མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་རྒྱལ་དར་འཕྱར་བ་དང་དེའི་ཉེན་ཚབས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་སྐྱར་ཞིབ་ཀྱི་རྩོམ་སྒྲིག་པས་སྤེལ།

གནས་ཚུལ་བྱུང་རིམ།

ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་གཉིས་པའི་ཚེས་ ༡༧ ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེས་བཞུགས་སྒར་ངྷ་རམ་ས་ལར་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་ཀྱིས། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ཁོང་ནས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། སྐབས་དེར་སླར་ཡང་རྒྱ་ནག་དམར་པོའི་རྒྱལ་དར་འཕྱར་རྒྱུའི་གསལ་བསྒྲགས་བྱས། ཁོང་གིས་ངས་མགོ་བཙུགས་པའི་ལས་དོན་དེ་ངས་མཇུག་སྐྱོང་གི་རེད། ངས་རྒྱ་དར་ཁྱེར་བ་དེ་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་ཞེས་ཁྱེར་མེད། དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས་མ་འོངས་པའི་ཁྱིམ་གཞི། ཀྲུང་གོའི་ཁྱིམ་གཞི་གསར་པའི་མངའ་སྡེ། ཆེས་མཐོའི་རང་སྲིད་རང་སྐྱོང་ལ་དེ་རིང་ནས་ང་ལ་འདོད་པ་ཡོད་ཅེས་བརྡ་ལན་སྤྲོད་ཡིན། དེ་ཚོ་མ་འཐད་པ་དང་མ་དགའ་མཁན་ཚོར་ཁོང་རང་ཚོར་དགོས་པ་རྒྱུ་མཚན་དང་། དམིགས་ཡུལ་ལྟ་གྲུབ་ཡོད་རྒྱུ་རེད་ཅེས་སྐབས་དེར་གསར་འགོད་པས་རྒྱ་དར་འཕྱར་བར་མང་ཚོགས་ཁྲོད་དུ་ངོ་རྒོལ་གནང་མཁན་མང་པོ་ཡོད་པའི་ཐད་དགོངས་ཚུལ་བཀའ་དྲི་ཞུས་སྐབས་འདི་ལྟར་ལན་འདེབས་བྱས་འདུག   http://www.tibetexpress.net/bo/home/2010-02-04-05-35-27/10135-2013-02-18-04-24-46

གླིང་ཚ་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་ལྡོམ་པ་སྐྱིད་དེ་བཞིན་སྲིང་མོ་ལྷ་མོ་སྐྱིད་བཅས་ནས། ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་དྷ་ས་ནས་ལྷ་ས་བར་གྱི་ཞི་བའི་གོམ་བགྲོད་ཞིག་མགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་བཞུགས་སྒར་ནས་ཁོང་རྣམས་བོད་ཀྱི་རྒྱལ་དར་ཞིག་འཕྱར་བཞིན་གོམ་བགྲོད་ལ་ཐོན་སྐབས། མང་ཚོགས་ཁྲོད་ནས་ཞལ་འདེབས་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད། ཡིན་ན་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མ་འབྱོར་གོང་། ཁོང་ཚོས་བོད་ཀྱི་རྒྱལ་དར་མཉམ་དུ་རྒྱ་ནག་དང་བལ་ཡུལ་རྒྱ་གར་བཅས་ཀྱི་རྒྱལ་དར་ཡང་མཉམ་དུ་འཕྱར་བ་རེད། གནད་དོན་འདིས་རྐྱེན་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་པའི་ཚོགས་པ་སྒྲིག་འཛུགས་མང་པོ་ཞིག་གིས་གླིང་ཚ་ཚང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དེར་ངོ་རྒོལ་ཆེད་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད།

http://tibetanyouthcongress.org/tyc-archives/2012/05/04/tyc-strongly-condemns-tibetans-carrying-chinese-national-flag/

ཉེ་འཆར་ཕྱི་ཟླ་གསུམ་པའི་ཚེས་ ༥ ཉིན་བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། དེ་བཞིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་མཉམ་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་ཀྱིས། བོད་ནང་སྲོག་འབེན་ལ་བཙུགས་ནས་རྒྱ་དར་མར་འཕབ་བཞིན་པའི་སྐབས་སུ། བཙན་བྱོལ་ནང་རང་རིགས་སྤྱི་སྒེར་སུ་རུང་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ནས་བོད་དོན་སྒྲུབ་རྒྱུའི་སྐད་ཆ་དང་བྱ་སྤྱོད་དེའི་རིགས་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།  http://www.tibetexpress.net/bo/home/2010-02-04-05-35-27/10205-2013-03-05-11-12-24

སྔ་ལོའི་ཕྱི་ཟླ་ལྔ་པའི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་དར་འཕྱར་མཁན་དང་མེར་བསྲེགས་བཏང་མཁན་གཉིས་ཀར་རྒྱབ་སྐྱོར་མེད་ཅེས་གཞུང་གི་བཞེངས་ཕྱོགས་གསལ་སྟོན་གནང་ཡོད་པ་རེད།

http://tibet.net/2012/05/14/kashag-does-not-endorse-tibetans-burning-or-carrying-chinese-flag/

ཕྱི་ཟླ་གཉིས་པའི་ཚེས་ ༡༧ ཉིན་གྱི་གསར་འགོད་ལྷན་ཚོགས་སྐབས་གཞན་ཡང་གླིང་ཚ་ཚེ་བརྟན་རྡོ་རྗེས་ཁོང་ལ་རྒྱ་དར་ཁྱེར་རྒྱུར་སུ་ཞིག་གིས་བརྒྱུད་བསྐུལ་མེད་ལ། ང་རང་སྒེར་གྱི་ཐག་གཅོད་ཅིག་ཡིན། མི་སུ་ལ་ནག་ཉེས་མི་འཛུགས་རྒྱུ་གལ་ཆེན་པོ་རེད་ལ། མ་འོངས་པར་བོད་མི་ས་ཡ་དྲུག་གཉིད་སད་ཡོང་གི་རེད་ལ། ད་ལྟ་གཉིད་སད་ཀྱི་ཡོད་པ་རེད་ཅེས་བརྗོད་ཡོད།

སྲོལ་ངན་པ།

གླིང་ཚ་ཚེ་བརྟན་རྡོ་རྗེས་གསར་འགོད་ལྷན་ཚོགས་འདི་ཚོགས་པའི་ཉིན་གཅིག་གི་རྗེས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་ཁ་བརྡ་དྲ་རྒྱའི་སྟེང་ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས་ཞེས་པའི་རྩོམ་ཞིག་སྤེལ་ཡོད་པ་རེད།  http://www.khabdha.org/?p=42065

འདིའི་ནང་ཁོ་པས་རྒྱུ་མཚན་ཆེན་མོ་བཅུ་གཉིས་ཁྲོད།  ༡༽གཉིས་སྨན་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་རྒྱ་ནག་གི་རྩ་ཁྲིམས་འོག་བོད་ལ་རང་སྐྱོང་འཐོབ་རྒྱུ་དེ་ཡིན་པས། དར་དམར་འཕྱར་བ་ཡིན་ན་གཉིས་སྨན་དང་རང་སྐྱོང་ཐོབ་རྒྱུ་གཉིས་ཀར་འགལ་བ་གང་ཡང་མེད།

༢༽བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་ཁ་གཏད་མིན་པ་སྲིད་སྐྱོང་མཆོག་ནས་ལན་མང་གསུངས་པ་ལྟར། སྲིད་བྱུས་བསྒྱུར་བཅོས་ལ་འཐབ་རྩོད་བྱེད་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་མི་བརླག་པ་དང་དམངས་སེམས་ལ་ཞེ་འཁོན་མི་བསྐྲུན་པའི་ཐབས་ཚུལ་ཡང་དག་གཅིག་དར་དམར་འཕྱར་ནས་དགོས་འདུན་འདོན་པ་འདི་རེད། ༡༠༽ ༸རྒྱལ་བ་བཅུ་བཞི་པ་ཆེན་པོ་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་བསྒྲིལ་རྒྱུ་རྩ་དོན་དུ་བརྩི་བ་ལྟར། རང་བཙན་འཐབ་རྩོད་པའི་ཕྱོགས་ན་རང་བཙན་གྱི་སྒྲོམ་གཞིས་མཚོན་སྦྱོར་དངོས་རྗེས་གསུམ་གང་འདྲ་ཞིག་ཐོབ་རྒྱུར་ཁ་གསལ་མེད་སྟབས། དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་བྱེད་པ་འདིས་རང་བཙན་ཆུང་ཆུང་ཞིག་བྱུང་ནའང་འགྲིག་པའི་འདོད་ཚུལ་རྣམས་གཏན་འགོག་བྱ་ཐུབ་ཅེས་ཀྱང་ཁོད་འདུག

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་མགོ་འཛུགས་བྱས་སྐབས་རྒྱ་དར་འཕྱར་མེད། ཁོང་ལ་རྒྱུ་མཚན་སྐད་ཆ་དྲིས་སྐབས་བོད་མི་དམངས་ཀྱི་མཐུན་སྒྲིལ་དང་སེམས་ཁམས་ལ་མི་ཕོག་པའི་ཆེད་དར་དམར་འཕྱར་རྒྱུ་དེ་ཕྱིར་ཐེན་བྱས་པ་ཡིན་ཞེས་བརྗོད་ཡོད་པ་རེད།

ཡིན་ན་ཡང་བློ་བཟང་ཆོས་འབྱོར་གྱིས་ཁེར་ཀྱང་ངོས་ནས་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་མིའི་རྒྱལ་དར་འཕྱར་བའི་གནས་ཚུལ་ཞིག་དུས་བབས་དྲ་ཐོག་ཏུ་སྤེལ་སོང་། འདིའི་ནང་ཁོ་པས་ལྡི་ལིའི་ཇན་ཏར་མན་ཏར་དང་རྒྱ་གར་གྱི་རྒྱལ་སྒོ་གཉིས་ཀར་རྒྱ་དར་འཕྱར་ཡོད་འདུག   https://tibettimes.net/news.php?showfooter=1&id=7429

རྒྱ་དར་འཕྱར་རྒྱུ་དང་དབུ་མའི་ལམ་བར་གྱི་འབྲེལ་བ།

གླིང་ཚ་ཚང་གིས་ཕྱི་ལོ་ ༢༠༡༢ ལོར་དམར་དར་མ་འཕྱར་གོང་། བོད་དོན་ཆེད་ཞི་བའི་གོམ་བགྲོད་ནང་རྒྱའི་དར་དམར་འཕྱར་རྒྱུ་ནི་སྔོན་དཔག་མི་ཐུབ་པ་ཞིག་དང་བསམ་ཡུལ་ལས་འདས་པ་ཞིག་ཀྱང་རེད། དེ་ལས་ལྷག་པར་བོད་མི་གཞན་ཞིག་གིས་བྱ་སྤྱོད་དེ་སྲུང་ཆེད་དབུ་མའི་ལམ་གྱི་སྲིད་ཇུས་བེད་སྤྱོད་བྱས་པ་དེར་ངེས་པར་དུ་དོགས་དྲི་བྱ་དགོས་པ་ཞིག་རེད།

འགྲོ་བ་མི་སྤྱི་དང་བྱེ་བྲག་བོད་མི་སུ་འདྲ་ཞིག་ཡིན་རུང་སོ་སོའི་འདོད་མོས་བཞིན་རྒྱའི་རྒྱལ་དར་གྱིས་གཙོས་པའི་དར་ཆ་གང་འཕྱར་མིན་གྱི་རང་དབང་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། འདི་ནི་འགྲོ་བ་མིའི་སྨྲ་བརྗོད་རང་དབང་གི་ཆ་ཤས་ཤིག་ཀྱང་རེད། དཔེར་ན་ཉེ་འཆར་གསར་དུ་འདེམས་ཐོན་བྱུང་བའི་ཨ་རིའི་ཕྱི་སྲིད་བློན་ཆེན་ཇོན་ཀེ་རི་མཆོག་ནས་ཀྱང་རང་དབང་གི་ཁོངས་སུ་ཞབས་ཆུང་བྱེད་རྒྱུའི་རང་དབང་ཡང་ཚུད་ཡོད་རེད་ཅེས་གསུངས་ཡོད་པ་རེད།

ང་ཚོས་གླིང་ཚ་ཚང་གི་ཞི་བའི་གོམ་བགྲོད་དེ་ཀུན་སློང་བཟང་པོའི་ངང་སྤེལ་བའི་ཡིད་ཆེས་བརྟན་པོ་ཡོད་ལ། ང་ཚོའི་ངོས་ནས་ཁོང་ནང་མི་ཡོངས་ཀྱིས་བོད་དོན་ཆེད་བློས་གཏོང་གང་བྱས་ཡོད་པར་ཡང་ངེས་པར་དུ་ངོས་འཛིན་བྱེད་དགོས་ཀྱི་རེད། ཡིན་ན་ཡང་ང་ཚོའི་སེམས་འཚབ་གཙོ་བོ་ནི་བྱ་སྤྱོད་འདིས་རྐྱེན་པས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ངན་པ་གང་ཡོང་སྲིད་མིན་གྱི་གནད་དོན་འདི་རེད།

ཕྱི་ལོ་ ༢༠༡༠ ལོར་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་དབུ་མའི་ལམ་དང་འབྲེལ་ཡོད་ཡིག་ཆ་ཞེས་པ་ཞིག་དཔར་སྐྲུན་གནང་འདུག  http://tibet.net/wp-content/uploads/2012/06/MIDWAY-ENGLISH.pdf

འདིའི་ནང་དབུ་མའི་ལམ་གྱི་རེ་བར་སྲིད་ཇུས་འདིའི་འོག་བོད་ལ་ཚད་མཐོའི་རང་སྐྱོང་གནས་བབས་རྩོད་ཀྱི་ཡོད་པ་དང་། འདིའི་ཁོངས་བོད་མི་ཚོར་སོ་སོའི་དགོས་མཁོ་དང་འདོད་མོས་བཞིན་ས་གནས་གཞུང་དང་སྒྲིག་འཛུགས་སོགས་འཛུགས་རྒྱུ་ཡོད་པ་ཞིག་རེད་ཅེས་བཀོད་འདུག འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་འདས་པའི་ལོ་ངོ་ ༢༥ ཙམ་གྱི་ནང་དབུ་མའི་ལམ་གྱི་སྲིད་ཇུས་ལ་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། ད་དུང་བོད་ནང་གི་གནས་སྟངས་ལ་བཟང་པོའི་འགྱུར་བ་གང་ཡང་བཏང་མེད།

དེ་བཞིན་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་རྒྱ་གཞུང་གིས་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆར་འགྲེལ་ལོག་རྒྱག་གི་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་དང་ཆབས་ཅིག་དབུ་མའི་ལམ་གྱི་སྲིད་ཇུས་ལ་དོགས་པ་ཡོད་མཁན་གྱི་བོད་མི་ཚོའི་ངོས་ནས་ཀྱང་བོད་དོན་དཀའ་རྙོག་སེལ་ཆེད་ཐབས་ལམ་གཞན་འཚོལ་ཞིབ་དགོས་པའི་བསམ་འཆར་སྟོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་ཡང་ཡིག་ཆ་དེའི་ནང་གསལ་སྟོན་གནང་འདུག

གང་ལྟར་དབུ་མའི་ལམ་གྱི་སྲིད་ཇུས་ནང་བོད་འདི་རྒྱ་ནག་གི་ཆ་ཤས་དང་བོད་མི་རྣམས་རྒྱའི་མི་སེར་ཆགས་རྒྱུ་ཡིན་པ་དེ་གསལ་ཡོད་པ་རེད། དེར་རྟེན་གླིང་ཚ་ཚེ་བརྟན་རྡོ་རྗེས་རྒྱ་དར་འཕྱར་ནས་བོད་དོན་གོམ་བགྲོད་བྱས་པ་འདིས་རྒྱུན་ལྡན་དབུ་མའི་ལམ་དྲིལ་བསྒྲགས་གནང་མཁན་ཚོས་ཡོངས་བསྒྲགས་མ་གནང་བའི་གནད་དོན་གཙོ་བོ་ཞིག་གསལ་སྟོན་བྱས་ཡོད་པ་རེད།

སྲིད་ཇུས་ལ་འགྱུར་བ་ཡོང་སྲིད་པ་རེད་ལ། འཛིན་སྐྱོང་ལའང་འགྱུར་བ་ཡོང་གི་ཡོད་པ་རེད། ཡིན་ནའང་བོད་མིའི་འཐབ་རྩོད་ཀྱི་དམིགས་ཡུལ་འདི་འགྱུར་ཐབས་མེད་པ་ཞིག་རེད་ལ། བོད་ཀྱི་རང་དབང་འཐབ་རྩོད་བྱ་རྒྱུ་དང་འདིའི་ལངས་ཕྱོགས་གདམ་ཁ་བྱ་རྒྱུ་དེའང་བོད་མིའི་རང་དབང་རེད། དམིགས་ཡུལ་དེ་མ་སྒྲུབ་བར་དུ་འཐབ་རྩོད་རྒྱུན་འཁྱོངས་དགོས་ཀྱི་རེད།

ད་བར་བཙན་བྱོལ་བོད་གཞུང་ནས་ལྷག་བསམ་རྣམ་དག་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཤར་སྐྱོད་གནང་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཅི་ཡང་ཐོན་མེད། དེ་ལས་ལྡོག་སྟེ་ ༢༠༠༨ ལོ་ནས་བཟུང་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད། ད་བར་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་དང་རྒྱའི་དམག་དཔུང་ག་ཚོད་བོད་ནང་སྤུངས་འཇོག་བྱས་པ་ནས་དངོས་ཡོད་གནས་སྟངས་གསལ་སྟོན་ཐུབ་ཀྱི་རེད།

རྒྱའི་དམར་དར་གྱི་མཚོན་དོན།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ལ་བོད་མིས་རྒྱའི་དབང་འགྱུར་ལ་ངོ་རྒོལ་བྱས་སྐབས། ཨ་མདོ་འབོ་ར་ཁུལ་དུ་ཡོད་པའི་འབྲོག་པ་ཁག་ཅིག་གིས་རྟ་བཞོན་ཏེ་རྒྱའི་དམར་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་དེའི་ཚབ་ཏུ་ཡར་བསྒྲེངས་པ་འདིས། བོད་མི་དེ་དག་ལ་དམར་དར་དེས་དྲག་གནོན་དང་དབང་འགྱུར་བྱས་པ་མཚོན་དོན་ཡིན་པ་གསལ་པོ་རྟོགས་ཐུབ།

རྒྱ་གཞུང་གིས་བོད་ལ་དབང་འགྱུར་བྱས་པ་ནས་བཟུང་རྒྱའི་ལག་འོག་ཏུ་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་གིས་དབུས་པའི་བོད་མི་སྟོང་ཕྲག་མང་པོ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང་། བོད་ཀྱི་ཆོས་སྡེ་བརྒྱ་ཆ་དགུ་བཅུ་ལྷག་གཏོར་སྐྱོན་བཏང་བ། བོད་མི་སྟོང་ཕྲག་མང་པོ་ངལ་རྩོལ་རྭ་བའི་ནང་བཞུགས་དགོས་བྱུང་ཡོད། ད་དུང་བོད་ཀྱི་རང་བྱུང་གཏེར་ཁ་རྣམས་རྒྱའི་དགོས་མཁོ་བསྒྲུབ་ཆེད་ཚད་ལས་འགལ་བ་སྔོག་འདོན་བྱས་དང་བྱེད་བཞིན་ཡོད། རྒྱའི་བཙན་འཛུལ་ལ་རྟེན་བཙན་བྱོལ་བོད་མི་འབུམ་གཅིག་དང་ཕྱེད་ཀ་ཙམ་རང་ཡུལ་དུ་ཕྱིར་ལོག་ཐུབ་ཀྱི་མེད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་གཉིས་པ་ནས་བཟུང་བོད་མི་བརྒྱ་ལྷག་གིས་༸གོང་ས་མཆོག་བོད་ལ་ཕྱིར་ལོག་ཐུབ་པའི་སྨོན་ཚིག་དང་བོད་ལ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་ཤིང་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད།

ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྱོགས་གཉིས་སུ་གནས་པའི་བོད་མི་ཚོར་རྒྱ་ནག་གི་དམར་དར་འདིས་དབང་འགྱུར་དང་། དྲག་གནོན། ཚད་མཐོའི་གདུག་རྩུབ་ལས་གཞན་གང་ཡང་མཚོན་གྱི་མེད། ཡིན་ན་ཡང་ཕྱི་ལོ་ ༢༠༠༤ ལོའི་རྒྱ་ནག་གི་ལོ་དེབ་ནང་རྒྱ་ནག་དཔར་ཤོག་ཚོགས་པར་དམར་དར་གྱི་ཚོན་མདོག་གི་གསར་བརྗེ་དང་། སྐར་མ་ཆེན་པོ་ཞིག་ཆུང་བ་བཞིས་སྐོར་བ་དེས་རྒྱ་ནག་མི་དམངས་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་ཁྲིད་འོག་གཅིག་དུ་སྒྲིལ་བཞིན་ཡོད་པའི་མཚོན་དོན་ཡིན་སྐོར་ཁོད་འདུག དེར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པར་དམར་དར་དེས་ཧན་མི་རིགས་ཀྱི་སྟོབས་ཤུགས་དང་རྒྱ་ནག་ཡོངས་ལ་བདག་དབང་མཚོན་གྱི་ཡོད་པ་རེད། དམར་དར་དེ་ནི་དབྱེ་འབྱེད་ཀྱི་རྣམ་པ་གསལ་ཤོས་ཤིག་རེད། འདིའི་སྟེང་གི་སྐར་མ་ཆེ་བ་འདི་ཧན་མི་རིགས་དང་ཆུང་བ་རྣམས། བོད་དང་མན་ཇུ། སོག་པོ་དང་ཡུ་གུར་བཅས་གྲངས་ཉུང་མི་རིགས་ཟེར་བས་ཧན་མི་རིགས་མཐའ་སྐོར་བཞིན་གནས་ཡོད་པ་ཞིག་སྟོན་གྱི་ཡོད་པ་རེད།

ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་བཅིངས་དཀྲོལ་དམག་མི་ཟེར་བ་ལྷ་སར་ཐོག་མར་བསླེབས་སྐབས། ཁོང་ཚོས་བོད་པའི་དམག་མི་རྣམས་ཀྱིས་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པའི་སྐུལ་མ་བྱས་ཡོད་ཀྱང་། སྐབས་དེའི་བཀའ་བློན་ཀླུ་ཁང་བ་དང་བློ་བཟང་བཀྲ་ཤིས་མཆོག་རྣམ་པ་གཉིས་ནས་དེར་མཐའ་གཅིག་ཏུ་ངོས་ལེན་གནང་མེད། བཀའ་བློན་ཁོང་རྣམ་པ་གཉིས་ལྟར་ཨ་མདོ་འབོ་རའི་བོད་མི་ཚོས་ཀྱང་། དམར་དར་གྱི་ཚབ་ལ་བོད་ཀྱི་རྒྱལ་དར་འཕྱར་རྒྱུ་དེར་དམིགས་བསལ་གལ་གནད་དང་མཚོན་དོན་ཡོད་པ་གསལ་པོར་ཤེས་ཡོད། དེར་ལོ་རྒྱུས་ཀྱི་གལ་གནད་ཡོད་པ་རེད། རྒྱལ་ཁབ་ཀྱི་རྒྱལ་དར་གྱིས་རྒྱལ་ཁབ་དེའི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབས་དེ་བཞིན་མ་འོངས་པར་མི་དམངས་རྣམས་བློ་སྤོབས་མཐོ་པོའི་ངང་རྒྱལ་ཁབ་འདིའི་ཁྱིམ་ཚང་ལྟ་བུར་གནས་རྒྱུའི་རེ་སྨོན་ཞིག་ཀྱང་མཚོན་གྱི་ཡོད་པ་རེད།

བོད་ཀྱི་རྒྱལ་དར་འཕྱར་མཁན་གྱི་བོད་མི་ཚོར་འདིས་སོ་སོའི་རིག་གཞུང་དང་། ངོ་བོ་ལས་ལྷག་པར་རྒྱལ་ཁབ་ཀྱི་མཚོན་དོན་ཞིག་རེད། དེས་མཚོན་རྟགས་ལས་ལྷག་པར་འདས་པའི་ནང་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དང་། དུས་ད་ལྟ་ཡང་བོད་རྒྱལ་ཁབ་ཀྱི་འཐབ་རྩོད་མུ་མཐུད་གནས་བཞིན་ཡོད་པ། དེ་བཞིན་མ་འོངས་པར་རྒྱའི་དབང་བསྒྱུར་དང་བཙན་འཛུལ་མཚམས་འཇོག་ཐུབ་པའི་མཚོན་དོན་ཞིག་ཀྱང་རེད།

མཇུག་བསྡོམས།

བོད་མི་ཡོད་དོ་ཅོག་ལ་རང་ཉིད་ཀྱི་འདོད་མོས་བཞིན་དར་ཆ་གང་ཞིག་འཕྱར་རྒྱུའི་རང་དབང་ཡོད་པ་བཞིན་བོད་མི་སུ་འདྲ་ཞིག་ཡིན་རུང་གདམ་ཀ་འདིའི་ཐད་རང་ཉིད་ཀྱི་བསམ་ཚུལ་བརྗོད་རྒྱུའི་རང་དབང་ཡང་ཡོད། གླིང་ཚ་ཚེ་བརྟན་རྡོ་རྗེས་ཁ་གསལ་པོའི་ཐོག་ནས་འགྲེལ་བརྗོད་བྱས་པའི་ནང་ཁོང་རང་ཉིད་ནས་རྒྱའི་དར་དམར་འཕྱར་བ་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞིག་རེད། ང་ཚོ་བོད་པའི་སྤྱི་འབངས་ཡིན་པའི་ཆ་ནས་རང་ཉིད་ཀྱི་བསམ་ཚུལ་གསལ་སྟོན་བྱ་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ཀློག་པ་པོ་ཚོའི་ངོས་ནས་གནད་དོན་དེར་གཟིགས་ཚུལ་གང་ཡོད་མེད་རྩོམ་དང་དཔྱད་གཏམ་སོགས་བརྒྱུད་གསལ་སྟོན་གནང་དགོས་པ་གལ་ཆེ།

ཟུར་སྣོན།

བློ་བཟང་ཆོས་འབྱོར་དབུ་མའི་ལམ་མི་མང་ལས་འགུལ་ཁང་དུ་རྒྱུན་ལས་ཡིན་བཞིན་པའི་སྐབས་སུའང་སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་། བོད་ནང་རང་ལུས་མེར་བསྲེགས་དང་འབྲེལ་བའི་ཐད་གོ་བསྡུར་ཡིན་ཚུལ་གྱིས་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་གྱི་ཚོགས་འདུ་ཞེས་པ་ཞིག་སྐོང་ཚོགས་བྱས་ཡོད་པ་རེད། ཚོགས་འདུ་དེར་ཚོགས་བཅར་བ་བོད་མི་བཅོ་བརྒྱད་ལས་མེད་པ་དང་། དེའི་མཇུག་འབྲས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱ་ནག་གི་དཔོན་པོ་གསར་པ་ཞི་ཆེན་ཕིན་གྱི་མིང་ཐོག་སྙན་ཞུ་ཞིག་སྤེལ་འདུག སྙན་ཞུ་དེ་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་གྱི་མིང་ཐོག་ནས་ཡིན་སྐོར་བརྗོད་འདུག་ཀྱང་བློ་བཟང་ཆོས་འབྱོར་རང་ཉིད་ལ་གོ་སྒྲིག་བྱེད་མཁན་གཙོ་བོ་ཞེས་ཁོང་གཅིག་པུའི་མིང་རྟགས་ལས་བཀོད་མི་འདུག

སྙན་ཞུ་དེའི་ནང་གནད་དོན་མང་པོ་རྟོགས་རྒྱུ་འདུག་ཀྱང་། རྒྱ་ནག་དམར་པོའི་གཞུང་ལ་དབུས་གཞུང་ཞེས་བཀོད་འདུག་པ་དང་། བོད་ལ་ས་གནས་ཞེས་བཀོད་འདུག ཚོགས་པ་དེར་བོད་མི་ཤེས་ཡོན་ཅན་ག་ཚོད་ཡོད་མེད་དང་། ཁོང་རྣམ་པ་ཚང་མས་སྙན་ཞུ་འདིའི་ནང་དོན་རྣམས་མཁྱེན་རྟོགས་དང་དེ་དག་རྒྱབ་སྐྱོར་ཡོད་དམ་མེད། དེ་བཞིན་ཡིག་ཆ་དེར་ས་རྟགས་ཆོས་འབྱོར་གཅིག་པུས་བཀོད་དགོས་དོན་གང་ཡིན་ནམ། རོགས་པ་གཞན་སུ་ཡང་མེད་དམ། ཡང་ན། མི་ཁ་ཤས་ཤིག་གིས་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་གྱི་མིང་འཁྱེར་ནས་རྒྱ་དམར་གྱིས་བོད་ཐོག་དབང་བསྒྱུར་བྱེད་བཞིན་པར་ངོས་ལེན་དང་དེ་ལུགས་མཐུན་ལྟ་བུ་བཟོ་ཐབས་བྱེད་བཞིན་ཡོད་དམ།

 

 

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 2

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 12 སྔོན།

    ད་ཐེངས་གླིང་ཚ་ཚེ་བརྟན་རྡོ་རྗེས་རྒྱ་མིའི་རྒྱལ་དར་འཕྱར་གྱི་མི་འདུག་ཟེར། དེ་དོན་དངོས་དང་མཐུན་པ་འདུག སྤྱིར་བཏང་ཁོང་གི་ལས་འགུལ་དེ་སྙིང་སྟོབས་ཆེན་པོའི་སྤྱོད་པ་རེད། བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཁོང་གི་ལས་འགུལ་ལེགས་གྲུབ་ཡོང་བར་ཤོག བོད་རྒྱལ་ལོ།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 12 སྔོན།

    གཞུང་གི་སྲིད་ཇུས་ཀྱི་མིང་ཐོག་ནས་སྒེར་བ་སུས་ཀྱང་ཚོགས་པ་བཙུགས་ཆོག་གི་མ་རེད་ཅེས་ཁོ་བོས་མཆན་བཀོད་ཡོད། ད་དུང་གཞུང་གི་སྲིད་ཇུས་དང་མཐུན་པའི་ཚོགས་པ་གཅིག་པུ་དེ་ཡིན་མདོགས་བྱེད ཀྱིན་ཡོད་པ་རེད། ད ནས་བཟུང་ཤར་ཁུག་དང་ཁོས་འཁྲབ་སའི་གར་སྟེགས་གཉིས་ཀ་རྩིས་མེད་གཏོང་དགོས་པ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese