མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོད་རྙོག་ཆེ་ཆུང་གང་ཞིག་ཡིན་རུང་འདུམ་སྒྲིག་གི་ལམ་ཁ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ། དགོན་སྡེ་བཅས་སུ་རྩོད་རྙོག་འདུམ་འགྲིག་ཐོག་ཟབ་སྤྱོང་སྤྲོད་བཞིན་པའི་ཐད། ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་ཐོག་མར་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་དེ་ནི། ༡༩༩༦ ལོར་༸གོང་ས་མཆོག་ཌན་མག་རྒྱལ་ས་ཀོ་པན་ཧཱ་གྷན་དུ་ཕེབས་ཏེ། སྐབས་དེའི་ཌན་མག་རྩོད་རྙོག་འདུམ་འགྲིག་ཁང་གི་འབྲེལ་ཡོད་མགོ་ཁྲིད་རྣམས་དང་མཇལ་འཕྲད་གནང་སྐབས། ཡུལ་དེའི་འབྲེལ་ཡོད་ལས་བྱེད་ཚོས་༸གོང་ས་མཆོག་ལ་ཌན་མག་རྒྱལ་ཁབ་དེ་ཆུང་ཆུང་ཡིན་རུང་རྩོད་རྙོག་འདུམ་འགྲིག་ལས་དོན་ནུས་པ་ལྡན་པ་ཞིག་ཡིན་སྟབས། རྩོད་རྙོག་འདུམ་འགྲིག་ལས་དོན་དེ་བོད་མི་ཚོར་ཕན་ཐོཊ་ཡོད་སྐོར་ཞུས་པ་རེད། དེའི་སྐབས་༸གོང་ས་མཆོག་གིས་གཅིག་ནས་བོད་མི་ཚོ་དཀའ་ངལ་ནང་ལྷུང་ཡོད་པ་དང་། གཉིས་ནས་རྩོད་རྙོག་འདུམ་འགྲིག་བྱ་རྒྱུ་དེ་ནང་ཆོས་དང་འབྲེལ་བ་ཆཊ་ཡོད་དུས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལྟེ་གནས་ཁང་དེ་འདྲ་ཞིག་གསར་འཛུཊ་གནང་ཐུབ་ན་ཡག་པོ་འདུག་གསུངས་བ་རེད། གནས་སྟངས་དེའི་འོག་ནས་ཌན་མག་རྩོད་རྙོག་འདུམ་འགྲིག་ཁང་དང་ནང་སྲིད་ལས་ཁུངས་གཉིས་མཉམ་འབྲེལ་ཐོག བཞུཊ་སྒར་ངྷ་རམ་ས་ལར་བཀའ་བློན་དང་སྤྱི་འཐུས། གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ལ་ཟབ་སྦྱོང་རིམ་པར་སྤྲད་དེ་གྲུབ་འབྲས་གང་འཚམ་ཡག་པོ་བྱུང་བ་རེད། ཚོད་ལྟའི་སྦྱོང་བརྡར་ཁག་ལེཊ་པར་གྲུབ་རྗེས་ང་ཚོས་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ། ༢༠༠༡ ལོའི་ཕྱི་ཟླ་ ༥ པའི་ནང་ལྟེ་གནས་ཁང་དེ་ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་འོག ངྷ་སར་གཞུང་འབྲེལ་མིན་པའི་ངོ་བོའི་ཐོག་རྒྱ་གར་དབུས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་གནང་ཐུབ་བྱུང་བ་རེད།

དྲི་བ། རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་ལས་ཀའི་ངོ་བོ་དང་ལས་དོན་བྱེད་ཕྱོགས་གང་འདྲ་ཡོད་དམ།

ལན། རྩོད་རྙོག་འདུམ་འགྲིག་གི་ལས་འགན་ནི་ལས་ཀ་འདི་བྱ་དགོས་དང་མི་དགོས་ཟེར་བའི་ལམ་སྟོན་གནང་རྒྱུ་དེ་མ་རེད། ང་ཚོའི་ལས་འགན་གནད་དོན་གསལ་པོ་བཟོས་ཏེ་ལམ་ཁ་རང་ངོས་ནས་བཙལ་ཐུབ་པ་གནང་དགོས་རྒྱུ་དེ་རེད། སྤྱི་ཚོགས་ཀྱི་དཀའ་ངལ་དང་ཁྱིམ་ཚང་གི་དཀའ་ངལ་གང་ཡིན་རུང་། དེར་སོ་སོ་རང་ངོས་ནས་མོས་མཐུན་ཡོད་པའི་ཐབས་ལམ་ཞིག་རྙེད་པ་ཡིན་ན་ཐབས་ལམ་དེ་ཧ་ཅང་བརྟན་པོ་ཞིག་དང་ཡུན་རིང་གནས་ཐུབ་པ་ཞིག་རེད། དེ་མིན་པར་འདི་བྱས་ན་དེར་བསླེབ་ཀྱི་རེད་ཟེར་ནས་ལམ་སྟོན་ཁོ་ན་གནང་བསྡད་ན། ཐབས་ལམ་དེ་རྩོད་རྙོག་འདུམ་འགྲིག་གི་ཐབས་ལམ་ཞིག་ཆཊ་ཀྱི་ཡོད་པ་མ་རེད། སྤྱིར་བཏང་འཚེ་མེད་ཞི་བའི་ཐོག་ནས་རྩོད་རྙོག་འདུམ་འགྲིག་གི་སྒྱུ་རྩལ་དེ་དམངས་གཙོའི་བརྒྱུད་རིམ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་དུས། དེ་དག་འཛམ་གླིང་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མི་ཚོར་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་དང་། གོ་རྟོགས་ཀྱི་ནུས་པ་དེ་བོད་མིའི་ཆིག་སྒྲིལ་དང་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཤུཊ་ཆེ་རུ་གཏོང་ཆེད་དམིཊ་བསལ་ཕན་ཐོགས་ཡོད་པ་ཞིག་རེད། དེ་ཡང་ཁ་གསལ་པོ་བྱས་ཏེ་ཞུས་ན། རྩོད་རྙོག་འདུམ་འགྲིག་ཁང་ལ་ལས་ཀ་གཙོ་བོ་གསུམ་ཡོད་པ་རེད། དེ་དག་ལས་དང་པོ་ནི་འཚེ་མེད་ཞི་བའི་ཐོག་ནས་རྩོད་རྙོག་འདུམ་འགྲིག་བྱེད་པའི་ཐབས་ལམ་དང་སྒྱུ་རྩལ་བོད་མི་ཚོར་ངོ་སྤྲོད་བྱ་དགོས་རྒྱུ་དང་། གཉིས་པ། རྩོད་རྙོག་བྱུང་ཡོད་མཁན་ལ་རྩོད་རྙོག་འདུམ་འགྲིག་གམ་བར་འདུམ་བྱ་དགོས་པ། གསུམ་པ། རྩོད་རྙོག་ནི་ཁྱད་མཚར་ཞིག་དང་མིའི་མི་ཚེའི་ཆ་ཤས་ཤིག་ཡིན་པའི་ཆ་ནས། རྩོད་རྙོག་དེ་གང་ཟག་གཉིས་དང་ཚོགས་པ་གཉིས། ཡང་ན་རྒྱལ་ཁབ་གཉིས་བར་བྱུང་བའི་གནད་དོན་ཆེན་པོ་ཞིག་ཡིན། ང་ཚོའི་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོཊ་ཁྲོད་ཟབ་སྦྱོང་གི་སྦྱོང་བརྡར་སྤྲོད་རྒྱུ་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཤུཊ་བརྒྱབ་པ་རེད། ད་ཆར་ང་ཚོིའི་ལྟེ་གནས་ཁང་འདིའི་ནང་ཁྱོན་ལས་བྱེད་ ༧ ཡོད་པའི་ནང་མི་ ༥ རྩོད་རྙོག་སྦྱོང་བརྡར་གྱི་ཉམས་མྱོང་ཡོད་བསྡད་པ་ཞིག་རེད།

དྲི་བ། ད་བར་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་གིས་རྩོད་རྙོག་རིགས་ག་ཚོད་བར་འདུམ་ཐག་གཅོད་གནང་ཡོད་དམ།

ལན། ད་བར་དུ་འདི་ག་ལྟེ་གནས་ཁང་གིས་གཞི་རིམ་མང་ཚོགས་ལ་ཟབ་སྦྱོང་སྤྲོད་རྒྱུ་མ་གཏོཊ་རྩོད་རྙོག་འདུམ་འགྲིག་མང་པོ་གནང་རྒྱུ་བྱུང་ཡོད་པ་མ་རེད། ཡིན་ནའང་། ཉེ་བའི་ལོ་ཤས་གོང་རྩོད་རྙོག་འདུམ་འགྲིག་ཁང་གིས་བོད་པ་མ་ཡིན་པའི་ཕྱི་རྒྱལ་ཚོགས་པ་གཉིས་བར་རྩོད་རྙོག་འདུམ་འགྲིག་ཅིག་གནང་ཐུབ་པ་བྱུང་ཡོད། མ་གཞི་ཚོཊ་པ་དེ་གཉིས་བོད་པར་རོཊ་རམ་གནང་མཁན་གཉིས་ཡིན་ནའང་། རྗེས་སུ་ཚོགས་པ་དེ་གཉིས་བར་རྙོག་དྲ་བྱུང་བ་རེད། སྐབས་དེར་ང་ཚོའི་ཚོཊ་པ་བཙུཊ་ཏེ་ལོ་ཤས་ལས་ཕྱིན་མེད་ཀྱང་། ཕྱི་རྒྱལ་བ་ཚོས་རྩོད་རྙོག་འདུམ་འགྲིག་ཁང་ལབ་ན་མཐོང་ཆེན་པོ་བྱེད་ཀྱི་འདུག་སྟབས། ང་ཚོས་གང་ཐུབ་ཀྱིས་གནད་དོན་གཙང་སེལ་བྱས་ཏེ་མཐའ་མར་འདུམ་འགྲིག་གནང་ཐུབ་པ་རེད། སྐབས་དེར་ཕྱི་རྒྱལ་གྱི་འགྲོ་ལུཊ་ལྟར་ཁོང་ཚོས་འདི་ག་ལྟེ་གནས་ཁང་ལ་ཡང་དངུལ་གང་འཚམ་ཞིག་སྤྲད་པ་རེད། རྗེས་སུ་ཚོགས་པ་དེ་གཉིས་ཀྱང་སྔར་ལས་འཆམ་པོ་ཆགས་འདུག གཞན། བོད་པ་ནང་ལོགས་ནས་ཚུར་རྩོད་རྙོག་འདུམ་འགྲིག་གནང་རོཊ་ཟེར་མཁན་མི་གཅིག་མ་གཏོཊ་བྱུང་མྱོང་ཡོད་པ་མ་རེད། མི་དེ་ང་ཚོའི་ལྟེ་གནས་ཁང་དུ་ཡོང་སྟེ་ང་མི་འདི་འདྲ་ཞིག་དང་རྩོད་རྙོག་ཡོད། ཁྱེད་ཀྱིས་ངེས་པར་དུ་རྩོད་རྙོག་དེ་ཡག་པོ་འདུམ་འགྲིག་བྱ་དགོས་ཀྱི་ཡོད། དེ་མི་ཐུབ་ན་ཁྱེད་རང་བཙོན་ཁང་དུ་བླུག་གི་ཡིན་ལབ་པ་རེད། ཁོང་ཐོག་མར་ཡོང་སྐབས་ཁོ་ཁོང་ཁྲོ་ཚ་བོ་དང་ཞེད་སྣང་ཚ་བོ་ཞེ་དྲག་རེད། སྐབས་དེར་ངས་ཁོང་ལ་རྩོད་རྙོག་འདུམ་འགྲིག་བྱ་དགོས་ན་རྩོད་ཡ་ཁྲིད་ཡོང་དགོས་པ་རེད། ཁོང་ཁྲིད་མ་ཡོང་ན་རྩོད་རྙོག་བཤད་ས་འགྲོ་གི་མ་རེད་ཅེས་བཤད་པ་ཡིན། དེའི་རྗེས་ཁོང་སྔ་ཕྱིར་ཐེངས་བཞི་ཙམ་ལ་ལྟེ་གནས་ཁང་དུ་བསླེབས་ཏེ་ང་ཚོའི་མཉམ་དུ་སྐད་ཆ་བཤད་པ་རེད། བར་ལམ་ནས་རྩོད་རྙོག་འདུམ་འགྲིག་གནང་མ་ཚར་གོང་། ཁོང་ཚུར་ཡོང་སྟེ་ད་ངའི་རྩོད་རྙོད་དེ་སེལ་རྒྱུའི་ལམ་ཁ་ཞིག་རྙེད་སོང་། ཁྲིམས་ཁང་ལ་འགྲོ་དགོས་ཀྱི་མི་འདུག་ལབ་སོང་། ང་ཚོས་རྗེས་སུ་ཤེས་རྟོགས་བྱུང་བ་ཡིན་ན། མི་དེ་ང་ཚོའི་ལྟེ་གནས་ཁང་དུ་རྒྱུགས་ལབ་མཁན་ཆེས་མཐོའི་ཁྲིམས་ཞིབ་ཁང་རེད། དེ་མིན། ང་ཚོས་སྐད་ཆ་བཤད་དེ་རྩོད་རྙོག་ཐག་གཅོད་གནང་རྒྱུ་བྱུང་མེད་ནའང་། ཟབ་སྦྱོང་བརྒྱུད་ཟབ་སྦྱོང་ནང་ཞུཊ་མཁན་ཚོའི་བསམ་བློ་གཏོང་ཕྱོཊ་ལ་འགྱུར་བ་ཐེབས་མཁན་མང་པོ་བྱུང་ཡོད། དེ་ཚོའི་ཁྲོད་དགེ་བཤེས་དང་དགེ་རྒན། གཞིས་མགོ་དང་བརྒྱ་དཔོན། སློབ་ཕྲུག མི་དམངས་དཀྱུས་མ་སོཊ་ཚུད་ཡོད། དེ་དག་ཚང་མ་འདི་ག་ལྟེ་གནས་ཁང་གིས་ཟབ་སྦྱོང་གི་གྲུབ་འབྲས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་ཁྲོད་རྩོད་རྙོག་འདུམ་འགྲིག་ཟབ་སྦྱོང་ལ་དོ་སྣང་ཅི་ཙམ་འདུག

ལན། ཟབ་སྦྱོང་ཐོག་མར་སྤྲོད་སྐབས་གཞིས་ཆགས་ཁ་ཤས་ནང་ཟབ་སྦྱོང་ལ་དོགས་པ་ཟ་མཁན་ཡོང་གི་འདུག དཔེར་ན། སྐབས་ཤིག་ང་ཚོས་གཞིས་ཆགས་ཞིག་ལ་འབྲེལ་བ་བྱས་ཏེ་ཟབ་སྦྱོང་སྤྲོད་དུ་ཡོང་རྒྱུ་ཞུས་པའི་སྐབས་སུ། གཞིས་མགོ་དེས་ང་ཚོའི་གཞིས་ཆགས་ནང་དཀའ་ངལ་གང་ཡང་མེད། གཞིས་ཆགས་ནང་རྩོད་རྙོག་ཟབ་སྦྱོང་སྤྲོད་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མེད་ཅེས་གསུང་གི་འདུག ཟབ་སྦྱོང་དངོས་སུ་སྤྲད་ཡོང་སྐབས་དོཊ་པ་རིམ་གྱིས་སེལ་ཏེ་དགའ་མོས་ཆེན་པོ་བྱེད་ཀྱི་འདུག གཞིས་ཆཊ་ཁ་ཤས་ནང་གཞིས་མགོས་སྔོན་མ་གཞིས་ཆགས་ནང་རྩོད་རྙོག་བྱུང་སྐབས། གནད་དོན་ལ་གདོང་ལེན་མ་བྱས་པར་གང་ཟག་ལ་གདོང་ལེན་བྱས་ཏེ་གཞིས་མགོར་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་། ད་ཐེངས་ཀྱི་ཟབ་སྦྱོང་འདི་བརྒྱུད་གནད་དོན་གཙང་མ་ཐག་གཅོད་བྱས་པའི་ཐོག་མའི་འབྲེལ་བ་སྔར་བཞིན་རྒྱུན་འཛིན་ཐུབ་པའི་འགྲོ་སྟངས་གསལ་པོ་ཤེས་རྟོཊ་བྱུང་སོང་ལབ་མཁན་འདུག ང་ཚོ་དགོན་སྡེ་ཁག་ཏུ་སྐྱོད་སྐབས་ཀྱང་དགེ་འདུན་པའི་ཁྲོད་རྩ་བའི་རྩོད་རྙོག་འདུམ་འགྲིག་ཐབས་ལམ་དེ་ནུབ་ཕྱོགས་རྩོད་རྙོག་འདུམ་འགྲིག་གི་ཐབས་ལམ་ཞིག་ཆཊ་ཡོད་རུང་། དོན་དག་གི་ཆ་ནས་ནང་པའི་ཆོས་ཀྱི་སྙིང་དོན་རང་ཆཊ་འདུག་ཟེར་མཁན་ཧ་ཅང་མང་པོ་འདུག ང་ཚོས་ད་བར་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཕལ་ཆེ་བའི་ཟབ་སྦྱོང་སྤྲད་པའི་ཉམས་མྱོང་ལ་གཞིགས་ན། སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱབ་སྐྱོར་དང་དགའ་མོས། ཕན་ཐོགས་ཆེན་པོ་ཡོད་པ་དེ་ཧ་ཅང་གསལ་པོ་རེད།

དྲི་བ། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གིས་མང་ཚོགས་ལ་ཟབ་སྦྱོང་སྤྲོད་ཕྱོགས་གང་འདྲ་ཡིན་དམ།

ལན། ནམ་རྒྱུན་བྱས་ན་ཟབ་སྦྱོང་སྤྲོད་སྟངས་རེར་མི་ ༡༠ ནས་ ༣༥  བར་དང་དུས་ཡུན་ཉིན་ ༤ ལྷག་རེད། ང་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཕྱི་རྒྱལ་རོཊ་ཚོཊ་ལ་བརྟེན་ཡོད་སྟབས་སྐབས་རེར་འགྲོ་སོང་གིས་ཁ་མ་འདུམ་པ་ཡོང་གི་འདུག ད་བར་ལྟེ་གནས་ཁང་འདིས་ཟབ་སྦྱོང་མང་པོ་ཞིག་སྤྲད་པའི་ཁོངས་ནས་མང་པོ་ཞིག་དང་བླང་ཐོག་ཕར་ཕྱིན་པ་རེད་ལ་ཁག་ཅིག་ཚུར་སྐད་བཏང་སྟེ་ཕྱིན་པ་རེད། ཡིན་ནའང་། ཟབ་སྦྱོང་ཐེངས་གཉིས་པར་སྐད་གཏོང་མཁན་ཚོས་ཟབ་སྦྱོང་འགྲོ་སོང་ཁོང་ཚོས་གཏོང་གི་ཡིན་ལབ་སྟེ་འགྲོ་བསྡད་པ་ཞིག་རེད། ལྷག་པར་དུ་ ༢༠༠༤ ལོ་ནས་ཤེས་རིག་ལས་ཁུངས་ཀྱི་དགེ་རྒན་འོས་སྦྱོང་ཞིག་ས་རཱ་མཐོ་སློབ་ནང་མགོ་བཙུགས་ཡོད་པ་རེད། དེ་ནས་ད་བར་ཤེས་རིག་གི་གོ་སྒྲིག་འོག་ང་ཚོས་སློབ་ཕྲུག་དེ་ཚོར་ཟབ་སྦྱོང་ཞིག་སྤྲད་བསྡད་པ་རེད། ཟབ་སྦྱོང་གཙོ་བོ་དགེ་རྒན་དང་སློབ་ཕྲུག་གི་འབྲེལ་བ། སློབ་ཕྲུག་ཕན་ཚུན་གྱི་འབྲེལ་བ། སློབ་ཕྲུག་དང་ཕ་མའི་འབྲེལ་བ་བཅས་ཀྱི་ཐོག་འཚེ་བ་མེད་པའི་སློབ་གྲྭའི་ཁོར་ཡུག་ཞིག་ཡོང་བར་ཟབ་སྦྱོང་སྤྲོད་ཀྱི་ཡོད། ཟབ་སྦྱོང་དེའི་རིགས་ང་ཚོས་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ད་བར་རྒྱ་གར་དང་བལ་ཡུལ་གྱི་གཞིས་ཆགས་དང་དགོན་སྡེ། སློབ་གྲྭ་སོཊ་ས་གནས་ ༢༢༥ ཙམ་གྱི་མི་ ༥༠༠༠༠ བརྒལ་བར་ཟབ་སྦྱོང་སྤྲོད་ཐུབ་པ་བྱུང་ཡོད།

དྲི་བ། རྩོད་རྙོག་རིགས་འདུམ་འགྲིག་གནང་ཕྱོགས་སྟབས་བདེ་བོའི་ཐོག་ནས་བཤད་སྟངས་ཡོད་དམ།  

ལན། རྩོད་རྙོག་ལ་གདོང་ལེན་བྱ་དགོས་ན་ཐབས་ལམ་གཉིས་ཡོད་པ་རེད། ཐབས་ལམ་དང་པོ་ནི་དྲག་པོའི་ཐོག་རྩོད་རྙོག་ལ་གདོང་ལེན་གནང་དགོས་པ་རེད། དྲག་པོའི་ཐོག་ནས་རྩོད་རྙོག་ལ་གདོང་ལེན་བྱེད་པར་གྲི་དང་མེ་མདའ། ཚིག་རྩུབ། དམའ་འབེབས་སོཊ་གཏོང་དགོས། ཐབས་ལམ་གཉིས་པ་དེ་རྩོད་རྙོག་དེ་མི་དང་མི་ཕན་ཚུན་བར་སྐད་ཆ་བཤད་དེ་གནད་དོན་གསེད་བཀྲོལ་བྱ་དགོས་རྒྱུ་རེད། གསེད་བཀྲོལ་བྱེད་པར་སྐད་ཆ་གནང་སྟངས་ཀྱི་སྒྱུ་རྩལ་དང་ནུས་པ་སྦྱོང་བརྡར་སྤྲོད་དགོས། དེ་བཞིན། རྩོད་རྙོག་འདུམ་འགྲིག་དེ་ཡ་རབས་བཟང་སྤྱོད་དང་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་ཆཊ་ཡོད། ང་ཚོས་ཟབ་སྦྱོང་མང་པོ་སྤྲད་པའི་ཉམས་མྱོང་ལ་གཞིཊ་ན། ང་རང་གིས་བོད་པའི་ཡ་རབས་བཟང་སྤྱོད་དང་བཟོད་སྒོམ་ཟེར་བ་དེར་དོཊ་པ་སྐྱེ་ཡི་འདུག སྤྱི་ཚོགས་ནང་ཡ་རབས་བྱ་དགོས་པ་རེད་ཟེར་བ་དེ་ང་རང་གིས་ཡ་རབས་ཤིག་ཏུ་མཐོང་གི་མེད། ཡ་རབས་ཟེར་བ་དེ་མིའི་བྱ་སྤྱོད་ལ་དང་བརྩི་བཀུར་དང་ཡི་རངས་བྱ་དགོས་པ་ཞིག་ཆཊ་ཡོད། བཟོད་སྒོམ་ཟེར་དུས་བོད་པ་ཚོས་རྩོད་རྙོག་ཚང་མ་བཟོད་སྒོམ་ཡིན་ལབ་སྟེ་སེམས་ནང་ཕ་རོལ་དུ་སྡུག་པོ་ཞིག་བྱུང་ན་བསམ་གྱི་ཡོད། དེ་ནི་སྡུག་སྒོམ་ཡིན་པ་ལས་བཟོད་སྒོམ་ཆགས་ཀྱི་ཡོད་པ་མ་རེད། གལ་སྲིད་མི་ཞིག་གིས་ཚིག་སྡུག་ཅག་ལ་ལབ་ན། ཁོང་ཁྲོང་ཁྲོ་ལངས་ཏེ་ལབ་པའམ། ཡང་ན་རྣམ་འགྱུར་ཅི་འདྲ་ཞིག་བསྟན་ཏེ་ལབ་པ་ཡིན་མིན་གོ་བ་གསལ་པོ་ལེན་རྒྱུ་ནི། རྩོད་རྙོག་འདུམ་འགྲིག་ཁང་གི་ཐབས་ལམ་གཅིག་པུ་དེ་རེད། ཁྲིམས་ཐོག་ནས་བཤད་ན། རྩོད་རྙོག་འདུམ་འགྲིག་དང་ཁྲིམས་གཉིས་བར་ཁྱད་པར་གཅིག་ཡོད། ཁྲིམས་ཀྱིས་གནད་དོན་གཅིག་པུ་ཐག་གཅོད་ཀྱི་རེད། མི་དང་མིའི་བར་གྱི་སྔ་ཕྱིའི་འབྲེལ་བ་བཟང་ངན་ལ་བསམ་བློ་གཏོང་གི་མ་རེད། རྩོད་རྙོག་འདུམ་འགྲིག་གིས་གནད་དོན་གལ་ཆེན་དུ་བརྩི་བཞིན་ཡོད་ནའང་། དེ་ལས་ཀྱང་གལ་ཆེ་བ་མི་དང་མིའི་འབྲེལ་བ་གལ་ཆེན་དུ་བརྩི་ཡི་རེད། དེ་ལྟ་ནའང་། རྩོད་རྙོག་འདུམ་འགྲིག་ཁང་གིས་མི་བསད་པ་དང་ཇག་པ་རྒྱག་པ། རྐུན་པ་རྒྱག་པ་སོཊ་གནད་དོན་ཆེན་པོའི་རིཊ་བར་འདུམ་གནང་ཐུབ་ཀྱི་མ་རེད། ཉེན་ཚབས་ཆེ་བའི་གནད་དོན་མ་གཏོཊ་གནད་དོན་གཞན་ཚང་མ་རྩོད་རྙོག་འདུམ་འགྲིག་ཁང་གིས་སྔ་ཕྱི་ཚང་མར་བསམ་བློ་བཏང་སྟེ་ཐག་གཅོད་ཡག་པོ་གནང་གི་ཡོད་པ་རེད། དེ་ནི་ལྟེ་གནས་ཁང་འདིའི་གཞི་རྩའི་ལངས་ཕྱོགས་དང་རྩ་དོན་ཡང་ཆཊ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese