མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་དང་རིགས་ཞེན་བར་གྱི་འགལ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཚོགས་ཀླུ་མཁར་བྱམས། 

   “ རང་བཙན་རང་གཤིས་སུ་གྲུབ་པའི་སྐྱེ་བུ་ཞིག་ཡོང་བར་བྱེད་པ་ལ།  དབང་འཛིན་པའི་ཁ་སྔ་རྗེས་ལ་རྒྱུག་མཁན་གྱི་རྐུབ་གཡོག་ཅིག་དང་། ཚོང་པ་ཚོའི་ལག་རྡོ་ལྟ་བུ་མི་བྱེད་རྒྱུ་དེ་ཡིན་ན། ལྟོས་བཅས་ཀྱིས་ལས་སླ་བོ་ཞིག་ཡིན་མོད། དམངས་ཀྱི་ཁ་བཀོད་འོག་ཟུར་ལ་བུད་དེ་མང་ཁ་འཁྱེར་ཕྱོགས་ཀྱི་རྗེས་སུ་མི་འབྲང་མཁན་ཞིག་བྱ་རྒྱུ་དེ་ཡིན་ན། ཧ་ཅང་གིས་བློས་གཏོང་ཆེན་པོ་ཞིག་ཡིན”

་་་་་་་་ ལུའུ་ཞུན་(鲁迅)གྱིས།   

ཁ་དམག་ཁོ་ནས་རང་བཙན་མི་ལོན་པ་ཀུན་ཀྱིས་ཤེས་མོད།  བདེན་པ་རི་ནང་བཞིན་ཡོད་མཁན་ཚོ་དམག་ས་འདི་ནས་ཕམ་སོང་ན་སེམས་ནད་དེ་སུ་ལ་བཤད།  ཧ་ལམ་ཐའེ་ཝན་ཀུན་ཕན་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་པའི་ཚོགས་འདུ་དེའི་ནང་ཡིན་པ་ཡོད། དགེ་རྒན་ཞིག་གིས་ང་ལ་རྒྱལ་ཁབ་དང་ཡུལ་མིའི་འོས་འགན་སྐོར་དྲི་བ་བསླེབས་སོང་། ངས་བོད་ལ་རང་བཙན་ཐོབ་རྗེས་ང་བོད་ལ་ལོག་མིན་དང་བོད་ཀྱི་ཡུལ་མི་བྱེད་མིན་ལྟ་རྒྱུ་ཡིན། ང་ལ་རྒྱལ་ཁོངས་ཤིག་རང་དབང་གིས་འདེམས་རྒྱུ་བྱུང་ཕྱིན་ཨི་ཌ་ལའི་རོམ་དང་། ཡང་ན་དཀྱིལ་ཤར་གྱི་ཨེ་ཇབ་གང་རུང་ཞིག་ཡིན་ངེས། ཡུལ་ལུང་དེ་ཚོའི་ཤེས་རིག་གི་སྤོབས་པར་ང་འགྲམ་ཆུ་ལྡང་མྱོང་ཡོད། ཡང་ལྷ་སྒྲུང་དང་དེང་རབས་འབྲེལ་མཚམས་ནས་མི་ཚེ་ཉོབ་ཐོ་ཞིག་སྐྱེད་སར་རྒྱ་གར་ཡང་འགྲིག་བསྡད་ཡོད་སྐོར་བརྗོད། མགྲོན་ཐུན་འདིའི་ཁ་དམག་གྱི་ཕམ་ཁའང་འདི་ནས་མགོ་བཙུགས།  

ངས་མུ་མཐུད་ནས་གོང་གི་དྲི་བ་དེ་ཚོར་གང་ཡོང་ཡོང་གིས་གསལ་བཤད་བྱས། དཔེར་ན། མི་སེར་སྤེལ་མཁན་ལ་ངོ་རྒོལ་བྱེད་རྒྱུ་ནི་མིའི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་གི་སྐད་ཆ་ཞིག་ལས། རིགས་རྒྱུད་བྱེ་བྲག་པ་ཞིག་དང་། དེར་རྒྱལ་མཚམས་ཀྱི་བཅད་རྒྱ་ཡོད་པ་ཞིག་ལ་ངས་མཐོང་གི་མེད།  ད་ཆ་ང་བོད་རང་བཙན་འཐབ་རྩོད་ཁྲོད་ཞུགས་པ་དེའང་ང་བོད་པ་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་པར། རང་བཙན་ཤོར་བའི་ཉེར་ལེན་གྱིས་ཐད་གར་གནོད་འཚེ་ཕོག་མཁན་གྱི་མི་ཞིག་ཡིན་སྟབས་འཐབ་རྩོད་འདིའི་ནང་འདམ་ག་མེད་པར་ཚུད་པ་རེད། རང་བཙན་རག་ཚར་ན་ང་བོད་རྒྱལ་ཁབ་ཀྱི་མི་སེར་བྱེད་མིན་དེ་དུས་བལྟས་ན་ཆོག་གི་རེད། ཅི་ལྟར་བཤད་ཀྱང་རུང་ང་བོད་ལ་འགྲོ་རྒྱུའི་གོ་སྐབས་ཤར་བའི་ཉིན་མོར་ངའི་ཞེན་ཆགས་ངོས་ཀྱི་བོད་དེ་ལྷག་མེད་པའང་གསལ་བོ་རེད་ལ། ཡང་གཅིག་བཤད་ན། བོད་རང་བཙན་ཞིག་ཐོབ་ཀྱང་རུང་ང་ཚོ་ནང་བཞིན་གྱི་རང་དབང་རིང་ལུགས་པ་ཚོའི་འཁང་ར་ཇེ་ཆེར་འགྲོ་སྲིད་པ་རེད། སྐབས་དེར་ང་ཐའེ་ཝན་གྱི་རང་བཙན་འཐབ་རྩོད་ནང་ཞུགས་ཀྱང་ཆོག  དཔེར་ན་གསར་བརྗེ་བ་ཆེན་མོ་ཆིས་ངྒོབ་ར་(Che Guevara)ནི་དེ་འདྲའི་མི་སྤྱོད་ལོག་ཅིག་ཡོད་སོགས་ཁ་ནས་ཐོན་ཚད་ཅིག་བཤད་ཡོད།

རེད་དེ།  སྐུ་ཞབས་ཚའེ་མིན་ཞན་(ཐའེ་ཝན་གྱི་རྒྱལ་སྲུང་བློན་ཆེན་ཟུར་བ) གྱིས་ངའི་མཐོ་བཤད་དམའ་བཤད་དེ་ཚོར་ཉན་རྗེས། ཐོག་མར་བློ་མ་བདེ་བའི་རྣམ་འགྱུར་བསྟན་སོང་། ཁོས་ང་ལ་“ ཁྱེད་ལོ་ཆུང་ཆུང་རེད། ང་ལོ་བདུན་ཅུ་དོན་བདུན་ཡིན། རང་བཙན་རྩོད་ན་ལྟ་བ་བརྟན་དགོས་པ་དང་བྱེད་ཐབས་འཇམ་དགོས་ཁར། སོ་སོའི་ཕ་ཡུལ་ལ་བརྩེ་བ་ཟབ་མོ་ཞིག་དགོས་པ་རེད། ང་ཨ་རི་ནས་ཚུར་ལོག་སྐབས་ཐའེ་ཝན་གྱི་ཉེས་ཅན་པའི་མིང་ཐོའི་ནང་ཡོད་པ་མ་ཟད། ཕ་གིར་ཁྲིམས་རྩོད་པའི་ལས་ཀ་ཁྲག་ཁྲག་ཡོད་པ་གཡུགས་ཏེ་ཡོང་བ་ཡིན་”  སོགས་ནང་མོལ་གྱི་ཚུལ་དུ་རྗོད་ཀྱིན་འདུག ད་དུང་ཁག་མེད་ས་ཞིག་ལ། ཁོང་ཚོས་ང་ལ་བཏང་བའི་མགྲོན་ཤོག་གི་རྒྱབ་ངོས་སུ་ཐའེ་ཝན་ལ་མ་ཡུམ་ཀྱི་འདུ་ཤེས་འཛིན་དགོས་པའི་སྙན་ངག་གསོན་ཉམས་ལྡན་པ་ཞིག་བྲིས་འདུག་པ་ངས་རྗེས་ནས་མཐོང་སོང་། (རྩོམ་འདིའི་ཚན་པ་ཕྱི་མའི་ནང་སྙན་ངག་དེ་བཀོད་ཡོད)

ཡང་དགོང་མོ་ཞིག་ལ་སྐུ་ཞབས་ཐིམ་མུའུ་ཇུ་ལགས་ཀྱིས་གསོལ་ཆང་བཞེས་ཞོར། ཁྱོད་འདི་ཆབ་སྲིད་ལྟ་གྲུབ་ཐོག་གི་འབྲོག་པ་རུ་སྤོར་ ( 政治理论上的游牧民族  ) ཞིག་རེད་ཟེར་ནས་ང་ལ་ཀུ་རེ་རྩེས་སོང་། སྐད་ཆ་དེའི་ཕུགས་ན་ང་ལ་རང་བཙན་གྱི་ལྟ་བ་རང་རྐྱ་འཕེར་བ་ཞིག་མི་འདུག་ཟེར་ནས་གོ་རྒྱུ་བཏང་པ་གསལ་བོ་རེད།  དགོང་མོ་དེར་ངས་ཉིན་ཐོའི་ནང་[རང་བཙན་ཞེས་ཁ་ན་མ་ཐོ་བའི་བརྗོད་གཞི་ཞིག་ཁྱེར་ནས་ཡོང་ཡོད་མོད། ཕར་ནས་ཐོན་ཁར་སྐྱེས་དམན་སྨན་ཁང་ལ་ཕྱིན་པའི་རྔམ་སྐྲག་ད་དུང་ཡལ་མེད་ཁར། དགུ་བཅུ་གསུམ་ཚོགས་པའི་ལས་ཡུན་རྫོགས་གྲབས་ཡོད་སྟབས་བྲེལ་འཚུབ་འཕར་མ་ཞིག་གིས་མགོ་ནང་བཏུམ་འདུག དེར་བརྟེན། རང་བཙན་གྱི་སྐད་ཆ་དེ་ང་དང་ཐག་རིང་ཐག་རིང་ཤིག་ལ་ཕྱིན་ཚར་འདུག མ་གཞི་ནས་བོད་རང་བཙན་ཟེར་བའི་ཡིག་རྡོག་མཁྲེགས་པོ་འདི་ཚོ་ཡིན་ན། སྟོན་པ་ཡེ་ཤུ་འདོགས་བྱེད་ཀྱི་ཁྲམ་ཤིང་གི་ལྕགས་གཟེར་ནང་བཞིན་མི་ཆུང་ཆུང་ཞིག་གི་ལུས་ངག་ཡིད་གསུམ་པོ་དམ་དུ་འདོགས་བྱེད་ཅིག་ག་ནས་ཡིན། ང་ཙམ་ཞིག་གིས་འཐབ་རྩོད་ཁུངས་མ་འཁྱོལ་རུང་མི་ཚེ་བསྐྱལ་སྟངས་རེ་ཡོད་ཆོག་ལ། མ་གཞི་སྲིད་དོན་འཆར་སྒོའི་ཐད་རྒྱལ་ཁབ་མེད་པའི་རིང་ལུགས་དང་། ཝུའུ་ཐོ་པེ་ཡ། འཚེ་མེད་ཞི་བའི་བསྟི་གནས་སོགས་ཀྱང་གོང་བཀུར་བྱ་རྒྱུར་དཀའ་ངལ་ཅང་མི་འདུག ཕྱོགས་མཚུངས་རང་བཙན་མ་ཡིན་པའི་ཐབས་ལམ་ཞིག་གིས་བོད་ལ་དུས་བདེ་གནས་འཇམ་ཡོང་ཐུབ་ན་དེ་ལ་དགག་བྱ་མེད་མོད། ངའི་བློ་ངོར་དེ་ལྟ་བུའི་ཐབས་ལམ་ཞིག་མ་གྲུབ་པ་དེ་ང་རང་ཉིད་ཀྱི་དཀའ་ངལ་ཡིན་ལས་ཆེ] འདི་ལྟར་བྲིས་འདུག

ངས་ཐའེ་ཝན་ནས་རང་སེམས་ཉུལ་བའི་གྲུབ་དོན་ལ་བསྡོམས་ཤིག་བརྒྱབ་ན། མིའི་བསམ་བློའི་ནང་བརྩེ་ཞེན་དང་སྐྱོན་བརྗོད་གཉིས་མཉམ་གནས་བྱེད་རྒྱུ་དེ་ནང་འགལ་ཞིག་མིན་མོད། རང་བཙན་འཐབ་རྩོད་དང་རིགས་ཀྱི་ཞེན་པ་གཉིས་འགལ་བ་ཡིན་པའི་བློ་ཞིག་ང་ལ་སྔོན་ནས་ཡོད་ཁར། ད་ཆ་སེམས་ཚོར་དེ་ཤུགས་ཆེ་རུ་འགྲོ་བཞིན་འདུག  བོད་རང་བཙན་འཐབ་རྩོད་ཁྲོད་ང་རང་ཞུགས་ཁུལ་རེད་དེ། འདི་ཡང་ཕར་དེད་ན་ཡུལ་ལུང་དང་ཤ་རུས་ཀྱི་ཞེན་ཁོག་ལ་འབྲེལ་བ་མི་འདུག  གཙོ་བོ་གཉའ་གནོན་འཁུར་འདུན་མེད་པ་དང་མི་ལ་ཆེ་མཐོང་དགོས་པའི་ཚོར་བ་སྲབ་བོ་ཞིག་གིས་སྐྱེད་པར་སྣང་། ཆབ་སྲིད་རྐྱང་བའི་ངོས་ནས་བཤད་ན་བཙན་པོའི་སྙིང་སྟོབས་ཕོ་ཕྱི་རབས་པའི་འགན་འཁྲི་ཡིན་ཟེར་བའི་ཚིག་ཚོན་པོ་འདི་ཚོ། ད་ཆ་ང་ར་བཟི་དུས་མ་གཏོགས་ངའི་ཁ་ནས་ཐོན་ཐུབ་ཀྱི་མི་འདུག མ་འོངས་པའི་བོད་རང་བཙན་གྱི་རྒྱལ་ཁབ་དེའང་བོད་རིགས་རྐྱང་བ་ཞིག་དང་། བོད་ཀྱི་ཤེས་རིག་ཁོ་ན་མ་གཏོགས་མེད་པའི་ཡུལ་ལུང་སྦུབས་སུ་དོག་པོ་ཞིག་ཡིན་ས་མི་འགྲོ་བའང་ཟུར་བལྟས་ལེབ་མཐོང་རེད།

རྩོམ་པ་པོས་མཆན:   [ ཁ་སྔོན་ཕྱི་ཟླ་ལྔ་བར་ཐའེ་ཝན་བོད་ཀྱི་མཛའ་གྲོགས་ཚོགས་པ་གཙོས། ཚོགས་པ་ཁག་མཉམ་འབྲེལ་འོག རྒྱལ་ས་ཐའེ་པེ་རུ་<< ཐའེ་ཝན་ཡང་རྩ་སྟོང་དུ་འགྲོ་བའི་རྒྱལ་ཁབ་ཅིག་ལ་མི་འགྱུར་བའི་ཆེད་དུ། ལྷོ་སོག་དང་། ཡུ་གུར། བོད་བཅས་ཀྱི་ཐོག་ན་བློ་སྐྱེད་གང་ཡོིད། >>ཅེས་པའི་བརྗོད་གཞིའི་ཐོག རྒྱལ་སྤྱི་རང་བཞིན་གྱི་ཚོགས་འདུ་ཞིག་འཚོགས་པ་དང་།  ཚོགས་ཐོག་དེར་ལྷོ་སོག་དང་།  ཡུ་གུར་གྱི་འབྲེལ་ཡོད་མི་སྣ་གདན་ཞུས་གནང་འདུག་ལ། ཕྲན་བོད་ཀྱི་མིང་ཐོག་ནས་ཕྱིན།  སྐབས་དེའི་མཐོང་ཐོས་དང་། བརྒྱུད་ལམ་ཁག་གིས་ཡིག་ངག་གཉིས་ཐོག་ནས་བཅར་འདྲི་བྱས་པ་བཅས་གཞིར་བཞགས་ཏེ། སྙན་ཞུའི་རྩོམ་ཡིག་གི་འབྲི་ཐབས་སྤྱད་ནས་རྩོམ་འདི་བྲིས་ཤིང་། རྩོམ་ཡིག་འདི་ནི་དེའི་ནང་གི་ཚན་པ་གཅིག་ཡིན། ]

 

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༨ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 2

  1. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 13 སྔོན།

    གྲོགས་ཨ་ཚོགས་ལགས། མི་ཁ་ན་ཅི་ལྟར་གྲགས་ཀྱང་ཆོག ཁྱོད་གསོན་དགོས། ཁྱོད་ངེས་པར་དུ་གསོན་དགོས། ཁྱོད་གསོན་དགོས་པ་མ་ཟད་ཁྱེད་ཀྱིས་ལྟ་བའང་གསོན་དགོས།
    འོན་ཀྱང་། མི་མང་གི་བསམ་བློའི་འཁོར་ཕྱོགས་དང་མཐུན་པའི་ལས་ལ་ཞུགས་ན། ལྟ་སྒྲུབ་ཡོད་པའི་མི་བུ་ཞིག་གིས་རྒྱལ་ཁའི་སྔོན་འགྲོ་ཡིན། རང་བཙན་བཤད་པ་ཙམ་གྱིས་ཁྱོད་ནམ་ཡང་སྒེར་ཚུགས་མེད་པའི་མི་བུ་མ་རུང་བ་ཞིག་ཏུ་བསྒྲུབ་མི་ནུས།

    Reply
  2. མི་ཆུང་། says:
    ལོ་ 13 སྔོན།

    ནང་དོན་ནི་འཆར་ཡན་དང་འགལ་འདུ་རེད་མོད། ད་ཐེངས་ཚིག་སྦྱོར་ཅུང་ངོ་སོ་དོད་པ་ཞིག་བྲིས་འདུག དེ་ཡང་ཡར་རྒྱས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese