མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ན་ ༩༡ ཅན་ཞིག་ལ་ལོ་ ༩༠ ཡི་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་བྷང་ལ་ཌེ་ཤཱི་ཁྲིམས་ཁང་གིས་རང་ལོ་ ༩༡ སོན་པ་ཨ་ཛམ་ལ། ༡༩༧༡ དམར་གསོད་ཆེན་མོའི་ཇུས་འགོད་པ་ཡིན་པའི་ཉེས་མིང་འོག་ལོ་ ༩༠ ཡི་ཁྲིམས་ཐག་བཅད་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་བྷང་ལ་ཌེ་ཤཱིའི་དམིགས་བསལ་དམག་དོན་ཁྲིམས་ཁང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་(International Crimes Tribunal) ཞེས་པས། དེ་སྔ་བྷང་ལ་ཌེ་ཤཱི་ཡི་ཁ་ཆེ་ཆབ་སྲིད་ཚོགས་པ་ཆེ་ཤོས་ཇཱ་མཱ་ཊི་(Jaamat-e-Islami) ཡི་མགོ་གཙོ་ཟུར་པ་རང་ལོ་ ༩༡ ཡིན་པ་ཨ་ཛམ་(Ghulam Azam) ལ།  ༡༩༧༡ ལོའི་བྷང་ལ་ཌེ་ཤཱི་དམག་འཁྲུག་སྐབས་ཀྱི་དམར་གསོད་དོན་རྐྱེན་སློང་མཁན་གྱི་ཉེས་ཅན་པ་གཏེ་བོ་ཡིན་པའི་ཉེས་མིང་འོག་ལོ་ ༩༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་ཆད་དེ་རྐྱེན་པས་ད་ཆར་བྷང་ལ་ཌེ་ཤཱིའི་ནང་ངོ་རྒོལ་ཟིང་འཁྲུག་གང་སར་འབྱུང་བཞིན་ཡོད།

ཨ་ཛམ་ལ་ཁྲིམས་གཏུག་བྱེད་མཁན་གྱིས་ཁོ་བོ་ ༡༩༧༡ ལོའི་བྷང་ལ་ཌེ་ཤཱི་དང་པ་ཀི་སི་ཐན་(པ་ཀི་སི་ཐན་ཤར་མ་དང་ནུབ་མ་)བར་གྱི་དམག་འཁྲུག་སྐབས་དངོས་སུ་མདུན་དུ་ཐོན་མེད་ཀྱང་། མི་མང་སྡེབ་གསོད་བྱེད་མཁན་གྱི་ལྐོག་ཇུས་འཐེན་མཁན་གཏེ་བོ་དེ་ཡིན་པ་དང་། དམག་འཁྲུག་སྐབས་མི་ས་ཡ་ ༣ དམར་གསོད་བཏང་པའི་ལྐོག་ཇུས་འཐེན་མཁན་དང་སྐུལ་སློང་བྱེད་མཁན། འཆར་འགོད་གཞི་བཟོ་མཁན། དམར་གསོད་གཏོང་འཇུག་མཁན་བཅས་དོན་ཚན་ལྔའི་ཉེས་མིང་དང་། སྐབས་དེར་པ་ཀི་སི་ཐན་དང་མཉམ་འབྲེལ་བྱེད་མཁན་ཞིག་ཡིན་པའི་ཁྲིམས་གཏུག་བྱས་ཡོད།

ཉིན་དེར་བགྲེས་སོང་ཁོང་རྐུབ་སྟེགས་འཁོར་ལོ་ཅན་ཞིག་ཏུ་བསྡད་དེ་ཁྲིམས་རར་ཡོང་ཡོད་པ་དང་། ཁྲིམས་ཁང་གི་ཐག་གཅོད་དེར་ཉན་རྗེས་ཁྲིམས་ཆད་ངོས་ལེན་བྱས་མེད་པ་དང་། དེ་མ་ཐག་ཇཱ་མ་ཆབ་སྲིད་ཚོགས་པས་ཀྱང་མི་མང་སྐུལ་སློང་བྱས་ཏེ། མི་མང་སྟོང་ཕྲག་ལྷག་ཁྲིམས་ཁང་གི་ཕྱི་ལོགས་སུ་འཛོམས་ཏེ་ངོ་རྒོལ་བྱས་ཡོད་པ་མ་ཟད། བྷང་ལ་ཌེ་ཤཱིའི་གྲོང་ཁྱེར་དང་ས་གནས་གང་སར་ངོ་རྒོལ་ཟིང་ཆ་བསླངས་ཡོད་འདུག

ཨ་ཛམ་གྱི་ཁྲིམས་རྩོད་པས། ཞུ་གཏུག་པའི་ཉེས་འཛུགས་ནི་དམག་འཁྲུག་སྐབས་ཀྱི་ཚགས་ཤོག་སྟེང་། ཨ་ཛམ་གྱི་གཏམ་བཤད་བཀོད་པ་ཞིག་ལ་བརྟེན་ཉེས་འཛུགས་བྱེད་ཀྱི་ཡོད་པ་ཙམ་ལས་ཉེས་འཛུགས་དེ་དག་ལ་བདེན་དཔང་གང་ཡང་མེད་སྐོར་དང་། ཁྲིམས་ཁང་གི་ཐག་གཅོད་དེ་དྲང་བདེན་མིན་པའི་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ཟེར་པ་འདི་ ༢༠༡༠ ལོར་བྷང་ལ་ཌེ་ཤཱི་གཞུང་གི་སྣེ་ཁྲིད་འོག ༡༩༧༡ ལོའི་དམག་འཁྲུག་ཁྲོད་པ་ཀི་སི་ཐན་དང་མཉམ་ལས་བྱེད་མཁན་ཚོའི་ཉེས་དོན་ལ་ཞིབ་བཤེར་བྱེད་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཇཱ་མ་ཊི་ཆབ་སྲིད་ཚོགས་པས་དེ་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གཞན་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་བྱས་མེད་སྐོར་བརྗོད་འདུག་ལ། ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་(Human Rights Watch) གིས་ཀྱང་ཁྲིམས་ཁང་དེའི་ཐག་གཅོད་འགྲོ་སྟངས་རྒྱལ་སྤྱིའི་ཚད་གཞིར་བསླེབས་མེད་ཚུལ་བརྗོད་འདུག

བྷང་ལ་ཌེ་ཤཱི་གཞུང་གིས་ ༡༩༧༡ ལོའི་དམག་འཁྲུག་ཁྲོད་མི་ས་ཡ་ ༣ ལྷག་དམར་གསོད་བཏང་ཡོད་ཚུལ་བརྗོད་ཀྱང་། རང་དབང་གི་ཉམས་ཞིབ་པ་ཚོས་མི་འབུམ་ ༥ ཡས་མས་ཡིན་སྐོར་བཤད་ཡོད། རྩོམ་པ་པོ་དང་དཔྱད་བརྗོད་པ་མང་པོས་དམག་འཁྲུག་དེའི་སྐབས། ཨ་ཛམ་གྱིས་བྷང་ལ་ཌེ་ཤཱི་དང་པ་ཀི་སི་ཐན་གཉིས་སོ་སོར་རང་བཙན་བྱ་རྒྱུ་དེ་ནི་ཁ་ཆེ་སྤྱི་ཚོགས་ཁ་བྲལ་དུ་འགྲོ་རྒྱུ་ཡིན་པའི་ལྟ་ཚུལ་འོག བྷང་ལ་ཌེ་ཤཱི་པ་ཀི་སི་ཐན་ནས་རང་བཙན་བྱ་རྒྱུར་ངོ་རྒོལ་བྱེད་མཁན་ཞིག་ཡིན་སྐོར་རྗོད་བཞིན་ཡོད།

ཨ་ཛམ་གྱིས་ ༡༩༦༩ ནས་ ༢༠༠༠ ལོའི་བར་ཇཱ་མ་ཊི་ཆབ་སྲིད་ཚོགས་པའི་སྣེ་ཁྲིད་ཡོད་པ་དང་། ད་ཆར་ཁོང་ནི་བསམ་བློའི་དབུ་ཁྲིད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༥ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༢༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

༢༠༢༦/༠༤/༡༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ བྷང་ལ་ཌེ་ཤཱི་གཞུང་གིས་ ༡༩༧༡ ལོའི་དམག་འཁྲུག་ཁྲོད་མི་ས་ཡ་ ༣ ལྷག་དམར་གསོད་བཏང་ཡོད་ཚུལ་བརྗོད་ཀྱང་། རང་དབང་གི་ཉམས་ཞིབ་པ་ཚོས་མི་འབུམ་ ༥ ཡས་མས་ཡིན་སྐོར་བཤད་ཡོད། ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese