མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མའི་རྣལ་འབྱོར་བཀའ་དབང་།

བོད་ཀྱི་དུས་བབ།
༢༠༡༣/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་བརྩེ་ཆེན་ཀུན་ཁྱབ་གླིང་ཆོས་ཚོགས་སུ། བོད་པ་གཙོས་ཕྱི་ནང་ཆོས་ཞུ་བ་ ༣༠༠༠ བརྒལ་བར་བླ་མའི་རྣལ་འབྱོར་གྱི་བཀའ་དབང་གནང་འདུག

ཉེ་ལམ་དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བརྩེ་ཆེན་ཀུན་ཁྱབ་གླིང་ས་སྐྱའི་ཆོས་ཚོགས་ནང་། ས་གནས་བོད་རིགས་མང་ཚོགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་དང་། རྒྱ་རིགས་དད་ལྡན་ཆོས་ཞུ་བ་བཅས་ཁྱོན་མི་ ༣༠༠༠ བརྒལ་བར་བླ་མའི་རྣམ་འབྱོར་གྱི་ཆོས་འབྲེལ་དང་བཀའ་དབང་བཅས་གནང་ཡོད་འདུག

གསུང་ཆོས་ཀྱི་སྐབས་དང་བསྟུན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས། མང་ཚོགས་ལ་ནང་པ་སངས་རྒྱས་པའི་ཆོས་ནི་དད་པ་ཁོ་ན་ཙམ་གྱིས་མི་ཆོག་པར་གཞུང་གང་དེའི་བརྗོད་བྱའི་ནང་དོན་རྣམས་ལེཊ་པར་རྟོགས་པའི་ཐོག་ཤེས་ནས་དད་པ་ཐོབ་དགོས་པ་ཞིག་དང་། བོད་གངས་ཅན་གྱི་ལྗོངས་སུ་དུས་འགྱུར་ཆེན་པོ་ཞིག་བྱུང་སྟེ་ད་ཆར་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་བཙན་བྱོལ་དུ་གྱར་དགོས་བྱུང་ཡང་། ༸གོང་ས་མཆོག་གིས་བླ་ན་མེད་པའི་ཐུགས་བསྐྱེད་དང་བྱིན་རླབས། རླབས་ཆེན་གྱི་མཛད་འཕྲིན་བཅས་ལ་བརྟེན་ནས། དེང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་གང་སར་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ། བོད་མི་ཚོས་ཀྱང་སོ་སོ་གང་དུ་ཡོད་མེད་ལ་མ་ལྟོས་པར། སོ་སོའི་གཏིང་ཟབ་ཀྱི་རིག་གཞུང་རིན་ཐང་ངོ་ཤེས་པའི་ཐོག་བོད་མི་ཡ་རབས་ཞིག་བྱ་དགོས་པའི་བཀའ་སློབ་གནང་འདུག

སྐབས་དེར་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་ཀྱང་། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་སྐུ་ངལ་ལ་མ་འཛེམས་པར་ཨ་རིའི་ནང་ཆོས་འབྲེལ་གནང་བར་འཚམས་འདྲི་དང་འབྲེལ། བོད་ནང་སྡུག་བསྔལ་མྱོང་བཞིན་པའི་བོད་མི་ཚོའི་ཐུགས་སྨོན་གང་ལེགས་གནང་དགོས་པའི་སྐྱབས་འཇུག་དང་། ཆོས་ཞུ་བ་ཚོར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་དང་། བོད་ནང་གི་བོད་མི་ཙམ་མིན་པར་བཙན་བྱོལ་བོད་མི་ཚོ་ཡང་བོད་དོན་འཐབ་རྩོད་ཐོག་སེམས་ཤུཊ་དང་ལྷག་བསམ་ཆེན་པོར་ཡོད་པར་བསྔཊ་བརྗོད་གནང་སྟེ། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ནན་སྐུལ་གནང་ཡོད་འདུག

དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ད་ལོའི་ཕྱི་ཟླ་ ༧ བར་མུ་མཐུད་དུ་ཨ་རིའི་གྲོང་ཁྱེར་དང་ས་གནས་འདྲ་མིན་ནང་མང་ཆོགས་ལ་ཆོས་འབྲེལ་དང་བཀའ་སློབ་གནང་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

 

 

འབྲེལ་ཡོད་གསར་འགྱུར།

འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྤྱི་ཡོངས་ཀྱི་བཀོད་པ། དྲ་ལམ་གྱི་པར།
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དང་བླངས་སྤྱི་འཐུས་དང་འབྲེལ་བའི་སྒྲིག་དོན་འགའ།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། ༢༠༢༥།༡༢།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

༢༠༢༥/༡༢/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese