མེད། སྔོན་༧གོང་ས་བཅུ་གསུམ་པའི་རང་བཙན་བསྒྲག་གཏམ་དེ་དེའི་སྐབས་ཀྱི་སྐུ་དྲག་ལམ་ལུག་པ་ཚོས་ཆུད་ཟོས་སུ་བཏང་ཚར། དེང་སྐུ་འཕྲེང་བཅུ་བཞི་བས་ལམ་སྟོན་དང་ད་ལྟའི་སྒྲིག་འཛུག་གི་ཐབས་ལམ་དེ་ཡང་མི་ངན་རེ་ཟུང་གི་ཆུད་ཟོས་སུ་གཏོང་གི་ཡོད།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་ རྒྱུ་མཚན་དེ་ལ་བརྟེན་ནས་འཇམ་ནོར་ཡང་བོད་རིགས་སྤུན་ཟླ་ཞིག་ཡིན་པར་བརྟེན་ངས་རེ་བསྐུལ་བྱ་རྒྱུར། ཁྱེད་ཀྱིས་ཆེད་མངགས་བྱས་པ་ཡིན་རུང་མིན་རུང་སླད་ནོར་འཁྲུལ་གྱི་ལས་ཀ་དེ་རིགས་ནམ་ཡང་མ་བྱེད་རོགས་ཞེས་འབོད་སྐུལ་བྱ་རྒྱུ་ཡིན། ་་་་ཟེར།

    Reply
  24. འཇམ་གཅེས ། says:
    ལོ་ 12 སྔོན།

    གྲོགས་མཆོག་དབང་ཕྱུག་ཚེ་རིང་ནས་ཡག་པོ་གསུང་འདུག །རྒྱུ་མཚན་ལྡན་པ་རེད། ཡིན་ཡང་འཇམ་ནོར་དང་འཇམ་ནོའི་ཕྱོགས་གཏོགས་དག་ལ་ནི་འབོད་བསྐུལ་ཞུས་ཀྱང་དོན་འབྲས་ཁག་པོ་རེད། ཁོང་ཚོས་དེ་སྔར་ད་བར་དུ་༸གོང་ས་མཆོག་དང་གཞུང་ལ་ཁ་བརྡུང་བཏང་བ་ལས་ཤེས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese